མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགོན་པ་སྟོང་བ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁམས་འཇོ་མདའ་ས་ཁུལ་གྱི་སྐྱབས་ཆེ་དགོན་པའི་ནང་དགེ་འདུན་པ་གཅིག་ཀྱང་མ་བཞུགས་པར་ཟླ་བ་གཅིག་ཙམ་འགྲོ་གི་འདུག་ཟེར།

དེང་སང་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་ནི་སྐྱབས་ཆེ་དགོན་པ་ཆགས་འདུག་དགོན་པ་འདིའི་ནང་དགེ་འདུན་པ་གཅིག་ཀྱང་མེད་པར་ཆགས་ནས་ཧ་ལམ་ཟླ་བ་གཅིག་ལྷག་ཙམ་འགྲོ་ཚར་འདུག་པར། ཡུལ་མི་རྣམས་ལ་རྒྱ་གཞུང་གིས་དགོན་པའི་དགེ་འདུན་པ་རྩིས་སྤྲད་དགོས་པའི་སྡིག་ར་སྔ་རྗེས་ཐེངས་གསུམ་ཙམ་བྱས་ཀྱང༌། མི་མང་ནས་ང་ཚོས་ཤེས་རྟོགས་མ་བྱུང་ཚུལ་ཉག་ཅིག་བཤད་རྐྱང་བྱས་པར་འདི་ཟླའི་ཚེས་ ༢༧ ཉིན་ཁུལ་དེའི་མི་མང་ཉི་ཤུ་ལྷག་འཇུ་བཟུང་གིས་རྡུང་རྡེག་མི་སྤྱོད་ལས་འདས་པར་བཏང་འདུག སྐབས་དེར་ཡུལ་མི་དང་རྒྱ་དམག་བར་ཁུ་ཚུར་གཞུ་རེས་ཀྱིས་འཁྲུག་འཛིང་ཤོར་ཏེ་དུག་རྫས་བེད་སྤྱད་དེ་ཡུལ་མི་རྣམས་ཀྱི་གཟུགས་པོའི་ཆ་ཤས་འཕྲོ་བརླགས་བཏང་བར་མ་བཟོད་ནས་བོད་མི་རྣམས་ཀྱིས་རྡོདང་གཡུག་པ་བརྒྱབས་འདུག་ཟེར།

བླ་མ་ཡར་འཕེལ་གྱི་དུས་བབ་ཟིན་བྲིས་ལས་བཤུས།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༨ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༩ སྔོན་ལ།

མཆན། 7

  1. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    ཨོ་ཨོ་ད་དུང་རྒྱ་དམག་གིས་སྐྱབས་ཆེ་དགོན་དུམི་མང་ཡརལང་གི་བྱེད་གཏེའི་ཉེས་མིང་འོག་འཇུ་བཟུང་བཙན་ཁྲིད་བྱས་པའི་མགོན་པོ་དར་རྒྱས་དང་ནོར་ལྷ་གཉིས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མི་འདུག

    Reply
  2. སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    གསར་འགྱུར་ཞིབ་ཕྲ་འདི་ལྟར་རེད།
    སྡེ་དགེ་འཇོ་མདའ་ནས་བོད་མི་འཛིན་བཟུང་དང་གཅར་བརྡུང༌།
    ༢༠༠༩།༦།༣༠

    ༄༅། །འདི་གར་འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སྡེ་དགེ་འཇོ་མདའ་རྫོང་པདྨ་ཤང་དང༌། གནས་མདོ་ཤང་གཉིས་ཀྱི་སྡེ་ཁོངས་སུ་གཏོགས་པའི་སྟག་ལུང་དགོན་པར་གྲྭ་པ་གཅིག་ཀྱང་སྡོད་མཁན་མེད་པར་ཟླ་གཅིག་ལྷག་ཕྱིན་ཟིན་ཡོད་འདུག་པ་ལྟར་རྒྱ་གཞུང་གིས་པདྨ་སྨད་པའི་སྡེ་ནང་བོད་མི་གནད་ཡོད་འགན་ཁུར་བ་རྣམས་ལ་དགེ་འདུན་པ་རྣམས་དགོན་པར་བསྡུ་རུག་དགོས་པའི་བཙན་བཀའ་ཐེངས་མང་བཏང་ཡོད་འདུག་ཀྱང་ལས་དོན་འགྲུབ་མེད་པར་བརྟེན་ཕྱི་ཟླ་ ༦ ཚེས་ ༢༧ ཉིན་ཤང་གི་ལས་བྱེད་བོད་མི་འགྱུར་མེད་མགོན་པོ་དང༌། རྒྱལ་ཚང་རྡོ་རྗེ་གཉིས་རྒྱ་དམག་གིས་འཛིན་བཟུང་བྱས་ཏེ་སྐྱབས་ཆེ་དགོན་ཕྱོགས་སུ་ཁྲིད་པའི་སྐབས་བོད་མི་ ༢༠ ལྷག་ཙམ་གྱིས་ལམ་ཁ་བཀག་པ་དང་རྒྱ་དམག་དང་འཁྲུག་འཛིང་ཤོར་ཏེ་ཕར་ལ་ཁུ་ཚུར་སོགས་བཞུས་པ་དང༌། ཚུར་ལ་དུག་རྫས་དང་མེ་མདའ་གང་ཡིན་དབྱེར་མ་ཆོད་པ་མང་པོ་བརྒྱབ་ནས་ཤ་གཏོར་བ་དང་རྨ་བཟོས་པ་སོགས་ཀྱིས་བོད་མི་རྣམས་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་འདུག བོད་མི་དེ་རྣམས་ཕལ་ཆེར་རྒྱ་དམག་གིས་འཛིན་བཟུང་བྱས་ཏེ་གནས་མདོ་ཤང་ཁོངས་སྐྱབས་ཆེ་དགོན་དུ་ཁྲིད་ནས་དགོན་པའི་བཤད་གྲྭ་ནང་བཀག་ཉར་བྱེད་བཞིན་ཡོད་འདུག་པ་དང༌། རང་ལོ་ ༤༧ ལ་སོན་པའི་ནོར་ལྷ་དང༌། རང་ལོ་ ༤༣།༤༤ གང་རུང་ལ་སོན་པའི་མགོན་པོ་དར་རྒྱས་གཉིས་གཏེ་བོ་ཡིན་སྐད་ཀྱིས་འཇོ་མདའ་རྫོང་ཕྱོགས་སུ་ཁྲིད་ཟིན་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག བོད་མི་བཀག་ཉར་བྱས་པ་རྣམས་པང་གཅལ་ཐོག་བསྙལ་ནས་རྐང་མཐིལ་དང་ལག་མཐིལ་དུ་ལྕགས་འཛེར་བརྡབ་སྟེ་རྒྱུག་པ་དང༌། ལྕག་ཚན་བཞུ་བ་སོགས་གཅར་བརྡུང་ཚད་ལས་འདས་པ་གཏོང་ཡོད་འདུག རྨས་མ་ཁ་ཤས་འབྲོག་སྡེ་ཁག་ཏུ་གནས་སྡོད་ཀྱིས་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་ཚད་ལྡན་རེག་གི་ཡོད་མི་འདུག བོད་མི་འཛིན་བཟུང་བྱས་པ་ཁག་ཅིག་གི་མིང་ཤེས་རྟོགས་བྱུང་བ་གཤམ་གསལ།
    ༡༽ རྨུ་ཚ་ཚང་ཚེ་བརྟན། ༢༽ རིས་ཆུང་ཉི་གྲགས། ༣༽ བསམ་འཕེལ་ནོར་བུ།
    ༤༽ ཨོ་ཡོ་ཚེ་རིང༌། ༥༽ ཨ་བརྟན། ༦༽ ག་དགེ་བཅས་ཡིན་འདུག་པ་དང༌། ༡༽བྱམས་པ་དང༌། ༢༽འགྱུར་མེད། ༣༽བྱང་ཆུབ་ཆོས་འཕེལ། དོན་དགའ་བཅས་ལ་གཅར་བརྡུང་ཚད་ལས་འདས་པ་བཏང་སྟེ་ད་ལྟ་གློད་བཀྲོལ་ཟིན་ཡོད་འདུག འཛིན་བཟུང་བྱས་པ་གཞན་རྣམས་ཀྱི་མིང་ཤེས་རྟོགས་བྱུང་མི་འདུག སྤྱིར་བཏང་སྐྱབས་ཆེ་དགོན་དུ་རྒྱ་དམག་གནས་སྡོད་བྱས་ནས་ཟླ་གཅིག་ལྷག་འགྲོ་བཞིན་ཡོད་འདུག་ཅིང་དུས་ཚོད་དེའི་རིང་སེར་མོ་བ་རྐང་གཅིག་ཀྱང་སྡོད་མཁན་མེད་པ་ཆགས་ཡོད་འདུག་ལ་ད་ལྟའི་ཆར་རྒྱ་དམག་མོ་ཊ་ཆེ་བ་ ༨ དང་ཆུང་བ་ ༨།༩ ཙམ་རྒྱུན་སྡོད་བྱེད་བཞིན་ཡོད་འདུག སྐྱབས་ཆེ་དགོན་གསར་བཞེངས་གྲུབ་ནས་ད་ལོ་སྒོ་འབྱེད་བྱ་འཆར་ཡོད་ནའང་ད་ལྟ་གནས་སྟངས་ཛ་དྲག་ངང་ལྷུང་ཡོད་འདུག་པ་མ་ཟད། གྲྭ་པ་རྣམས་དགོན་པར་ཕྱིར་ལོག་མ་བྱས་ཚེ་སྐྱབས་ཆེ་དགོན་དང་དེའི་ཡན་ལག་ཛམ་ལུང་སྒྲུབ་གྲྭ་སོགས་ཡོད་ཚད་རྩ་མེད་དུ་བཟོ་རྒྱུ་ཡིན་པའི་ཉེན་བརྡ་གཏོང་བཞིན་ཡོད་འདུག དགོན་དེར་གྲྭ་ཤག་བརྒྱད་ཅུ་ལྷག་ཡོད་འདུག ཕྱི་ཚེས་ ༢༧ ཉིན་བོད་མི་རྣམས་འཛིན་བཟུང་བྱས་རྗེས་སྟག་ལུང་དགོན་གྱི་ཡུལ་སྡེ་ནོར་མ་རུ་བ་དང༌། པདྨ་སྨད་པའི་ཕྱོགས་ཀྱི་མི་མང་པོ་འདུ་འཛོམས་ཀྱིས་བོད་མི་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་གཏང་རོགས་ཞེས་ཞུ་སྐུལ་ཆེད་ཉིན་ཤས་རིང་སྐྱབས་ཆེ་དགོན་ཕྱོགས་སུ་ཕྱིན་ཡོད་འདུག་ཀྱང་རྒྱ་དམག་གིས་མེ་མདའ་གང་བྱུང་འཕངས་ཏེ་བོད་མི་རྣམས་ཉེ་ས་ལ་ཡོང་བཅུག་གི་ཡོད་མི་འདུག ད་དུང་དེ་རིང་ཕྱི་ཚེས་ ༣༠ ཙམ་ནས་གོང་གསལ་ས་གནས་ཁག་གི་བོད་མི་མང་པོ་ཞིག་འཇོ་མདའ་རྫོང་དུ་འགྲོ་ནས་གཙོ་བོ་བོད་མི་ལས་བྱེད་གཉིས་དང་གཞན་རྣམས་གློད་བཀྲོལ་ཡོང་བའི་ཞུ་འབོད་བྱ་འཆར་ཡོད་འདུག ད་དུང་གནས་མདོ་དགོན་པ་དང༌། གཏེར་སྟོན་དགོན་པ། རྒྱུ་ནེ་དགོན་པ་བཅས་ཀྱི་སྒྲུབ་བླ་ཁག་ཅིག་ལ་མེ་མདའ་ཁུར་བཅུག་ནས་རྒྱ་དམག་མཉམ་པར་ལེན་ཡང་བྱས་ཡོད་འདུག ཉེ་ཆར་ཉིན་ ༡༥ ཙམ་གྱི་སྔོན་ནས་བཟུང་གནས་མདོ་ཆུས་ཁོངས་ཀྱི་དུད་མི་རེ་བསྐོང་ཚོགས་ཀྱིས་ཏཱ་ལའི་བླ་མ་དང༌། རྒྱལ་བ་ཀརྨ་པ། སྐྱབས་ཆེ་དགོན་པ་བཅས་ལ་དགག་པ་རྒྱག་དགོས་སྐོར་བཤད་ཀྱི་ཡོད་འདུག ད་དུང་འཇོ་མདའ་ཁོངས་འཇོ་ཕུ་དགོན་པའི་ཉེ་འགྲམ་གྱི་ས་ཆ་ཞིག་ལ་ལྕགས་རི་བསྐོར་ནས་བཞག་ཡོད་པ་རྣམས་རྒྱ་གཞུང་ལ་དགོས་སྐད་བཤད་པར་བརྟེན་ཁ་སང་བོད་མི་ ༥༠༠ ཙམ་གྱིས་དགོན་པའི་ས་ཆ་བཙན་འཕྲོག་བྱས་ན་མི་འགྲིག་པའི་སྐོར་གྱི་སྐད་འབོད་བྱས་པར་རྒྱ་དམག་ ༨༠༠ ཙམ་གྱིས་བཀག་འགོག་བྱས་ཡོད་འདུག སྤྱིར་བཏང་འཇོ་མདའ་གཡས་གཡོན་དུ་དེ་སྔོན་དམག་སྒར་ཡོད་མི་འདུག་ཀྱང་ད་ལོ་རྒྱ་དམག་གིས་སྟག་གཟིག་ར་མདོ་ཕྱོགས་ནས་ཞིང་ཁ་ཉོས་ཏེ་དམག་སྒར་རྒྱག་རྩིས་བྱེད་བཞིན་ཡོད་འདུག་པ་བཅས། དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་ ༢༠༠༩།༦།༣༠ ཉིན་མཁོ་སྤྲོད་ཞུས།།

    བླ་མ་ཡར་འཕེལ་གྱི་ཟིན་བྲིས་ནང་མཆན་འདེབས་ས་མི་འདུག

    Reply
  3. བླ་མ་ཡར་འཕེལ། says:
    ལོ་ 16 སྔོན།

    དྲྭ་གྲོགས་རྣམ་པས་བསམ་ཆར་གནང་བ་ཐུགས་རྗེ་ཆེ།
    ཁམས་འཇོ་མདའ་ཁུལ་གྱི་སྐྱབས་ཆེ་དགོན་པའི་གནས་སྟངས་ཛ་དྲག་ཡིན་པ་
    དངོས་ཡོད་ཡིན་ལ།དགོན་པའི་པར་རིས་དག་ཀྱང་ལག་སོན་བྱུང།དགོན་པའི་ལོ་རྒྱུས་རག་བསྡུས་ཙམ་ཞུ་ན།
    སྐྱབས་ཆེ་དགོན་ནི་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན་ལ།དགེ་འདུན་པ་སུམ་བརྒྱ་ཉེ་བ་ཙམ་བཞུགས།ད་ལྟ་ཞལ་བཞུགས་སྤྲུལ་སྐུ་གསུམ་ཡོ།དགོན་འདིར་གཙོ་བོ་བཤད་སྒྲུབ་ཀྱི་སྡེ་གཉིས་ཡོད་པར་བཤད་གྲྭར་གཞུང་ཆེན་བཀའ་པོད་ལྔས་གཙོས་ཐུན་མོང་ཐུན་མིན་གྱི་རིག་གནས་དག་ལ་སྦྱང་བརྩོན་གནང་བ་དང།སྒྲུབ་སྡེར་ཐབས་ལམ་ན་རོ་ཆོས་དྲུག་དང་།གྲོལ་ལམ་ཕྱག་རྒྱ་ཆེན་པོའི་ཉམས་ལེན་ལྷུར་བཞེས་མཛད་པ་དང།ཁྱད་པར་ཞི་བྱེད་གཅོད་ཀྱི་སྒོ་ནས་རང་གཞན་གྱི་དོན་གཉིས་སྒྲུབ་མཁན་གྱི་དགོན་སྡེ་ཚད་ལྡན་ཞིག་ཡིན།
    འདི་ལོ་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཀྱི་མཛད་སྒོ་ཚོགས་ལ་ཉེ་བར་ཆགས་ཡོད་ཀྱང་ད་ཆ་མཛད་སྒོ་ཚོགས་རྒྱུ་ལྟ་ཞོག་དགོན་པའི་སྣོད་བཅུད་བརྟེན་རྟེན་པར་བཅས་པ་རྩ་བརླག་ཏུ་འགྲོ་ཉན་གྱི་གནས་སུ་གྱར་ཡོད་འདུག་པ་མ་ཟད་ཡུལ་མི་རྣམས་ཀྱང་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་མྱོང་བཞིན་ཡོདའདུག

    Reply
  4. མ་དྲིས་བཤད ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པའི་གསུང་དེ་ངོ་མའི་བདེན་གི་ངས་ཡང་དེ་དག་གི་འགོ་བརྗོད་གཅིག་པུ་ལས་ཀློག་མེད།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    དུས་ལྟར་ཏུ་ཀློག་པ་ཡིན། ཡིན་ཡང་། སྡུག་སྨྲེ་རེ་འདོན་རྒྱུ་ལས་ཀློག་མཁན་ཞིག་བྱས་དེ་འབུད་སོང་བ་ཡིན། འོན་ཀྱང་། དུས་བབ་ཁྱེད་ཚང་གི་གཙོ་འགན་པའི་བསམ་ཚུལ་དེ་མཐོང་ནས་ལན་འདི་ཙམ་ཞིག་བཞག་པ་ཡིན། ཕྱོགས་གཅིག་ནས་དོན་སྣང་མེད་སོང་བ་ནི་མ་རེད་སྙམ། གནས་ཚུལ་འདིའི་རིགས་ངེད་ཅག་གི་གོ་དགོས་པ་ལས། ངེད་ཅག་གི་བསམ་ཚུལ་འབྲི་མིན་དེ་ནི་གཙོ་བོ་མ་རེད་སྙམ། གང་ཡིན་ཟེར་ནས་ངེད་ཅག་གིས་བསམ་ཚུལ་དེ་ནི་འབྱོར་དགོས་ས་དེར་འབྱོར་གྱི་ཡོད་པ་མ་རེད། བྱེས་ཀྱི་གནས་ཚུལ་ཞིག་ཡིན་ན་བསམ་ཚུལ་བྲིས་ཀྱང་གནས་ཚུལ་འབྱོར་དགོས་ས་དེར་འབྱོར་གྱི་ཡོད་སྟབས་ལོས་ཡིན་འདོད་ལགས། དེ་འདྲ་ཞིག་སྙམ་སོང་། ང་རང་གིས་དེ་ལྟར་བསམ་པ་འདི་ནས་ཞུས་པ་ཡིན།

    Reply
  6. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    སྤྱིར་བཏང་བཤད་ན་གནས་ཚུལ་འདི་ཛ་དྲག་པོ་ཞིག་ཏུ་མཐོང་ན་ཡང་། དོན་དངོས་ཐོག་གནས་ཚུལ་འདི་གསར་འགྱུར་འདི་དང་གཅིག་མཚུངས་ཡིན་མིན་ཧ་དགོས་པ་མ་ཟད། སྐྱབས་ཆེན་དགོན་པའི་དགེ་འདུན་པའི་ཞལ་གྲངས་དེ་ཡང་ངེས་པར་དུ་ཧ་གོ་དགོས་ངེས་ཤིག་རེད། སྤྱིར་བཏང་ནས་བོད་ནས་གསར་དུ་འབྱོར་མཁན་ཚོའི་ངག་ནས་བཏུས་པའི་གསར་འགྱུར་དང་། ཡུལ་ཕྱོགས་དང་ལུང་ཚན་གྱི་མིང་སྣ་ལ་དམིགས་པའི་གསར་འགྱུར་ཡང་གང་འཚམ་ཞིག་འབྱུང་བཞིན་པ་འདྲ། ང་ཚོའི་ད་ལྟའི་གནས་བབ་དང་༸གོང་ས་མཆོག་དང་བོད་གཞུང་གི་ལངས་ཕྱོགས་སོགས་གང་ལ་བསམ་ཡང་གསར་ང་ཚོའི་གསར་འགྱུར་མཐའ་དག་བདེན་དོན་གྱི་ཚད་ཐིག་ལས་འདའ་མི་རུང་བ་མ་ཟད། ལྷག་པར་དུ་ཆབ་སྲིད་ཀྱི་རྩོད་རྙོག་དང་འབྲེལ་བའི་གསར་འགྱུར་དང་བོད་ནང་གི་གསར་འགྱུར་ལ་ངེས་པར་དུ་རྩད་གཅོད་ཞིབ་འཇུག་དང་། གསར་འགྱུར་སྤྲོད་མཁན་གྱིས་ཇི་ལྟར་སྤྲད་པ་ལྟར་འགོད་འོས་མིན་ལ་ངེས་པར་དུ་ཐུགས་གཞིགས་གནང་དགོས་པ་འདྲ། དཔེར་ན། དེ་རིང་གི་གསར་འགྱུར་འདི་འདྲ་ཞིག་བོད་གཞུང་གིས་དྲིལ་བསྒྲགས་དང་འབྲེལ་ནས་སྤེལ་བའི་དབང་དུ་ཐོངས། དོན་དངོས་གཞན་ཞིག་ཡིན་ན་གསར་འགྱུར་དེས་ངེད་ཅག་ལ་ཇི་ཞིག་སྤྲད་སོང་ངམ།

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དྲ་གྲོགས་ལྷན་རྒྱས་ལ་ཞུ་རྒྱུར། དེ་རིང་བླ་མ་ཡར་འཕེལ་ལགས་ཀྱིས་གནས་ཚུལ་འདི་ཁོང་གི་ཟིན་བྲིས་ནང་སྤེལ་མ་ཐག་ངས་ཁོང་ལ་དགོན་པ་འདིའི་པར་འདྲ་ཡོད་མེད་དྲིས་པ་ཡིན། ང་ལ་ཚོར་སྣང་ཁྱད་མཚར་ཞིག་བྱུང་། སྔོན་མ་རིག་གསར་སྐབས་སུ་བོད་ཁམས་སུ་དགོན་པ་ལྟུང་བར་གྱུར་བ་དེ་འདྲ་ཏན་ཏན་ཡོད་སྲིད་པ་རེད། འོན་ཀྱང་། ༡༩༧༩ ལོ་སྟེ། སྲིད་བྱུས་གུ་ཡངས་ཞེས་པའི་རྗེས་ནས་བཟུང་བོད་ཁམས་ཡོངས་སུ་ཆབ་སྲིད་ཀྱི་གནོད་གཞིའི་འོག་དགོན་པ་ཞིག་ལྟུང་བར་ཆགས་པ་ནི་སྐྱབས་ཆེན་དགོན་པ་འདི་ཡིན་པ་འདྲ། དེ་བས་དགོན་པ་འདི་མཐོང་འདོད་ཀྱི་འདུན་པ་འགོག་མེད་ཅིག་གི་དབང་གིས་ཐ་ན་པར་འདྲ་རག་མིན་སྐད་ཆ་དྲིས་པ་ཡིན་ལ། ད་དུང་བྱུང་ན་དགོན་པའི་གདན་རབས་དང་དགེ་འདུན་པའི་ཞལ་གྲངས་ཀྱི་ལོ་རྒྱུས་ཀྱང་ཤེས་འདོད་བྱུང་། ངའི་རྣམ་རྟོག་ལ་ད་ནི་སྲིད་བྱུས་ངེས་ཅན་ཞིག་གི་ཁག་ཐེག་འོག་ནས་མ་གཏོགས་དགེ་འདུན་པ་ཚོ་ཕྱིར་དགོན་པ་འདིར་ཕེབས་ཐུབ་ཀྱི་ཡོད་མེད་དེ་རེད། གལ་སྲིད་མ་བྱུང་ཚེ་འདི་ཡང་ལོ་རྒྱུས་ཀྱི་འགྱུར་མགོ་ཞིག་དང་། བོད་གནས་ཉམས་ཞིབ་པ་དག་གི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་འགྱུར་བར་འདོད་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese