མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་རྣལ་མ་འཁྲིད་ཡོང་རྒྱུ་བོད་པའི་ཨ་མ་ཚོའི་འགན་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

འདི་གའི་གསར་འགོད་པ་བཙུན་དགོན་སྒྲོལ་མ་གླིང་ལ་ཆེད་བསྐྱོད་ཀྱིས་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་སུ། ལོ་ངོ་ ༥༠ རིང་གི་བཙན་བྱོལ་བོད་མིའི་ཆབ་སྲིད་འཐབ་རྩོད་ཀྱི་གནས་བབ་དང་ཤེས་ཡོན། ད་ལྟའི་བོད་པའི་བུད་མེད་ཚོའི་ལས་འགན་དང་ཐོབ་ཐང་སྐོར་བཅས་ལ་བཅར་འདྲི་བྱས་པ་གཤམ་གསལ་ལྟར་ཡིན།

 

དྲི་བ།  བོད་པ་སྐྱབས་བཅོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ད་ལོའི་གསུམ་བཅུའི་དུས་དྲན་ནས་མགོ་འཛུགས་བྱས་ཡོད། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་ད་ཆར་རྩ་དོན་འཐབ་རྩོད་ཀྱི་གནས་ཚད་དེ་གང་འདྲ་ཞིག་ལ་སླེབས་ཡོད་པར་ངོས་འཛིན་གནང་གིན་ཡོད་དམ།

ལན། བཙན་བྱོལ་སྤྱི་ཚོགས་ཤིག་ལ་མཚོན་ན་མི་ལོ་ ༥༠ ནང་དུ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། འཛམ་གླིང་དུ་བཙན་བྱོལ་སྤྱི་ཚོགས་མང་པོ་ཡོད་ཀྱང༌། ང་ཚོ་ལྟ་བུའི་གཞུང་དང་སློབ་གྲྭ གཞིས་ཆགས་དང་དགོན་པ་མེད། ང་ཚོ་བཙན་བྱོལ་ལ་ཡོང་དོན་རྒྱ་ནག་གིས་བོད་ལུང་པ་ཧམ་བཟུང་བྱས་ཏེ། སོ་སོའི་ལུང་པ་ནས་སོ་སོའི་རིག་གཞུང་དང་ཆོས་ལུགས་ཐད་ཕྱག་ལས་གནང་རྒྱུ་ཁག་པོ་ཆགས་སྟབས། ང་ཚོ་སྐྱབས་བཅོལ་དུ་ཡོང་བ་རེད། བཙན་བྱོལ་ནས་ལོ་ངོ་ ༥༠ འགོར་ཡང༌། ད་དུང་ང་ཚོ་བོད་པ་ཡིན་ཟེར་རྒྱུ་ཞིག་ཡོད་པ་མ་ཟད། བཙན་བྱོལ་གཞུང་དང་བོད་ཡིག་བོད་སྐད་སྦྱོང་སའི་སློབ་གྲྭ་ཡོད། འདི་དག་ངས་རླབས་ཆེ་བའི་གྲུབ་འབྲས་རེད་བསམས་ཡོད། རྒྱལ་ཁབ་ཅིག་གི་ངོ་བོ་འཛིན་པར་སྐད་ཡིག་དང༌། ཐུན་མོང་མ་ཡིན་པའི་རིག་གཞུང་གཉིས་གལ་ཆེན་རེད། ང་ཚོས་དེ་གཉིས་ཉར་ཐུབ་ཡོད། ད་ནི་མི་རབས་བཞི་བ་འཚར་ལོངས་འབྱུང་གིན་ཡོད། འཐབ་རྩོད་ཀྱི་རྣམ་པ་དེ་ཆུ་ཚ་བོ་བཞིན་མ་ཡིན་པར་ཕྱོགས་ཡོངས་ནས་ཅུང་ལྷིང་འཇགས་ཆགས་ཡོད། དེ་སེམས་ཤུགས་ཆག་པ་མ་ཡིན་པར་གནས་སྟངས་ཤིག་གི་འོག་ནས་བྱུང་བ་རེད། བོད་ནང་གི་བོད་མི་ཚོས་མི་ལོ་ ༥༠ མནར་གཅོད་ཀྱིས་མ་ཞུམ་པར་རང་སྲོག་བློས་གཏོང་བྱེད་ཀྱིན་ཡོད། 

 

དྲི་བ།  སྐུ་ཉིད་ཀྱིས་ཤེས་རིག་ཐད་ཕྱག་ལས་རྒྱུན་རིང་གནང་ཡོད་སྟབས། ༧གོང་ས་མཆོག་གིས་གསུངས་པའི་ལོ་ངོ་སུམ་བཅུའི་ཤེས་ཡོན་འཐུས་ཤོར་དེ་རྒྱུ་རྐྱེན་གང་ལ་ངོས་འཛིན་བྱེད་ཀྱིན་ཡོད་དམ།

ལན། དེ་ལ་གནད་དོན་ཁ་ཤས་ཡོད་པ་རེད། དང་པོ། ཤེས་ཡོན་འཐུས་ཤོར་དེ་འདས་པའི་ལོ་མང་པོའི་རིང་གི་གནད་དོན་ཞིག་རེད། མི་གཅིག་གཉིས་ཤིག་གིས་འཐུས་ཤོར་བཏང་བ་མ་རེད། ང་དང་བཅས་པའི་ཤེས་ཡོན་འགན་འཛིན་རྣམས་ལ་འབྲེལ་བ་ཆགས་ཡོད་པ་ངོས་ལེན་བྱེད་ཀྱིན་ཡོད། གཉིས་པ། ང་ཚོ་ལོ་མང་རིང་སྐྱབས་བཅོལ་དུ་ལྷག་སྟེ་འཚོ་བ་སྐྱོ་བོ་ཡིན། སློབ་གྲྭར་མཐུན་རྐྱེན་གྱིས་མ་འདང་བའི་དཔལ་འབྱོར་གྱི་དཀའ་ངལ་འོག་གི་འཐུས་ཤོར་ལ་ངོས་འཛིན་བྱས་ཆོག གསུམ་པ། སློབ་གྲྭ་ཁག་ནས་བྱིས་པ་ཚོར་སློབ་སྦྱོང་སྤྲོད་སྐབས། བྱིས་པ་ཚོ་ར་ལུག་མ་ཡིན་པར་མི་ཡིན་སྟབས། གྱོན་ཆས་གཙང་མ་བཟོ་བ་དང་ཕོ་བ་འགྲངས་པ་ཙམ་གྱིས་འགྲིག་གིན་མེད། མི་ཚད་ལྡན་ཞིག་བཟོ་བསྐྲུན་བྱ་དགོས་པ་རེད། ང་ཚོའི་སློབ་གྲྭ་དག་ཏུ་བྱིས་པ་ཚོའི་འཁྲིས་སུ་ཕ་མ་ཡོད་པ་མ་རེད་ལ། ཕ་མའི་ཚབ་ལ་འཛིན་གྲྭའི་དགེ་རྒན་དང་ཁྱིམ་ཚང་ཨ་མ་ཆགས་ཡོད། ཁོང་ཚོས་བྱིས་པའི་འཚར་ལོངས་ལ་འགན་འཁུར་དགོས། ལྷག་བསམ་རྣམ་དག་ཡིན་བསམ་གྱིན་ཡོད་ཀྱང༌། འགན་ལེན་སྟངས་ཀྱིས་འདང་གིན་མི་འདུག་སྙམ། བཞི་བ། གཞན་དབང་སྟབས་བསྟུན་འོག གཞུང་ཞིག་གི་ཤེས་ཡོན་སྲིད་ཇུས་འགྱུར་བ་གཏོང་རྒྱུར་དུས་ཡུན་ངེས་ཅན་ཞིག་དགོས་པ་རེད།

 

དྲི་བ།  བོད་པའི་སྤྱི་ཚོགས་ནང་རིགས་གཅིག་རྐང་འཛིན་པ་དཀོན་ལ། གལ་སྲིད་རིགས་གཅིག་རྐང་འཛིན་པ་ཐོན་ཡང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལས་ཀ་རག་དཀའ་བའི་སྐད་ཆ་ཞིག་ཡོང་གིན་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།

ལན།  ད་བར་བཙན་བྱོལ་གྱི་སློབ་གྲྭ་དག་ཏུ་སློབ་སྦྱོང་ཧ་ལས་པའི་སྐྱོ་བོ་དེ་འདྲ་བྱུང་མེད་ལ། ཧ་ལས་པའི་ཡག་པོ་ཡང་མ་རེད། དེ་བཞིན་རིགས་གཅིག་རྐང་འཛིན་པ་ཉུང་ཉུང་རེད་ལ། རེ་གཉིས་ཡོད་ཀྱང་ལས་ཀ་སྤྲོད་མ་ཐུབ་པ་དེ་འདྲ་བྱུང་ཡོད། ལས་ཀ་སྤྲོད་མ་ཐུབ་པ་དེ་ལ་རྒྱུ་རྐྱེན་མང་པོ་ཡོད་ཀྱང༌། གཙོ་བོ་བོད་གཞུང་གི་སྒྲིག་གཞི་ལ་རག་ལས་ཡོད། གཞུང་ཞིག་ཡིན་ན་སྒྲིག་གཞི་ཡོད་ཡོད་པ་རེད། འོན་ཀྱང༌། སྒྲིག་གཞི་དེ་དག་ལ་གཞི་བཅོལ་ན། སོ་སོའི་ཤེས་ཡོན་དང་རྣམ་དཔྱོད་ཀྱི་རྩལ་འདོན་ཐུབ་ཀྱིན་མེད། རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན་ཁྲིམས་སྒྲིག་གལ་ཆེན་རེད། འོན་ཀྱང༌། ང་ཚོར་ཕྱོགས་གཅིག་ནས་གཞུང་ཞིག་ཡོད་ཀྱང༌། ཕྱོགས་གཞན་ཞིག་ནས་ང་ཚོར་ཅི་ཡང་མེད། དངོས་ཡོད་གནས་སྟངས་ལ་ངོས་ལེན་དང་གོ་སྐབས་སྤྲོད་དགོས་པ་རེད་བསམ་གྱིན་འདུག བོད་གཞུང་ལ་གཞུང་ཁོངས་ལས་བྱེད་དང་རང་ཁོངས་ལས་བྱེད་ཟེར་བ་གཉིས་ཡོད། དེ་ལ་བསྒྱུར་བཅོས་ཤིག་མ་བཏང་བར། རིགས་གཅིག་རྐང་འཛིན་ཟེར་བ་དེ་ཁག་པོ་རེད། གཞུང་གིས་སྒྲིག་གཞི་ལ་བཅོས་བསྒྱུར་བྱ་རྒྱུའམ་ཡང་ན་ཐབས་ལམ་གཞན་ཞིག་འཐེན་དགོས་པ་རེད། ༧གོང་ས་མཆོག་གིས་བཀའ་བློན་ཁྲི་པ་ལ་དབང་ཚད་ཆ་ཚང་སྤྲད་ཡོད་ལ། བཀའ་བློན་ཁྲི་པ་མཆོག་གིས་ཀྱང་དགོངས་པ་བཞེས་ཀྱིན་ཡོད་རྒྱུ་རེད་དྲན་ཡོད།

 

དྲི་བ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཚན་གྱི་ནང་དོན་གཏན་འབེབས་བྱེད་ཕྱོགས་ཐད། དགོངས་འཆར་གང་འདྲ་ཡོད་དམ།

ལན། སློབ་གྲྭ་ཁག་གི་བསླབ་གཞི་བོད་ཡིག་ནང་གཏན་འབེབས་གནང་བ་ཙམ་རེད་མ་གཏོགས། སློབ་ཚན་གྱི་ནང་དོན་བརྗེ་བོ་རྒྱག་རྒྱུར་ང་ཚོར་དབང་ཚད་མེད། གལ་ཏེ་བརྗེ་བོ་བརྒྱབས་ཚེ་འཛིན་རིམ་བཅུ་གཉིས་རྗེས་རྒྱ་གར་མཐོ་སློབ་ཁག་ཏུ་འགྲོ་ཐུབ་གི་མ་རེད། བོད་ཡིག་དང་ནང་ཆོས་ཀྱི་སློབ་ཚན་དེ་ཚོ་བསྒྱུར་བཅོས་གཏོང་མིན་ང་ཚོར་དབང་ཚད་ཡོད། བསླབ་གཞི་བོད་ཡིག་ནང་གཏན་འབེབས་བྱས་པར། དེ་ལ་དཔག་པའི་དགེ་རྒན་དགོས། དེ་དང་མཉམ་དུ་མཐོ་རིམ་སློབ་གྲྭ་ཡང་གྲ་སྒྲིག་དགོས།

 

 

དྲི་བ། རྒྱལ་ཁབ་མེད་པར་བཙན་བྱོལ་བ་ཆགས་ཡོད་པའི་མི་རིགས་ཤིག་གི་བུད་མེད་ཚོར་མཚོན་ན། སྐྱབས་བཅོལ་སྤྱི་ཚོགས་དེར་འགན་འཁྲི་ཅི་ཙམ་ཡོད་པ་དང༌། རྩ་དོན་འཐབ་རྩོད་ཁྲོད་ཆ་ཤས་ཇི་ལྟར་ལེན་དགོས་སམ། 

ལན། སྔོན་མ་ཡིན་ན་ངས་བོད་པའི་བུད་མེད་ཟེར་ན་བོད་ཆས་གྱོན་ཏེ། ཉམ་ཆུང་ཆུང་བྱ་དགོས་པ་རེད་དྲན་ཡོད། འོན་ཀྱང༌། དེ་ཙམ་གྱིས་ཡོང་གིན་མི་འདུག ངས་བཤད་པ་འགྲིག་གི་ཡོད་མེད་མི་ཤེས་མོད། ཐུན་མོང་མ་ཡིན་པའི་བོད་ཀྱི་བུད་མེད་ཅིག་ཆགས་པར་ནང་ཆོས་ཏོག་ཙམ་ཤེས་དགོས་པ་རེད། ད་བར་བོད་པའི་སྤྱི་ཚོགས་ནང༌། ནང་ཆོས་ཟེར་ན་གྲྭ་བཙུན་ཁོ་ནས་སྦྱང་བྱ་ཞིག་ལ་གོ་བཞིན་ཡོད་པ་དེ་ནོར་བ་རེད། བུད་མེད་ཚོས་ནང་ཆོས་སྦྱང་བ་ཡིན་ན། མི་གཤིས་གཞི་རྩ་བརྟན་པོ་འཇོག་ཐུབ་ཀྱིན་ཡོད། ཐོག་མར་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་འགན་ཡོད་ལ། དེ་ནས་རྒྱལ་ཁབ་ཅིག་གི་སྤྱི་འབངས་ཡིན་པའི་ཆ་ནས་རྒྱལ་ཁབ་དེའི་འགན་ཡང་ཡོད། དམིགས་བསལ་གྱིས་བུད་མེད་ཚོར་ཨ་མ་བྱ་རྒྱུའི་འགན་ཡོད། ཆང་ས་རྒྱག་མིན་དང་བྱིས་པ་སྐྱེས་མིན་སོ་སོའི་འདོད་པ་རེད། གལ་ཏེ་ཆང་ས་བརྒྱབས་ཏེ་བྱིས་པ་སྐྱེས་རྒྱུ་ཡིན་ན། ཨ་མའི་འགན་ཆ་ཚང་ལེན་དགོས། བྱིས་པར་གཅེས་སྐྱོང་དང་ཁྱོ་གར་བརྩི་བཀུར། ཁྱིམ་ཚང་བྱམས་སྐྱོང་སོགས་ཡིན་མོད། དེ་ཨ་མ་གཅིག་པུའི་འགན་རེད་ཟེར་གྱིན་མེད། ཕ་མ་གཉིས་ཀས་འགན་མཉམ་ལེན་བྱ་དགོས། བྱམས་བརྩེ་ལྡན་པ་དང་སྙིང་རྗེ་ཅན། ཡ་རབས་བཅས་ནི་ཨ་མ་ཞིག་ལ་མེད་མི་རུང་བའི་འགན་རེད། ལྷག་པར་དུ་སོ་སོའི་མི་རིགས་གཙང་མ་ཉར་རྒྱུ་དང༌། རིགས་རྒྱུད་གཙང་མ་སྤེལ་རྒྱུ་དེ་བུད་མེད་ཚོའི་ཐུན་མོང་མ་ཡིན་པའི་འགན་རེད། བོད་ནང་བོད་མི་མང་པོའི་ཚེ་སྲོག་ཤོར་གྱིན་ཡོད་ལ། བུད་མེད་ཚོའི་སྐྱེས་སྒོ་འགོག་གིན་ཡོད། ཕྱི་ལོགས་སུ་ཡོད་པའི་བུད་མེད་ཚོས་བོད་མིའི་རིགས་རྒྱུད་གཙང་མ་ཉར་རྒྱུ་ཙམ་མ་ཡིན་པར། ཐུན་མོང་མ་ཡིན་པའི་བོད་པའི་ངོ་བོ་འཛིན་པའི་བོད་མི་རྣལ་མ་ཞིག་འཛམ་གླིང་སྟེང་འཁྲིད་ཡོང་རྒྱུ་དེ་བོད་པའི་ཨ་མ་ཚོའི་ལས་འགན་ཡིན།

 

དྲི་བ། བཙན་བྱོལ་བོད་པའི་བུད་མེད་ཚོས་འགན་འཁྲི་དང་དམིགས་ཡུལ་གང་འདྲ་ཞིག་གི་ཐོག་ནས་རང་གི་བྱིས་པ་སྐྱེད་སྲིང་དང་སློབ་གསོ་སྤྲོད་དགོས་སམ།

ལན།  རང་ཉིད་ཁོ་ན་མ་ཡིན་པར་གཞན་གྱི་ཁེ་ཕན་དོན་དུ་འབད་བརྩོན་གནང་མཁན་ཞིག་སྐྱེད་སྲིང་བྱ་དགོས་པ་རེད། བྱིས་པ་སྐྱེད་སྲིང་བྱེད་པར་ཐོག་མར་ཨ་མའི་སྤྱོད་པ་ཡག་པོ་བྱ་དགོས། སོ་སོའི་བྱ་སྤྱོད་སྒང་ནས་འཐུས་ཤོར་སོང་ན། བྱིས་པ་ཆུང་ཆུང་ཡིན་དུས་སྐྱོན་མེད་ཀྱང༌། འཚར་ལོངས་བྱུང་ན་ཚུར་མཛུབ་མོ་བཙུགས་ཡོང་གི་རེད། གལ་ཆེ་བ་ནི། བྱིས་པའི་རྣ་ལམ་ལ་བོད་མི་ཚང་མ་གཅིག་པ་ཡིན། ཟེར་བ་དེ་འཇགས་པར་བྱ་དགོས། བྱིས་པ་འཚར་ལོངས་སྐབས་ཁྱེད་ཚོ་དང་ང་ཚོ་ཟེར་མཁན་ཞིག་མི་འབྱུང་རྒྱུ་དེ་ཤིན་ཏུ་གལ་ཆེན་རེད། བོད་པའི་ཨ་མ་ཚོས་འཇར་མན་ལྷོ་ནུབ་གཉིས་ལ་དཀའ་ངལ་འཕྲད་པ་དེ་འདྲ་མི་ཡོང་རྒྱུར་དགོངས་པ་བཞེས་དགོས།

 

དྲི་བ། རང་རེའི་སྤྱི་ཚོགས་ཁྲོད་བུད་མེད་ཚོས་ལས་འགན་འབད་སྒྲུབ་དང་ཐོབ་ཐང་བརྩོན་ལེན་བྱེད་ཕྱོགས་ཐད་སྐུ་ཉིད་ལ་དགོངས་ཚུལ་གང་འདྲ་ཡོད།

ལན། སྔོན་མ་བོད་པའི་བུད་མེད་ཚོར་སེམས་ཤུགས་སླངས་ཏེ་མདུན་ལ་ཤོག་ཟེར་དགོས། སྤྱི་ལོ་ ༡༩༨༤ ལོར་བུད་མེད་ཚོགས་པ་གསར་འཛུགས་སྐབས། མདུན་ལ་ཡོང་ནས་སྐད་ཆ་བཤད་ཐུབ་མཁན་ཕར་ཞོག སྒྲ་སྦུག་ལག་ཏུ་ལེན་ཕོད་མཁན་ཁག་པོ་བྱུང་ཡོད་ལ། ལག་ཏུ་བླངས་ནས་སྐད་ཆ་བཤད་སྐབས། གཞན་ཞིག་གི་འཁྲིས་སུ་གབ་པ་དང་མགོ་བོ་སྒུར་ཏེ་སྐད་ཆ་བཤད་ཡོད། ད་སྐབས་དེ་འདྲ་མ་རེད། གོ་སྐབས་སྤྲད་པ་ཡིན་ན་མདུན་ལ་འཐོན་ཐུབ་ཀྱིན་ཡོད། གཙོ་བོ་གོ་སྐབས་རག་མིན་ལ་ཐུག་ཡོད། མདུན་ལ་འཐོན་ཐུབ་མཁན་དེ་ཚོ་ཡ་རབས་བཟང་སྤྱོད་དང༌། སློབ་སྦྱོང་ཡོད་པ་བཅས་ལ་ངོས་འཛིན་དང་གདེང་འཇོག་བྱ་དགོས། འོན་ཀྱང༌། ཁོ་ཚོར་ཡོད་ན་ང་ཚོར་ཡང་དགོས་ཟེར་ནས་ཧམ་པའི་རྣམ་འགྱུར་བསྟན་ན་དེ་ལ་དོན་སྙིང་མཐོང་གིན་མེད། བཟང་ཕྱོགས་ནས་ཐོབ་ཐང་ལེན་དགོས། ནུས་པ་དང་དངོས་ཡོད་གནས་ཚུལ་སྒང་ནས་ཐོབ་ཐང་བརྩོད་ལེན་བྱ་དགོས་པ་ལས་ནུབ་ཕྱོགས་པའི་སྲོལ་འདྲ་བོ་བྱས་ན་ཡག་པོ་དང་མཛེས་པོ་མ་རེད།

 

དྲི་བ། སྐུ་ཉིད་ཀྱི་དགོངས་ཚུལ་ལྟར་ན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཆབ་སྲིད་འཐབ་རྩོད་ཀྱི་ལས་འགུལ་དང༌། སློབ་གསོ་དང་འབྲེལ་བའི་སྤྱི་ཚོགས་ཡར་རྒྱས་ཐད་ལས་འགུལ་སྤེལ་བ་གཉིས་ལས་གང་དེ་གལ་འགངས་ཆེ་བར་མཐོང་གིན་ཡོད་དམ།

ལན། བོད་པའི་སྤྱི་ཚོགས་ཆུང་ཆུང་རེད་ལ་མི་ཉུང་ཉུང་རེད། ང་ཚོའི་རྩ་དོན་ཆེན་པོ་རེད། བུད་མེད་ཚོར་སྡིངས་ཆ་མང་པོ་དགོས། རིག་གཞུང་གི་སྡིངས་ཆ་དང་ཆབ་སྲིད་ཀྱི་སྡིངས་ཆ་སོགས་མང་པོ་དགོས། གལ་ཆེ་ཆུང་དང་དུས་ཚོད་ལ་བལྟ་དགོས་པ་རེད། ནམ་རྒྱུན་སྤྱི་ཚོགས་ནང་བུད་མེད་ཚོས་སློབ་གསོ་དང་རིག་གཞུང་སྲུང་སྐྱོབ་ཐད་ལས་འགུལ་སྤེལ་བ་དང་དོ་དམ་གནང་ན་ཡག་པོ་འདུག བུད་མེད་ཀྱི་སློབ་གསོ་ནི་ཁང་བ་ཞིག་ལ་མཚོན་ན་གཞི་རྟེན་ལྟ་བུ་ཆགས་ཡོད། གཞི་རྟེན་ཡག་པོ་མེད་ན་ཁང་པ་དེ་ཉེན་ཁ་ཚ་བོ་རེད། བུད་མེད་ཚོས་སྤྱི་ཚོགས་ཀྱི་ཁོར་ཡུག་དང་འཕྲོད་བསྟེན་ལ་ལྟ་རྟོག་གནང་དགོས་པ་གལ་ཆེན་པོ་རེད། བུད་མེད་ལྷན་ཚོགས་ལ་མཚོན་ན། ལས་ཁུངས་ནང་དུ་དམག་གྲལ་སྒྲིག་དགོས་ཀྱིན་ཡོད། དམག་མི་འདྲ་མིན་འཇོག་དགོས་པ་རེད། རང་གི་སྐྱེས་པ་ཡིན་ཡང་དྲང་བདེན་བཤད་ཐུབ་དགོས་ལ། ཆབ་སྲིད་ལངས་ཕྱོགས་ནི་བཟའ་ཚང་གཉེན་ཉེ་ཡི་འབྲེལ་བ་དང་མ་འདྲེས་པ་གནང་དགོས།

 

དྲི་བ། སྐུ་ཉིད་བོད་ནང་གི་བུད་མེད་ཚོའི་གནས་སྟངས་ཐད་ལ་དགོངས་ཚུལ་གང་འདྲ་འདུག

ལན། ང་སེམས་གཏིང་ནས་གཞིས་ལུས་བུད་མེད་ཚོར་སྙིང་རྗེ་དང་སེམས་འཚབ་སྐྱེ་གིན་འདུག  གང་ཡིན་ཟེར་ན། ཞིང་ཁ་ལ་ལྟ་དགོས་པ། མཛོ་མོ་དང་བ་ཕྱུགས་ལ་ལྟ་དགོས་པ། འོ་མ་འཇོ་དགོས་པ་སོགས་ཀྱི་ལས་ཀ་ཚང་མ་བུད་མེད་ཚོས་འཁུར་དགོས། གནས་སྟངས་དེ་ཁམས་དང་ཨ་མདོའི་ནང་ཤུགས་ཆེན་པོ་རེད། མང་ཆེ་བར་སློབ་སྦྱོང་གི་གོ་སྐབས་རག་གིན་མེད། གལ་ཏེ་མ་འོངས་པར་ང་ཚོར་རང་དབང་ཐོབ་སྟེ། རྒྱ་རིགས་དང་འདྲ་མཉམ་གྱིས་བོད་ལ་ལོག་རྒྱུའི་ཉི་མ་ཞིག་བྱུང་ན། ངས་བོད་ཀྱི་བུད་མེད་ཚོའི་ཆེད་དུ་ལས་ཀ་བྱ་རྒྱུ་ཡིན། བུད་མེད་ཀྱི་འཕྲོད་བསྟེན་དང་བྱིས་པ་སོགས་ལ་ལྟ་རྟོག་བྱ་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་གིན་ཡོད། འོན་ཀྱང་སྟབས་ཡག་པ་ཞིག་ལ། བོད་ནང་གི་བུད་མེད་ཚོས་ཁོང་ཚོའི་གནས་སྟངས་ཐབས་རྡུགས་ཤིག་ཏུ་ཚོར་གྱིན་མེད། འདོད་པ་ཁེངས་ནས་བསྡད་ཡོད། གད་མོ་ཞིག་འཆོར་སྐབས་ཀྱང་སོ་སུམ་ཅུ་བསྟན་ནས་དགོད་ཐུབ་ཀྱིན་ཡོད། ཕྱོགས་གཅིག་ནས་དེ་ནི་ཁོང་ཚོའི་ཁེ་བཟང་རེད། འོན་ཀྱང༌། དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་བསྒྱུར་བཅོས་གཏོང་དགོས་པ་རེད་བསམ་གྱིན་ཡོད།

མཆན། 2

  1. གངས་བུ། says:
    ལོ་ 14 སྔོན།

    ལོ་ངོ་སུམ་ཅུའི་རིང་ཤེས་ཡོན་ཉམས་ཆགས་སུ་ཕྱིན་ཏེ་༧གོང་ས་མཆོག་ལ་ཐུགས་ཕམ་བཟོས་བའི་ངན་ཁག་སུ་ལ་དཀྲི།

    Reply
  2. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    བཀུར་འོས་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས།

    ངེད་ཀྱིས་ཁྱེད་ལ་དྲི་བ་འགའ་འབྲི་འདོད་བྱུང་། ལན་གསལ་བོ་ཞིག་བསྐྱོན་རོགས་གནང་། སྒྲིག་གཞི་དེ་དག་ལ་གཞི་བཅོལ་ན་སོ་སོའི་ཤེས་ཡོན་དང་རྣམ་དཔྱོད་རྩལ་འདོན་ཐུབ་ཀྱིན་མེད་ཟེར་བའི་སྒྲིག་གཞི་དེ་ཚོ་གང་དང་གང་རེད། རེ་རེ་གཉིས་གཉིས་བྱས་ནས་གསུངས་རོགས། མི་མང་གིས་མཁྱེན་ན་ཡག་གི་ ྐློག་པ་པོ་ཚོས་ཤེས་ན་འདོད་གི
    ད་དུང་། ཁྱེད་ཀྱིས་དངོས་ཡོད་གནས་སྟངས་ལ་ངོས་ལེན་དང་གོ་སྐབས་སྤྲོད་དགོས་ཀྱི་རེད་བསམ་གི་གསུངས་འདུག དངོས་ཡོད་གནས་སྟངས་གང་དང་གང་ལ་ངོས་ལེན་བྱེད་དགོས་ཀྱི་རེད། གོ་སྐབས་གང་དང་གང་སྤྲོད་དགོས་ཀྱི་ཡོད་རེད་དམ། གཞུང་གི་ངོས་ནས་དངོས་ཡོད་གནས་སྟངས་གང་དང་གང་ངོས་ལེན་མ་བྱས་བ་རེད་དམ། གོ་སྐབས་གང་དང་གང་སྤྲད་མ་རེད་དམ། གནད་དོན་འདི་ཚོ་གསལ་གསལ་ཐང་ཐང་ཞིག་བཟོ་རོགས་།
    བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས།
    རིག་གཅིག་རྐང་འཛིན་གྱི་གནད་དོན་ཐུག་ས་ལྟེ་བ་དེ་གཞུང་ཁུངས་ལས་བྱེད་དང་རང་ཁོངས་ལས་བྱེད་ལ་བསྒྱུར་བཅོས་བཏང་མ་བཏང་ལ་ཐུག་པ་ཞིག་རེད་དམ།
    ཁྱེད་ཀྱིས་བསྐྱར་དུ་ཐུགས་བསམ་ཅུང་ཙམ་བཞེས་རོགས་གནང་། བསྐྱར་དུ་ཞིབ་འཇུག་ཅུང་ཙམ་བྱེད་རོགས་གནང་།

    སྐུ་ཉིད་ལ་བུད་མེད་ཀྱི་ལ་རྒྱ་ཡོད་པ་འདི་དགའ་འོས་བ་དང་སྤོབས་པ་སྐྱེས་འོས་བ་ཞིག་རེད། འོན་ཀྱང་། གོང་གི་དྲི་བ་ཆུང་ཆུང་འདི་ཚོར་ངེད་ལ་ལན་ཞིག་གནང་རོགས།
    མཚམས་ལན་རེར་ང་མགོ་རྨོངས་ཀྱི་འདུག མགོ་འཐོམས་ཀྱི་འདུག དེ་ཙམ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist