མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་ཚོར་བསྩལ་བའི་བཀའ་སློབ།

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

གཞིས་ཆགས་ཁ་ཤས་སུ་ཁང་བ་མཐོན་པོ་དང་རྫིག་པོ་བརྒྱབས་ཏེ། ང་ཚོ་རྒྱ་གར་ནང་དུ་སྐྱབས་བཅོལ་བ་ཡིན་པ་དང་། ང་ཚོ་རྒྱ་གར་བའི་མགྲོན་པོ་ཡིན་པ་བསམ་བློར་འཁོར་གྱིན་མེད་པའི་སྲོལ་འདྲ་བོ་འདུག དེ་འདྲ་གནང་རྒྱུ་ཡོད་པ་མ་རེད། ཡ་རབས་ལུགས་མཐུན་གནང་སྟེ། དངུལ་ཡོད་ན་དངུལ་ཁང་དུ་འཇོག་པ་དང། ཞལ་ལག་དང་འགྲོ་འདུག་སོགས་སོ་སོའི་འཕྲོད་བསྟེན་ལ་དོ་སྣང་གནང་རྒྱུ་གལ་ཆེན་པོ་རེད། ཕྱི་ལོགས་སུ་དེ་འདྲའི་རྫིག་པོ་བྱས་ན་ཕན་ཐོགས་གང་ཡང་ཡོད་པ་མ་རེད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

ཕྱི་ཚེས་ ༡༥ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་བཅར་བ་རྣམས་༧གོང་ས་མཆོག་ལ་མཇལ་ཁར་བཅར་སྐབས། ༧གོང་ས་མཆོག་གིས་བོད་ནས་གསར་དུ་འབྱོར་བ་ཁག་ཅིག་དང་མཉམ་དུ་བོད་ཀྱི་བུད་མེད་ཚོར་བཀའ་སློབ་ལམ་སྟོན་བསྩལ་དོན། སྤྱིར་སྐད་འབོད་བྱས་ཏེ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུ་དེ་ཚོ་གལ་ཆེན་པོ་ཡིན་ཡང་། གཙོ་བོ་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་མིའི་རྣམ་དཔྱོད་ཀྱིས་ཐབས་ཤེས་འཐེན་རྒྱུ་གལ་ཆེན་པོར་མཐོང་གིན་ཡོད།  ལྷག་པར་དུ་བུད་མེད་ཚོར་སྤྱི་ཚོགས་བདེ་དོན་གྱི་ཐད་ནས་འགན་ཡོད་པ་རེད། རྒྱ་གར་ཡུལ་མི་དང་འབྲེལ་ལམ་ཡག་པོ་ཡོང་བ་བྱ་དགོས། ཉེ་སྔོན་རྒྱ་གར་གྱི་ས་གནས་ཤིག་ཏུ་བོད་མི་ཚོ་ཕྱིར་འཕུད་དགོས་པ་རེད་ཅེས་སྐད་ཆ་བྱུང་ཡོད་ཚུལ་གོ་རྒྱུ་འདུག དེ་བཞིན་རྒྱ་ནག་གིས་ཀྱང་། བོད་མི་ཚོ་རྒྱ་གར་དུ་གནས་ཚང་གཡར་ཡོད་པ་འདིས་རྒྱ་གར་ནག་གཉིས་ཀྱི་མཛའ་བརྩེ་ལ་གནོད་སྐྱོན་བཟོ་བཞིན་ཡོད། ཅེས་རྟག་པར་བཤད་བསྡད་ཡོད། གནས་ཚུལ་འདི་འདྲའི་རིགས་ལ་ང་ཚོས་གཟབ་གཟབ་གནང་དགོས།  ངོས་རང་ལྷོ་ཕྱོགས་མོན་གྷོར་བསྐྱོད་སྐབས། རྒྱ་གར་བ་ཞིག་གིས་ང་ལ། བོད་མི་ཚོར་དཔལ་འབྱོར་ཏོག་ཙམ་བྱུང་ན།  རླངས་འཁོར་དང་གསེར་ཉོས་པ་སོགས་ཕྱི་ཚུལ་རྫིག་པོ་བྱ་རྒྱུར་དགའ་བོ་ཞེ་དྲག་བྱེད་ཀྱིན་འདུག བྱེད་སྟངས་དེས་རྒྱ་གར་ཡུལ་མི་ཚོར་ཕྲག་དོག་སློང་གིན་ཡོད་པ་རེད། ཅེས་བརྗོད་བྱུང། དེ་བཞིན་བོད་ནས་གསར་དུ་འབྱོར་བ་རེ་ཟུང་གིས་ཀྱང་ཆང་རག་འཐུང་སྟེ། ངྷ་རམ་ས་ལ་གཡས་གཡོན་གྱི་རྒྱ་གར་ཡུལ་མི་ཚོ་དང་མ་འཆམ་པའི་གནས་ཚུལ་ཕྲན་བུ་ཡོང་གིན་ཡོད་ས་རེད། དེ་འདྲའི་རིགས་ཁྱོན་ནས་བྱ་རྒྱུ་ཡོད་པ་མ་རེད། ང་ཚོར་གནས་ཚང་གཡར་བ་རེད། གཞིས་ཆགས་ཁ་ཤས་སུ་ཁང་བ་མཐོན་པོ་དང་རྫིག་པོ་བརྒྱབས་ཏེ། ང་ཚོ་རྒྱ་གར་ནང་དུ་སྐྱབས་བཅོལ་བ་ཡིན་པ་དང་། ང་ཚོ་རྒྱ་གར་བའི་མགྲོན་པོ་ཡིན་པ་བསམ་བློར་འཁོར་གྱིན་མེད་པའི་སྲོལ་འདྲ་བོ་འདུག དེ་འདྲ་གནང་རྒྱུ་ཡོད་པ་མ་རེད། ཡ་རབས་ལུགས་མཐུན་གནང་སྟེ། དངུལ་ཡོད་ན་དངུལ་ཁང་དུ་འཇོག་པ་དང།  ཞལ་ལག་དང་འགྲོ་འདུག་སོགས་སོ་སོའི་འཕྲོད་བསྟེན་ལ་དོ་སྣང་གནང་རྒྱུ་གལ་ཆེན་པོ་རེད། ཕྱི་ལོགས་སུ་དེ་འདྲའི་རྫིག་པོ་བྱས་ན་ཕན་ཐོགས་གང་ཡང་ཡོད་པ་མ་རེད། ང་ཚོ་སྐྱབས་བཅོལ་བ་ཡིན་པ་མ་བརྗེད་པ་གནང་དགོས། གཞན་གལ་ཆེ་བ་ཞིག་ལ། ད་ལྟའི་དུས་ཚོད་འདིར་ཚང་མས་ཤེས་ཡོན་ཐད་ཤུགས་བརྒྱག་དགོས། ཤེས་ཡོན་གྱི་ལས་གཞི་གང་འདྲ་ཞིག་བརྩམ་ཀྱང། གལ་སྲིད་དཀའ་ངལ་འདྲར་འཕྲད་པ་ཡིན་ན། ཤེས་རིག་ལས་ཁུངས་ཡོད་པ་རེད། མ་བྱུང་བ་ཡིན་ན་ཐད་ཀར་སྐུ་སྒེར་ཡིག་ཚང་དུ་འབྲེལ་བ་གནང་དགོས་པ་རེད། ཅེས་གསུངས་བྱུང་།

དེ་བཞིན་ཕྱི་ཚེས་ ༡༤ ཉིན་ཚོགས་བཅར་བ་ཡོངས་དཔལ་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་མཇལ་ཁ་ཞུས་སྐབས་ཁོང་གིས་བོད་ཀྱི་བུད་མེད་ཚོས་རང་ཉིད་ཀྱི་ཕྲག་ཏུ་བབ་པའི་ལས་འགན་གང་ཡིན་པ་མ་ནོར་བའི་ཐོག་ནས་འཐབ་རྩོད་གནང་དགོས་པ་སོགས་ཀྱི་བཀའ་སློབ་གནང་དོན། བོད་ལ་དུས་འགྱུར་མ་བྱུང་བའི་སྔོན་དུ་ཤེས་ཡོན་སྦྱོང་རྒྱུ་དེ་བུད་མེད་ཁྲོད་ནས་བཙུན་མ་ཁོ་ནར་མཁོ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་དང་། བུད་མེད་ནི་ཁྱིམ་ཚང་ཁོ་ན་གཉེར་མཁན་ཙམ་ལས་་ཤེས་ཡོན་སྦྱང་ཚེ་བེད་སྤྱོད་མེད་པ་ཞིག་ཏུ་ངོས་འཛིན་བྱས་མྱོང་། སྤྱི་ལོ་ ༡༩༥༩ ལོར་བོད་ཀྱི་བུད་མེད་ཚོས་བློ་སྟོབས་ཆེན་པོ་དང་བློས་གཏོང་ཆེན་པོས་མི་རིགས་ཀྱི་ཆེད་དུ་བོད་ཀྱི་བུད་མེད་ཀྱི་སྒེར་ལངས་ཐོག་མ་དེ་བྱུང་བ་རེད། དེ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འགྱུར་བ་ཆེན་པོ་ཞིག་རེད། དུས་དེ་ནས་བཟུང་སྟེ། བོད་ཀྱི་བུད་མེད་ཚོས་དུས་རབས་དང་མཐུན་པའི་ལས་འགན་དང་འཐབ་རྩོད་མུ་མཐུད་གནང་གིན་ཡོད། འོན་ཀྱང། བུད་མེད་ཚོ་ཡིན་ཡང་རང་ཉིད་ལ་གང་ཞིག་དགོས་ཀྱིན་ཡོད་པ་དང། གང་ཞིག་རང་ཉིད་ལ་འཐོབ་འོས་པ། ཅི་ཞིག་ད་གཟོད་རང་གི་ཕྲག་ཏུ་བབ་པའི་ལས་འགན་ཡིན་པ་བཅས་ཧ་གོ་བའི་ཐོག་ནས་འཐབ་རྩོད་གནང་དགོས་པ་རེད། ཅེས་དང་། ང་རང་ལ་ཆ་བཞག་ན། ལོ་བདུན་ནས་ཀརྨ་པ་རེད་ཟེར་ནས་ངོས་འཛིན་བྱས་པ་རེད། སྐབས་དེར་ང་ལོ་ན་ཆུང་སྟབས། ཀརྨ་པར་གྱུར་ན་རྩེད་ཆས་དང་རྩེད་རོགས་མང་པོ་ཡོད་རྒྱུ་རེད་སྙམ་པ་བྱུང་། འོན་ཀྱང། དུས་དེ་ནས་བཟུང་ང་རང་གཞན་གྱི་བཀའ་བཀོད་དང་དབང་བསྒྱུར་གྱི་ལམ་ཀ་འདིར་འགྲོ་དགོས་བྱུང་བ་རེད། ད་སྐབས་ཆེན་པོ་ཆགས་སྐབས་འགན་ཆེན་པོ་ཡོད་པ་དང་། རང་གི་བསམ་འདུན་བཞིན་གདམ་ཀ་བྱ་རྒྱུ་མེད་པར་ལས་དབང་གིས་སྤྲད་པའི་ལམ་ཁ་འདི་རང་ལ་བསྐྱོད་དགོས་ཀྱིན་ཡོད། ཇ་འཐུང་ནས་སྡོད་དུས་དང་མི་གཞན་དང་མཉམ་དུ་སྐད་ཆ་བཤད་ནས་སྡོད་སྐབས་མི་སྐྱིད་པའི་སྣང་བ་གང་ཡང་མེད་ཀྱང་། བསམ་བློ་ནན་ཏན་གྱིས་གཏོང་སྐབས་འཇིག་རྟེན་གྱི་མི་གཙང་བ་ཡོངས་རྫོགས་མཉམ་དུ་ཡོད་པའི་སྣོད་ཅིག་གི་ཁ་ཕྱེས་པ་དང་འདྲ་བོ་འདུག འདི་འདྲའི་ཁོར་ཡུག་ཞིག་དང་བསྒྱུར་ཐབས་མེད་པའི་མི་ཚེ་ཞིག གུ་དོགས་ཀྱི་ཁང་པ་འདིའི་ནང་ནས་སེམས་མི་སྐྱིད་པ་ཡང་ཡང་ཡོང་གིན་འདུག ཡིན་ཡང་ཐེག་པ་ཆེན་པོའི་ནང་གསུངས་པ་ལྟར། བསམ་བློ་རྒྱ་ཆེ་ཙམ་བཏང་སྟེ། བདེ་སྐྱིད་དང་བདེ་བ་ཡོང་ཐབས་ལ་འབད་བརྩོན་བྱས་པ་ཡིན་ན། དཀའ་ངལ་ལ་གདོང་ལེན་བྱ་མ་ཐུབ་པ་དེ་འདྲ་མི་འདུག ཁྱེད་ཚོ་ཡིན་ཡང་སྤྱི་ཚོགས་ཤིག་གི་ནང་དུ་འགན་བླངས་ཏེ་ལས་ཀ་བྱེད་སྐབས། མ་སྐྱིད་པ་མང་པོ་ཡོང་སྲིད་ཀྱང་བསམ་བློ་རྒྱ་ཆེ་སར་གཏོང་དགོས། ང་ཚོའི་གནས་སྟངས་འདི་འདྲའི་ཛ་དྲག་པོ་ཞིག་ལ་སླེབས་ཡོད་སྟབས། ང་ཚོས་ང་ཚོའི་གནས་སྟངས་དང་ལེན་ཐོག་མི་རེ་ངོ་རེ་ནས་འགན་ལེན་དགོས་པ་རེད། ཅེས་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    གོང་ས་མཆོག་དང་རྒྱལ་དབང་ཀརྨ་པའི་གསུང་བཤད་ཡིན་ཁུལ་གྱིས་བཀོད་པ་འདི་གཉིས་ལ་ཁོང་རྣམ་པ་གཉིས་ཀྱི་ནམ་རྒྱུན་གྱི་གསུང་གི་ཉམས་རྩ་བ་ནས་སླེབས་མི་འདུག ལྷག་པར་གོང་ས་མཆོག་གི་གསུང་གི་ནང་༼དེ་འདྲ་གནང་རྒྱུ་ཡོད་པ་མ་རེད། ཡ་རབས་ལུགས་མཐུན་གནང་སྟེ། དངུལ་ཡོད་ན་དངུལ་ཁང་དུ་འཇོག་པ་དང། ཞལ་ལག་དང་འགྲོ་འདུག་སོགས་སོ་སོའི་འཕྲོད་བསྟེན་ལ་དོ་སྣང་གནང་རྒྱུ་གལ་ཆེན་པོ་རེད། ཕྱི་ལོགས་སུ་དེ་འདྲའི་རྫིག་པོ་བྱས་ན་ཕན་ཐོགས་གང་ཡང་ཡོད་པ་མ་རེད། ང་ཚོ་སྐྱབས་བཅོལ་བ་ཡིན་པ་མ་བརྗེད་པ་གནང་དགོས།༽ཞེས་གསལ་བ་དེར་གཞིགས་ན། གོང་ས་མཆོག་གི་གསུང་ཇི་མ་ཇི་བཞིན་ཕབ་པ་ཨེ་ཡིན་སྙམ། གོང་ས་མཆོག་གིས་ནམ་རྒྱུན་༼དེ་འདྲ་བྱེད་རྒྱུ་ཡོད་མ་་རེད།༽ལྟ་བུ་གསུངས་ཡོང་།
    ང་རང་གིས་གོ་ཚོད་ལྟར་ན། གོང་ས་མཆོག་གིས་བོད་མི་ཚོས་ཤེས་ཡོན་དང་དཔལ་འབྱོར་ཡར་རྒྱས་ལ་ཤུགས་རྒྱག་དགོས་པའི་བཀའ་སློབ་ཕེབས་ཡོད་པ་འདྲ། འོན་ཀྱང་འདིར་དཔལ་འབྱོར་སྐོར་དེ་གསལ་པོ་མི་འདུག

    མདོར་ན་གསར་འགོད་པས་གོང་ས་མཆོག་དང་བཀའ་བློན་ཁྲི་པ་སོགས་ཀྱི་བཀའ་སློབ་དང་གསུང་བཤད་འགོད་སྐབས། གསུང་ཇི་མ་ཇི་བཞིན་ཕབ་སྟེ་འགོད་དགོས་གལ་ཆེ། དེ་མིན་རང་གིས་དྲན་ཚོད་ཆ་བསྡུ་ཡ་བསྡུ་བྱས་ཏེ་འགོད་པ་དང་། འགྱིག་ལུག་ཏེ་དུམ་བུ་རེ་ཟུང་ཙམ་དྲངས་ཏེ་བཀོད་ན་གོ་ལོག་མང་པོ་ཡོང་གི་འདུག

    Reply
  2. Jampa Yonten says:
    ལོ་ 17 སྔོན།

    ᩶་ᩮ᫕ᨑ་᪠ᨕ᩶་᨜ᨑ་᪢ᨓ᩶་᪇᪱᫥་᨜ᨑ་᫥ᨓ᪱᫥་᫢ᨵ᫥་᩶ᨓ་᩶ᨵ་᫞་ᩏᨕ᫥་᪄᫥་᪠ᩔᨵ᫥་᪠ᩞᨕ᩶་᫗ᨕ᩶ᨎ

    Reply
  3. གོང་དཀར་ངག་རྣམ། says:
    ལོ་ 17 སྔོན།

    ད་དངོས་གནས་བུད་མེད་ཚོའི་འཇོན་ཐང་འདོན་རན་འདུག་ལ། རྗེས་མའི་བཀའ་ཁྲི་དེ་ཡང་ཁོང་ཚོའི་ཁྲོད་ནས་ངེས་པར་དུ་ཡོང་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese