མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་གསུམ་གྱི་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས། མངོན་གསལ་མིན་པའི་ཐོག་གྲྭ་འཇམ་དབྱངས་བསྟན་འཛིན་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་འདུག

ཕྱི་ཚེས་ ༢༠ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན།  ༢༠༠༧ ལོའི་ཟླ་ ༡༠ བའི་ཚེས་ ༣ ཉིན་རྒྱ་ནག་གཞུང་གིས་ལི་ཐང་གཡོན་རུ་དགེ་ལྡན་རབ་རྒྱས་གྲྭ་ཚང་དུ་སེར་སྐྱ་མི་དམངས་སྟོང་ཕྲག་བརྒལ་བར་ཚོགས་འདུ་སྐོང་སྟེ། ཏཱ་ལའི་རུ་ཚོགས་ལ་ངོ་རྒོལ་ས་རྟགས་རྒྱག་དགོས་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་ལེན་བྱེད་དུ་བཅུག་སྐབས། གྲྭ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས། ༧རྒྱལ་བ་རིན་པོ་ཆེ་ང་ཚོའི་དཔྲལ་བའི་མིག་དང་ཁོག་གི་སྙིང་ཡིན་པས་ང་ཚོས་དུས་ནམ་ཡང་ཁོང་ལ་ངོ་རྒོལ་མི་བྱེད། ཅེས་དང་། རྒྱལ་གཅེས་དཔའ་བོ་རོང་རྒྱས་ཨ་གྲགས་གཙོས་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་སྐོར་སྐད་གསེང་མཐོན་པོས་བརྗོད་ཡོད་སྟབས། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། འདི་ལོའི་ཟླ་ ༧ པའི་ཚེས་ ༣ ཉིན་མདའ་རྩེ་མདོ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཁོང་གི་ནང་མི་དང་གཉེན་ཉེ་དག་ལ་བརྡ་ལན་ཅི་ཡང་མེད་པའི་ཐོག་དུས་བཀག་བཙོན་འཇུག་ལོ་ ༣ གྱི་ཁྲིམས་ཐག་བཅད་འདུག་ལ། ད་ལྟའི་ཆར་ཁོང་གི་གནས་སྟངས་ཅི་ཡང་ཤེས་རྟོགས་ཐུབ་ཀྱིན་མེད་པ་རེད།

འཇམ་དབྱངས་བསྟན་འཛིན་ལགས་ནི། ༡༩༧༣ ལོར་ལི་ཐང་གཡོན་རུ་སྡེ་བའི་ཕ་འཕྲིན་ལས་ཚེ་རིང་དང་མ་བསོད་ནམས་སྒྲོལ་མ་གཉིས་ཀྱི་ཁྱིམ་ནས་སྐྱེས་ཤིང། རང་ལོ་ ༡༣ ཐོག་ལི་ཐང་དགོན་ཆེན་གྱི་ཆོས་སྒོར་ཞུགས་པ་དང་། ༡༩༩༥ ལོར་བཙན་བྱོལ་དུ་འབྱོར་ཏེ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སློབ་གཉེར་གནང་ཡོད་འདུག ༢༠༠༤ ལོར་ཕྱིར་བོད་ནང་ལོག་སྐབས་བལ་བོད་ས་མཚམས་ནས་རྒྱ་གཞུང་གིས་འཇུས་ཏེ་ཟླ་གསུམ་རིང་མནར་གཅོད་གང་མང་མྱངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༧ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༩ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

མཆན། 1

  1. བདེ་བ་ཅན། says:
    ལོ་ 17 སྔོན།

    ལི་ཐང་རོང་རྒྱས་ཨ་གྲགས་ལགས་ཀྱི་དཔའ་ངར་ཆེན་པོས་སྐད་འབོད་གནང་རྗེས་ཨ་འབྲུག་བློ་སྤོ་གཙོས་པའི་རྒྱལ་གཅེས་པ་གཅིག་་མཇུག་གཉིས་མཐུད་དུ་ཁམས་ཀྱི་ལི་ཐང་ཕྱོགས་ནས་ཐོན་བྱུང་ཞིང། དཔའ་བོ་ཁྱེད་ནི་དེའི་ཁྲོད་ནས་གཅིག་རེད། ངས་ཁྱེད་རྣམ་པའི་བླ་ན་མེད་པའི་སྙིང་སྟོབས་ལ་གུས་བརྩི་ཞུ་གི་ཡོད་ལ། ཞོར་འཕྲོས་སུ་དཔའ་བོ་རུང་རྒྱས་ཨ་གྲགས་རྒྱས་གྱུར་ཅིག་ཅེས་ཞུ་འདོད་བྱུང་། གང་ལགས་ཞུ་ན། ཁོང་ནི་ང་ཚོ་ཆོལ་གསུམ་བོད་མིའི་ཁྲོད་ནས་མི་བསོད་ནམས་ཅན་ཞིག་ཡིན་པར་ཡིད་ཆེས་ཞུ་གི་ཡོད། ཁོང་ནས་སྐད་འབོད་བྱས་རྗེས་དེའི་ནུས་པ་དེ་དུས་ཚོད་དང་མཚམས་པར་ས་གནས་སུ་གང་སར་འཕེལ་སོང་བས་ངས་ཁྱེད་བཙོན་ནང་སྡུག་སྦྱོང་མནར་གཅོད་འོག་དཔའ་ངར་མི་ཞུམ་པར་ང་ཚོ་དང་གང་མགྱོགས་ཞལ་མཇལ་ཡོང་བའི་སྨོན་ལམ་འདེབས་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese