ལོ་ན་ ༡༤ ལ་སོན་པའི་རྒྱ་གར་བུ་མོ་ཞིག་ཕག་ཆམ་གྱི་དབང་གིས་གྲོངས་ཡོད་འདུག
རྒྱ་གར་འཕྲོད་བསྟེན་ལས་ཁུངས་ཀྱི་མི་སྣས་བརྗོད་པ་ལྟར་ན། ལོ་ན་ ༡༤ ལ་སོན་པའི་བུ་མོ་ཞིག་ཕག་གི་ཆམ་ནད་ཀྱི་དབང་གིས་ཤི་བ་དང་པོ་དེ་ཆགས་ཡོད་འདུག མོ་རང་ལ་ནད་རྟགས་ཡོད་པ་ཧ་གོ་ཡོད་ཀྱང་། གྲོང་ཁྱེར་པུ་ནེ་ཡི་སྨན་ཁང་ཞིག་ཏུ་གྲོངས་ཡོད་འདུག
མོ་རང་ལ་ཟླ་སྔོན་མའི་ཚེས་ ༢༡ ཉིན་ཆམ་པ་ཕོག་ཡོད་ཀྱང་། གཞུང་གིས་ཆེད་དུ་བཙུགས་པའི་སྨན་ཁང་ལ་བསྟན་མེད་པར་བརྟེན་ཕག་ཆམ་ཡིན་པ་ཟླ་སྔོན་མའི་ཚེས་ ༣༡ བར་དུ་ཤེས་མི་འདུག དེ་དུས་གཞུང་གི་སྨན་ཁང་གིས་ཕག་ཆམ་གྱི་ནད་རྟགས་ཡོད་པ་ཤེས་ཡོད་ན་ཡང་། འཕྱི་དྲགས་པས་སྐྱོབ་ཐུབ་མི་འདུག
ད་ལྟ་མོ་རང་གིས་ཕག་ཆམ་ཡོད་པའི་དུས་ཡུན་གྱི་རིང་དུ་འབྲེལ་བ་བྱས་པའི་མི་ཚང་མར་བརྟག་དཔྱད་བྱེད་བཞིན་ཡོད་འདུག་ལ། མོ་རང་འགྲོ་སའི་སློབ་གྲྭའི་སློབ་མ་དང་དགེ་རྒན་མང་པོ་ཞིག་ལ་ཕག་ཆམ་གྱི་ནད་འབུ་ཡོད་པའི་དོགས་པ་བྱེད་བཞིན་ཡོད་འདུག
ནད་ཡམས་འདིས་ད་ལྟ་བར་དུ་འཛམ་གླིང་ཁྱོན་ཡོངས་སུ་མི་ ༨༠༠ ལྷག་རྐྱེན་འདས་སུ་བཏང་ཡོད་པ་དང་། གླིང་ཆེན་ཚང་མའི་ནང་དུ་ནད་ཡམས་འདི་བསླེབས་ཡོད་པ་རེད། དགུན་ཁའི་དུས་ཚིགས་ཤར་བ་དང་ནད་ཡམས་འདིའི་རྦ་རླབས་ཨང་གཉིས་པ་དེ་བསླེབ་སྐབས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ་ ༣༠ ལ་ནད་ཡམས་འདི་ཕོག་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད།
ང་ཚོ་བོད་པ་ལའང་ཕག་ཆམ་དེ་མི་ཡོང་བ་མ་རེད་དང་པོ་ནས་ཟབ་ཟབ་གནང་དགོས་གལ་སྟེ་ནད་དེ་ཕོག་པའི་རྗེས་ལ་སྨན་པ་ཆེན་པོ་བརྟེན་ནའངགཅོས་ཐབས་མེད་པ་ཞིག་རེད་འདུག་བཅས་དིང་རི་མཚོ་སྒོ་བ་འཇམ་དཔལ་ནས
ཕག་གི་ཆམ་ནད་ཞེས་བའི་ཐ་སྙད་དེ་སྨན་པ་སུ་ཞིག་དང་ཡང་ན་སྨན་ཁང་གང་ཞིག་གིས་གཏན་འབེབས་བྱས་པ་རེད་ཅེས་འདྲི་མཁན་མང་པོ་ཡོད་པས།དུས་བབ་ནས་ལན་ཞིག་ཡོད་པར་མཁྱེན།