མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡོད་ཚད་ཚན་རིག་དབང་བཙན་པ་བྱ་དགོས་དོན་མེད། འབྲོང་ངུར་ཆོས་རྗེ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་ཡང་བོད་ཀྱི་གཏམ་དཔེར། མ་ཤོད་ཟེར་མི་མེད་དུས། ཨ་ཕོ་གང་བཤད་རེད་བཞག ཟེར་བ་ལྟར་ཉེ་ཆར་བོད་ཀྱི་དུས་བབ་གསར་ཤོག་འདོན་ཐེངས་ ༤༥༢ ཐོག་དགེ་བཤེས་ལྷག་རྡོར་ཟེར་བ་ཞིག་གི་བསམ་འཆར་དེས་མཚོན་ཚན་རིག་ཏོག་ཙམ་ཐོས་སྦྱངས་མྱོང་བའི་གང་ཟག་ཞིག་ཡིན་ནས་བཟུང་ཕལ་ཆེར་དེ་ལྟར་སྨྲ་སྲིད་མོད། སྤྱིར་ཁྱོད་ཀྱིས་ཕྱི་དངོས་པོའི་ཐོག་ནས་རྗེས་ལུས་ཞེས་པ་དེ་ནང་ཆོས་ལ་བརྟེན་ནས་ཁ་ཡོད་ལག་ཡོད་ཀྱི་གནམ་གྲུ་དང་རླངས་འཁོར་གློག་ཀླད་སོགས་ཕྱི་དངོས་པོའི་ཡར་རྒྱས་ཕུན་སུམ་ཚོགས་པ་འདི་དག་གསར་བསྐྲུན་མེད་པ་དེར་བརྟེན་རྗེས་ལུས་ཞེས་མིང་བཏགས་ན་ངས་ལགས་སོ་ལོས་ཞུ། དེ་ལྟར་ཁས་བླངས་པས་ནང་ཆོས་ཀྱི་གཟི་བརྗིད་སྤུ་ཉག་ཙམ་ཡང་ཆུང་དུ་འགྲོ་མི་སྲིད་དེ། རིག་གནས་སོ་སོར་ཐུན་མིན་ཁྱད་ཆོས་རེ་ཡོད་ཅིང་དེ་ཀུན་འགྲོ་བའི་ཉེར་མཁོ་ཡིན་པས་སོ། །དཔེར་ན་གསོ་བ་རིག་པ་བཞིན།  འོན་ཀྱང་ཁྱོད་ཀྱིས་གང་ལ་བརྗོད་པ་ནི་ངས་གསལ་པོར་དཔོག་ཐུབ་ཀྱིན་འདུག་པས། སངས་རྒྱས་ཀྱིས་གསུངས་པ་ནོར་འདུག་གམ་ཁྱོད་ཀྱིས་གསུངས་པ་ནོར་འདུག་ངས་གསལ་བཤད་༼དགེ་བཤེས་དག་ཀྱང་མགོ་འཁོར་ན་གཞན་ལྟ་ཅི་སྨོས་དེའི་ཕྱིར་རང་གཞན་ཀུན་མགོ་བསྐོར་མ་ཐེབས་པའི་ཆེད་འདི་མ་བྲིས་ཀ་མེད་ཆགས།༽ཅིག་བྱེད་ཆོག དེ་ཡང་གླེན་པའི་ལྷག་བསམ་ཅན་ཁྱེད་ནང་པར་ཁས་འཆེ་བ་ཞིག་གིས་དེ་ལྟར་བཤད་པ་དེས་ནང་ཆོས་ཆ་ཚང་ཆུ་ལ་གཡུགས་པ་མ་ཤེས་སམ། སངས་རྒྱས་ཀྱིས་ཕྱི་དངོས་པོའི་འགྲེལ་བཤད་གནང་བ་དེ་དག་དཔེ་དང་བཅས་༼དཔེ་དེ་ཡང་རང་གི་ཨ་མའི་ཕོར་པ་བཞག་འདུག༽ནོར་འཁྲུལ་དང་རྗེས་ལུས་ཡིན་པར་ཁས་ལེན་དགོས་ཟེར་བ་ནི། དོན་དུ་ཡུལ་གྱི་གནས་ཚུལ་ཇི་བཞིན་མ་མཁྱེན་པ་རེད་ཅེས་བརྗོད་པ་ནི་ལྟ་ཅི་སྨོས། དེ་ལྟར་ན་ང་ཚོས་རྣམ་མཁྱེན་ཡེ་ཤེས་ཞེས་ཁུངས་གཏུག་ས་ཡོད་ན་མེད་ན་དེ་ད་ནི་བརླག་ཚར། མངོན་གྱུར་ཕྱི་སྣོད་ཀྱི་བཀོད་དབྱིབས་ཆེ་ཆུང་སོགས་གང་འདྲ་ཡོད་མེད་ཙམ་ཡང་ཇི་བཞིན་མ་རྟོགས་པའི་ཤེས་པ་ཞིག་གིས་ད་དུང་ཤེས་བྱ་ཐམས་ཅད་མཁྱེན་རྒྱུ་དང་དེ་ཡང་མངོན་སུམ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མཁྱེན་ཟེར་བ་དེ་དག་ཇི་ལྟར་འཐད་དམ། ཁྱོད་ལྟར་ན་མངོན་གྱུར་ཙམ་ལའང་རྨོངས་པའི་གང་ཟག་ཅིག་ལ་ང་ཚོས་སྐྱབས་གནས་དང་བློས་ཐུབ་ཡིད་ཆེས་བྱེད་ཀྱིན་ཡོད་ཅེས་དོན་གྱིས་ཁྱབ་བསྒྲགས་བྱས་པ་རེད། རང་གི་མདུན་ན་ཡོད་པའི་ཁང་པ་ཡང་མི་མཐོང་བའི་མི་ཞིག་གིས་ཐག་རིང་གི་སྤུ་ཉག་གསལ་བར་མཐོང་ཟེར་ན་གད་མོའི་གནས་ཁོ་ན་མ་ཡིན་ནམ། དེར་བརྟེན་ཁྱོད་ཀྱི་སྐད་ཆ་དེ་ངོམ་རིན་ཡོད་པ་ཞིག་གཏན་ནས་མིན། བརྗོད་རྒྱུ་མང་ཡང་དེ་ཙམ་བྱས།

འོ་ན་རི་མཚོ་གླིང་སོགས་ཀྱི་རྣམ་གཞག་གསུངས་པ་རྣམས་ཇི་ལྟར་བྱ་སྙམ་ན། སངས་རྒྱས་ཀྱིས་སྤྱིར་འཇིག་རྟེན་གྱི་བཀོད་པ་མ་ངེས་པ་སྣ་ཚོགས་གསུངས་ཡོད་ཅེས་པ་ནི་ཡོངས་སུ་གྲགས་མོད། དེང་དཔེ་མཚོན་དུ་བཞག་ན། མཛོད་ལས་བསྟན་པའི་འཇིག་རྟེན་རྣམ་གཞག་རྣམས་ཚན་རིག་པས་བལྟས་སྐབས་མ་མཐོང་བར་བརྟེན་མང་པོ་ཞིག་གིས། ཁ་ཐུག་མ་བཤད་ཀྱང་དོན་དུ་དེ་ནི་སངས་རྒྱས་ཀྱིས་དངོས་ཡོད་གནས་ཚུལ་མ་རྟོགས་པར་བརྫུན་གསུངས་འདུག་བསམ་གྱིན་ཡོད་ལ་དེ་ལྟར་དངོས་སུ་བརྗོད་མ་ཕོད་ཀྱང་དོན་དུ་༼དངོས་ཡོད་གནས་ཚུལ་དང་བདེན་པ་བཤད་མཁན་གང་ནས་བྱུང་ཡང༌། དེ་ངེས་པར་དུ་དང་ལེན་བྱ་དགོས།༽ཞེས་སོགས་ཀྱི་ཚིག་ཟུར་ནས་འཐོན་པ་རེད།  འདི་ལ་ཕྱོགས་གཉིས་ནས་འགྲེལ་བསམ་བྱར་ཡོད་པ་ཞིག་སྟེ། དང་པོ་སྒྲུབ་ཕྱོགས་ནས་བཤད་ན་སངས་རྒྱས་ཀྱིས་དེ་ལྟར་གསུངས་པ་ནི་དེའི་ཚེ་དེའི་དུས་ཀྱི་བཀོད་པ་ལ་བསམ་ནས་དེའི་ཚེ་དེའི་དུས་ཀྱི་གདུལ་བྱ་རྣམས་ལ་གསུངས་པ་ལས། གང་གསུངས་པའི་བཀོད་དབྱིབས་དེ་དག་ལ་འགྱུར་བ་འགྲོ་མི་སྲིད་ཅེས་གསུངས་མེད། ད་དུང་མི་རྟག་པའི་རྣམ་གཞག་རྒྱ་ཆེར་གསུངས་པས་དོན་གྱིས་འགྱུར་བ་འགྲོ་ངེས་པར་ཞལ་གྱིས་བཞེས་ཤིང་མ་ཟད་དེ་དག་གི་རྒྱུ་སེམས་ཅན་གྱི་ལས་ལའང་གྱུར་བ་ཤིན་ཏུ་ཆེན་པོ་འགྲོ་བཞིན་པ་མངོན་སུམ་ཡིན་པས་སོ།། དཔེར་ན་སངས་རྒྱས་ཀྱིས་སངས་རྒྱས་ཟིན་པའི་རྗེས་སུ། སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་གསུངས་ནས་རྡོ་རྗེ་གདན་རང་དུ་ཞག་བདུན་ཕྲག་བདུན་བཞུགས་པ་རེད། ལུང་འདིས་དེའི་ཚེ་བྱང་ཆུབ་ཤིང་ཡོད་སའི་ས་ཆ་འདི་ནགས་ཚལ་ཞིག་ཡིན་པ་གསལ་པོར་བསྟན་ཀྱང་གྲོང་འཁྱེར་ཆུང་ཆུང་ཞིག་ཆགས་ཟིན། དེང་སང་ཚན་རིག་པས་འཕྲུལ་ཆས་འབུམ་ཕྲག་བཙུགས། གནམ་བསྐོར་ས་བསྐོར་ཁྲི་ཕྲག་ནས་ཁྲི་ཕྲག་བྱས་ནའང་གནས་དེར་ནགས་ཚལ་མཐོང་མི་སྲིད། དེ་ལ་ཁྱོད་ཚོས་འགྲེལ་བཤད་ཇི་ལྟར་བྱེད། དེ་བཞིན་ལོ་རྒྱུས་ནང་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག་ཅེས་གསུངས་པའང་ལོ་རྒྱུས་རྩོམ་པ་པོ་དང་ལོ་རྒྱུས་དེ་ཀུན་རྗེས་ལུས་རེད་ནོར་འདུག་ཅེས་སྨྲ་ནུས་སམ། གང་ཡིན་ཟེར་ན་དེང་སང་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་བཞི་པོ་དང་མཉམ་བསྡུར་ཞིག་མཛོད་དང༌། དཔེ་མཚོན་ཙམ་ཡིན།

གཉིས་པ་དགག་ཕྱོགས་ནས་བཤད་ན། ང་ཚོས་དེང་སང་མཐོང་མི་ཐུབ་པས་སྔོན་ཆད་ཀྱང་དེ་ལྟར་མ་རེད་ཟེར་ནམ་ཡང་མི་ཐུབ་ལ། སྔོན་དུས་དེ་འདྲ་ཡོད་ན་དེང་ཡང་དེ་འདྲ་ཡོད་དགོས་བསམ་པ་དང་དེང་སང་དེ་འདྲ་མེད་པ་ཅི་རེད་ཅེས་འདྲི་བ་འདོན་པ་ཆ་ཚང་བྱབ་ཆུང་རེད། ད་དུང་ཚན་རིག་པས་མ་མཐོང་བའི་རྒྱུ་མཚན་བཀོད་པའང་ཤིན་ཏུ་ཐ་ཆད་དེ། རིག་པའི་དབང་ཕྱུག་གིས། མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་པའི་གནས་ཚུལ་འཇལ་བྱེད་ཀྱི་རིགས་པ་དེ་རྩོད་ར་གྲུ་བཞི་ཁོ་ནའི་ནང་ཁ་བདེ་པོ་ཆགས་པའི་ཆེད་གསུངས་པ་མ་རེད། ང་ཚོས་ཚན་རིག་རྒས་པོ་ཚོའི་རྩར་ཡང་རིགས་པ་འདི་བེད་སྤྱོད་གཏོང་དགོས། རྩོད་རའི་ནང་རྩོད་པ་ལྟར་ཐལ་ཐལ་ཕྱིར་ཕྱིར་ཟེར་དགོས་དོན་མེད། ཟེར་ནའང་གོ་ཐུབ་ཀྱི་ཨེ་ཡོད། དེ་བས་བགྲོ་གླེང་དང་དྲི་བ་དྲིས་ལན་གྱི་ཚུལ་དུ་གོ་བདེའི་ལམ་ནས་མི་སྣང་བ་མ་དམིགས་པའི་རིགས་ལམ་བེད་སྤྱོད་གཏོང་དགོས། དེ་ནི་ཡུལ་གྱི་གནས་ཚུལ་མངོན་སུམ་ཁོ་ནས་ནམ་ཡང་འཇལ་མི་ཐུབ་ཅེས་དན་རྟགས་བཏོན་བྱེད་ཅིག་རེད། དཔེར་ན། ཚན་རིག་རྒན་པོ་ཁོ་རང་ལ་སྤོ་བོ་དང་རྨོ་མོ་སོགས་ཡོད་མེད་སྐད་ཆ་དྲི་ན་ཁོ་སྨྱོན་པ་ཞིག་ཡིན་ན་མ་གཏོགས་ཡོད་ཅེས་ལན་བཏབ་ངེས། དེ་ནས། ཁྱེད་རང་ལ་ཡབ་མེས་དེ་དག་ཡོད་མ་རེད། ང་ཚོས་མཐོང་གི་མི་འདུག འོ་ན་ཁྱེད་ཚོས་འཕྲུལ་ཆས་རིན་ཐང་ཆེ་རིགས་ཆེ་ཚད་བེད་སྤྱད་ནས་ང་ཚོར་མངོན་སུམ་དུ་སྟོན་དང༌། དེ་མིན་ང་ཚོས་ཁས་ལེན་གྱི་མིན་སོགས་ཕྱེད་རྩེད་མོ་དང་ཕྱེད་གནད་རྩ་ལྡན་པའི་དྲི་བ་འདི་འདྲ་བཀོད་དགོས། དྲི་བ་གནད་བསྡུས་འདི་དག་ནང་པར་ཁས་འཆེ་བ་དེ་དག་ལའང་འདྲི་འདོད། དེ་མིན་སྐད་ཆ་བཤད་སྐབས་རང་ཉིད་ཀྱི་གནས་བབ་ངོས་ཟིན་ཐོག་རང་ཉིད་ཀྱི་བརྗོད་རྒྱུའི་ཚིག་ཚུན་ཆད་ལ་དོ་སྣང་བྱེད་དགོས། གོང་ས་མཆོག་གིས་མངོན་པ་མཛོད་ནས་འཇིག་རྟེན་བསྟན་པའི་ལེའུའི་བསྐོར་གསུངས་པ་དེ་དག་ཀྱང་བདག་ཅག་གི་སྟོན་པ་ལྟར་ཐབས་མཁས་ཐུགས་རྗེ་གནང་བ་མ་གཏོགས་སངས་རྒྱས་དང་སངས་རྒྱས་གཉིས་པས་ཡུལ་གྱི་གནས་ཚུལ་ལ་འཁྱོག་བརྗོད་གནང་འདུག་ཅེས་ནམ་ཡང་གསུངས་མི་སྲིད། དེ་ནི་ཚན་རིག་དང་ནང་ཆོས་གཉིས་མཉམ་བགྲོད་བྱེད་ཐུབ་ན་གཅིག་ཕན་གཅིག་གྲོགས་ཀྱིས་སེམས་ཅན་ལ་ཕན་བདེ་བསྐྲུན་ཐུབ་པས་ན་ཚན་རིག་པ་རྣམས་དགའ་མགུ་བསྐྱེད་པ་དང་ང་རང་ཚོས་ཚན་རིག་ལ་དོ་སྣང་བྱ་ཕྱིར་གསུངས་པར་འདོད་ལ་སྐྱོན་སྤོང་ཇི་ལྟར་བྱ་དགོས་པའི་སྔོན་བརྡ་ཙམ་ཞིག་ཏུ་ཟད། དེར་བརྟེན་ཚང་མས་ཁོང་ལྟ་བུའི་རྣམ་དཔྱོད་ཡོད་མདོག་མདོག་བྱས་ནས་འདྲ་མིན་བཤད་པ་ཡིན་ན་དེ་ནི་རང་མཚང་ཕྱི་ལ་བཏོན་པ་མ་ཟད་སྤྱི་ཚོགས་ལ་འགན་མ་འཁུར་བར་ངོས་འཛིན་བྱ་རྒྱུ་ཡིན།  དེར་བརྟེན་སོ་སོའི་བསམ་ཚུལ་ཡིན་ནའང་རྒྱུ་མཚན་རྣམ་དག་ཡོད་པ་ཞིག་དང་ངེས་ཤེས་ཡོད་པ་ཞིག་བཤད་དགོས་ཀྱི་འཁྱོག་བརྗོད་དང་ལོག་བཤད་གང་དྲན་ཆ་ཚང་བརྗོད་ག་ལ་རུང༌། ད་དུང་ཚགས་ཤོག་ནང་ལ་དེ་བས་མི་རུང༌། ཁྱོད་ཀྱི་བསམ་ཚུལ་དེ་ལོག་བཤད་ཡིན་པ་ནི་ངས་གོང་དུ་བློ་སྐྱེད་ཕུལ་བ་དེས་ཤེས་མི་ནུས་སམ། ནང་ཆོས་ནས་གསུངས་པ་དེ་དག་ལ་འགྲེལ་བཤད་རྒྱག་རྒྱུ་མེད་ན་གནས་ཚུལ་ཁག་ཁག་རེད་ནོར་འདུག་ཟེར་ནའང་ཆོག་མོད། གོང་སོང་ལྟར་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ལ་ཡོད་པར་ངོ་སྤྲོད་ན་ནང་པའི་གཟི་བརྗིད་ཡིན། འགྲེལ་བཤད་རྒྱག་རྒྱུ་ཡོད་ནའང་ང་ཚོས་ནོར་བར་ཁས་ལེན་དགོས་དོན་མེད་ལ། ཡོད་ཚད་ཚན་རིག་དབང་བཙན་པ་བྱ་དགོས་དོན་ཡང་མེད། ཁོ་ཚོའང་མི་ཡིན་པས་གོ་བརྡ་སྤྲོད་ལོས་ཆོག

ཡང་སྙིང་འུ་ཅག་ཤཱཀྱའི་རྗེས་འཇུག་རྣམས་ཀྱིས་ནང་ཆོས་ལས་ནོར་ན་ནོར་བའི་རྒྱུ་མཚན་རྣམ་དག་མ་མཐོང་བཞིན་དུ་སྟོན་པ་དང་བསྟན་པའི་ནོར་འཁྲུལ་དུ་ཁས་ལེན་དགོས་དོན་ཅི། ད་ནི་ང་ཚོ་གནའ་དེང་ཤེས་ཡོན་ཟུང་འབྲེལ་གྱི་སྟོབས་ཤུགས་རྒྱས་བཞིན་པའི་གཞོན་སྐྱེས་ཚོས་རང་གི་ནང་ཆོས་དང་རང་གི་སྐད་ཡིག་རིག་གཞུང་ལ་སྟངས་འཛིན་ནན་པོ་བྱ་ཐུབ་དགོས་པ་ནི་ང་ཚོས་སློབ་སྦྱོང་དང་མཐོང་རྒྱ་བསྐྱེད་པའི་ཉིང་དགོས་ཡིན། གཞན་གྱི་ཟེར་ཚད་ལ་རྒྱུགས་དྲགས་ན་ནམ་ཞིག་ང་ཚོའི་མི་རིགས་འདི་གཞི་འཛིན་ས་མེད་པ་ཞིག་ཆགས་ངེས། གནས་ཚུལ་འདི་ལ་སུས་ཀྱང་མནོ་བསམ་ཞིབ་བཞེས་ཀྱི་རེ་བ་ཡོད།། །།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༠ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༡ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༢ སྔོན་ལ།

མཆན། 11

  1. white-tiger says:
    ལོ་ 16 སྔོན།

    i tried to write my comments in Tibetan but it is working. so please forgive me. Here what i would like to share with you guys is please do take care of the spelling. Most of you write so many wrong spellings. As recently His Holiness pointedly advised us that we should not use the colloquial (local language) in writing. friend Nad pa (sick person )has wrote many wrong spelling. i think it is becoz has strong influence of his local language.

    Reply
  2. white-tiger says:
    ལོ་ 16 སྔོན།

    Eïh-n¤Å-ˆÛ-hG-hP-!ÎmP-hôm-GZÛÅ-;¼-hô-ÇoP-‚-hGôÅ-ºhÝGü hï-»P-&GôP-Å-¤VôG-GÛÅ-Zï-hÝÅ-z;º-ÇÀôz-GmP-z-zŸÛm-¼P-GÛ-»Þ¾-Ç+h-ÍÞ-±ßGÅ-ˆÛÅ-ºƒÛ-z-hP-»Þ¾-Ç+h-ˆÛ-GhPÅ-¾-zdïm-mÅ-hG-V-Gż-z¸ô-‚Å-mÅ-P-±ôºÛ-Ç+h-¾-Zïm-D-±z-Vïm-ŸÛG-vôh-zŸÛm-»ôh-qÅ-ZïÅ-q¼-hÝ-fÞGÅ-ÇoP-GmP-hGôÅü

    Reply
  3. ནད་པ says:
    ལོ་ 16 སྔོན།

    རབ་ཡངས་གོ་ལ་ཟླུམ་པོའི་མཁའ་དབྱིངས་ནས། །རབ་རྩལ་དུས་ཀྱི་ཚན་རིག་ལན་མང་འཕུར། །རབ་མང་རྒྱུ་སྐར་གཞན་ལའང་བསྐྱོད་ནུས་ན། །རབ་རྨོངས་ཁྱོད་ཀྱི་ད་དུང་མ་མཐོང་ངམ།།

    Reply
  4. ཨ་ལ་ལ says:
    ལོ་ 16 སྔོན།

    ལོང་བ་རྣམས་ཀྱིས་ཚོན་གྱི་་སྤུ་རིས་གླེང་།།འོན་པ་དག་གིས་དེ་ལ་གོང་ཐང་བརྒྱབས།།མེད་པ་གཉིས་ལྡན་ཀུ་ཅོ་འདོན་པ་ཁྱོད།།གནའ་དེང་བཤད་པའི་སྤོབས་པ་ཡོད་མདོག་མེད།།

    Reply
  5. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    སྲེག་བཅད་བརྡར་བའི་གསེར་གྱི་ཉིང་ཁུའི་ཟླ། །ཐུབ་ཚུལ་ཆོས་བཀའ་དོར་བྱའི་སྙིགས་མར་འཛིན། །ལུས་སེམས་ངལ་བའི་ཁུར་འགེལ་རིགས་གསར་རྩལ། །ཚེ་སྲོག་བཅུད་དུ་འཛིན་པའི་ཨ་གསར་བ། །རིག་གཞུང་དགོས་ནུས་ལུས་བདེ་སེམས་སྐྱིད་ངང་། །འདི་ཕྱིར་གཞན་ཕན་རང་བདེའི་བྱ་བཞག་ཡིན། །འོན་ཀྱང་ཚན་རྩལ་རྩེ་སོན་སྤྱི་སྒེར་རྣམས། །དགོས་ནུས་འདི་ལས་ལྡོག་པར་མ་མཐོང་ངམ། །ཁྱི་རྒན་རང་ཁྲག་རུས་པའི་བཅུད་དུ་རློམ། །བོད་མའི་ལས་དབང་ཆོས་ཀྱི་ཐོག་ཏུ་འགེལ། །ཁ་ཆེས་སྲོག་བཏང་དཀོན་མཆོག་དགའ་བར་རློམས། །རྨོངས་པས་བསླུས་ལ་ཁྱད་པར་སུ་ཡིས་དབྱེ།

    Reply
  6. ནད་པ says:
    ལོ་ 16 སྔོན།

    གནའ་བོའི་ནང་ཆོས་སེམས་ཀྱི་ནོར་བུ་ཡིན། །དེང་རབས་ཚན་རིག་ལུས་ཀྱི་འཚོ་བཅུད་ཡིན། །གནའ་དེང་ཤེས་རིག་ལུས་སེམས་འབྲལ་མེད་ལྟར། །སྙིགས་དོར་བཅུད་ལེན་དུས་ཀྱི་ཚེ་སྲོག་ལགས།།

    Reply
  7. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    མངོན་པ་ཆུ་རུ་བསྐྱུར་པའི་དགེ་བཤེས་དང་། །གཅེས་ནོར་གཤེད་དུ་འཛིན་པའི་གསར་བུ་བ། །སུས་ལབ་རིགས་མཐུན་རྣམས་ཀྱིས་བདེན་པར་གོ། །དོན་དུ་གཉིས་ཆར་བདེན་པའི་ཕྱོགས་ལས་གོལ།

    Reply
  8. ནད་པ says:
    ལོ་ 16 སྔོན།

    སངས་རྒྱས་ཀྱིས་བདེན་པ་བཞིའི་རྣམ་གཞག་དཔྱིས་ཕྱིན་པ་ཞིག་བསྟན་ཡོད། དེང་རབས་ཚན་རིག་གི་ཕྱིའི་དངོས་ཁམས་རིག་པ་དང་། འཇིག་རྟེན་གྲུབ་ཚུལ་སོགས་སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པའི་ནངའདུས་ཡོད།

    ཚན་རིག་གི་ར་བ་ལས་བརྒལ་བའི་ཆོས་ནི་འགོག་བདེན་དང་ལམ་བདེན་གཉིས་ཡིན། འོན་བཏང་མཛོད་ནང་དུ་སྐྱོན་ཆ་ཞིག་ཡོད་པ་དེར་ང་ཚོས་ངེས་པར་དུ་ངེས་ལེན་བྱེད་དགོས།
    མངོན་སུམ་གི་རིག་པ་དང། མྱོང་བ། དཔྱད་པ་བཅས་ལ་ཕྱོགས་གཉིས་ཀས་ཁས་ལེན་ཡང་དག་བྱེད་པར་སོང་མངོན་སུམ་གྱི་རིག་པ་ལས་འགལ་པའི་ཆོས་ལ་ངོས་འཛིན་བྱེད་དགོས།

    Reply
  9. ཨ་ལ་ལ says:
    ལོ་ 16 སྔོན།

    གྲོགས་འབྲོང་ངར་ཆོས་རྗེ་ལགས།ཡོད་ཚད་ཚན་རིག་དབང་བཙན་པར་ཁས་ལེན་དགོས་དོན་ཡང་མེད་ལ།མངོན་སུམ་ཁས་མི་ལེན་པར་ཨུ་ཚུགས་མཐར་སྐྱེལ་བྱེད་པའི་གཤིས་ཀ་མཁྲེགས་འཛིན་བྱེད་དགོས་དོན་ཡང་མེད།ཁྱེད་ཀྱིས་བཤད་པ་བཞིན་དངོས་པོ་ཐམས་ཅད་མི་རྟག་པའི་རང་བཞིན་ཅན་ཡིན་པས་འགྱུར་བ་འགྲོ་གི་ཡོད་པ་དེ་ཡང་བདེན་པ་རེད།འོན་ཀྱང་གོང་དུ་ཁྱེད་ཀྱིས་བཀོད་པའི་རིགས་པའི་དེ་དག་རྒྱུ་མཚན་དུ་བྱས་ནས་མཛོད་ཀྱི་འཇིག་རྟེན་གྲུབ་བཞིར་གསུངས་པ་ལ་སྐབས་དེ་དུས་གྲུབ་བཞི་ཡིན་ལ་ད་ལྟ་རིལ་རིལ་དུ་སོང་བ་ནི་མི་རྟག་པའི་རང་བཞིན་གྱིས་འགྱུར་བ་སོང་ཟེར་ནས་སྒྲུབ་བྱེད་དུ་བཀོད་པ་ན།དེ་ནི་ཁྱེད་ཀྱིས་དངོས་པོའི་འགྱུར་བ་ལ་ངོ་ཡག་པོ་མ་འཕྲོད་པའི་ཞན་ཆ་ཞིག་རེད།དངོས་པོ་ལ་འགྱུར་བ་འགྲོ་བ་ནི་མི་རྟག་པའི་རང་བཞིན་ཡིན་མོད།འཇིག་རྟེན་གྲུ་བཞི་ཞིག་ནས་རིལ་རིལ་དུ་འགྱུར་དགོས་ན་མཛོད་གསུངས་པའི་དུས་མཚམས་ཕར་བཞག་དེ་ནས་སངས་རྒྱས་བཅོམ་ལྡན་འདས་དང་།དེ་ནས་ད་དུང་ཡར་ལོ་ངོ་ཁྲི་ཕྲག་ཁ་ཤས་བགྲངས་ཀྱང་།ད་དུང་ལོ་ངོ་དེ་ཙམ་གྱི་དུས་ཡུན་རིང་འཇིག་རྟེན་གྲུབ་བཞིན་ནས་རིལ་རིལ་ཆགས་པར་འགྱུར་བ་ཕར་བཞག་ཐ་ན་ཁྱེད་ཀྱིས་མིག་མདུན་དང་རྒྱུན་དུ་ལོངས་སྤྱོད་ཀྱིན་པའི་ཁ་ཕོར་དེ་ཡང་གོར་གོར་ཞིག་ནས་ནར་ནར་ཞིག་ཏུ་འགྱུར་མི་སྲིད།དེས་ན་ད་ལྟའི་ཆར་ཁྱེད་ཀྱིས་དགག་བཞག་གི་བྱ་བ་གཉེར་བའི་དུས་རིམ་ཞིག་གི་ཆུ་ཚད་ལ་སོན་མེད་པས་ད་དུང་མུ་འཐུད་ནས་རིགས་པའི་གཞུང་ལ་འབད་འབུངས་བྱས་ཚེ་མ་འོངས་པར་རེ་བ་འདྲ་འབྱུང་སྲིད།

    Reply
  10. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    བོད་ཀྱི་དུས་བབ་དྲ་ཐོག་ན་དགེ་བཤེས་འགའ་ཤས་ཀྱང་བཞུགས་སྐད་འདུག་པས། ཁོང་རྣམ་པས་བགྲོ་གླེང་གནང་ན་ལེགས་པར་འདོད།

    Reply
  11. གནས་ཚང་། says:
    ལོ་ 16 སྔོན།

    འདི་ཕལ་ཆེར་ནང་ཆོས་དང་ཚན་རིག་གཤིབས་བསྡུར་ཉམས་ཞིབ་ཐད་བཏོན་པའི་དགག་ཡིག་དང་པོ་དེ་ཆགས་ཀྱི་ཡོད་པར་མ་ཟད། རིག་གནས་སྲུང་འཛིན་ལག་ཆར་ཕྱར་བའི་གཡུལ་འཁྲུག་གསར་བ་ཞིག་གི་བསྒྲགས་གཏམ་དུ་ལྟ་མ་ཆོག་པའང་མི་འདུག་པས། ལྟ་རྒྱུ་བསམ་རྒྱུ་གཉིས་ཀ་འདུག དེ་འདྲ་ཞིག་རེད་དམ། མཁས་དབང་ཚོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese