མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདག་གིས་འདི་བཤད་ཅིང་འདི་ལྟར་ཟེར་གྱི་ཡོད། ཐེ་བོ་ཤེས་རབ་རྒྱ་མཚོ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཐེ་བོ་ཤེས་རབ་རྒྱ་མཚོ།

བདུན་ཕྲག་གཅིག་གི་ཡར་སྔོན་བདག་གིས་ཝང་ལི་ཞོང་དང་ཁོང་ལ་ངོ་རྒོལ་བྱེད་མཁན་ཚོའི་སྐོར་ནས་སྐད་ཆ་ཚིག་གཅིག་རང་གཅིག་བཤད་ཡོད།འོན་ཀྱང་ལྷ་ཆབ་པས་བདག་གི་སྐད་ཆ་དེའི་དངོས་ཤུགས་ཀྱི་བསྟན་དོན་མ་རྟོགས་པར་ཝང་ལི་ཞོང་ལ་ངོ་རྒོལ་བྱེད་མཁན་ཚོར་དམའ་ཕབ་པ་ཞིག་ཏུ་གོ་ཡོད་ན་དེ་ནི་ལྷ་ཆབ་པས་ནོར་བ་རེད།འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་བྱེད་མཁན་གྱི་གང་ཟག་ཅིག་ཡིན་པའི་ཆ་ནས་དུས་ནམ་ཡང་མི་སུ་དང་གང་ལའང་དམའ་འབེབ་མི་བྱ་རྒྱུ་བདག་གི་སེམས་ཁོང་ན་ཁྲིགས་ཁྲིགས་ཡིན་སྟབས།བདག་གི་སྐད་ཆ་དེའི་དངོས་ཤུགས་གང་ནའང་ཁྱེད་ཅག་ལ་ཆེད་དུ་དམའ་འབེབ་བྱེད་སེམས་གཏན་ནས་མེད་ནའང་།ཉན་མཁན་ངོས་ནས་དམའ་ཕབ་པར་གོ་ཡོད་ན།འདིར་བདག་གིས་ཆེད་དུ་བཟོད་གསོལ་དང་དགོངས་དག་ཞུ་རྒྱུ་མིན་ལ།བདག་གིས་ཡུལ་དུས་གནས་སྟངས་དང་རྒྱུ་རྐྱེན་ཅི་འདྲ་ཞིག་གི་འོག་ནས་ཀྱང་ཕ་རོལ་པོར་དམའ་འབེབ་དང་མཐོང་ཆུང་མི་བྱ་རྒྱུ་དམ་བཅས་ཡོད།

འོན་ཀྱང་ཁྱོད་ཚོས་འདི་ལྟར་ཉན་སྟངས་ལ་ནོར་འཕྱུགས་སོང་བའི་རྐྱེན་གྱིས་ཁ་ཕོག་སྣ་ཕོག་རེ་བྱུང་ཡོད་པ་འདྲ།ཡིན་ཡང་ངས་ང་རང་ལེབ་ལེབ་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཁྱེད་ཅག་ཚང་མ་ལེབ་ལེབ་ཡིན་དགོས་པའི་ལྟ་ཚུལ་འདོན་གྱི་མེད་ལ།ངས་ང་རང་ལེབ་ལེབ་ལ་དགའ་བ་རྒྱུ་མཚན་དུ་བྱས་ནས་ཁྱེད་ཅག་ཚང་མ་ལེབ་ལེབ་ལ་དགའ་དགོས་པའི་བཙན་ཤེད་དེ་བས་བྱས་མེད།ཁྱེད་ཅག་གིས་ཉིན་དེར ་གངས་སྐྱིད་ནས་བསྟན་པའི་རྣམ་འགྱུར་དེ་ན་གཞོན་ཤེས་ཡོན་པ་ཞིག་གི་བྱེད་སྟངས་མིན་པའི་དཔེ་དང་བཅས་གསལ་གསལ་ཐིང་ཐིང་བྱས་ནས་བཤད་ཡོད་པ་དེ་ལ་དམའ་འབེབ་བྱས་བྱུང་ཟེར་བ་ཡིན་ན་དེ་ནི་ཁྱེད་རང་ནོར་བ་རེད།ད་དུང་ཁ་གསལ་དུ་བཏང་ནས་བཤད་ན་ངས་ཁྱེད་ཅག་ལ་སྔོན་ཆད་བཟུང་བའི་རེ་བ་མཐོ་དྲགས་པའི་རྐྱེན་གྱིས་རེད།ངས་ཁྱེད་ཅག་གིས་ཝང་ལི་ཞོང་དོགས་ཅན་ཡིན་པ་ཤེས་ཡོད་པའི ་རྐྱེན་གྱིས་ཁྱེད་ཅག་གིས་གོ་སྐབས་འདི་བཟུང་ཝང་ལི་ཞོང་དང་མཉམ་དུ་དགག་སྒྲུབ་ཀྱི་བགྲོ་གླེང་གནད་དུ་སྨིན་པ་ཞིག་གནང་གི་རེད་བསམ་པ་རེད།མ་གཞི་ཉིན་མོ་དེར་ཁྱེད་ཚོས་ཝང་ལི་ཞོང་གིས་བོད་ཐོག་ལ་བཟུང་བའི་ལྟ་སྟངས་ནོར་འཁྲུལ་ཅན་དང་བཤད་སྟངས་གཡོ་འཁྱོག་ཅན་འདི་དང་གན་ཞེས་རེ་རེ་བཞིན་དགག་བཞག་དང་སུན་འབྱིན་ཚ་བོ་ཞིག་གནང་གི་རེད་བསམས་ནས་ངས་ངོ་རྒོལ་བ་ཚོའི་ཕ ྱོགས་སུ་རྣ་བ་གཏད་ཅིང་ཧ་ཅང་གཟབ་ནན་གྱིས་ཉན་ནས་བསྡད་ཀྱང་ངོ་རྒོལ་བ་ཚོས་ཝང་ལི་ཞོང་གི་མདུན་ལ་དཔང་རྟགས་མེད་པའི་སྐྱོན་བརྗོད་དོན་མཚན་འགའ་སྐད་གསེང་མཐོན་པོས་བགྲངས་ཤིང་རྐང་སྒྲ་ཤེད་ཀྱིས་རྡེབ་བཞིན་ཅི་ཞིག་འཁྱོངས་འདོད་ཀྱིས་རློམ་སེམས་ཆེན་པོས་བུད་སོང་སྟབས།བྱེད་སྟངས་དེས་ང་ལ་ཡིད་ཆད་བྱུང་བ་རེད།མ་ཟད་ཁྱེད་རང་ཝང་ལི་ཞོང་ལ་མི་དགའ་མཁན་ཞིག་ཡིན་པའི་ ངོས་ནས་ཁྱེད་ཀྱིས་རང་ཉིད་ཀྱི་འགན་འཁྲི་བཞག་ནས་ཁྱེད་ལ་རྒྱ་ནག་ནང་དེ་འདྲའི་རང་དབང་ཞིག་ཡོད་དགོས་པའི་རྒྱུ་མཚན་ཅི་རེད་ཅེས་འབྲེལ་མེད་དོན་གཞན་གྱི་དྲི་བ་ཞིག་ལས་འཇུ་དགོས་པའི་གནད་དོན་གསོན་པོ་ཞིག་ལ་འཇུ་ཐུབ་མི་འདུག་ཟེར་གྱི་ཡོད།དཔྱོད་ཤེས་ཀྱི་མིག་ཟུང་ཐག་ཉེ་རིང་གཉིས་ཆར་བསྲིངས་ནས་བསམ་གཞིགས་ཞིབ་མོ་བྱས་ཡོད་ཚེ་འདི་དྲི་བ་ཞིག་མ་རེད་ལ།འདི་གནད་དོ ན་ཞིག་དེ་བས་ཀྱང་མ་རེད་ཟེར་གྱི་ཡོད།ངས་ཁྱེད་ཅག་གིས་ཝང་ལི་ཞོང་གི་སྐོར་སྤེལ་བའི་གླེང་ཕྱོགས་དང་སྐྱོན་བརྗོད་དེ་ཚོ་མནའ་བསྐྱལ་ནས་ཁུངས་སྐྱེལ་བྱས་མེད་ཚེ་དཔང་རྟགས་ཀྱི་ཐོག་ནས་ཁུངས་སྐྱེལ་བྱས་མི་འདུག་ཟེར་གྱི་ཡོད།

དེ་རིང་ང་ཚོས་དེ་རིང་གི་སྐད་ཆ་ཤོད་དགོས་ཀྱི་འདུག་ཟེར་གྱི་ཡོད། གལ་སྲིད་རྙིང་ནས་ཟད་སོང་བའི་ཁ་རྩང་གི་སྐད་ཆ་ཞིག་དྲུད་ཡོང་ནས་དེ་རིང་གི་སྐད་ཆ་གསར་པ་དང་མཉམ་དུ་གླེང་སློང་བྱས་ཚེ་དེས་མི་རྣམས་ལ་གོ་འཛོལ་ཐེབས་ནས་མགོ་རྨོངས་རྒྱུ་རེད་ཟེར་གྱི་ཡོད།དེ་ལ་དངོས་ཐོག་བདེན་འཚོལ་ཟེར་གྱི་མ་རེད་ཟེར་གྱི་ཡོད། དེ་ནི་དོན་དངོས་ལ་གཞའ་ཐབས་ཀྱི་ཚིག་རྩོད་སྐམ་པ ོ་ཞིག་རེད་ཟེར་གྱི་ཡོད།བདག་གི་བོད་རྒྱའི་བར་གྱི་གནད་དོན་ལ་ལྟ་སྟངས་བྱས་ནས་བཤད་ན།དེ་རིང་གི་ཝང་ལི་ཞོང་འདིས་༸གོང་ས་མཆོག་དང་བོད་གཞུང་གི་ལངས་ཕྱོགས་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་གི་འདུག་ཟེར་གྱི་ཡོད།གལ་སྲིད་ཁྱེད་ཅག་གིས་དེ་ལྟར་མིན་པའི་རྒྱུ་མཚན་རྣམ་དག་དང་སྒྲུབ་བྱེད་ཁུངས་ལྡན་ཁྲ་ལམ་མེར་བཀྲམ་ཚེ་བདག་གིས་ཁྱེད་ཅག་ལ་ལག་ཟུང་ཐལ་མོ་སྦྱར་ ནས་རྗེས་སུ་ཡི་རང་བྱ་རྒྱུ་ཡིན་ཟེར་གྱི་ཡོད།མཐའ་དོན་ང་ལ་ལྷད་མེད་པའི་ཁྱེད་ཅག་གི་རྒྱལ་ཞེན་དང་རྣམ་པར་དག་པའི་ཁྱེད་ཅག་གི་ཀུན་སློང་དྲི་མ་ཅན་མིན་ནམ་སྙམ་པའི་བློ་དོགས་དང་ཐེ་ཚོམས་སྤུ་ཙམ་མེད་པས་ངས་ནམ་ཡང་གུས་བརྩི་བྱེད་ཀྱི་ཡོད་ལ།ཁྱེད་ཀྱིས་མུ་མཐུད་གླུ་ལོངས་དང་ང་རང་ཉིད་དང་གདངས་དབྱངས་མི་འདྲ་བའི་གླུ་ལ་ཉན་རྒྱུར་ཧ་ཅང་དགའ་བས་ངས་ཁྱེད་ཀྱི་གླུ་ལ་ བསྒུགས་ནས་བསྡད་ཡོད།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༧ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 9

  1. དགའ་བ། says:
    ལོ་ 17 སྔོན།

    ཀིརྟིའི་མཐོ་སློབ་ནས་གསོས་པའི་བུ་ཕྲུག་འདི་ཚོའི་སྐད་ཆ་བཤད་སྟངས་ལ་ཡང་གཞན་སུ་དང་མ་འདྲ་བའི་ཞི་འཇམ་དང་བབ་བསྟུན་གྱི་བཟང་སྤྱོད་ལྡན་ལ། རང་ཉིད་ཀྱིས་བདེན་དོན་དུ་མཐོང་བ་གཏན་ཚིགས་ཀྱིས་བསྒྲུབས་པ་ལས་གཞན་མགོ་རྡུང་བའི་ཚིག་ནག་གི་དྲི་མ་གཏན་དུ་བྲལ། བུ་རྒོད་པོ། ཁྱོད་ཀྱི་འབྲི་ལུགས་འདིས་བཙན་བྱོལ་ནང་གི་རྩོམ་བྲིས་པ་མང་པོ་ཞིག་ལ་རྩོམ་ཡིག་བྲི་སྟངས་ཀྱི་ཁ་ཕྱོགས་བཟང་པོ་སྟོན་ཐུབ་པའི་རེ་བ་ཡོད། ཤུགས་རྒྱོབས་དཱ་ཨ་ཁུས་ཁྱོད་ལ་བལྟས་ནས་ཡོད།

    Reply
  2. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    གནས་ཚུལ་མང་པོོ་ཞིག་བསྐྱར་བརྗོད་ཀྱིས་དགོས་པ་མེད་ཀྱང་རྒྱ་རིགས་ཝང་ལུ་ཞིང་ནི་༧གོང་ས་མཆོག་དང་བོད་གཞུང་ལ་ཁ་ཞེ་གཉིས་མེད་རེད་ཟེར་བ་འདི་གྲོགས་ཐེ་ཤར་ལགས་སྲིད་ཕྱོགས་ལ་མཁྱེན་རྒྱ་ཞན་པ་མིན་ན་ཧོལ་རྒྱུགས་ཡིན་འགྲོ། ངས་བསམ་ན་ང་ཚོ་བོད་རིགས་ཡོངས་ལ་གཞན་གྱི་མིག་ལ་སྟོན་རྒྱུ་དང་རང་གི་སེམས་ལ་འཛིན་རྒྱུ་ཞིག་ཡོད་པ་ནི་བཙན་བྱོལ་བོད་གཞུང་དམངས་གཙོའི་ལམ་ལུགས་དང་དེས་བྱེད་པོ་༧ གོང་ས་བསྟན་འཛིན་རྒྱ་མཚོ་རེད། རྒྱ་ཝང་ལུས་༧ གོང་ས་མཆོག་དང་བོད་གཞུང་དམངས་གཙོའི་ལམ་ལུགས་ལ་སྐྱོན་བརྗོད་བྱེད་པ་འདི་ཆེད་དུ་བོད་རིགས་ཡོངས་ལ་དམའ་འབེབ་པ་རེད་བསམ་གི རྩོམ་པ་པོ་སྐོར་ཅིག་གིས་ངོ་རྒོལ་བྱེད་སྟངས་ལ་ཐེ་ཤེར་བས་བཤད་པ་དོན་གནས་དང་མཐར་ཐུག་རེད

    Reply
  3. བྱ་གཞུང་དཔལ་རྡོར། says:
    ལོ་ 17 སྔོན།

    འཇིག་མེད་དབང་རྒྱལ་ལགས།བང་ལི་ཞོན་ཙམ་མིན་པར་ལྷ་མོ་དང་ཀུན་ཐར་སོགས་ཀྱིས་སྒྲིག་ཁྲིམས་དང་འགལ་བའི་བྱེད་སྤྱོད་ལ་ངོ་རྒོལ་གནང་བ་རེད་ཟེར་བ་ནི་རྒྱུས་མེད་ལ་རྒྱུས་གཏམ་ཡིན་ཏེ།་
    མཁས་པ་རང་གིས་དཔྱོད་ཤེས་ཀྱི།་།
    བླུན་པོ་གྲགས་པའི་རྗེས་སུ་འབྲང་།།
    ཁྱི་རྒན་ཀུ་ཅོ་འདོན་པ་ན།།
    རྒྱུ་མཚན་མེད་པར་གཞན་དག་རྒྱུག།ཞེས་པའོ།་

    སྐབས་དེར་ལྷ་མོ་དང་ཀུན་ཐར་ལ་ངོ་རྒོལ་བྱས་པ་ཞིག་ངོ་རྒོལ་ཡི་གེ་ནང་དུ་གང་ཡང་འཁོད་མི་འདུག་ལ།རྩོམ་པ་པོའི་མཐུན་ཚོགས་ཀྱི་སྒིྲག་གཞི་དང་འགལ་བའི་སྐོར་སྒྲིག་གཞི་དོན་ཚན་གང་དང་འགལ་ཡོད་མེད་ཀྱང་གསལ་བོ་བཤད་དགོས་པ་ལས་ཁ་ནང་ལ་ཅི་ཡོང་བཤད་ན་རྩ་བ་ནས་མི་འགྲིག
    ཉིན་དེར་ཆབ་བྲག་ལྷ་མོ་སྐྱབས་དང་ཀུན་ཐར་གཉིས་སུ་གང་གིས་ཀྱང་ངོ་རྒོལ་བྱས་པ་དེ་སྒྲིག་ཁྲིམས་དང་འགལ་བ་ཞིག་ཡིན་པར་བཤད་མེད་པ་མ་ཟད།་ད་དུང་དེ་ཐད་ལ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་མང་གཙོ་ཡིན་པས་རང་རང་གིས་ངོ་རྒོལ་བྱས་ན་སོ་སོའི་ཐོབ་ཐང་རེད།ཡིན་ནའང་ངོ་རྒོལ་བྱེད་མཁན་ཚོར་ལས་འགན་ཞིག་ཡོད་པ་ནི་བང་ལི་ཞོན་རྒྱ་ནག་གི་གསང་བའི་སློབ་སྟོན་པ་དང་གསང་མྱུལ་བ་ཡིན་པར་སྐྱོན་འཛུགས་བྱས་པ་དེ་སོ་སོས་ཞིབ་འཇུག་བྱས་ཏེ་གསལ་བོ་བཟོ་དགོས་བ་བཤད་ཡོད།
    དེ་མིན་ཁྱེད་ཀྱིས་འགན་ཁུར་མེད་པར་ཅ་ཅོ་མ་འདོན་ཞེས་སྨྲ་འདོད་དོ།་།

    Reply
  4. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    དེ་རིང་ཐེ་ཤེར་ལགས་ཀྱིས་རྩལ་དུ་བཏོན་ནས་ཁོ་བོ་ཐེར་འདོན་གྱི་ཟོལ་ཞིག་བསྐྱངས་པ་དང༌། ད་དུང་དཀྱེལ་ཡངས་ཀྱི་རྣམ་པའི་སྟེང་ནས་གང་ཟག་སྒེར་ལ་སྐྱོན་བརྗོད་དང་དམའ་འབེབས་བྱས་མེད་པ་འདི་ང་ཚོའི་བཙན་བྱོལ་དུ་འཁོད་པའི་རྩོམ་མཁན་དག་གི་དམིགས་དཔེར་འོས་སོ་ཞེས་ཞུ་འདོད་བྱུང༌། ཡིན་ནའང་ཁོང་གི་སྐད་ཆ་འགར་ཧོལ་རྒྱུག་གི་ཤེད་ཆེ་ཙམ་འདུག་པ་ནི། དགྱ་བོང་ཞོན་མཐའ་གཅིག་ཏུ་ཚད་མར་བཟུང་སྟེ་ང་ཚོ་དགག་པ་དེ་ཅུང་གནང་སྟངས་སྟབས་བདེ་ཞིག་མིན་པར་མཐོང་ལ། ལྷག་དོན་དུ་ཁོ་བོའི་དྲི་བ་དེ་དྲི་བ་ཞིག་མིན་པ་ཁ་མཚོན་བཅད་འདུག འོ་ན་ངས་ཁྱོད་ལ་དྲི་བ་ཞིག་འདྲི། དྲི་བ་ཞེས་པའི་ཐ་སྙད་ལ་ཚད་ཅིག་ཡོད་དམ། ཡང་ན་ངའི་དྲི་བ་དེ་དྲི་བ་ཞིག་མ་རེད་ཅེས་མནའ་བསྐྱལ་རྒྱུ་ཡིན། དེ་མིན་གནས་ལུགས་ཀྱི་སྟེང་ནས་བཤད་ན། ངས་ཉིན་དེར་དྲི་བ་གཞན་ཞིག་བཏང་ཡོད་ནའང་ཁྱོད་དང་ཁྱོད་ཅག་གིས་དྲི་བ་ཞིག་མ་རེད་ཟེར་རྒྱུ་ཡིན། གང་ལྟར་གནས་ལུགས་ཀྱིས་འུ་གཉིས་ལ་བདག་པོ་རྒྱག་གི་ཡོད་པས། འུ་གཉིས་ཀྱི་བདེན་དོན་སུ་ཡིས་འབྱེད་ནུས། གྲོགས་པོ།

    Reply
  5. འཇིགས་མེད་དབང་རྒྱལ། says:
    ལོ་ 17 སྔོན།

    ཐེ་ཤེར་རིན་པོ་ཆེ་ནས་གསུངས་པར་ཧོབ་ཏུ་བལྟས་ཚེ་རྒྱུ་མཚན་ཡོད་འདྲ་མཐོང་ཡང་། ཞིབ་ཏུ་བརྟག་ཚེ་དེ་ལ་ཚིག་ཉོག་མང་པོ་ཞིག་ལས་དོན་གྱི་སྟེང་ལ་བབས་མི་འདུག བོང་ལི་ཞོན་གྱིས་༧གོང་ས་མཆོག་དང་བོད་གཞུང་ལ་རྒྱབ་སྐྱོར་གནང་བའི་རྩོམ་ཡིག་ཅིག་ད་ལྟ་མཐོང་མ་སོང་། གུས་པའི་གོ་ཐོས་ལ་ཉིན་དེའི་ངོ་རྒོལ་དེ་བོང་ལི་ཞོན་ཙམ་མིན་པར་ཀུན་ཐར་དང་ལྷ་མོ་སོགས་ཀྱིས་ཁྲིམས་སྒྲིག་དང་འགལ་བའི་བྱེད་སྤྱོད་ལ་ངོ་རྒོལ་གནང་བ་རེད་ཟེར། དེ་ལ་ཐེ་བོ་ཅན་ནས་འགྲེལ་ཞིག་བསྐྱོན་རོགས་ཞུ་རྒྱུ་ཡིན། ཚོགས་མི་དེ་དག་གིས་ཉིན་དེར་ཞི་བའི་ངོ་རྒོལ་གནང་བ་ཁྲིམས་བསྒྲིགས་གང་དང་འགལ་འདུག

    Reply
  6. རི་བོང། says:
    ལོ་ 17 སྔོན།

    ཐེ་ཤེར་རྒྱམ་ལགས།
    རྒྱུ་མཚན་ཡོད་ཀི གནས་ལུགས་ལྡན་གི འདི་འདྲ་བ་རེ་མུ་མཐུད་དུ་ཕྲིས།

    Reply
  7. ནད་པ says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ་ཁམས་བཟང་། གནས་ཚུལ་གང་ཞིག་ཡིན་ནའང་ང་ཚོས་ངེས་པར་དུ་སྔོན་ལ་དཔྱད་ཞིབ་ཡག་པོ་གནང་དགོས་པ་གལ་ཆེ་ཡིན།

    དཔྱད་ཞིབ་བྱས་རྗེས་དེ་ནས་གཞི་ནས་སྐད་ཆ་ཤོད་པ་དང་། བསམ་ཚུལ་འདོན་པ། རྩོམ་ཡིག་འབྲི་བ་ལ་སོགས་བྱེད་རྒྱུ་དེ་གནད་འགག་ཅིག་རེད། མདོ་དོན་བྱ་བ་གང་ཞིག་ལའང་རང་ཉིད་ལ་གདེངས་སྤོབས་གང་ཙམ་ཞིག་ཡོད་དགོས།

    དེར་བརྟེན་གྲོགས་པོ་ཚོས་དགོངས་ཆར་ལྷུག་རྩོལ་གནང་རྒྱུར་རེ་བ་ཆེ།

    Reply
  8. བསེ་རུ། says:
    ལོ་ 17 སྔོན།

    རེད་འདི་ལྟར་ང་ཚོའི་སྤྱི་ཚོགས་འདིར་གླུ་ལེན་སྟངས་འདྲ་མི་འདྲ་རེད། དབྱངས་ཀྱི་འགྱུར་ཁུགས་ཀྱང་འདྲ་མི་འདྲ་རེད། ད་དུང་གླུ་ཡི་ནང་དོན་ཡང་འདྲ་མི་འདྲ་རེད། ང་ཚོས་འདི་ལྟར་གླུ་དབྱངས་ལེན་སྟངས་ལ་དང་དབྱངས་ཀྱི་འདེགས་འཇོག་གཙིགས་ཆེར་མ་བཟུང་བར། གླུ་ཡི་ནང་དོན་དང་དེའི་རྒྱབ་ལྗོངས་ཐོག་བགློ་གྲེང་གནང་ན། ང་ཚོར་ཡང་ཐོབ་འདོད་པའི་གྲུབ་འབྲས་ཤིག་ཅི་ནས་ཀྱང་ཐོབ་ངེས། འདི་ལྟར་ལྟ་ཚུལ་ལྷུག་པོར་སྨྲས་པར་རྗེས་སུ་ཡི་རངས་ཞུ།།

    Reply
  9. བསྟན་འཛིན་ཡོན་ཏན། says:
    ལོ་ 17 སྔོན།

    ཐེ་བོ་ཤེར་རྒྱམ་པའི་བཤད་སྟངས་འདི་ལ་དངོས་གནས་རྒྱུ་མཚན་ཡོད་པ་འདྲ། ལྷ་ཆབ་པའི་ལན་ཞིག་བཏབས་པ་དེ་ལ་བཙན་ཤེད་དང་རང་འདོད་ཀྱི་རྣམ་པ་ཆེ་སྙམ་ཤར། འོན་ཀྱང་ཐེ་ཤེར་ལགས་༼ཝང་ལི་ཞོང་འདིས་༧གོང་ས་མཆོག་དང་བོད་བཞུང་གི་ལངས་ཕྱོགས་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་གི་འདུག་ཟེར་བ༽ཐལ་ཆེ་བ་དང་སྔ་མི་དྲགས་སམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese