ཞིན་ཧྭ་གསར་ཁང་གིས་ཕྱི་རྒྱལ་གྱི་ལྟ་སྐོར་བ་རྣམས་ཀྱིས་རྒྱ་ནག་གི་གཞུང་ཚབ་ཁང་དག་ནས་ཐོངས་མཆན་ཞུ་སྐབས། བོད་མ་གླེང་ཟེར། རྒྱ་ནག་ལ་ཐོངས་ཆེན་ཞུ་བ་དང་བོད་ལ་འགྲོ་བའི་ཆོག་མཆན་ཞུ་བ་གཉིས་དོན་དག་ལོག་ག་གཉིས་རེད་ཟེར།
ཞིན་ཧྭ་གསར་ཁང་གིས་ལམ་སྟོན་བྱས་དོན། ཕྱི་རྒྱལ་གྱི་ལྟ་སྐོར་བ་རྣམས་ཀྱིས་རྒྱ་ནག་གི་གཞུང་ཚབ་ཁང་ནས་ཐོངས་མཆན་ཞུ་སྐབས་བོད་ས་ཁུལ་ལ་འགྲོ་རྒྱུའི་འཆར་གཞི་ཡོད་ཚུལ་བཤད་ན་ཐོངས་མཆན་སྤྲོད་གི་མ་རེད། དེ་བས་བཤད་སྟངས་ནི། ཁྱོད་རྒྱ་ནག་གི་ས་ཆ་འགའ་རེའི་ནང་ལྟ་སྐོར་ལ་འགྲོ་གི་ཡིན་ཅེས་བཤད་དགོས་པ་རེད་ཟེར།
ངའི་རེ་བར་རྒྱ་ནག་ཅེས་པའི་ཚབ་ལ་དགྱ་ནག་ཅེས་བེད་སྤྱོད་བྱ་རྒྱུ་དེ་མཚམས་འཇོག་གནང་ན་ལེགས་པར་མཐོང་། དེར་ཚིག་སྒྲ་བཤད་བྱེད་སྐབས་དགྲ་ནག་ཅེས་འགྲེལ་དགོས་དེ་ཡང་ང་ཚོས་ཤེས་དགོས་པ་ཞིག་རེད།
ཚིག་འདི་སྔར་གྱི་བརྡ་དག་གི་ཁྲོད་ཡོད་མེད་མི་ཤེས་ཀྱང་སྔར་གྱི་གནའ་དེང་གི་མཁས་པ་ཚོའི་གསུང་རྩོམ་ནང་ལ་ཡང་མེད་སྙམ།
དྲ་གྲོགས་བོད། ཤ་ཁྲག་རུས་གསུམ་ལགས། གོང་དུ་ཉིད་ཀྱིས་བེད་སྤྱོད་བྱས་པའི་ ་་་་་་་་ འདི་ནི་དགྱའི་བྱེད་སྟངས་ལ་་་་ ཞེས་པ་དེའི་དགྱའི་ཞེས་པ་རྒྱའི་འདྲི་ཚུལ་གཞན་རེད་དམ་ ཡང་ན་གང་ཞིག་གླེང་གི་ཡོད་རེད། དེའི་སྐོར་ལ་འབྲེལ་བཤད་ཐུང་ངུ་ཞིག་གསུངས་རོིགས་ཞུ།
ཧཧཧཧཧཧཧ་
ད་རྒྱ་ནག་ར་འུ་ཐུག་ཡོད་ཁུ།
ད་ལྟ་ཁོང་ཚོས་བོད་མ་གླེང་ཟེར་ནས་ཁ་གསལ་བོའི་སྒོ་ནས་ཡུལ་སྐོར་དག་ལ་བཤད་བཞིན་ཡོད་པ་རེད། རྗེས་ཕྱོགས་བོད་པ་ཟེར་བ་ནི་དགྱའི་ཆ་ཤས་ཡིན་པར་ཁས་ལེན་བྱེད་ན་ཡུལ་སྐོར་ལ་ཡོངས་ཆོག་ཟེར་ནས་ས་རྟགས་ཤིག་ཀྱང་བསྡུ་རུབས་བྱེད་སྲིད་ངེས། འདི་ནི་དགྱའི་བྱེད་སྟངས་ལ་ཡར་རྒྱས་འགྲོ་བཞིན་པས་རྟགས་མཚན་རེད། བོད་པ་ཚོ་མེད་པར་གཏོང་འདོད་ཀྱི་ཐབས་ཤེས་གཞན་དག་རེད།
ཨོ་ད་ཡིན་ན། དྲང་གཏམ་རྐྱང་རྐྱང་གིས་ལམ་ནས་རྒྱ་ངག་གི་མི་ཚེ་རྫོགས་རྒྱུ་རེད་ཡ། ངོ་མ་ཡིད་རེ་སྐྱོ་ཡ།