མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤ་རུས་ལ་འཐིམ་འོས་པའི་རང་གི་རིག་གཞུང་ལེན་དུ་ཡོང་།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

རང་ཉིད་བོད་མི་ཡིན་པ་གང་ཞིག་ལ་རང་མི་རིགས་ཀྱི་རིག་གཞུང་དང་རྒྱལ་རབས་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། ཡ་རབས་སྤྱོད་བཟང་སོགས་རང་ཉིད་རྒྱལ་ཁབ་གང་ཞིག་ཏུ་བསྡད་ཡོད་ཀྱང་མི་རིགས་གང་ཡིན་པ་མི་བརྗེད་པར་བྱ་རྒྱུ་དང་། མི་རིགས་ཀྱི་ཞེན་ཁོག་དང་ལ་ཞེན། སྤོབས་པ་སོགས་ཡིད་ལ་འཇགས་ཆེད་དུ་འདིར་ཡོང་བ་རེད་ཟེར།

ཟླ་བདུན་པའི་ཚེས་ ༣ ཉིན་ནས་ཟླ་བརྒྱད་པའི་ཚེས་ ༧ བར་ངྷ་སྟེང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ཤེས་ཡོན་སྡེ་ཚན་དང་ཨ་རིའི་དོན་གཅོད་ཁང་མཉམ་འབྲེལ་བྱས་ཏེ་ཨ་རི་གཙོས། ཡུ་རོབ་ཀྱི་སུད་སི་དང་ཧྥ་རན་སི་སོགས་རྒྱལ་ཁབ་ ༦ ནས་འཚར་ལོངས་བྱུང་བའི་བོད་པའི་གཞོན་སྐྱེས་སློབ་མ་ ༧༣ ལྷག་ལ་ནུབ་ཕྱོགས་ཀྱི་དབྱར་ཁའི་གུང་གསེང་དང་སྟབས་བསྟུན་གྱིས་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས། ཆོས་དང་རིག་གཞུང། བཙན་བྱོལ་བོད་མིའི་གནས་སྟངས། བོད་ནང་གི་དོན་རྐྱེན་སོགས་གཟིགས་འབུལ་གྱིས་སློབ་སྦྱོང་སྤྲོད་ཀྱིན་ཡོད་པ་དང་། དམིགས་བསལ་༧གོང་ས་མཆོག་ནས་གལ་གནད་དུ་བཟུང་སྟེ་གཟིམ་ཆུང་མཇལ་ཁ་དང་ལམ་སྟོན་བཀའ་སློབ་གནང་ཡོད་པ་མ་ཟད། ༧རྒྱལ་བ་ཀརྨ་པ་མཆོག་དང་བཀའ་བློན་ཁྲི་པ། སྐུའི་གཅུང་མོ་རྗེ་བཙུན་པདྨ་བཅས་ཀྱིས་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད། ཕྱི་ཚེས་ ༣ ཉིན་འདི་གའི་གསར་འགོད་པ་ངྷ་སྟེང་བོད་ཁྱིམ་དུ་སོང་སྟེ། བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་འབྲེལ་ཡོད་ལས་བྱེད། དེ་བཞིན་ནུབ་ཕྱོགས་ནས་ཡོང་བའི་བོད་རིགས་སློབ་ཕྲུག་ཚོའི་མཉམ་དུ་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན། 

བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་དྲུང་ཆེ་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་ལས་རིམ་འདིའི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་དོན། ང་ཚོ་བཙན་བྱོལ་བོད་མི་འདུས་སྡོད་ཀྱི་གནས་ཆེ་ཤོས་རྒྱ་བལ་འབྲུག་གསུམ་དུ་ཡོད་ཀྱང་། གཞན། ཨ་རི་གཙོས་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བས་ནང་བོད་པ་ཁྱབ་བསྡད་ཡོད་པ་རེད། ཡིན་ནའང། དེ་དག་ནང་རང་ཉིད་བོད་མི་ཡིན་པ་གང་ཞིག་ལ་རང་མི་རིགས་ཀྱི་རིག་གཞུང་དང་རྒྱལ་རབས་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། ཡ་རབས་སྤྱོད་བཟང་སོགས་རང་ཉིད་རྒྱལ་ཁབ་གང་ཞིག་ཏུ་བསྡད་ཡོད་ཀྱང་མི་རིགས་གང་ཡིན་པ་མི་བརྗེད་པར་བྱ་རྒྱུ་དང་། མི་རིགས་ཀྱི་ཞེན་ཁོག་དང་ལར་ཞེན། སྤོབས་པ་སོགས་ཡིད་ལ་འཇགས་ཆེད་ ༡༩༩༧ ལོར་ཕྱི་རྒྱལ་ཁག་ནས་ཡོང་པའི་སློབ་མ་ ༧ བསྡུ་རུབ་བྱས་ཏེ་ང་ཚོས་ལས་རིམ་འདི་ཐོག་མར་མགོ་འཛུགས་བྱས་པ་རེད། དེ་ཡང་གཙོ་བོ་སྐུའི་གཅུང་མོ་རྗེ་བཙུན་པདྨ་ལགས་ཀྱིས་ཕྱི་རྒྱལ་དུ་གནས་སྡོད་བཙན་བྱོལ་བོད་མིའི་གནས་སྟངས་ལ་གཟིགས་ཏེ་བོད་མི་རིགས་ཀྱི་རིག་གཞུང་དེ་ཉིིད་ཉམས་པ་སླར་གསོ་དང་མི་ཉམས་རྒྱུད་འཛིན་ཆེད་དམིགས་པ་རེད། ཨ་རིའི་དོན་གཅོད་ནས་ལས་རིམ་ཚགས་ཚུད་ཐད་མཐུན་རྐྱེན་དང་རྒྱབ་སྐྱོར་གང་ལེགས་གནང་བ་རེད། ང་ཚོས་སློབ་མ་བསྡུ་རུབ་བྱས་སྐབས་གཙོ་བོ་བོད་རང་གི་རིག་གནས་སློབ་གསོའི་ཁོར་ཡུག་མེད་པའི་ཡུལ་གྲུ་ལ་དམིགས་ཏེ་སློབ་མ་བསྡུ་རུབ་བྱེད་ཀྱིན་ཡོད་ལ། གཙོ་བོ་ཕྱི་རྒྱལ་དུ་ཡོད་པའི་ས་གནས་སྤྱི་མཐུན་ཚོགས་པ་ཁག་གིས་མཉམ་རུབ་ཀྱིས་སློབ་མའི་མིང་ཐོ་བཀོད་རྗེས་དྲ་ཐོག་ནས་འབྲེལ་བ་བྱས་ཏེ་ཟླ་ ༡ དང་བདུན་ཕྲག་གཅིག་གི་དུས་ཡུན་ནང་སློབ་མ་རེར་ཨ་སྒོར་ ༣༠༠ ཡི་མ་དངུལ་བསྡུ་རུབ་ཀྱིས་བོད་མི་རིགས་ཀྱི་རིག་གཞུང་ཐད་བག་ཆགས་འཇོག་གིན་ཡོད་པ་རེད། ད་ལྟའི་བར་ལས་རིམ་འདི་ལ་ཕྲུ་གུའི་ཕ་མ་མང་པོས་ཡིག་ངག་གཉིས་ཀྱི་ལམ་ནས་ང་ཚོར་བཀའ་དྲིན་ཞུ་གིན་འདུག་ལ། ང་ཚོའི་ངོས་ནས་ཀྱང་འདིའི་ཐད་ནུས་པ་གང་ཡོད་བཏོན་ཡོད་སྟབས། ལོ་རེའི་སློབ་མའི་གྲངས་འབོར་འཕར་བཞིན་འདུག་ལ། དེ་དག་ལ་བལྟས་ནའང་ཕན་ཐོགས་གང་འཚམ་ཐོན་གྱི་ཡོད་པ་ཤེས་ཡོང་གི་འདུག  སྤྱིར་ནུབ་ཕྱོགས་པའི་ཕ་མ་ཚོར་ལས་ཀའི་བྲེལ་བའི་ཐོག་ནས་རང་ཉིད་ཀྱི་བུ་ཕྲུག་ལ་ལྟ་སྐྱོང་གི་དུས་ཚོད་མེད་པ་དང་། བྱིས་པ་ཚོར་ཡང་ཕྱིའི་དངོས་པོའི་མཐུན་རྐྱེན་བཟང་བ་ལས་ནང་སེམས་ཀྱི་སྤྱོད་པ་སོགས་མི་རིགས་རང་གི་གཤིས་བཟང་གི་སློབ་གསོའི་སྐོར་ཡིད་ལ་འཇགས་ཐུབ་ཀྱིན་མེད་པ་རེད། དེ་ཕ་མའི་སྐྱོན་ཡིན་པ་ལས་བུ་ཕྲུག་གི་སྐྱོན་མ་རེད། གལ་སྲིད། ཕ་མ་དེ་དག་གིས་རང་གི་བུ་ཕྲུག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུའི་འདུན་པ་ཡོད་ན། མ་འོངས་པར་མུ་མཐུད་འདིའི་ཐད་དོ་སྣང་བྱས་ཏེ་ཕྲུག་གུ་མང་ཙམ་གཏོང་རྒྱུ་གལ་ཆེན་པོ་རེད་བསམ། མ་འོངས་པར་གཞི་རྩའི་འགྱུར་བ་ཆེན་པོ་མི་འབྱུང་ཡང་སྔོན་མ་ལྟར་འབྲེལ་ཡོད་ལས་བྱེད་དང་དགེ་རྒན། ཕ་མ། སློབ་མ་སོགས་ལ་བསམ་ཚུལ་བསྡུ་རུབ་བྱས་ཏེ་ལས་དོན་ཚགས་ཚུད་གཏོང་ཅི་ཐུབ་བྱ་ངེས་ཡིན། ཅེས་བརྗོད་བྱུང། 

དེ་བཞིན་གསར་འགོད་པས་སློབ་མ་ཁག་ཅིག་ལ་བོད་སྐད་དང་བོད་ཡིག་གི་དགོས་མཁོ་དང་མ་འོངས་པའི་དམིགས་ཡུལ་སོགས་ཀྱི་ཐད་བཅར་འདྲི་ཞུས་པར། ཨ་རི་ནས་ཕེབས་པའི་བུ་མོ་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་བརྗོད་དོན། ང་རང་ཨ་རིའི་ཆི་ཁ་ཀོ་ནས་སྐྱེས་པ་ཡིན་ལ་འཛིན་གྲྭ་ ༡༢ བར་ཕྱིན་པ་ཡིན། ཨ་རིའི་ནང་གཟའ་སྤེན་པའི་བོད་ཡིག་གི་འཛིན་གྲྭར་སོང་བ་ཡིན། འཛིན་གྲྭ་དེར་གཙོ་བོ་ཁ་བརྡའི་ཕྱོགས་རེད། དེ་བཞིན་ང་ཚོའི་ཁྱིམ་ཚང་ནང་རྒྱུན་དུ་བོད་སྐད་བཤད་གིན་ཡོད། ད་རེབ་ང་རང་ཐེངས་དང་པོོར་རྒྱ་གར་ནང་ཡོང་བ་ཡིན་ལ། འདིར་སླེབས་ཏེ་བོད་མི་མང་པོར་ཐུག་འཕྲད་བྱུང་བས་ཉམས་མྱོང་མང་པོ་ཞིག་ཐོབ་སོང། ད་དུང་དགེ་རྒན་ཚང་མས་བོད་སྐད་བཤད་གིན་ཡོད་སྟབས་ཧ་ཅང་སྐྱིད་པོ་འདུག་ཅེས་བརྗོད་བྱུང་ལ། ཡང་ཁོང་ལ་བོད་ཡིག་སྦྱངས་རྗེས་ག་རེ་བྱ་རྩིས་ཡོད་མེད་དང་བོད་ཀྱི་ལོ་རྒྱུས་ཀྱི་སྐོར་ནས་ག་རེ་ཤེས་གིན་ཡོད་མེད་དྲིས་པར་ཁོ་མོས། ང་རང་ཨ་རི་ན་ཡོད་དུས་ཅུང་ཙམ་མ་གཏོགས་གོ་ཡི་མེད། འདིར་སླེབས་པ་ནས་དགེ་རྒན་ཚོས་ནམ་རྒྱུན་དེའི་སྐོར་ལབ་ཀྱིན་ཡོད་སྟབས། སྔོན་མ་ལས་མང་པོ་ཧ་གོ་སོང་། མ་འོངས་པར་ང་རང་སྨན་པ་བྱས་རྗེས་བོད་ནང་ལོག་སྟེ་སྨན་ཁང་ཕྱེ་རྒྱུ་ཡིན་ལ། བོད་ནང་སློབ་སྦྱོང་གི་གོ་སྐབས་ཐོབ་ཀྱིན་མེད་པའི་བུ་ཕྲུག་དེ་དག་ལ་སློབ་སྦྱོང་གི་གོ་སྐབས་བསྐྲུན་རྒྱུ་ཡིན་ཟེར།

ལ་དྭགས་ནས་སྐྱེས་ཤིང་ད་ལྟ་ཨ་རིའི་འཛིན་གྲྭ་ ༨ པར་སློབ་གཉེར་བྱེད་བཞིན་པའི་པའི་རང་ལོ་ ༡༢ ཡིན་པའི་བུ་མོ་བསྟན་འཛིན་བྱམས་པ་ལ་སྐད་ཆ་དྲིས་པར་ཁོ་མོས། ངས་བོད་སྐད་དང་བོད་ཡིག་གཙོ་བོ་གཟའ་སྤེན་པའི་འཛིན་གྲྭའི་ནང་སྦྱངས་པ་ཡིན་ལ། བོད་སྐོར་གྱི་ལོ་རྒྱུས་ཀྱང་དབྱིན་ཇིའི་སྒང་ནས་ཤེས་པ་ཡིན། དེ་བཞིན་བོད་ནང་གི་མི་བསད་པའི་པར་མང་པོ་ཡང་མཐོང་མྱོང་ཡོད། དེ་དག་མཐོང་དུས་སེམས་པ་སྐྱིད་པོ་ཁྱོན་ནས་མི་འདུག ངས་བོད་ཡིག་སྦྱངས་དོན་ནི་ང་རང་བོད་རིགས་ཡིན་པས་རེད། ང་ཚོས་རང་གི་རིག་གཞུང་མ་སྦྱངས་པར་མི་རིགས་གཞན་གྱིས་སྦྱང་བ་ཡིན་ན་ཡག་པོ་ཡོད་པ་མ་རེད། ཡིན་ནའང། བོད་ཡིག་སྦྱང་པར་དཀའ་ལས་ཁག་པོ་འདུག འདི་དང་ཨ་རི་གཉིས་འདྲ་བོ་མི་འདུག ཨ་རིའི་སློབ་གྲྭའི་ནང་ཞལ་འདོན་སོགས་ཡོད་པ་མ་རེད། ཅེས་དང། མ་འོངས་པའི་ཐད་ལ་༧རྒྱལ་བ་རིན་པོ་ཆེས་གསུང་གིན་ཡོད་པ་བཞིན་ང་རང་གིས་སློབ་སྦྱོང་ཡག་པོ་བྱས་ཏེ་བོད་ནང་གི་བོད་མི་ཚོར་རོགས་པ་བྱ་རྒྱུ་ཡིན་ཟེར།

རང་ལོ་ ༡༧ ཡིན་ཞིང་ད་ལྟ་ཨ་རིའི་སློབ་ཆེན་ལ་འགྲོ་ལ་ཉེ་བའི་བསྟན་འཛིན་ཆོས་དབྱིངས་ཀྱིས་བརྗོད་དོན། བོད་པའི་སྐོར་ལ་ང་རང་གིས་ཞེ་དྲག་ཧ་གོ་གི་མེད། ཡིན་ནའང་། ང་ཚོ་བོད་ཀྱི་རྒྱལ་པོ་ཐོག་མ་སུ་ཡིན་མིན་སོགས་ང་ཚོ་ཨ་རིའི་གཟའ་སྤེན་པའི་འཛིན་གྲྭའི་ནང་ཤེས་པ་ཡིན། ཐེངས་འདིར་ང་རང་ལ་མཚོན་ན་ཞེ་དྲག་ཧ་གོ་གི་མི་འདུག  ཡིན་ནའང་། དགེ་རྒན་དེ་ཚོས་ཧ་ཅང་ཡག་པོ་བསླབ་ཀྱིན་འདུག་ཟེར། ཡང་ཁོང་ལ་བོད་ཡིག་སྦྱངས་དོན་ག་རེ་ཡིན་མིན་དྲིས་པར་ཁོས། སོ་སོ་རང་ཉིད་ཀྱི་རིག་གཞུང་ཤེས་ན་ཡག་པོ་འདུག དེ་ལྟར་སྦྱངས་ན་རང་ཉིད་བོད་པ་ཡིན་པའི་མིང་ཐོན་གྱི་རེད། ཨ་རིའི་ནང་དུའང་མི་རིགས་མང་པོ་ཡོད་པ་རེད། ཁོང་ཚོས་རང་ཉིད་ཀྱི་རིག་གནས་ཧ་གོ་གི་ཡོད་པ་རེད། ངས་ཀྱང་རང་གིས་བོད་ཡིག་ཡག་པོ་སྦྱངས་ཏེ་ཤེས་པ་ཡིན་ན་རང་ཉིད་བོད་པ་ཡིན་ཅེས་ལབ་ཆོག་གི་རེད། ད་ལྟ་ང་རང་ཚོའི་མིང་དེ་༧རྒྱལ་བ་རིན་པོ་ཆེའི་ཐོག་ནས་འོངས་པ་རེད། དེ་བས། མ་འོངས་པར་ང་རང་གིས་སྨན་པའི་ཆེད་ལས་ཡག་པོ་སྦྱངས་ཏེ་བོད་པའི་མིང་འཁུར་ཐུབ་པ་ཞིག་བྱ་རྩིས་ཡིན་ཟེར།

དེ་བཞིན་ཁེ་ན་ཌ་ཊོ་རོན་ཊོ་ནས་འོངས་བའི་རང་ལོ་ ༡༢ ཡིན་པའི་བསྟན་འཛིན་འཇིགས་མེད་ཀྱིས་བརྗོད་དོན། ང་ད་ལྟ་ཁེ་ན་ཌའི་ནང་འཛིན་ ༧ པར་འགྲོ་རྒྱུ་ཡིན། ངས་བོད་སྐད་དང་བོད་ཡིག་གཟའ་སྤེན་པ་དང་གཟའ་ཉི་མའི་འཛིན་གྲྭ་ནས་ཐོག་མར་སྦྱངས་པ་ཡིན། ཁྱིམ་ཚང་ནང་བོད་སྐད་ཞེ་དྲག་ལབ་གིན་མེད། ང་རང་ལ་བོད་ཡིག་གི་ཁག་ཤོས་ནི་འབྲི་རྒྱུ་དེ་རེད། གང་ལྟར། བོད་ཡིག་སྦྱོང་ན་སྐྱིད་པོ་འདུག འདི་ནས་བོད་ཡིག་སྦྱངས་རྗེས་ང་གང་འདྲ་བྱས་ནས་ཡར་རྒྱས་གཏོང་རྒྱུ་ཧ་གོ་གི་མེད་ལ། མ་འོངས་པར་གང་འདྲ་བྱ་མིན་ངས་ཤེས་ཀྱིན་མི་འདུག་ཟེར།

གསར་འགོད་པས་ཁོང་ཚོ་གཙོས་བྱིས་པ་ ༨ ལྷག་ལ་ཐད་ཀར་འབྲེལ་འདྲིས་བྱས་པ་ཡིན་ལ། ཁོང་ཚོའི་མང་ཆེ་བས་བོད་ཡིག་སྦྱོང་དགོས་དོན་དང་དེའི་དགོས་པ་སོགས་གསལ་བོ་ཞིག་ཤེས་གིན་མི་འདུག་ལ། སོ་སོའི་ཁྱིན་ཚང་ནང་དུའང་བོད་སྐད་དང་བོད་ཡིག་གི་ཁོར་ཡུག་དཀོན་པོར་གྱུར་འདུག འདིའི་ཐད་ཁོང་ཚོ་དང་ནམ་རྒྱུན་འབྲེལ་འདྲིས་ཟབ་པའི་རྒན་ནོར་བུ་ལགས་ཀྱིས་གསུངས་དོན། འདིར་སླེབས་དུས་མང་ཆེ་བས་བོད་སྐད་ཕར་ཞོག་ཐ་ན་མི་ལ་བརྩི་བཀུར་བྱེད་སྟངས་སོགས་རྒྱུན་ལྡན་གྱི་གོམས་གཤིས་མང་པོ་ཞིག་ཤེས་གིན་མི་འདུག ཡིན་ནའང། ང་ཚོས་ཉིན་གཅིག་གི་སློབ་ཐུན་ནང་བོད་ཡིག་དང་རྒྱལ་རབས། བོད་ཀྱི་ཟ་མ་བཟོ་སྟངས། གཞས་དང་ཞབས་བྲོ། བོད་ནང་གི་དོན་རྐྱེན་དང་འབྲེལ་བའི་ལྟད་མོ་སྟོན་པ་དང། གཞན། བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ། དགེ་འདུན་པ། སྨན་པ་སོགས་གདན་འདྲེན་ཞུས་ཏེ་ངོ་སྤྲོད་བྱེད་བཞིན་ཡོད། ཉིན་གཅིག་གི་དུས་ཡུན་ནང་ངལ་གསོའི་དུས་ཚོད་གཅིག་མ་གཏོགས་གཟའ་ཉི་མ་སོགས་ཀྱང་མེད་པར་མི་རིགས་རང་གི་རིག་གཞུང་དང་འབྲེལ་བའི་བྱ་འགུལ་སྣ་ཚོགས་སྤེལ་ཏེ་ཁོང་ཚོའི་རྒྱུད་ལ་འཇགས་ཐབས་བྱེད་བཞིན་ཡོད། ཡིན་ནའང། དཀའ་ངལ་ཆེ་ཤོས་དེ་ཁོང་ཚོ་དམངས་གཙོའི་ལུང་པའི་ནང་འཚར་ལོངས་བྱུང་བ་རྐྱང་ཡིན་སྟབས། སློབ་གསོ་སྤྲོད་སྟངས་སོགས་ཀྱི་ཐད་ང་ཆོའི་སློབ་མ་དང་མི་འདྲ་བར་དཀའ་ངལ་ཏོག་ཙམ་ཡོད་ཀྱང་ད་ལྟ་མང་པོ་ཞིག་གོམས་ཡོད་སྟབས། སྔོན་མ་ལས་བཟང་དུ་ཕྱིན་འདུག་ལ་ཡར་རྒྱས་འགྲོ་བཞིན་པ་གསལ་བོར་མཐོང་གིན་འདུག   དེ་བས་མ་འོངས་པར་མུ་མཐུད་འདིའི་ཐད་ནུབ་ཕྱོགས་སུ་ཡོད་པའི་ཕ་མ་རྣམས་ཀྱིས་དོ་སྣང་དང་ཐུགས་ཁུར་གནང་རྒྱུ་གལ་ཆེན་དུ་མཐོང་གི་འདུག་ཟེར།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 23

  1. མཁར་རྔ་། says:
    ལོ་ 16 སྔོན།

    ཕྱི་རྒྱལ་དུ་སོང་པར་རང་གི་སྐད་ཡིག་བརྗེད་འགྲོ་བ་སྐྱོན་ཆེ་ཤོས་རེད།
    དེ་མིན་རྒྱལ་ཞེན་གྱི་སེམས་ཤུགས་བརླག་མི་འདུག

    Reply
  2. Dhonling Bhu says:
    ལོ་ 16 སྔོན།

    ངོ་མ་དེ་ལྟ་བུའི་ལས་གཞི་བརྩམས་ཐུབ་པར་དགའ་པོ་བྱུང། དེ་མ་ཟད་དེའི་ནང་ཕ་མ་དང་ཕྲུ་གུ་གཉིས་ཀས་དོ་འཁུར་ཆེ་བཞེས་ཀྱི་འཛུལ་བཞུགས་གནང་བ་དང་དགའ་པོ་ཞེ་དྲག་བྱུང། མ་འོངས་པར་ཡང་དེ་ལྟ་བུའི་ལས་གཞི་འདི་ཁྱབ་ཆེ་རུ་གཏང་ནས་ཕྱི་རྒྱལ་མགོ་སེར་གྱི་ཡུལ་གྲུའི་ནང་ཚར་ལོངས་བྱེད་བཞིན་པའི་བོད་རིགས་ལོ་གཞོན་རྣམས་ཀྱི་བོད་ཀྱི་སྐད་ཡིག རིག་གཞུང་དང་ལེགས་བྱང་སོགས་ཤེས་མཁན་མང་པོ་ཞིག་སྐྱེད་སྲིང་བྱེད་ཐུབ་པའི་རེ་བ་དང་སྨོན་ལམ་གྲངས་མེད་ཞུ། ང་རང་ཚོའི་བོད་པའི་གཤིས་ཀའི་ནང་དེ་ལྟ་བུའི་ལས་གཞི་གསར་པ་རིགས་ལ་ཁ་གཏོང་མཁན་དང་བར་ཆད་གཏོང་མཁན་མང་དག་ཤིག་སླེབས་ཀྱི་ཡོད་ཀྱང་འཇིགས་ཞུམ་གཉིས་ཀྱི་བློ་ཡོངས་སུ་དོར་ནས་མི་རིགས་ཤིག་གནས་ཐུབ་མིན་གྱི་ལས་དབང་ལ་གཟིགས་ནས་དོ་འཁུར་ཆེ་བཞེས་གནང་རོགས་ཞུ་རྒྱུ་ཡིན།

    Reply
  3. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    ཤ་རུས་པར་

    Reply
  4. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    ཤ་རུས་པ་ཐིམ་རྒྱུ་མེད་པ་ནང་བཞིན་བོད་ཀྱི་རིགས་རྒྱུད་ཀྱང་ཐིམ་ནས་མེད་པར་ཆགས་རྒྱུ་མེད། འོན་ཀྱང་བོད་ཀྱི་རིགས་གཞུང་ནི་ཤ་རུས་པ་ལ་ཐིམ་རྒྱུ་མེད་པ་ནང་བཞིན་མ་ཡིན་པར་འཆི་ལ་ཉེ་བའི་ནད་པ། སྣུམ་ཟད་ཀྱི་མར་མེ་ནང་བཞིན་ཆགས་པ་འདི་ནི། རང་རེའི་ཕ་མའི་ལན་ཁག་མ་རེད་ལ། རྒན་པ་རྣམས་ཀྱི་ལན་ཁག་དེ་བས་ཀྱང་མིན། འདི་ནི་རྒྱ་གཞུང་རང་དོན་ངན་དབང་གི་ལག་རྗེས་རེད་ལ། གཞོན་སྐྱེས་ཆོ་མེད་མགོ་སྟོང་གིས་སྲོལ་རྒྱུན་དམའ་འབེབ་ཆུད་ཟོས་གཏོང་བའི་གྲུབ་འབྲས་རེད།

    Reply
  5. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    གནད་དོན་འདིས་ང་ཚོར་ལམ་ཞིག་སྟོན་གྱིན་འདུག བོད་ཀྱི་མ་འོངས་བའི་ལམ་ཞིག་སྟོན་གྱིན་འདུག ལམ་དེ་ནི་ལད་ཟློས་བྱེད་དགོས་པའི་ལམ་ཞིག་རེད། ལམ་དེར་ལད་ཟློས་མ་བྱེད་ན་ཁོང་བོད་ལ་དགའ་གི་མ་རེད། ཟེར་མདོག་ཁ་བོ་རེད། ཡིན་ནའང༌། ལམ་དེས་ཀྱང་ས་ཁོངས་ཆེན་པོ་ཞིག་ཆོད་ཀྱི་ཡོད་པ་མ་རེད། དཔེར་ན་བོད་ཀྱི་རྩམ་པ་ཟ་བ་རེད་ཟེར་བ་འདྲ་བོ། ང་བོད་པ་དགའ་ཟེར་བ་འདྲ་བོའི་ལམ་ཞིག་མ་གཏོགས་ཟིན་གྱིན་ཡོད་པ་མ་རེད། ལམ་དེ་ཕལ་ཆེར་གནས་སྟངས་འདི་འདྲ་ནས་མགོ་རྩོམ་རྒྱུ་ཡིན་པ་འདྲ།

    Reply
  6. ནོར། says:
    ལོ་ 16 སྔོན།

    རྒྱ་ཤི་ཏིན་ཞོའོ་ཕིན་གྱིས་སྔོན་ཆད་འདི་འདྲ་ཅིག་བཤད་ཡོད།
    世上没有不好的孩子,只有不好的教育。ནང་དོན་ཕལ་ཆེར། མི་ལེགས་པའི་སློབ་གསོ་ལས་ད་གཟོད་མ་རབས་ཀྱི་བྱིས་བ་དག་འཚར་ལོངས་འབྱུང་གི་རེད་ཅེས་བ་འདྲ།

    Reply
  7. དོན་གོ says:
    ལོ་ 16 སྔོན།

    བརྩེ་ལྡན་གྱི་དྲ་གྲོགས་རྣམ་པ། གལ་སྲིད། ཁྱེད་ཅག་དངོས་སུ་ཁོང་ཚོ་དང་འབྲེལ་བ་གནང་བའི་གོ་སྐབས་ཡོད་ཚེ། ད་ལྟ་ཁོང་ཚོ་ངྷ་སྟེང་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱེད་ཀྱིན་འདུག དངོས་སུ་ཐུག་འཕྲད་དང་སྐད་ཆ་བཤད་ཚེ་ཚོར་བ་གཞན་ཞིག་སྤྲོད་ཀྱིན་འདུག་ལ།ཚོར་བ་དེ་ཧ་ཅང་འཇིགས་སྣང་དང་སྨྲ་མི་ཤེས་པ་ཞིག་རེད། འདི་ལྟར་ཁོང་ཚོ་དང་ཁ་བརྡ་བྱས་འོང་དུས་ང་ཁོང་ཚོའི་ཕ་མ་ཚོར་ཁོང་ཁྲོ་ལངས་འོང་གི་འདུག དེ་ནི་ང་ཚོ་ཕྱི་སྡོད་ཕྲུག་གི་ཕ་མའི་སྐྱོན་ལས་བུ་ཕྲུག་རང་གི་སྐྱོན་མ་རེད་བསམ། ལོ་འདིར་སློབ་མ་ ༧༣ ལས་ཡོང་མེད་ཀྱང་ད་དུང་འདི་ལྟ་བུ་མང་པོ་ཡོད་པ་རེད་ལ། མ་འོངས་པར་ཡང་མང་པོ་ཞིག་འབྱུང་ངེས་སྟབས། ང་ཚོས་ཀྱང་ད་ལྟ་ནས་མ་བྱུང་སྔོན་འགོག་གི་ཐབས་ལམ་ཞིག་བཙལ་ན་བསམ། ནས་གྲ་སྒྲིག་བྱེད་དགོས་བསམ།

    Reply
  8. དོན་གོ says:
    ལོ་ 16 སྔོན།

    བརྩེ་ལྡན་གྱི་དྲ་གྲོགས་རྣམ་པ། གལ་སྲིད། ཁྱེད་ཅག་དངོས་སུ་ཁོང་ཚོ་དང་འབྲེལ་བ་གནང་བའི་གོ་སྐབས་ཡོད་ཚེ། ད་ལྟ་ཁོང་ཚོ་ངྷ་སྟེང་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱེད་ཀྱིན་འདུག དངོས་སུ་ཐུག་འཕྲད་དང་སྐད་ཆ་བཤད་ཚེ་ཚོར་བ་གཞན་ཞིག་སྤྲོད་ཀྱིན་འདུག་ལ། ཚོར་བ་དེ་ཧ་ཅང་འཇིགས་སྣང་དང་སྨྲ་མི་ཤེས་པ་ཞིག་རེད། འདི་ལྟར་ཁོང་ཚོ་དང་ཁ་བརྡ་བྱས་འོང་དུས་ང་ཁོང་ཚོའི་ཕ་མ་ཚོར་ཁོང་ཁྲོ་ལངས་འོང་གི་འདུག དེ་ནི་ང་ཚོ་ཕྱི་སྡོད་ཕ་མའི་སྐྱོན་ལས་བུ་ཕྲུག་རང་གི་སྐྱོན་མ་རེད་བསམ། ལོ་འདིར་སློབ་མ་ ༧༣ ལས་ཡོང་མེད་ཀྱང་ད་དུང་འདི་ལྟ་བུ་མང་པོ་ཡོད་པ་རེད་ལ། མ་འོངས་པར་ཡང་མང་པོ་ཞིག་འབྱུང་ངེས་སྟབས། ང་ཚོས་ཀྱང་ད་ལྟ་ནས་འདིའི་རིགས་མ་འོངས་སྔོན་འགོག་གི་ཐབས་ལམ་ཞིག་བཙལ་ན་བསམ།

    Reply
  9. ནོར། says:
    ལོ་ 16 སྔོན།

    ༢༠༠༩ལོའི་ཟླ་༡ནས་༨པའི་བར། ཡིད་འགུགས་ཀྱི་ནུས་བ་ཆེ་ཤིང་། བརྗོད་བྱ་དང་བློ་ཐག་ཉེ་བར་བྱ་ཐུབ་པའི་བོད་ཀྱི་དུས་བབ་ཚང་གི་འགོ་བརྗོད་ཁ་བྱང་། ཤ་རུས་ལ་འཐིམ་འོས་པའི་རང་གི་རིག་གཞུང་ལེན་དུ་ཡོང་།

    Reply
  10. དོན་གོ says:
    ལོ་ 16 སྔོན།

    བརྩེ་ལྡན་གྱི་དྲ་གྲོགས་རྣམ་པ། གལ་སྲིད། ཁྱེད་ཅག་དངོས་སུ་ཁོང་ཚོ་དང་འབྲེལ་བ་གནང་བའི་གོ་སྐབས་ཡོད་ཚེ། ད་ལྟ་ཁོང་ཚོ་ངྷ་སྟེང་བོད་སློབ་གྲྭར་སློབ་སྦྱོང་བྱེད་ཀྱིན་འདུག དངོས་སུ་ཐུག་འཕྲད་དང་སྐད་ཆ་བཤད་ཚེ་ཚོར་བ་གཞན་ཞིག་སྤྲོད་ཀྱིན་འདུག་ལ།ཚོར་བ་དེ་ཧ་ཅང་འཇིགས་སྣང་དང་སྨྲ་མི་ཤེས་པ་ཞིག་རེད། འདི་ལྟར་ཁོང་ཚོ་དང་ཁ་བརྡ་བྱས་འོང་དུས་ང་ཁོང་ཚོའི་ཕ་མ་ཚོར་ཁོང་ཁྲོ་ལངས་འོང་གི་འདུག དེ་ནི་ང་ཆོ་ཕྱི་སྡོད་ཕ་མའི་སྐྱོན་ལས་བུ་ཕྲུག་རང་གི་སྐྱོན་མ་རེད་བསམ། ལོ་འདིར་སློབ་མ་ ༧༣ ལས་ཡོང་མེད་ཀྱང་ད་དུང་འདི་ལྟ་བུ་མང་པོ་ཡོད་པ་རེད་ལ། མ་འོངས་པར་ཡང་མང་པོ་ཞིག་འབྱུང་ངེས་སྟབས། ང་ཚོས་ཀྱང་འདིའི་རིགས་ད་ལྟ་ནས་གྲ་སྒྲིག་བྱེད་དགོས་བསམ།

    Reply
  11. ནད་པ says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་ཁམས་བཟང་། ཕྱི་རྒྱལ་དུ་བཞུགས་པའི་བོད་རིགས་འདྲེས་མའི་ལོ་ཆུང་གཞོན་ནུ་ཚོར་ད་དུང་ང་ཚོས་འདི་ནས་གང་ཐུབ་ཅི་ཐུབ་ཀྱིས་བོད་སྐད་དང་བོད་ཡིག་སློབ་འཁྲིད་བྱེད་དགོས་ངེས་རེད།

    ད་དུང་འདི་འདྲའི་མི་རིགས་ནི་ལོ་རེ་ནས་ལོ་རེར་མང་དུ་མ་གཏོགས་ཉུང་དུ་ཁྱོན་ནས་འགྲོ་ཡི་མ་རེད། བྱས་ཙང་བཙན་བྱོལ་གཞུང་གིས་གྲ་སྒྲིག་སྡུག་ས་ནས་གནང་རྒྱུའི་དུས་ལ་སླེབས་འདུག་སྙམ།

    Reply
  12. ཁམས་པའི་བླ་རྒན། says:
    ལོ་ 16 སྔོན།

    འཕྲིན་ལས་ཟེར་བ་དང་གངས་གླག་གཉིས་ལ་ཞུ་རྒྱུ། ཁྱེད་གཉིས་ཀྱིས་བོད་ཡིག་ལ་མཐོང་ཆུང་མ་བྱེད་རོགས་སྐུ་མཁྱེན།

    Reply
  13. བཙན་པོ། says:
    ལོ་ 16 སྔོན།

    ནོར་བཅོས་་་་འགྲོ་ཀི་ཡོད་ནི་རྐྱང་རྐྱང་རེད།

    Reply
  14. བཙན་པོ། says:
    ལོ་ 16 སྔོན།

    ལུས་བོ་ནུབ་ཕྱོགས་ན་ཡོད་ཀྱང་བོད་པ་ཚོར་སྐོར་མོ་དགའ་བ་ལས་ཤེས་ཡོན་ལ་དགའ་ནི་མ་རེད། སློབ་ཕྲུག་འདི་ཚོ་ཚང་མ་གཞུང་གཉེར་སློབ་གྲའི་ནང་འགྲོ་ཀི་ཀྱང་ཀྱང་རེད། གཞུང་གཉེར་སློབ་གྲའི་སློབ་མ་ཚོ་ནི་གྲལ་རིམས་དམའ་བོའི་སློབ་མ་ཚོ་འགྲོ་ས་རེད། སློབ་གྲ་དེ་དག་ནི་ཁོར་ཡུག་བཟང་ནི་མ་རེད། མཐུན་རྐྱེན་འཛོམས་ནི་མ་རེད། སློབ་མ་་ཀུན་ཡག་ནི་མ་རེད། དེ་ཕྱིར་དེ་ན་སློབ་མ་ཚད་ལྡན་ཅིག་ཡོང་དཀའ་ནི་རེད། གཞུང་གཉེར་སློབ་གྲིའ་མི་རིགས་ནག་པོ་དང་ལ་ཏིན་མི་སོགས་གྲངས་ཉུང་མི་རིགས་རྐྱང་རྐྱང་རེད། མི་རིགས་དཀར་པོ་ཚོའི་བུ་ཕྲུག་ཚོ་སྒེར་གཉེར་ སློབ་གྲའི་ནང་འགྲོ་ཀི་ཡོད་ནི་རེད། དེ་ཕྱིར་ཁོ་ཚོ་ནམ་ཡིན་ན་འང་དཔོན་པོ་ཡིན་ནི་རེད། མདོ་དོན་བོད་པ་ཚོས་རང་གི་བུ་ཕྲུག་གི་ཆེད་དངུལ་འདོད་ཡོད་ནི་རེད།

    Reply
  15. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    གང་ལྟར་ག་རེ་ཡིན་ཤེས་མ་སོང་། གསར་འགྱུར་འདི་ཀློག་སྐབས་ངའི་མིག་ལས་མིག་ཆུ་དབང་མེད་དུ་ཐོན་ཡོང་གི་འདུག ང་ཤུགས་ཆེན་པོ་ངུ་འདོད་འདུག ཡིན་ནའང་ངའི་ངག་སྒོ་བསྡམས་འདུག ངའི་རང་གི་མི་རིགས་འདི་གང་འདྲ་ཞིག་ཏུ་འགྱུར་བཞིན་པ་གསལ་པོ་ཤེས་ཀྱི་འདུག ཡིན་ནའང་བོད་མི་རིགས་ཀྱི་ལས་དབང་འདི་ད་ལྟ་སྡུག་པའི་ནང་ནས་སྐྱིད་པོ་རེད། མ་འོངས་པའི་དུས་ཡུན་ནང་དེ་ལས་ཀྱང་སྡུག་པ་ཞིག་ཡོང་ས་རེད་བསམ་གྱི་འདུག ང་ཚོའི་སེམས་གཏིང་ན་ཡོད་པའི་དཀའ་སྡུག་འདི་བརྗོད་མི་ཐུབ་པ་ཞིག་རེད་འདུག དྲ་གྲོགས་སུ་ཞིག་གིས་བོད་རིགས་སློབ་མ་འདི་དག་ངོ་ཤེས་ཀྱི་ཡོད་ན་ངའི་སྐད་ཆ་འདི་ཤོད་རོགས། ཁྱོད་ཚོ་བོད་མི་ཞིག་ཡིན་པ་དང་། གོ་སྐབས་བྱུང་འཕྲལ་རྡ་སར་ཡོང་སྟེ་བོད་ཡིག་སྦྱོང་བཞིན་པའི་གསར་འགྱུར་ཐོས་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། མ་འོངས་པར་ཁྱོད་ཚོ་རྒྱལ་ཁབ་གང་ཞིག་གི་ནང་དུ་རང་གི་མི་ཚེ་བསྐྱལ་ཡང་སོ་སོ་བོད་མི་ཞིག་ཡིན་པ་མ་བརྗེད་རོགས། བོད་མི་རིགས་འདི་དཀའ་སྡུག་ལ་ཐུག་ཡོད་པས་ཁྱོད་ཚོས་བོད་ཀྱི་དོན་དེ་རང་དོན་ཞིག་བརྩི་རོགས། ཁྱོད་ཚོའི་ཕ་མ་བཙན་བྱོལ་བ་ཆགས་པ་བརྒྱུད་ཁྱོད་རང་ཕྱི་རྒྱལ་ལ་སླེབས་པ་རེད། མ་འོངས་པའི་དུས་ཡུན་ནང་བོད་ལ་རང་དབང་ཏོག་ཙམ་བྱུང་བ་ཡིན་ན་ཁྱོད་ཚོ་སོ་སོའི་ཕ་ཡུལ་ལ་ལོག་ཡོང་རོགས། ངས་ཤེས་ཀྱི་ཡོད། ཁྱོད་ཚོས་བོད་སྐད་ཡག་པོ་མི་ཤེས་ཀྱང་བོད་མི་རིགས་ཀྱི་ལར་ཞེན་དེ་གང་འདྲ་ཡོད་པ་ཤེས་ཀྱི་ཡོད། ངས་བོད་མི་རིགས་འདི་ཉིན་གཅིག་མཉམ་འཛོམས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། སྐད་ཆ་དྲ་ཐོགས་བརྒྱུད་ཁྱོད་ཚོ་ལ་བསྐུར་བ་ཡིན། འཕྲོད་པའི་རེ་བཡོད།
    ངའི་ང་ཚོ་བོད་མི་ཚོ་ཕྲེང་ལུང་ཆད་པ་བཞིན་གང་སར་ཁ་འཐོར་དུ་འགྲོ་བཞིན་འདུག་པ་འདི་ཡང་ཡང་རིག་འདོད་མི་འདུག

    Reply
  16. གངས་གླག says:
    ལོ་ 16 སྔོན།

    hi thinley la
    thanks man, mistake makes man perfect. I am very lucky to get such a nice teacher today, I will make more mistakes to ask you correct it. please hope you can do it.
    see you man

    Reply
  17. འཕྲིན་ལས says:
    ལོ་ 16 སྔོན།

    དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ནི་གཞན་སྐད་དུ་བྲིས་པའི་བསམ་ཚུལ་གྱི་ནང་དུའང་ནོར་འཁྲུལ་གང་མང་ཞིག་འདུག་པའི་དག་བཅོས་གཤམ་གསལ།
    I [,]this comma is not needed here) personally have some very sad feeling like many others do (,) [this should be a full stop.] It is really a horrible and miserable chapter for a nation to teach it’s own language and culture to it’s own people again. It is also (a) [this a is needed here as no noun followed] very ridiculous. Holding such a program is only the way that we are having right now. This program will be one of the saddest chapter(s) [don’t forget plural s as there are many chapters in a history and you are pointing out one particular chapter from it] in our Tibetan History.
    PLEASE DON’T MAKE ME CORRECT YOU AGAIN!!!

    Reply
  18. འཕྲིན་ལས says:
    ལོ་ 16 སྔོན།

    གནས་སྟངས་འདི་ཡིད་སྐྱོ་བའི་ལེའུ་ཞིག་ཡིན་པ་ཤེས་བཞིན་དུ་རང་གི་སྐད་ཡིག་གཡུགས་ཏེ་གཞན་སྐད་དུ་བསམ་ཚུལ་འབྲི་དོན་ཅི།

    Reply
  19. གངས་གླག says:
    ལོ་ 16 སྔོན།

    I, personally have some very sad feeling like many others do, it is really a horrible and miserable chapter for a nation to teach it’s own language and culture to it’s own people again. it is also a very ridiculous. holding such a program is only the way that we are having right now. this program will be one of the saddest chapter in our Tibetan History.

    Reply
  20. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    སྤྱིར་བཏང་ཡག་པོ་རེད། ཡིན་ནའང༌། འདང་རྒྱག་མཁན་ཞིག་གི་ངོས་ནས་བལྟས་ན་ཧ་ཅང་ཡིད་སྐྱོ་བའི་གནས་སྟངས་རེད། ང་ཚོས་མ་འོངས་བའི་བོད་འདི་ལྟ་བུ་མང་བོ་ཞིག་ལ་རེ་བ་རྒྱག་དགོས་པ་ཆགས་ཡོད་སྟབས། བོད་ཀྱི་ངོ་གདོང་དེ་ཧ་ཅང་ཉམས་ཐག་དང་རེ་ཆད་ཀྱིས་ཁེངས་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར།

    Reply
  21. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    ཚོགས་འདུས་བསྡུ་ཙམ་མ་ཡིན་པར་ལག་ལེན་ལ་སྟེར་རྒྱུ་གལ་ཆེན་རེད།་་་་་་གོ་སྐབས་འདི་བརྒྱུད་ནས་ཁོ་ལ་གོ་རྟོགས་གསར་བ་ཞིག་སྤྲོད་རྒྱུ་གཙོ་གནད་ཞིག་རེད།

    Reply
  22. ཨ་མྱེ says:
    ལོ་ 16 སྔོན།

    ༼བོད་སྐད་དང་བོད་ཡིག་༽གོང་དུ་ཆད

    Reply
  23. ཨ་མྱེ says:
    ལོ་ 16 སྔོན།

    ཕྱི་སྡོད་སློབ་ཕྲུག་ཚོ་ད་ཐེངས་འདིར་སླེབས་པ་དགའ་བསུ་ཞུ།་་་་ཁྱེདཚོ་ངས་འབོད་སྐུལ་ཞིག་བྱེད་་་ཁྱེད་ཚོས་ཕ་སྐད་གཙམ་འདི་དོར་ན་མི་རིགས་འདིའི་གཟུགས་བརྙན་ཡིན་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese