མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ཞི་བའི་གོམ་བགྲོད།

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

སུད་སིའི་བོད་རིགས་ ༤༠ ཙམ་གྱིས་རྒྱལ་ས་བྷེར་ནས་གྲོང་ཁྱེར་ཇི་ནེ་ཝ་བར་སྤྱི་ལེ་ ༡༦༠ ཙམ་ལ། བོད་དོན་ཞི་བའི་གོལ་བགྲོད་ཅིག་གནང་སྟེ། ཁ་སང་ཕྱི་ཚེས་ ༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་མདུན་དུ་སླེབས་ཡོད་འདུག

 

སྐབས་བཅུ་གསུམ་པའི་སུད་སི་བོད་རིགས་མི་དམངས་ཀྱི་གོ་སྒྲིག་འོག མི་གྲངས་ ༤༠ ཙམ་གྱིས་ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་སུད་སིའི་རྒྱལ་ས་བྷེར་ནས་མགོ་འཛུགས་ཀྱིས་གྲོང་ཁྱེར་ཇི་ནི་ཝའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་བར། སྤྱི་ལེ་ ༡༦༠ ཙམ་ལ་བོད་དོན་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་དེ་གནང་ཡོད་འདུག ཁོང་ཅག་གིས་བོད་པའི་རྩ་དོན་ཆེད་དཀའ་སྡུག་དང་ལྟོགས་སྐོམ་ཁྱད་དུ་བསད་དེ། ཉིན་རེར་སྤྱི་ལེ་ ༢༠ ཙམ་རེར་ཞི་བའི་གོམ་བགྲོད་བྱས་ཏེ་ཉིན་གྲངས་བརྒྱད་པ་སྟེ། ཁ་སང་ཕྱི་ཚེས་ ༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཉིན་དང་པོར་འཁེལ་ཡོད་སྟབས། ཉིན་གུང་ཆུ་ཚོད་ ༡ ཙམ་ལ་གོམ་བགྲོད་པ་རྣམས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་མདུན་དུ་སླེབས་ཏེ། ཉེ་ཆར་རྒྱ་གཞུང་གིས་བོད་རིགས་ཁག་ཅིག་ལ་སྲོག་ཁྲིམས་བཅད་པར་ངོ་རྒོལ་དང༌། བོད་ནང་རྒྱལ་སྤྱིའི་རང་དབང་རྟོག་ཞིབ་ཚོགས་པ་གང་མགྱོགས་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

 

གནས་ཚུལ་དེའི་ཐད་འདི་གའི་གསར་འགོད་པས་སུད་སི་བོད་རིགས་མི་དམངས་ཀྱི་ཚོགས་གཞོན་སྐལ་བཟང་རྣམ་རྒྱལ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། ལས་འགུལ་འདི་ཐོག་མར་མགོ་འཛུགས་ཞུ་སྐབས། གོམ་བགྲོད་པ་ ༣༥ ཙམ་ཡོད་ལ། ལམ་བར་ནས་ཁག་ཅིག་འཛུལ་ཞུགས་བྱས་ཏེ། ཕྱི་ཚེས་ ༢ ཉིན་ཇི་ནེ་ཝར་འབྱོར་སྐབས་གོ་སྒྲིག་པ་དང་ཁྱོན་བསྡོམས་མི་གྲངས་ ༥༠ ལྷག་འདུག དེ་དག་ཁྲོད་རྒན་གཞོན་གཉིས་ཀ་ཡོད་སྟབས། ལམ་བར་ནས་རྐང་པ་ན་བ་དང་གནམ་གཤིས་སོགས་ཀྱི་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད་པ་རེད། འོན་ཀྱང༌། སུད་སིའི་མང་ཚོགས་ཀྱི་ངོས་ནས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གང་ལེགས་གནང་སོང་ལ། ཐེངས་འདིར་བོད་དོན་ཁྱབ་བསྒྲགས་ཀྱང་གང་འཚམ་ཡག་པོ་བྱུང་ཡོད། ཁ་སང་ཉིན་གུང་ཆུ་ཚོད་ ༡ ཙམ་ལ་ཇི་ནེ་ཝའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སླེབས་ཏེ། རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་ཉེ་ཆར་རྒྱ་གཞུང་གིས་བོད་མི་ཁག་ཅིག་ལ་སྲོག་ཁྲིམས་བཅད་པར་ངོ་རྒོལ་ཤུགས་ཆེན་བྱས་སོང༌། སྐབས་དེར་སུད་སི་བོད་རིགས་ཚོགས་གཙོ་དང་དྲིལ་བསྒྲགས་སྐུ་ཚབ། ཚོགས་དྲུང་བཅས་ང་ཚོ་མི་ ༤ འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཨེ་ཤ་ཡའི་རྟོག་ཞིབ་སྡེ་ཚན་གྱི་ལས་བྱེད་ཁག་ཅིག་དང་ཐུག་འཕྲད་བྱས་ཏེ། ཐེངས་འདིའི་གོམ་བགྲོད་སྐོར་གྱི་སྙན་ཐོ་དང་དགོས་འདུན་ཁག་ཕུལ་བ་ཡིན།

 

ད་ལོའི་གོམ་བགྲོད་འདི་ཐེངས་གཉིས་པ་དེ་ཆགས་ཡོད། སྔར་ལོ་བོད་ནང་དོན་རྐྱེན་བྱུང་སྐབས་ང་ཚོས་གོམ་བགྲོད་དང་པོ་དེ་བྱས་ཏེ་དགོས་འདུན་དོན་ཚན་དྲུག་བཏོན་ཡོད། དེ་དག་བོད་གཞུང་དམངས་ཛ་དྲག་ལས་འགུལ་ཚོགས་ཆུང་གི་དགོས་འདུན་ཁག་དང་གཅིག་པ་རེད། དོན་ཚན་གཅིག་གི་ནང༌། བོད་ནང་རྒྱལ་སྤྱིའི་རང་དབང་རྟོག་ཞིབ་ཚོགས་པ་གང་མགྱོགས་གཏོང་དགོས། ཞེས་བཀོད་ཡོད། སྐབས་དེར་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས། གནད་དོན་གཞན་དག་ཁག་པོ་ཡིན་ནའང་བོད་ནང་རྟོག་ཞིབ་ཚོགས་པ་གཏོང་རྒྱུ་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆགས་ཡོད་སྟབས། ང་ཚོས་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་ཞལ་བཞེས་གནང་ཡོད་པ་རེད། ཐེངས་འདིར་དེའི་ཐད་བསྐྱར་དུ་དྲི་བ་བཏང་བ་ཡིན། ཁོང་ཚོས་ལམ་སང་ཞུ་ཐུབ་མི་འདུག་མོད། ཕྱག་རོགས་ཚོ་དང་བཀའ་མོལ་གནང་སྟེ། གང་མགྱོགས་ཡིག་ཐོག་ནས་ལན་འབུལ་ཆོག་ཟེར། དེ་ནས་ཉིན་རྒྱབ་ཆུ་ཚོད་ ༤ ཙམ་ལ་ལས་འགུལ་ཡོངས་སུ་མཇུག་སྒྲིལ་བ་ཡིན། ཞེས་བརྗོད་བྱུང༌།

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. དུང་མཚོ་སྐྱིད། says:
    ལོ་ 17 སྔོན།

    མངོན་ནས་བོད་སྤྱི་བའི་དོན་ལ་སེམས་ཤུག་ཡོད་པ་རྣམས་ལ་འགྲིན་ཞིག་མི་འདུག

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སྤུན་ཟླ་ཚོ་དགའ་བསུ་དང་འཚམ་འདྲི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese