མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་མིག་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཁང་ལ་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་ནང་རང་རྐྱ་འཕེར་བའི་ལས་བྱེད་ཅིག་དགོས་ཀྱི་ཡོད།

དགོས་ངེས་ཆ་རྐྱེན་ནི།

༡། བོད་ཡིག་དང་དབྱིན་ཡིག་གཉིས་རང་རྐྱ་འཕེར་བའི་ཐོག་ཕར་ཚུར་བསྒྱུར་ཐུབ་པ།
༢། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ R.C ཡོད་པའམ། ཡང་ན། ཐོ་ཁོངས་སུ་ཡོད་པ།
༣། རང་བཙན་ལག་དེབ་ཀྱི་དཔྱ་དངུལ་དུས་ཐོག་ཕུལ་ཟིན་པ།
༤། ལས་ཁུངས་གཞན་དུ་ལས་ཀ་བྱེད་བཞིན་པ་ཡིན་ན་ལས་ཁུངས་དེ་ནས་དགག་བྱ་མེད་པའི་རྒྱབ་གཉེར་ཡི་གེ་ཡོད་པ།
༥། ཉུང་མཐར་ཡང་ལོ་གསུམ་རིང་བོད་ཀྱི་དུས་བབ་ལས་ཁུངས་སུ་ཞབས་ཞུ་སྒྲུབ་ཐུབ་པ། བཅས་ཡིན།

ཐུགས་འདོད་ཡོད་རིགས་ཀྱིས་ཕྱི་ཟླ་ ༦ ཚེས་ ༣༠ འགྱངས་མེད་འདི་གར་སྙན་ཞུ་འབུལ་རྒྱུ་དང་། སྙན་ཞུའི་ཡི་གེ་སྦྲགས་ཐོག་དང་གློག་འཕྲིན་གང་རུང་ནས་བསྐུར་ཆོག་ལ། དོ་བདག་གི་ཁ་བྱང་དང་། གློག་འཕྲིན་ཁ་བྱང་། ཁ་པར་ཨང་བཅས་གང་ཡོད་སྙན་ཞུ་མཉམ་དུ་བསྐུར་ཡོང་བ་ཞུ།

བོད་ཀྱི་དུས་བབ་གསར་ཁང་ནས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༤ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 27

  1. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཟླ་བ་ནོར་བུས་བཤད་ནོ་ནོར་འདུག ཁྱོད་ཀྱིས་བཤད་སྟངས་དེ་གྭ་སའི་ཤེས་ཡོན་མེད་པའི་དགེ་བསྐོས་ཚོས་བཙན་བཀའ་ཞིག་དང་འདྲ་གི། ལུང་རིགས་རྒྱལ་འདི་ཚོ་ལ་ལན་ཁྱོན་ནས་རྒྱག་རྒྱུ་ཡོད་ནི་མ་རེད། གཅིག་ལ་ལན་བསྐྱོན་ན་རྗེས་སུ་འདི་འདྲའི་དྲ་འབུ་ཇེ་མང་ཇེ་མང་དུ་འགྲོ་རྒྱུ་ཐེ་མི་ཚོམ་པ་ཞིག་རེད། ཚེ་སྐྱིད་ལ་བསྲེག་མ་བྲིས་ན་མི་ཆོག་གམ། འབྲོག་རྒན་ཁྱོད།

    Reply
  2. ཁྲག says:
    ལོ་ 16 སྔོན།

    ཨ་ཁུ་འབྲོག་པ། ད་ཨ་པ་ལོ་ལོ་རྒྱ་དང་རོང་བའི་ལྟ་མ་བྱེད། ཚེ་རིང་སྐྱིད་ཀྱང་འབྲོག་མོ་ཞིག་རེད། མོ་ལ་སྲིང་མོ་ཞིག་གི་འདུ་ཤེས་བཟུང་ན་ཅི་མི་ཆོག

    Reply
  3. བློ་བཟང༌། says:
    ལོ་ 16 སྔོན།

    གུས་ཤིང་བརྩེ་བའི་མཁྱེན་ལྡན་པ་རྣམ་པ་ཚོ། གུས་པར་མཚོན་ན་དུས་བབ་གསར་ཤོག་ནི་ངས་ནམ་རྒྱུན་འཛམ་གླིང་སྤྱི་དང་རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་ཤེས་རྟོགས་བྱ་ས་ཡོད་ན་མེད་ན་དེ་ཡིན། འོན་ཀྱང་མི་ངན་ཁག་གཅིག་གིས་དུས་རྟག་ཏུ་གཞན་གྱི་བྱས་རྗེས་ལ་ཟུར་ཟ་དང་ཡིད་མ་རངས་པ་བྱེད་ཀྱི་འདུག དེ་ལ་ང་ཚོས་ནམ་ཡང་ཁ་ཡ་བྱེད་མི་འོས། ང་ཚོས་ཤེས་དགོས་པ་ཞིག་ལ་མི་ངན་དེ་དག་གི་སྨོད་ཚིག་ལ་ང་ཚོས་ལན་འདེབ་མ་བྱས་ཚེ་ཁོ་པ་ཁ་རྐྱེངས་ནས་སླར་ཡང་སྨོད་མི་སྲིད། ༸གོང་ས་མཆོག་ནས་(some time silence is the best answer.) ཞེས་གསུངས་ཡོད་དོ༎

    Reply
  4. བདེ་འབྱུང་ says:
    ལོ་ 16 སྔོན།

    དྲ་གྲོགས་བསྟན་འཛིན་ཚེ་དཔག་གི་གསུངས་པ་དེ་ལྷག་བསམ་དང་ཐབས་ལམ་ཡིན་པས་རྒྱབ་སྐྱོར་ཡོད། བསམ་ཚུལ་འདོན་ན་འདི་ལྟར་འདོན་དགོས་པ་རེད།

    Reply
  5. བདེ་འབྱུང་ says:
    ལོ་ 16 སྔོན།

    སྙིང་ཉེ་བའི་སྐུ་ཞབས་ཟླ་བ་ནོར་བུ་ལགས། ཁྱེད་ཉིད་དུས་བབ་ཀློག་མཁན་ཞིག་ཡིན་པ་ང་ལ་ཡིད་ཆེས་ཡོད། དུས་བབ་ཀློག་མཁན་ཞིག་ཡིན་པའི་ཆ་ནས་བོད་པའི་སྤྱི་ཚོགས་ཀྱི་ཤེས་ཡོན་ཅན་ཞིག་ཡིན་པའང་ཡིད་ཆེས་ཡོད། དྲ་ངོས་སུ་བསམ་འཆར་གང་ཡང་འདོན་ཆོག་ཀྱང་རང་འདོར་ལྟར་བུ་མོ་ཉེས་མེད་ཅིག་ལ་སྐྱོན་འདོགས་ཉེས་འདོགས་བྱེད་དོན་ཅི་ཡིན་ནམ། དེ་ལྟར་བྱས་གང་ཟག་མི་སྒེར་ལ་མཚན་ཤས་བཟོས་པའི་ནག་ཉེས་ཕོག་ངེས་ཡིན་པ་ངེས་པར་གྱིས། ཁྱེད་ཉིད་ལ་ཨ་མ་དང་གཅེན་མོ། སྲིང་མོ་ཨེ་ཡོད། གལ་ཏེ་ཁོ་ཚོ་ལ་མི་གཞན་གྱིས་ཁྱེད་ནང་བཞིན་ཁུངས་ལུང་མེད་པའི་སྨྱོ་ལབ་དང་སྐྱོན་འདོགས་སྣ་ཚོགས་བྱས་བསྡད་ན་ཚོར་བ་ཇི་འདྲ་ཞིག་ཡོང་ངེས་རེད་དམ།
    ཡིག་ནོར་མེད་མཁན་ཞིག་སུ་ཡོད་པ་རེད། སྔོན་གྱི་དྲན་དབང་རྣམས་ལའང་ཡིག་ནོར་ཡོང་གི་ཡོད་ཙང་། དེ་ལ་མཁས་པ་མཉམ་པར་མ་བཞག་པའི་གཏམ་ཞེས་བསྟན་བཅོས་ཡོངས་ལ་རླུང་ལྟར་གྲགས་གོ།
    དུས་བབ་ཀྱི་འཛིན་སྐྱོང་ལ་ཇུས་གཏོགས་དགོས་པ་མ་རེད། བྱེད་པའི་དབང་ཚད་ཀྱང་ཁྱེད་ལ་མེད་ནི་རེད། དེ་ལས་དུས་བབ་ཀློག རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་དང་འགྱུར་འགྲོས་ཧ་གོ་བ་གྱིས་ལགས།

    Reply
  6. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    དུས་བབ་གསར་ཁང་གིས་བོད་དབྱིན་གཉིས་ལྡན་གྱི་ལས་བྱེད་ཅིག་དགོས་པའི་གསལ་བསྒྲགས་བསྐྱངས་མཇུག་དེར། བསམ་ཚུལ་སྤེལ་མཁན་ཚོས་ཕན་ཐོགས་ཡོད་པའི་བསམ་ཚུལ་སྣེ་གཅིག་སྤེལ་མ་སོང༌། ནམ་རྒྱུན་དུས་བབ་ལ་ཤ་ཞེན་ཡོད་མཁན་ཅིག་གི་ངོས་ནས་བཤད་ན། ད་ནི་བསམ་ཡོད་ཚོས། མི་སྣ་རྒྱུས་སྟོན་དང༌། ངོས་སྦྱོར་སོགས་བྱ་རྒྱུ་ཡོད་ན་དེ་དགོས་རྒྱུ་ལས། ཡས་བཤད་མས་བཤད་བྱས་བསྡད་པས་ཕན་ཐོགས་ཡོང་དཀའ།
    ངེད་རང་ལ་མཚོན་ན། དུས་བབ་ལ་དབྱིན་བོད་གཉིས་ལྡན་གྱི་ལས་བྱེད་ཅིག་བྱུང་ན་རབ་དང༌། དེ་ལྟར་བྱུང་མིན་གྱུར་ན་ནི། བོད་ཡིག་གི་ཤེས་ཚད་རང་མགོ་ཐོན་ངེས་ཤིག་བྱུང་ནའང་ཕན་ཐོགས་ཆེ་སེར་འདུག་སྙམ། དེ་ཡང་ལུང་རིགས་འདྲ་བ་ཞིག་རག་ན་རབ། ཡང་ན། ད་ལྟའི་གསར་འགོད་པ་ཚོ་ལས་དྲག་ཅིག་རག་པ་ཡིན་ན། དེས་ད་གཟོད་དུས་བབ་ཀྱི་གསར་འགོད་འགན་འཁྲི་དེ་ཡང་ཐེག་ཐུབ་རྒྱུར་ངེས་པར་འདོད། དྲ་གྲོགས་ཚོ། འདི་འདྲ་རེ་ངོས་སྦྱོར་གནང་རྒྱུ་ཡོད་ན། དུས་བབ་ལ་ངོས་སྦྱོར་གནོངས་དང༌། དུས་བབ་ཀྱི་དགོས་མཁོ་དང༌། མི་དེར་མཚོན་ན་ལས་ཀའི་གོ་སྐབས་ཤིག་ཀྱང་རེད་སྙམ་མོ།།

    Reply
  7. ཟླ་བ་ནོར་བུ། says:
    ལོ་ 16 སྔོན།

    དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ཟེར་བ་ཁྱོད་ལ་སྐད་ཆ་གསལ་བོ་བཟོ་གི་ཡིན།
    ཁྱེད་ཀྱིས་དྲ་ཐོག་ནས་ལན་འདེབས་མི་ཐུབ་ན་དྲ་ཐོག་ལ་གསལ་བསྒྲགས་སྤེལ་དོན་ཅི་ཡིན།
    འབྲོག་རྒན་ང་དུས་བབ་ཚང་ལ་མི་དགའ་རྒྱུ་ཅང་མེད་པར་མ་ཟད་ཕྲག་དོག་དང་སྡང་སྡིག་བྱེད་དོན་སོགས་གཅིག་ཀྱང་མེད།
    འོན་ཀྱང་། ཁ་བཤད་དང་ལག་ལེན་གཉིས་ཁ་ཁར་སྒྲུབ་མཁན་ཚོར་གཉའ་གཅོག་མཁན་ཞིག་ཡིན།
    ང་ཁྱེད་ཚོའི་ལས་ཁུངས་ལ་ཡོད་དོན་མེད། རྒྱུ་མཚན་གང་གིས་ཞེ་ན།
    དང་པོ། ང་དང་དུས་བབ་གཉིས་ཀྱི་ལས་ཀ་གཅིག་མ་རེད།
    གཉིས། ང་དང་དུས་བབ་གཉིས་ཀྱི་དབར་ན་ཁ་འཁོན་མེད།
    གསུམ། དུས་བབ་ཀྱིས་བཟོས་བའི་ནོར་འཁྲུལ་གྱི་ཆེདུ་ང་དུས་བབ་ཚང་ལ་ཡོང་དགོས་དོན་མེད།
    བཞི། ངས་དུས་བབ་ཡར་རྒྱས་ཀྱི་ཆེདུ་དྲང་བདེན་གྱི་སྐད་ཆ་བཤད་ཀྱི་ཡོད་མ་གཏོགས་མ་དགའ་སྡུག་མདོག་སོགས་བྱེད་ཀྱི་མེད།
    ངས་བཏང་བའི་དྲི་བ་དེ་དུས་བབ་ཀྱི་འཛིན་སྐྱོང་དང་འབྲེལ་བ་མེད་པརམ་ཟད་བསྟན་འཛིན་ཆོས་འཕེལ་དང་རབ་གཡང་སོགས་ལ་དེ་བས་ཀྱང་འབྲེལ་བ་མེད།
    རྗེས་མ་ནས་ལས་ཀ་གཟབ་གཟབ་བྱས་ནས་བྱེད་རྒྱུ་འབྲོག་རྒན་ངའི་བསླབ་བྱ་ཡིན།

    Reply
  8. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    དེ་རིང་ཡིན་ན་འབྲོག་རྒན་གི་གླེན་རྟགས་བསྟན་འདུག་་་ཡིན་ནའང་འབྲོག་པ་གླེན་པ་ཚོའི་ཁ་ལ་ལེན་རྒྱུ་ཞིག་འདུག་་་གང་ཡིན་ཟེར་ན་དུས་བབ་ཚང་གི་ལས་བྱེད་ཚོ་དབྱིན་བོད་གཉིས་ལ་རང་སྐྱ་འཕེར་བ་རྐྱང་རྐྱང་ཡིན་ན་ཚགས་ཤོག་ཐོག་གི་ཡིག་ནོར་དག་སུས་དེའི་ཐོག་ཏུ་བཀོད་པ་རེད། དུས་བབ་ཚང་ལ་དབྱིན་བོད་གཉིས་ལ་རང་སྐྱ་འཕེར་བ་ཞིག་དགོས་ཀྱི་མི་འདུག ཁོང་ཚོ་རང་རང་སྐྱ་མ་འཕེར་བ་འགའ་ལ་རོགས་པ་རང་སྐྱ་འཕེར་བ་ཞིག་དགོས་དོན་མེད། ཨ་ཁུ་འབྲོག་པ་ངོ་མ་ཁྲོས་འདུག་་ད་ངས་ཟླ་བ་གཅིག་ལ་དབྱིན་ཇི་སྦྱངས་ནས་དུས་བབ་ཚང་ལ་ཞུགས་པར་འགྲོ་གི་ཡིན། དེ་དུས་འབྲོག་རྒན་གིས་ང་ལ་འཁང་ར་མི་བྱེད་བ་མཁྱེན

    Reply
  9. ཟླ་བ་ནོར་བུ། says:
    ལོ་ 16 སྔོན།

    དུས་བབ་ཚང་རླུང་རྟ་ཡར་རྒྱུགས་ཡིན་ན་འབྲོག་རྒན་ང་མི་དགའ་རྒྱུ་ཅང་མེད། ཁྱོའི་སྐེ།
    དུས་བབ་ཚང་གིས་རྐང་འདྲེན་གྱི་ལས་ཀ་བྱས་ན་འབྲོག་རྒན་ང་གཏན་ནས་མི་དགའ་གི
    འབྲོག་རྒན་ངས་ཉིན་འདི་ཚོར་མཇང་རྩེ་ཟེར་བ་དེ་སུ་ཡིན་མིན་ལ་དྲ་ཐོག་ནས་བརྩད་བཅད་པ་ཡིན། མཇང་རྩེ་ཟེར་བ་དེ་ཚེ་རིང་སྐྱིད་རེད་འདུག
    འདི་ངའི་གསལ་བསྒྲགས་ཡིན།

    Reply
  10. བློ་ལྡན། says:
    ལོ་ 16 སྔོན།

    ཟླ་ནོར་ཁྱོད་དུས་བབ་ཚང་དང་ཚེ་རིང་སྐྱིད་ལ་ནམ་ཡང་མ་དགའ་ན་ཡང་།་ཁྱོད་རང་གི་སྡུག་བསྔལ་དང་གྱོང་གུད་ལས།ཁོ་ཚོའི་བསྟན་པ་ཡར་ལ་རྒྱུག་རྒྱུག་རེད།

    Reply
  11. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    དུས་བབ་ཚང་གི་ཟླ་རེར་གླ་ཆ་སོགས་ཀྱི་ཐོབ་ཐང་ག་འདྲ་ཡིན་ན མ་གཏོགས་ལས་ཀར་ཞུགས་རྗེས་སུ་ཡིད་མི་ཚིམ་པ་བྱུང་ན་ཡག་པོ་མི་འདུག་ཨ

    Reply
  12. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཨ་རོགས་འབྲོག་རྒན་ཁྱོད་ལ་ལན་རྒྱག་གི་མ་རེད། ཁ་ཚུམས་མ་གཏོགས་རྗེས་མ་དྲ་ཁང་འདི་ནས་ཕྱིར་ཕུད་བྱེད་ཡོང་། དྲ་ཁང་འདི་ཕོ་མཚན་མོ་མཚན་གྱི་ཆགས་གཏམ་སྣ་ཚོགས་ཤོད་མཁན་ཚོ་དང་མགོ་བདེ་དྲན་འཕྲུལ་ཚོར་ཆེ་སྟོད་ཀྱི་གླེང་སྟེགས་རེད་མ་གཏོགས། ཁྱོ་འུ་གཉིས་འདྲ་བོར་གནས་འདི་ན་ཐོབ་ཐང་ཞིག་གང་ན་ཡོད།

    Reply
  13. མཇང་རྩེ says:
    ལོ་ 16 སྔོན།

    ཨ་མདོ་བ་དབྱིན་ཇིའི་རྐུབ་ལ་རྒྱུག་མཁན་མང་པོ་ཡོད་པ་མཐོང་ཐོས་བྱུང་། དེ་ཚོར་ཟ་ལེ་རྒྱལ་འབོད་ཀྱིན་ཡོད་ན་དུས་བབ་གཙོས་པའི་ལས་ཁུངས་མ་ལག་གང་མང་ཡོད་པ་རེད། ཤེས་འཛྷོན་དང་ལྷག་བསམ་ཡོད་ན་ལས་ཀ་ཁེངས་བསྡད་ཡོད་པ་རེད། སུས་དེ་ཚོ་བཀག་ཡོད་པ་རེད། ཡིན་ཡང་བཙན་བྱོལ་དུ་ལས་ཀ་བྱེད་ན་ཁེ་བཟང་ཕྱིས་པོ་ཡོད་མ་རེད། ཟ་འཐུང་འགྲིག་ཙམ་རེད། མ་ཡོང་པ་ལ་ཁེ་བཟང་མེད་པས་མི་ཚོ་རང་རང་གི་སར་ཁེ་བཟང་འཚལ་བར་སོང་རེད། དེ་ན་ཨ་ཀུ་འབྲོག་པ་ཁྱོད་ཀྱང་སྤྱི་ཚོགས་ཁྲོད་ཡོང་ནས་ལས་ཀ་བྱེད་ན་མ་ཐུབ་པ་གང་ཡིན་ན་་གལ་ཏེ་བྱེད་ཀྱིན་ཡོད་ན་ནི་ཁྱེད་ཀྱི་བོད་ཡིག་གི་རྨང་གཞི་སྐྱོས་སས་འདུག་ལོ

    Reply
  14. མཇང་རྩེ says:
    ལོ་ 16 སྔོན།

    ཨ་ཁུ་འབྲོག་པ་ཟེར་བ་ལགས།
    གནས་ལུགས་མེད་པར་ཧམ་བཤད་མ་རྒྱག ང་དུས་བབ་ཀྱི་ལས་བྱེད་མ་དགོས་གངས་ཅན་སྐྱིད་གཞུང་ཟེར་བའི་གྲོང་སྡེ་ཆུང་ཆུང་དེའི་མི་ཡང་མིན།
    ད་དུང་ཁྱེད་ཀྱིས་སྐད་ཆ་བཤད་ཀྱིན་བཤད་ཀྱིན་ཚེ་རིང་སྐྱིད་ལ་སྒེར་གྱི་སྙིང་ནད་ཡོད་པ་གསལ་བོ་ཧ་གོ་ཡོང་ཡི། སྐུ་ངོ་ཧམ་པ་ཅན་ཚོ་དང་དེ་ཚོའི་བུ་རབས་ཚ་རྒྱུད་ཀྱིས་བོད་རྒྱུད་བོད་སྐད་མི་ཤེས་ཀྱང་བོད་ཀྱི་སྤྱི་ཚོགས་ཡར་ཁྲིད་མར་ཁྲིད་བྱེད་ཀྱིན་འདུག་གཱ
    ཁྱེད་དེ་དག་གི་སར་མི་སླེབས་པར་ང་ཚོ་ལྟར་ཉམ་ཆུང་རྒྱབ་རོགས་མེད་པའི་བུ་མོ་ཞིག་ལ་དེ་འདྲའི་སྡུག་གཏམ་དང་དགྲ་ཤ་ལེན་དོན་མེད་ཀཱ བསྡད་ཀྱིན་བསྡད་ཀྱིན་ཁྱེད་ཚོའི་ཨ མདོ་བ་འདི་ཚོ་ངོ་མ་ཡ་མཚར་བོ་ཞིག་རེད།

    Reply
  15. ཟླ་བ་ནོར་བུ། says:
    ལོ་ 16 སྔོན།

    འབྲོག་རྒན་ངའི་དྲི་བར་ལན་མེད་ན། གསལ་བསྒྲགས་འདི་གསུབ་རོགས་མཁྱེན། ཨ་ཁུ་འབྲོག་པའི་སེམས་ཀྱང་བདེ།

    Reply
  16. ཟླ་བ་ནོར་བུ། says:
    ལོ་ 16 སྔོན།

    ཨ་རོཁྲག་ཟེར་བ། ངས་ཁྱོ་ལ་གཅིག་འདྲི། གལ་སྲིད་དུས་བབ་ཚང་གི་ཟ་སྐལ་སུ་ལ་བསྐོར་མ་བསྐོར་ལྟ་མཁན་རྣམས་ལ་བབས་མེད་ན། ས་མིག་གསལ་བསྒྲགས་འདི་ྐློག་མཁན་རྣམས་ཀྱི་མདུན་ལ་འཇོག་དོན་མེད་ཀ། སྤྱིར་བོད་ཀྱི་དུས་བབ་ལ་བོད་དབྱིན་གཉིས་ཀ་རང་རྐྱང་འཕེར་བའི་གསར་འགོད་པ་ཞིག་ཡོད་དམ་མེད། འབྲོག་རྒན་ངས་བལྟས་ན་ད་ཕན་བོད་དབྱིན་གཉིས་ཀ་རང་རྐྱ་འཕེར་བ་ཞིག་ཕར་ཞོག་བོད་ཡིག་གཅིག་པོ་རང་རྐྱ་འཕེར་བ་ཞིག་ཀྱང་མཐོང་དཀོན་སེ་འདུག ད་དུང་ཚེ་སྐྱིད་ཟེར་བ་འདིའི་བོད་ཡིག་གི་རྨང་གཞི་གསར་འགོད་པ་དོན་བཀྲ་དང་དོན་ཁོ། ཨ་རིག་འགྱུར་མེད་གསུམ་ལས་ཀྱང་སྐྱོ་བ་འདུག་ག བོད་དབྱིན་རང་རྐྱ་འཕེར་བ་མེད་མཁན་ཞིག་དུས་བབ་ཀྱིས་ཐད་ཀར་བླངས་ཆོག་ན་བོད་དབྱིན་རང་རྐྱང་འཕེར་བ་ཞིག་དགོས་མིན་གྱི་གསལ་བསྒྲགས་འདི་བྱབ་ཆུང་གི་ལས་ཀ་ཞིག་མ་རེད་དམ། གསལ་བསྒྲགས་འདི་འདྲ་སྤེལ་རྒྱུའི་ཚབ་ལ་མེག་ལོར་ཤོག་དང་ཟ་ལེ་རྒྱ་ཚོའི་ནང་ན་བོད་དབྱིན་རང་རྐྱང་འཕེར་བ་མང་པོ་ཡོད། མཇང་རྩེ་དང་ཁྲག ཚེ་རིང་སྐྱིད་གསུམ་ཁོང་ཁྲོ་མ་ཟ་ཨ།

    Reply
  17. ཁྲག says:
    ལོ་ 16 སྔོན།

    དུས་བབ་ཚང་གི་གསར་འགྱུར་ལ་ཡིད་ཆེས་ཡོད་ན་འགྲིག་པ་རེད། དུས་བབ་ཚང་གི་ཟ་སྐལ་སུ་ལ་བསྐོར་མ་བསྐོར་ལྟ་མཁན་རྣམས་ལ་བབས་ཡོད་པ་མ་རེད། དུས་བབ་རྩོམ་སྒྲིག་པས་འདིའི་སྐོར་ལན་མི་རྒྱག་རོགས་ཞུ། ལར་ནས་རྩོམ་སྒྲིག་པའི་ངོས་ནས་མཆན་ལ་ལྟ་དགོས་དོན་ཡོད་པ་མ་རེད།

    Reply
  18. བློ་བཟང་རབ་དགའ། says:
    ལོ་ 16 སྔོན།

    འབྲོག་རྒན་ཟླ་བ་ནོར་བུའི་དྲི་བར་དུས་བབ་འགན་ལེན་པས་ལེན་མེད་དོན་གང་རེད།་ངོ་མ་ཡ་ཚན་བྱུང་།་ཡང་ན་དུས་བབ་ཚང་གིས་ཚེ་རིང་སྐྱིད་བག་མར་ལེན་པས་ལེན་འབྲི་མ་ཐུབ་པ་མིན་འགྲོ།

    Reply
  19. དབང་རྒྱལ། says:
    ལོ་ 16 སྔོན།

    ཟླ་བ་ནོར་བུ་དེ་བོད་ཀྱི་དུས་བབས་ཀྱི་ཀློག་པ་པོ་ཡིན་ཙང་བོད་ཀྱི་དུས་བབས་ཀྱིས་ག་རེ་བྱས་ཀྱི་ཡོད་མིན་སྐོར་ཇུས་གཏོགས་ལོད་ཡོད། བོད་ཀྱི་དུས་བབས་དེ་གཞུང་གི་མ་ཡིན་ན་ཡང་མི་མང་གི་ཡིན་ངེས་རེད། དམིགས་བསལ་དུ་བོད་ཀྱི་དུས་བབས་གཞི་ཛུགས་ཀྱི་དམིགས་དོན་འདི་བོད་མི་མང་ལ་ཞབས་འདེགས་ཞུ་ཆེད་ཡིན་ངེས་པས་བོད་མི་མང་ལ་ཞབས་འདེགས་ཞུ་དགོས་ན་གསར་ཁང་དེར་ལས་བྱེད་གསར་པ་བཙུགས་དུས་ལམ་ལུགས་ཡག་པོ་ཞིག་གི་ཐོག་ནས་བཙུགས་དགོས་རེད་མ་གཏོགས། ཆགས་སྡང་ཕྱོགས་རིས་ཐོག་ནས་གང་བྱུང་མང་བྱུང་བཙུགས་ན་ཞབས་འདེགས་མི་ཡོང་བའི་མཐར་ཞབས་འདྲེན་ཞུ་ངེས་རེད།

    Reply
  20. དབང་རྒྱལ། says:
    ལོ་ 16 སྔོན།

    མཇང་རྩེ་ལགས། ཟླ་བ་ནོར་བུས་བཤད་པ་དེ་ངན་སྨྲས་ཡིན་ན་ཁོང་གིས་དྲིས་པའི་དྲི་བའི་ལན་ཐད་ཀར་གསུངས་རོགས། དེ་མིན་བོད་ཀྱི་དུས་བབས་ཀྱི་ཀློག་པ་པོ་ཡོངས་ནས་བོད་ཀྱི་དུས་བབས་ལ་ཡིད་ཆེས་མེད་པ་ཆག་གི་རེད་ད།

    Reply
  21. མེ་སྒྱོགས་རྒྱ་མཚོ། says:
    ལོ་ 16 སྔོན།

    ཨ་ཁུ་འབྲོག་རྒན་ཁྱོད་ལ་ད་དུང་ལུག་ལྤགས་ཀྱི་དྲི་མ་ཁ་འི་འདུག་དཱ། མཛེས་མ་ཡིན་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲིན་ཚབ་ཏུ་གདན་འདྲེན་ཞུ་འི་ཡོད་པ་གོ་མ་སོང་ངམ། མཛེས་མ་ལ་ཤེས་ཡོན་ཡོད་པ་ནི་རལ་གྲི་ཁ་གཉིས་མའི་ཁྱད་ཆོས་ཡོད་པས། གཏམ་དཔེར་ལ། གོ་ཉིས་ཆོད། རྒན་མ་བུ་ཐོན། ཧེ་ཧེ་ཧེ།
    ཡིན་དང་ཡིན་ད་དུང་དུས་བབ་ཚང་གི་ཨ་ཁུ་འབྲོག་རྒན་གྱི་དོགས་འདྲི་ཡོད་པ་དེ་སེལ་ན་རྒན་འཁོགས་གཉིད་ཁུག་སླ་བ་འོང་།

    Reply
  22. ཟླ་བ་ནོར་བུ། says:
    ལོ་ 16 སྔོན།

    དུས་བབ་རྩོམ་སྒྲིག་པས་ཚེ་རིང་སྐྱིད་སྐོར་གྱི་དྲི་བ་འདི་ལ་ལན་ངེས་པར་དུ་ལན་འདེབས་དགོས།
    ཨ་ཁུ་འབྲོག་པས་སྒུག་གི་ཡིན།

    Reply
  23. ཟླ་བ་ནོར་བུ། says:
    ལོ་ 16 སྔོན།

    བྱི་ལི་དཀོན་མཆོག། དང་པོ་ཁྱེད་རང་གཉིས་ཡིག་ནོར་ལ་གཟབ་རོགས།
    དཀོན་མཆོག ཨ་ཁུ་འབྲོག་པས་ཁྱེད་ལ་གཅིག་འདྲི། དུས་བབ་ཚང་གི་གསར་འགོད་པ་ཚོས་འགོ་བྱས་ནས་ཡིག་ནོར་སྤེལ་ཡོང་ཆོག་ན།
    ྐློག་པ་པོ་ཚོས་ཡིག་ནོར་སྤེལ་ན་མི་ཆོག་པ་སུའི་བཀའ་རེད། དང་པོ་ཁྱོད་ཀྱིས་མཇང་རྩེ་དང་ཚེ་རིང་སྐྱིད་། དོན་གྲུབ་བཀྲ་ཤིས་གསུམ་ལ་ཡིག་ནོར་མ་སྤེལ་ལབ།

    Reply
  24. དཀོན་མཆོག says:
    ལོ་ 16 སྔོན།

    དང་པོ་ཁྱེད་རང་གཉིས་ཡིག་ནོར་ལ་ཟབ་རོགས།

    Reply
  25. ཟླ་བ་ནོར་བུ། says:
    ལོ་ 16 སྔོན།

    འབྲོག་རྒན་ངས་ཧ་གོ་སོང་། དུས་བབ་ཀྱི་ལས་ཀ་བྱེད་སྟངས་ཐད་འབྲོག་རྒན་ང་ལ་ཇུས་གཏོགས་དང་ཐོབ་ཐང་མེད་ན།
    མཇང་རྩེ་ཟེར་བ་ཁྱོད་ལ་ཇུས་གཏོགས་དང་ཐོབ་ཐང་དེ་གང་ནས་རེག་སོང་། ཨ་ཁུ་འབྲོག་པ་བླུན་པོ་ཡིན་རུང་ངས་ཧ་གོ་སོང་།
    མཇང་རྩེ་ཟེར་བ་ཁྱོ་དུས་བབ་ཚང་གི་ལས་བྱེད་རེད། ངས་མང་པོ་བཤད་ན་ཁྱོད་ལ་ཕོག་གི་ཡོད་པ་ཧ་གོ་གི་ དགོངས་པ་མ་ཚོམ་རོགས།
    ཡིན་ཡང་། ངའི་དྲི་བ་དེ་ལ་དུས་བབ་ཚང་གིས་ངེས་པར་དུ་ལན་རྒྱག་དགོས།

    Reply
  26. མཇང་རྩེ says:
    ལོ་ 16 སྔོན།

    ངས་བསམ་བློ་བཏང་ན་ཟླ་བ་ནོར་བུ་ཟེར་བ་འདི་ཆེད་དུ་ཚེ་རིང་སྐྱིད་ལ་སྙིང་ནད་རྩོད་དུ་ཡོང་བ་འདྲ། དེ་ངོ་མ་ཐབས་སྐྱོ་བོ་རེད། མི་ཁ་ཤས་མི་ལ་མ་དགའ་ན་ཐབས་ཤེས་འདི་འདྲ་འཐེན་ནས་ངན་སྨྲས་བྱེད་ཀྱིན་འདུག
    ཚེ་རིང་སྐྱིད་དུས་བབ་ལ་ཇི་ལྟར་བླངས་པར་ཁྱེད་ལ་ཇུས་གཏོགས་གང་དུ་ཡོད། འདི་གཞུང་མ་རེད། འདི་རང་དབང་གི་གསར་ཁང་རེད། རང་དབང་གི་མི་ཚོས་འབད་བརྩོན་ལ་བརྟེན་ནས་སྒྲུབ་པ་རེད། ཁྱེད་ལྟ་བུ་ལ་སྐད་ཆ་བཤད་རྒྱུའི་ཐོབ་ཐང་མེད། དམིགས་བསལ་གྱིས་དུས་བབ་ཚང་གི་ལས་ཀ་ཅི་བྱེད་ལ་ཁྱེད་ལ་ཐེ་གཏོགས་བྱ་རྒྱུའི་ཐོབ་ཐང་གཏན་ནས་མེད།

    Reply
  27. ཟླ་བ་ནོར་བུ། says:
    ལོ་ 16 སྔོན།

    དུས་བབ་ཚང་།
    ད་གསལ་བསྒྲགས་མ་བསྒྲགས་སྤེལ་ནས་མ་འདུག སྔོན་མ་ཁྱེད་ཚང་གིས་ཚེ་རིང་སྐྱིད་གསལ་བསྒྲགས་བྱས་ནས་བདམས་པ་ཡིན་ནམ་ཐད་ཀར་བླངས་བ་ཡིན།
    ཚེ་རིང་སྐྱིད་ལ་ཐད་ཀར་བླངས་ཆོག་པའི་ཆ་རྐྱེན་གང་དང་གང་འདུག དུས་བབ་རྩོམ་སྒྲིག་པས་ལན་འཁྱེར་ནས་ཤོག ལས་ཀ་མགོ་གཡོག་མགོ་སྐོར་མ་བྱེད་ཀ་ འབྲོག་རྒན་ངས་བྱིས་བ་ཁྱེད་ཚོར་ལམ་སྟོན་པའི་དུས་ལ་བབ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese