མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚིག་གསུམ། སྲུང་སྐྱོབ་ཀྱི་འོས་འགན་རེད་དམ་བྱུས་གཏོཌ་ཀྱི་ཐོབ་ཐང་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

 

ཚིག་གསུམ་གྱི་རྩོད་པ།

སྲུང་སྐྱོབ་ཀྱི་འོས་འགན་རེད་དམ་བྱུས་གཏོགས་ཀྱི་ཐོབ་ཐང་རེད་ཟེར།

དབྱར་གཞུང་འདིར་རྒྱལ་ཁབ་ ༤༠ ཡི་སྐུ་ཚབ་རྣམས་ཀྱིས་ནེའུ་ཡོག་ཏུ་བསམ་ཚུལ་གསར་པ་ཞིག་གི་ཐོག་རྣོ་ངར་རང་བཞིན་གྱི་བགྲོ་གླེང་བྱེད་ཀྱིན་ཡོད། བགྲོ་གླེང་འདིའི་སྐབས་རྒྱལ་ཁབ་དེ་དག་གི་ཁྲོད་བློ་དོགས་ཆེན་པོ་ཡོད་མཁན་དང་རྒྱབ་སྐྱོར་ཆ་ཚང་ཡོད་མཁན་བཅས་ཕྱོགས་གཉིས་སུ་གྱེས་ཡོད།

དུས་རབས་འདི་མགོ་བཙུགས་མ་ཐག་པའི་སྐབས་དེར་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ཞིག་གིས། ཡ་ཡུད་དང་ཡིད་ཆེས་ཀྱི་སྒོ་ནས་སྐད་ཆ་ཚིག་གསུམ་འཛམ་གླིང་གི་དབུ་ཁྲིད་དག་གི་སྔུན་ལ་འཁྱེར་ཡོང་ཡོད་ལ། ད་སྐབས་ཚིག་གསུམ་དེ་རྒྱལ་ཁབ་རིམ་པའི་གཞུང་འབྲེལ་གྱི་སྐད་ཆ་ཞིག་ཏུ་གྱུར་ཡོད། ཁོང་གི་ཚིག་གསུམ་དེ་ནི་སྲུང་སྐྱོབ་ཀྱི་འོས་འགན་ཞེས་པ་སྟེ། དབྱིན་སྐད་དུ། responsibility to protect ཞེས་པའམ། བསྡུས་ཚིག་ལ་ R2P ཞེས་འབོད་ཀྱིན་ཡོད།

༢༠༠༥ ལོར་འཛམ་གླིང་གི་དབུ་ཁྲིད་ ༡༥༠ ཡི་རྒྱས་འཛོམས་ཆེ་ཤོས་ཀྱི་སྐབས་དེར། དབུ་ཁྲིད་ཕལ་ཆེ་བ་ཞིག་གིས་རྩ་དོན་འདིའི་ཐད་ནས། ཁོང་ཚོར་སྤྱིར་བཏང་མི་རིགས་རྩ་གཏོར་དང་། མི་རིགས་གཙང་སེལ། དམག་འཁྲུག་སྐབས་ཀྱི་ཉེས་གསོག འགྲོ་བ་མིའི་བདེ་རྩ་ལ་ནག་ཉེས་གསོག་མཁན་བཅས་ཀྱི་ཐད་སྲུང་སྐྱོབ་ཀྱི་འོས་འགན་ཡོད་པ་ངོས་ལེན་བྱས་ཡོད། སྐུ་ཞབས་ ཨེ་ཝན་ ལགས་ཀྱིས་ཐུགས་བསམ་ཟབ་མོའི་སྒོས་བཏོན་པའི་དགོངས་ཚུལ་དེ་ནི་མཐའ་མ་དེར་རྒྱལ་ཁབ་ཁག་གི་སྲིད་གཞུང་དག་གིས་རང་རང་གི་མི་དམངས་ལ་འགན་འཁྱེར་སྟངས་ཤིག་གི་ཐོག་མོས་མཐུན་བྱུང་ལ། ཇི་སྟེ་སྲིད་གཞུང་གང་ཞིག་གིས་རང་གི་མི་དམངས་ལ་སྲུང་སྐྱོབ་བྱེད་མི་ཐུབ་པའམ་བྱེད་འདོད་མེད་པའི་གནས་སྐབས་དང་། ཡང་ན། མི་དམངས་ལ་གནོད་གཞིའི་ལས་དངོས་སུ་སྤེལ་བའི་སྐབས་སུ་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་དེའི་ནང་དུ་ལག་བསྲིངས་ཆོག་པར་བཤད་ཡོད། བདག་དབང་ཡོད་པའི་རྒྱལ་ཁབ་འགའ་རེས་རང་ཉིད་ལ་གཞན་ཞིག་གིས་དམིགས་ཡོད་པའི་སྒོ་ནས་བཙན་འཛུལ་བྱེད་པའི་བློ་དོགས་མི་ཡོང་བའི་ཆེད་དུ་བསམ་ཚུལ་དེར་གཟབ་ནན་ངང་བཟོ་བཅོས་བྱས་ཡོད་པ་རེད།

ཡིན་ཡང་སྐུ་ཞབས་ཨེ་ཝན་དང་ཁོང་གི་གྲོགས་པོ་རྣམས་ཀྱི་བློ་ཕམ་གྱི་གཞི་ཞིག་ནི། ད་སྐབས་སྲིད་གཞུང་གི་དཔུང་ཁག་སྐོར་འགའ་དང་བློ་དོགས་ཡོད་མཁན་གཞན་པ་སྐོར་ཞིག་གིས་རྩ་དོན་འདི་འགོག་ཐབས་བྱེད་ཀྱིན་ཡོད། དགག་ཕྱོགས་སུ་འབུད་མཁན་དག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་མགོ་འཛུགས་ལ་ཉེ་བའི་ཉིན་དེ་དག་གི་སྔོན་ནས་རང་རང་གི་གྲི་རྩེ་བརྡར་བར་རྔམ་བསྡད་ཡོད་པར་བཤད།

འདིའི་གསལ་ཤོས་ཤིག་ནི། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཁེའོ་མོན་ ལགས་ཀྱིས་གཟབ་ནན་གྱི་ངང་། སྲུང་སྐྱོབ་ཀྱི་འོས་འགན་འདི་མངོན་འགྱུར་ཡོང་ཕྱོགས་ལ་རྩོད་གཞི་མེད་པའི་ཐབས་ལམ་ཡག་པོ་འགའ་ཡོད་པར་གསུངས་པ་དང་། དཔེར་ན། ཚུལ་མཐུན་གྱི་སྲིད་གཞུང་རྣམས་ལ་རང་གི་མི་དམངས་ལ་སྲུང་སྐྱོབ་བྱེད་པར་རོགས་རམ་བྱེད་རྒྱུ། རྒྱལ་ཁབ་ཀྱི་ལས་དོན་རྣམས་ལམ་ལྷོང་འགྲོ་གི་མེད་དུས་སམ། ཁ་གསལ་ནས་བཤད་ན། སྲིད་གཞུང་མགོ་རྟིང་ལོག་བཞིན་པའི་སྐབས་སུ། དེ་དག་སྔོན་འགོག་ཆེད་སྔོན་ཚུད་ནས་ཉེན་བརྡ་གཏོང་རྒྱུའི་ལམ་སྲོལ་འཛུགས་པ། ཁོང་གིས་གསུངས་དོན། ལག་འགུལ་བའམ་དམག་ཤུགས་བཀོལ་བ། དེ་བཞིན་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་བཀོལ་རྒྱུ་ནི་གདམ་ཀ་མཐའ་མ་དེ་ཡིན་དགོས་ཟེར།

འདི་ཙམ་གྱིས་སྲུང་སྐྱོབ་ཀྱི་འོས་འགན་ཞེས་པའི་རྩ་དོན་འདི་ལ་དོགས་པ་དང་དགག་པ་ཡོད་མཁན་ཚོར་ངེས་ཤེས་འདྲོང་གིན་མེད། ཁོང་ཚོས་བསམ་ཚུལ་འདི་ནི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཕྱུག་པོ་དག་གིས་རྒྱལ་ཁབ་དབུལ་བོ་དག་གི་ལས་དོན་ཐད་དཔུང་སྒྲིག་གིས་ཐེ་བྱུས་བྱ་བར་ཁྲིམས་མཐུན་གྱི་ལམ་ཁ་བཟོ་གིན་ཡོད་པར་བཤད། འདི་ལྟའི་བསམ་ཚུལ་འདོན་མཁན་གཅིག་ནི་ཨ་རི་དབུས་མའི་རྒྱལ་ཁབ་ ནི་ཁ་ར་གྷུན་ Nicaraguan གྱི་སྐུ་ཞབས་ Miguel d’Escoto Brockmann ཞུ་བ་དེ་ཡིན། ཁོང་གིས་རྩ་དོན་འདིའི་ཚིག་དོན་ངོ་མ་དེ་ནི་ ཐེ་བྱུས་ཀྱི་ཐོབ་ཐང་ སྟེ། དབྱིན་སྐད་དུ་ “right to intervene” ཞེས་པ་འདི་ཡིན་དགོས་པར་བཤད།

༢༠༠༥ ལོར་རྒྱལ་ཁབ་ ༡༥༠ ཡི་སྐུ་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་ཐག་བཅད་པའི་རྩ་དོན་འདིར་ད་སྐབས་རྒྱལ་ཁབ་གང་འཚམ་ཞིག་གིས་དགག་པ་བྱ་སྲིད་ལ། དེ་དག་གི་ཁྲོད་དུ་རྒྱ་གར་དང་པཱ་ཀི་སི་ཐན། ཁུ་བྷ། སུ་ཌན། ཝེ་ནེ་ཛུ་ལ། ཨེ་རྗེབ་བཅས་ཡོང་རྒྱུ་ཡིན་པར་བཤད།

ཨ་རི་ནི་ཐོག་མར་བློ་དོགས་ཀྱི་ནང་དུ་ཡོད་ཀྱང་། ད་ནི་ཁོ་ཚོས་སྲུང་སྐྱོབ་ཀྱི་འོས་འགན་ཞེས་པ་འདི་བཙན་རྒྱལ་རིང་ལུགས་པའི་ལག་པ་རྣམས་ལུགས་མཐུན་དུ་བསྒྱུར་རྒྱུའི་ཐབས་བཀོད་སྙིང་རྗེ་བོ་ཞིག་ལ་རྨི་ལམ་གཏོང་བཞིན་འདིའི་ཐད་གདོང་མཆོང་བྱེད་མཁན་གྱི་གྲས་ཡིན་འདུག

རྒྱ་ནག་གི་སྐུ་ཚབ་ Liu Zhenmin ལིའུ་ཊེན་མིན་གྱིས་དོན་ཚན་འདིའི་འགྲེལ་བཤད་ཀྱིས་མི་རིགས་རྩ་གཏོར་དང་། དམག་འཁྲུག་སྐབས་། མི་རིགས་གཙང་སེལ། འགྲོ་བ་མིའི་བདེ་རྩ་ལ་གནོད་པའི་ཁྲིམས་འགལ་ལ་མ་གཏོགས་ཁྱབ་མེད། གང་ལྟར་དོན་ཚན་འདིའི་ནང་དོན་གྱི་ཆ་ནས་རྩོད་གླེང་ཡོད་ཅེས་དང་། ལག་ལེན་གྱི་ཆ་ནས་ཁོང་གིས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་རམ་དང་བསྟུན་ནས་རྒྱལ་ཁབ་སོ་སོར་རང་གི་མི་སེར་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་པ་རེད། འདི་ནི་བདག་དབང་གི་རྩ་འཛིན་དང་མཐུན་པ་ཞིག་རེད་ལ། སྲུང་སྐྱོབ་ཀྱི་འོས་འགན་ཞེས་པ་འདིས་བདག་དབང་གི་རྩ་འཛིན་དང་རྒྱལ་ནང་གི་བྱ་འགུལ་ལ་ཐེ་བྱུས་མི་བྱེད་རྒྱུ་གལ་ཆེན་རེད་ཟེར།

སྔོན་འགྲོའི་ཉེན་བརྡའི་ཚུལ་དུ་ཁོས་བརྗོད་དོན། རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་བདེ་སྲུང་ལྷན་ཚོགས་ཀྱིས་ངེས་པར་དུ་བྱ་འགུལ་དེ་འདྲ་ཞིག་དགོས་མིན་ལ་ཞིབ་འཇུག་བྱེད་དགོས་པ་དང་། གལ་ཏེ་དགོས་པ་ཡིན་ན་ཕྱོགས་བསྡུ་བྱས་པའི་གནས་ཚུལ་རྣམས་གཟུར་གནས་ཡིན་མིན་ལ་ངེས་པར་བལྟས་ཏེ། གནས་སྟངས་དེ་ཆབ་སྲིད་ཅན་དུ་བསྒྱུར་ཡོད་མེད་དང་ཡང་ན་གནས་ཚུལ་དེ་རྣམས་ཕྱོགས་ལྷུང་ཅན་ཡིན་མིན་ངེས་པར་དུ་ཤེས་དགོས་པ་མ་ཟད། རྒྱལ་ཁབ་རྣམས་ཀྱིས་སྲུང་སྐྱོབ་ཀྱི་འོས་འགན་འདི་འབྲེལ་མོལ་བྱེད་པའི་ལག་ཆ་ཞིག་གི་ཚུལ་དུ་བེད་སྤྱད་ཏེ་གཞན་ལ་གནོན་ཤུགས་གཏན་ནས་སྤྲོད་མི་ཆོག འདི་ནུས་ཤུགས་ལྡན་པའི་སྒོ་ནས་ལག་ལེན་བསྟར་ཐུབ་མིན་ལ་ད་དུང་ཉམས་ཞིབ་མང་པོ་བྱ་དགོས་ཀྱི་འདུག་ཅེས་དང་། རྒྱལ་ཁབ་རྣམས་ལ་ད་དུང་སྲུང་སྐྱོབ་ཀྱི་འོས་འགན་ཐད་ལྟ་སྟངས་མི་འདྲ་བ་མང་པོ་ཡོད་པ་དང་རྒྱལ་ཚོགས་ཀྱིས་ངེས་པར་དུ་བརྗོད་གཞི་འདིའི་སྒང་ལ་མུ་མཐུད་དུ་བགྲོ་གླེང་བྱ་དགོས་ཀྱི་འདུག བགྲོ་གླེང་བྱེད་པའི་ཕྱོགས་ལ་ང་ཚོའི་བསམ་བློ་གུ་ཡངས་ཡིན་ཟེར་ནས་ཕྱིའི་གནོན་ཤུགས་ཀྱིས་གོང་བརྗོད་ཀྱི་ཐབས་རྣམས་སྤྱད་དེ་རྒྱལ་ནང་གི་ལས་དོན་དང་སྲིད་བྱུས་ལ་ཐེ་གཏོགས་བྱེད་པར་བཟོད་སྒོམ་བྱེད་མི་ཐུབ་པའི་རྣམ་འགྱུར་བསྟན་ཡོད་པ་རེད།

རྩ་དོན་འདིའི་སྔུན་གྱི་འགག་རྡོ་ཆེ་ཤོས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་བདེ་སྲུང་ལྷན་ཚོགས་ཀྱི་འགན་དབང་སྐོར་ཡིན་ངེས། དམག་ཆེན་གཉིས་པའི་ཁྲོད་རྒྱལ་ཁ་ཐོབ་མཁན་གྱི་རྒྱལ་ཁབ་ལྔ་སྟེ། ཨ་རི་དང་ར་ཤི་ཡ། རྒྱ་ནག ཧྥ་རན་སི། དབྱིན་ཇི་རྣམས་ནི་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་ལྔ་ཡིན་ལ། ཁོང་ཚོའི་ཁེ་དབང་དེར་ད་བར་དུ་ཐབས་ཤེས་ཇི་ལྟར་བཏང་ཡང་འགྱུར་བ་གཏོང་ཐུབ་མེད། དེ་བས་ཐེངས་འདིར་སྲུང་སྐྱོབ་ཀྱི་འོས་འགན་ཞེས་པའི་རྩ་དོན་ལ་དགག་ཕྱོགས་ནས་ལངས་མཁན་རྣམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་བདེ་སྲུང་ལྷན་ཚོགས་ཀྱི་འགན་དབང་འདི་བེད་སྤྱད་དེ། བཙན་འཛུལ་དང་འཇིགས་སྐུལ་གྱི་སྐབས་སུ་གོང་གསལ་རྒྱལ་ཁབ་ལྔ་དེར་ཐག་གཅོད་ཀྱི་དབང་ཆ་སྤྱོད་པའི་འོས་འགབ་མེད་ཅེས་རྩོད་གཞི་སློང་སྲིད་པར་བརྗོད་ཀྱིན་ཡོད།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese