མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཁོ་ན་མཐོང་བའི་མིག འཕན་ཕྲུག་ངག་དབང་རྒྱལ་མཚན།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་ནང་ལ་བོད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་རྒྱ་ཆུང་བའི་དབང་གིས་བོད་ཡིག་གི་གོ་ས་ཡང་ཧ་ཅང་གི་དམའ་བོ་རེ། དཔེར་ན་གཞུང་གི་སྡེ་ཚན་ཁག་ལ་སྙན་ཞུ་ཞིག་འབུལ་སྐབས་དབྱིན་ཡིག་གི་ཐོག་ནས་འབྲི་དགོས་པ་མ་ཟད་བྱི་བ་སེའུ་བཅུ་པ་ཡན་གྱིས་ཀྱང་དབྱིན་སྐད་དང་ཧིན་སྐད་བེད་སྤྱོད་བྱེད་བཞིན་ཡོད། དེར་བརྟེན་བོད་ཡིག་གི་གནས་སྟངས་ཧ་ཅང་གི་སྐྱོ་བོ་ཡིན། ཚོགས་པ་ག་གེ་མོ་དག་གིས་གསལ་བསྒྲགས་དང་གསར་འཕྲིན་རེ་སྤེལ་དུས་དེའི་ནང་ལ་ཡིག་ནོར་མང་བ་མ་ཟད་བྱེད་འབྲེལ་བེད་སྤྱོད་གཏོང་སྟངས་ཀྱང་ནོར་བ་མང་དག་ཅིག་ཡོང་གིན་ཡོད་པ་ནི་རྒྱུན་སྲོལ་དུ་གྱུར་ཡོད། རང་གི་ཕ་མེས་ཀྱི་རིག་གཞུང་ལ་གདུང་བའི་གངས་ཅན་པ་དག་གིས་ལྷག་བསམ་རྣམ་དག་གི་སྒོ་ནས་ཁོང་ཚོའི་ནོར་འཁྲུལ་དེ་དག་ཡོ་བསྲང་ཡོང་རྒྱུའི་ཆེད་དུ་སྐྱོན་བརྗོད་བྱེད་རྒྱུ་དེ་ནི་ཤིན་ཏུ་ནས་གལ་ཆེན་ཞིག་ཏུ་མཐོང༌། འོན་ཀྱང་བོད་ཀྱི་དུས་བབས་སྤྱིའི་འདོན་ཐེངས་ ༤༥༤ ནང་དར་ཐང་བ་ཨོ་རྒྱན་བཀྲ་ཤིས་མིང་ཅན་གྱི་དཔྱད་གཏམ་མགོ་བརྗོད་ལ། བོད་དོན་ལ་ཕན་ཆེད་གླེང་བ་རེད་དམ། ཞེས་པའི་རྩོམ་ཡིག་དེ་ཁོ་བོས་ཐེངས་ཁ་ཤས་ཤིག་བཀླགས་པ་ཡིན། དེས་ཕྲན་ལ་ཚོར་བ་སྐྱུར་མོ་ཞིག་སྦྱིན་བྱུང༌། བོད་དོན་ཆེད་དུ་ལས་འགུལ་སྤེལ་བ་མཐའ་དག་བོད་དོན་ལ་ཕན་པའི་ཆེད་དུ་ཡིན་པ་ཡོངས་གླིང་སློབ་གྲྭའི་བྱིས་པ་ཚོས་ཀྱང་ཧ་གོ་ཡི་ཡོད་ཀྱང་ཁྱོད་ཀྱི་ཀླད་པ་ཅི་ཞིག་གིས་སྒྲིབ་སོང་བ་ཡིན་ནམ། རྩོམ་ཡིག་དེ་རང་གི་ཕ་མེས་ཀྱི་རིག་གཞུང་ལ་གདུང་བའི་ངུ་ངག་རྣལ་མ་ཞིག་མ་ཡིན་པར་གང་ཟག་གཞན་ལ་ཟུར་ཟ་དང་འཕྱ་སྨོད་ཀྱི་བརྗོད་ཚིག་འབའ་ཞིག་ཏུ་མངོན། གལ་ཏེ་ཁྱོད་ལ་རང་གི་རིག་གཞུང་ལ་བཅངས་པའི་དྲང་བདེན་གྱི་ལྷག་བསམ་ཞིག་ཡོད་ན་ཁྱོད་ཀྱང་བོད་པ་ཡིན་པས་ཁོང་ཚོའི་ལས་དོན་དང་གསལ་བསྒྲགས་སོགས་སྤེལ་རྒྱུར་རོགས་རམ་བྱས་ན་ཆོག་པ་ལས། ཨ་ཕོ་ཧོར་གྱིས་ལ་བརྒྱབ་པ་མ་མཐོང་བར། ཐུད་བཟས་པ་མཐོང་ཞེས་པའི་དཔེ་ལྟར་ཧོར་གྱིས་ལ་བརྒྱབ་པའི་སྐོར་མ་གླེང་བར་ཐུད་བཟས་པ་ཁོ་ནའི་སྐོར་གླེང་ན་དོན་སྙིང་མི་འདུག་སྙམ། བོད་དོན་གླེང་བ་ཞེས་པའི་ཚོགས་པ་དེ་ནི་བོད་གཞུང་དང་ཕྱི་རྒྱལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དག་གིས་འགྲོ་གྲོན་བཏང་ནས་བཙུགས་པ་ཞིག་མ་ཡིན་པར་རང་གི་མི་རིགས་ལ་གདུང་ཞེན་ཟབ་པའི་གངས་ཕྲུག་དཀྱུས་མ་འགའ་ཞིག་གིས་༧གོང་ས་མཆོག་གི་བཀའ་སློབ། བོད་བསྟན་པ་ཆབ་སྲིད་ཀྱི་གནད་དོན་འདི་བོད་མི་རེ་གཉིས་ཤིག་ལ་འཁྲི་བའི་ལས་འགན་ཞིག་མ་ཡིན་པར་བོད་མི་རེ་རེའི་ཕྲག་སྟེང་ན་ཡོད་པའི་ལས་འགན་ཞིག་ཡིན་ཞེས་པའི་བཀའ་སློབ་ཀྱི་དགོངས་དོན་ཇི་བཞིན་གསར་དུ་བཙུགས་པ་ཞིག་རེད། ཁོང་ཚོས་རེ་གཟའ་སྤེན་པ་ནམ་ཡིན་ལ་རང་ཉིད་སྒེར་གྱི་ལས་དོན་རྣམས་དོར་ནས་བོད་མིའི་མ་འོངས་པའི་བདེན་དོན་གྱི་ཆེད་དུ་ལས་འགུལ་རབ་དང་རིམ་པ་སྤེལ་ནས་ཟླ་བ་བཅུ་ལྷག་ཙམ་འདས་ཟིན། ཁྱོད་ཀྱིས་བོད་དོན་གླེང་བ་འདི་བདུན་ཕྲག་གཅིག་གི་ནང་ནས་གཟའ་སྤེན་པ་གཅིག་པུ་ལ་གོ་སྒྲིག་བྱེད་ཀྱི་ཡོད་པ་ཞིག་རེད། འོ་ན་བདུན་གཅིག་གི་ཆུ་ཚོད་བརྒྱ་དང་དྲུག་ཅུ་ལྷག་གི་ནང་ནས་སྐར་མ་འགའ་ཡང་གསལ་བསྒྲགས་དེའི་སྒང་ལ་གཏོང་མི་ཐུབ་པ་རེད་དམ་ཞེས་དྭང་བླངས་ཀྱི་ལས་འགུལ་བ་ཚོར་དམའ་འབེབ་དེ་ལྟར་བྱས་འདུག་པས་བློ་རྣལ་ལ་ཕབ་ནས་བསམ་དུས་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད། ཁོང་ཚོས་བདུན་ཕྲག་གཅིག་གི་ནང་ནས་གཟའ་སྤེན་པ་གཅིག་པུར་བོད་དོན་གྱི་ཆེད་དུ་ལས་འགུལ་ཞིག་སྤེལ་གྱི་ཡོད་ན། འོ་ན་ཁྱོད་ཀྱིས་ཞག་མ་སུམ་བརྒྱ་དྲུག་ཅུ་དང་ཆུ་ཚོད་བཞི་སྟོང་ལྔ་བརྒྱ་ལྷག་ཙམ་ནང་བོད་དོན་ཆེད་དུ་ལས་འགུལ་ལམ་རྩོམ་ཡིག་གང་འདྲ་ཞིག་སྤེལ་མྱོང་ཡོད་དམ། ཁྱོད་ཀྱི་གཏམ། སྤྱི་ཚོགས་འདིའི་མི་བུ་རེ་ཟུང་དང་ཚོགས་པ་རེ་འགས་བོད་ཀྱི་སྐད་ཡིག་འདི་བསམ་བཞིན་འཆི་ལམ་ལ་ཕུད་རྒྱག་བྱེད་བཞིན་པ་འདིས། ཞེས་བསམ་བཞིན་དུ་འཆི་ལམ་ལ་ཕུད་རྒྱག་རྒྱག་མཁན་དེའི་ནང་ངའི་བསམ་པར་ཁྱོད་ཀྱང་ཚུད་འདུག་སྙམ། རང་ཅག་བོད་པའི་ཁ་དཔེ་ལ་གཞན་ལ་བལྟ་བའི་མིག་ཡོད་ཀྱང༌། རང་ཉིད་བལྟ་བར་མེ་ལོང་དགོས་ཞེས་པ་ལྟར། ཁྱོད་ཀྱི་རྩོམ་ཡིག་ཐུང་ཐུང་དེའི་ནང་ལའང༌། ཡིག་འབྲུ་ལ་ཡིག་འབྲི་དང༌། བྱ་ཚིག་མ་འོངས་པ་གཏང་རོགས་ཞེས་པར་གཏོང་རོགས་དང༌། ངའི་བསམ་པར་ཞེས་པར་ངས་བསམ་པར་ཞེས་དང༌། ཁོའི་བྱེད་སྟངས་ཞེས་པར་ཁོས་བྱེད་སྟངས་དང༌། མ་བརྒྱབ་སྔོན་ལ་ཞེས་པར་མ་རྒྱབ། ཅེས་པ་སོགས་རང་ཉིད་བྱ་ཚིག་དང༌། བྱེད་འབྲེལ་གྱི་རྣམ་བཞག་ལ་རྨོངས་བཞིན་དུ་གཞན་ལ་དག་ཐེར་བྱེད་ཁུལ་འདི་དགོད་བྲོ་བ་རང་རེད། མ་གཞི་ནས་རང་ཉིད་ལ་བོད་དོན་གྱི་ཆེད་དུ་ལས་ཀ་བྱེད་རྒྱུར་སྤོབས་པ་དང་ནུས་པ་སོགས་གང་ཡང་མེད་བཞིན་དུ་ད་དུང་གང་ཟག་གཞན་གྱིས་བྱས་པའི་ལས་ཀར་རྒྱབ་སྐྱོར་དང་རོགས་རམ་མི་བྱེད་པར་ག་དུས་ཡིན་ནའང་གང་ཟག་གཞན་ལ་མཐོང་ཆུང་དང་དམའ་འབེབ་བྱེད་རྒྱུར་དགའ་བའི་མི་རིགས་འདི་འགྱེལ་ས་དེ་ནས་ག་དུས་ཡར་ལངས་ཐུབ་བམ། སྤུན་ཟླ་ཚོ།
 
གུས་པའི་ལག་ཐོག་ཁ་པར་ཨང་གྲངས་ནི། ༩༨༨༢༣༡༠༥༥༦ གློག་འཕྲིན་ཁ་བྱང་ནི། gangtrug_gyaltsen@yahoo.com ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༨ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese