མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་ཡི་གེ་བསྐུར་རྒྱུ་མ་བྱུང་།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་དུ་ཡོད་པའི་ཡུ་གར་ཚོགས་པས་ཏཱ་ལའི་བླ་མར་སྤྲིངས་པའི་ཡི་གེ་དེ་རྫུན་མ་རེད་ཟེར།

འཛམ་གླིང་ཡུ་གར་ཚོགས་པས་༧གོང་ས་མཆོག་ལ་ཁོང་ཚོའི་གནད་དོན་ལ་རྒྱབ་སྐྱོར་བྱེད་ཆེད་ཡི་གེ་བསྐུར་མེད་ཅེས་བཤད་འདུག ཁོང་ཚོའི་གསར་འགོད་གསལ་བསྒྲགས་ཀྱི་ནང་དུ། ཨ་རིའི་ཡུ་གར་ཚོགས་པའི་ཚོགས་གཙོ་གཞོན་པ་དང་འཛམ་གླིང་ཡུ་གར་ཚོགས་པའི་མགྲིན་ཚབ་པ་ Alim Sytoff ཨ་ལིམ་ སེ་ཊོ་ཧྥི་ ཡི་མིང་ཐོག་ནས་གློག་འཕྲིན་ཞིག་སྤྱི་ཟླ་ ༧ ཚེས་ ༡༤ ཉིན་བཏང་ཡོད་པ་དེ་རྫུན་མ་རེད། གློག་འཕྲིན་རྫུན་མ་དེས་འཛམ་གླིང་ཁྱོན་ཡོངས་སུ་ཤར་ཏུར་ཀི་སི་ཐན་དུ་ཡོད་པའི་ཡུ་གར་བར་གདུང་སེམས་མཉམ་སྐྱེད་མཚོན་པའི་ངོ་རྒོལ་གྱི་ནང་དུ་བོད་པ་རྣམས་ཞུགས་དགོས་པ་རེད་ཅེས་སྐུལ་མ་བཏང་ཡོད་འདུག་ཅེས་བཀོད་ཡོད།

སྐུ་སྒེར་ཡིག་ཚང་གི་མགྲིན་ཚབ་པ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་དེ་ལྟ་བུའི་ཡི་གེའམ་གློག་འཕྲིན་གང་ཡང་འབྱོར་མེད་ཅེས་གསར་འགོད་པ་ཚོར་བརྗོད་ཡོད་པ་རེད།

འཛམ་གླིང་ཡུ་གར་ཚོགས་པས་གློག་འཕྲིན་དེ་ནི་ཁོང་ཚོ་དང་ཨ་རིའི་ཡུ་གར་ཚོགས་པར་འབྲེལ་བ་མེད་པ་དང་། དེའི་ནང་དུ་དག་ཆ་ནོར་བ་མང་པོ་ཞིག་དང་སྐུ་ཞབས་ Sytoff ལ་མིང་མི་གཅིག་པ་ཞིག་ཀྱང་བཏགས་འདུག་ཟེར།

འཛམ་གླིང་གི་གསར་འགོད་ཚོགས་པ་མང་པོ་ཞིག་གིས་གློག་འཕྲིན་རྫུན་མ་དེ་ནས་ལུང་འདྲེན་བྱས་ཏེ་གནས་ཚུལ་སྤེལ་ཡོད་པ་རེད། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་། ཕྱིའི་ཆེད་ལས་ཉམས་ཞིབ་པ་རྣམས་ཀྱིས་ཕྱི་རྒྱལ་དུ་ཡོད་པའི་ཡུ་གར་ཚོགས་པ་དང་བཙན་བྱོལ་བོད་གཞུང་གཉིས་ཁ་བྲལ་བ་རེད་ཅེས་བརྗོད་ཡོད་ཚུལ་ལུང་འདྲེན་བྱས་ནས་སྤེལ་ཡོད་པ་རེད།
 
ཡུ་གར་བའི་གསར་འགོད་གསལ་བསྒྲགས་དེས། རྒྱ་ནག་གིས་འདི་ལྟའི་གློག་འཕྲིན་རྫུན་མ་དང་དྲ་འབུ་སོགས་སྤྱད་དེ་གཞན་གྱི་དྲ་རྒྱ་གཏོར་ཞིང་ཡུ་གར་བའི་འགྲོ་བ་མིའི་ཐོབ་ཐང་གི་རྒྱབ་སྐྱོར་འགོག་པ་དང་། ཡུ་གར་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོའི་མིང་བརླག་རྒྱུ། འཕྲིན་ཡིག་དེ་རྣམས་ཨ་རི་དང་འཛམ་གླིང་ཡུ་གར་ཚོགས་པ་གཉིས་ཀྱིས་བཏང་བ་ཡིན་ཁུལ་བྱས་ཏེ་ཀློག་མཁན་རྣམས་ཀྱི་མགོ་རྨོངས་སུ་འཇུག་རྒྱུའི་ཆེད་དུ་ཡིན་པ་ཁོང་ཚོས་ཡིེད་ཆེས་བྱེད་ཀྱིན་ཡོད་ཟེར།

གསར་འགོད་གསལ་བསྒྲགས་དེས་མུ་མཐུད་དུ། ཆོས་ལུགས་ཀྱི་རང་དབང་ལ་སྟངས་འཛིན་དང་། རིག་གཞུང་གཏོར་བཤིག བཙོན་འཇུག མནར་གཅོད་སོགས་ཀྱིས་འཐུས་པའི་རྒྱ་ནག་གཞུང་གི་གདུབ་རྩུབ་ཆེ་བའི་སྲིད་བྱུས་ཀྱི་འོག་ཏུ་བོད་དང་ཡུ་གར་བ་རྣམས་ལ་འཕྲད་བཞིན་པའི་གནས་སྟངས་ལ་འདྲ་ས་མང་པོ་ཞིག་ཡོད། གང་ལྟར་བཙན་བྱོལ་བོད་གཞུང་ནི་ཁ་བྲལ་བའི་ཚོགས་པ་ཞིག་མིན་པ་ནང་བཞིན་ཨ་རིའི་ཡུ་གར་ཚོགས་པ་དང་འཛམ་གླིང་ཡུ་གར་ཚོགས་གཉིས་ཀྱང་ཁ་བྲལ་ཚོགས་པ་མིན། ཚོགས་པ་འདི་གཉིས་ཀྱིས་ཤར་ཏུར་ཀི་སི་ཐན་གྱི་མི་མང་ལ་རང་ཐག་རང་གཅོད་དང་འགྲོ་བ་མིའི་ཐོབ་ཐང་རག་ཆེད་དུ་འཐབ་རྩོད་བྱེད་ཀྱིན་ཡོད་ཟེར།

བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་དྲ་རྒྱའི་སྟེང་དུ་ཡུ་གར་དང་བོད་ཀྱི་འཐབ་རྩོད་གཉིས་གཅིག་ཏུ་བཟོ་བ་དང་གཉིས་ཀར་འཇིགས་སྐུལ་བའི་གོས་གྱོན་ཏེ་ཁོང་ཚོའི་དྲག་གནོན་དེ་དྲང་བདེན་ཅན་དུ་བསྒྱུར་བར་འབད་པ་བྱེད་བཞིན་པ་འདིར་བློ་འཚབ་ཆེན་པོ་ཡོད་ཚུལ་བརྗོད་ཀྱིན་ཡོད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༣ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༥ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༧ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨

མཆན། 3

  1. མཁར་རྔ་། says:
    ལོ་ 17 སྔོན།

    འདི་རིགས་འཛམ་གླིང་མི་མང་གི་མདུན་སར། དག་སྐྱེལ་དང་གཙང་སེལ། གསལ་བཤད་གནང་དགོས་པ་གནད་ཆེ། རྒྱ་དམར་དང་རྒྱ་ཁྱིས་མི་ལས་དགུ་ལས་བྱེད་པར་ངོ་ཚ་གང་ཡང་ཡོད་པ་མ་རེད།
    གཞི་རྩའི་ཆ་ནས་རྒྱ་དམར་གྱི་རྫུན་གཏམ་དེ་རིགས་ལ་འཛམ་གླིང་མི་མང་གིས་ཡིད་ཆེས་ངོས་ལེན་མེད་པ་ཚོད་དཔག་ཐུབ་པ་ཞིག་རེད།

    Reply
  2. སོག་ཤོད་ལྷག་བསམ། says:
    ལོ་ 17 སྔོན།

    རྒྱ་ནག་བཞུང་གི་སྔ་ཕྱི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་གནས་དོན་འདི་དྲག་པོ་ངོ་བོ་རྒྱུར་ཐབ་ལ་ཐབ་ལམ་སྣ་ཚོག་སྟོན་གཞིན་པ་དང་
    ཉིན་ཆར་ཡང་ ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཁང་ནས་
    རེ་བྷེ་ཡ་ཏ་ལའི་བར་གྱི་སྒེལ་འབྲེལ་ཟེར་བའི་རྩོམ་ཡིག་ཞིག་སྤེལ་བ་མ་ཚད་
    ༧གོང་ས་མཆོག་དང་རེ་བྷི་ཡ་་སྐུ་པར་གསུམ་ཙམ་མང་ཚོགས་ལ་ཁྱབ་སྒྲགས་
    བྱས་སོང་ ནམ་རྒྱུན་ཡིན་ན་གོང་ས་མཆོག་གི་སྐུ་པར་རྒྱ་ནག་མི་དམངས་དང་
    བོད་མི་དམང་ལ་སྟོན་པ་ཕར་ཞོག་སྐུ་པར་དུག་ནང་བཞིན་འཛིན་པ་རེད་
    ད་ལྟའི་རྒྱབ་ལྗོང་ལ་རྒྱ་ནག་མི་དམངས་གི་སེམས་ལ་གོང་ས་མཆོག་མི་
    དགའ་བ་བཟོ་ཡག་དང་དྲག་སྤྱོད་པ་ལག་འབྲེ་རེད་ཟེར་བ་སོགས་སྔ་ཕྱི་་བར་
    གསུམ་དུ་རྒྱ་ནག་མི་དམངས་གི་སེམས་ལ་བོད་ཀྱི་གནས་དོན་དེ་ཚེ་བ་དང་དྲག་སྤྱོད་ཀྱི་ངོ་བོ་རྒྱུར་ཐབ་སྣ་ཚོག་བྱེད་བཞིན་པ་རེད།།

    Reply
  3. བདེ་ཆེན་སྒྲོལ་མ། says:
    ལོ་ 17 སྔོན།

    རྒྱ་ནག་གཞུང་གིས་གང་ཡང་བྱེད་སྲིད་ལ། ཅི་ཡང་རྩོམ་སྲིད་པ་དེ་ང་ཚོས་ཤེས་དགོས་པ་དེ་རེད། དཔེར་ན། ད་སྐབས་བོད་ནང་གནས་ཚུལ་གསར་པ་ཞིག་འདུག ས་གནས་རྒྱ་ནག་གཞུང་གི་མི་སྣས། ཏཱ་ལའི་བླ་མ་ནི་མི་ཡག་པོ་ཞིག་རེད། ཁོང་གི་སྐུ་དཔར་བཤམས་ན་འགྲིག་ལ། ཁོང་ལ་དད་པ་དང་ཡིད་ཆེས་བྱས་ན་འགྲིག ཡིན་ནའང༌། ཁ་བྲལ་དང་ལོག་སྤྱོད་ཀྱི་བྱ་བ་ཚང་མ་ཁོང་འོག་གི་གཞུང་དང་ཚོགས་པ་ཁག། ད་དུང་མི་སྒེར་བ་མང་པོ་ཞིག་ནས་བྱེད་ཀྱི་ཡོད་པ་རེད། དེ་ཚོ་ཁྱོན་ནས་ཡག་པོ་མ་རེད་ཅེས་བཤད་དེ། གཞིས་ལུས་མང་ཚོགས་ནས་བཙན་བྱོལ་གཞུང་དང་མི་མང་ལ་ལྟ་སྟངས་གཞན་པ་ཞིག་སླེབས་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་འདུག་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese