མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་བསྡུའི་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

 

༄༅། །བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ལ་མཁྱེན་རྒྱ་ཆེ་ཞིང་དར་སྤེལ་རྒྱུན་འཛིན་གྱི་ལར་ཞེན་ཆེ་བའི་རྩོམ་པ་པོ་རྣམས་ཀྱི་༸སྙན་ལམ་དུ་གསོལ་རྒྱུར། ལམ་ཙམ་མཁྱེན་གསལ་ལྟར་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་དབུ་ཁྲིད་ལམ་སྟོན་དང་ཐུགས་འགན་ཆེར་བསྐྱེད་ཀྱི་བཀའ་དྲིན་འོག འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་སླད་ལོ་ཡུན་ཐུང་ངུ་ཞིག་གི་ནང་དཔལ་འབྱོར་གྱི་མཐུན་རྐྱེན་ཞན་ཅིང་རྩོམ་སྒྲིག་གི་ཉམས་མྱོང་མེད་ནའང་དཀའ་བ་དུ་མ་ཁྱད་བསད་ཀྱིས། བཅུ་ཕྲག་རིག་པའི་གནས་དང་འབྲེལ་བའི་གཞུང་ལུགས་ཀྱི་དེབ་ཕྲེང་དུ་མ་གསར་རྩོམ་དང་རྩོམ་སྒྲིག་འགྲེམས་སྤེལ་ཞུས་ནས་ད་ཆ་ཕྱག་དེབ་རྣམ་གྲངས་མི་འདྲ་བ་བརྒྱ་ཐམ་པ་ལོངས་ཟིན་པར་བརྟེན། འདི་ལོར་བོད་གཞུང་དམངས་གཉིས་བཙན་བྱོལ་དུ་ཕེབས་ནས་མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་གནང་བཞིན་པ་འདིའི་ཆ་ཤས་སུ་དམིགས་ཏེ་རྩོམ་དེབ་གྲངས་བརྒྱ་ཐམ་པ་ལོངས་པའི་དམིགས་བསལ་གྱི་མཛད་སྒོ་ཞིག་རིང་མིན་ཚུགས་རྒྱུའི་ལས་རིམ་ཁོངས་སུ། འདས་པའི་མི་ལོ་ལྔ་བཅུའི་རིང་གཞིས་བྱེས་བོད་མིའི་ཤེས་ཡོན་དར་རྒུད་ཀྱི་གནས་བབ་ལ་བསྐྱར་ཞིབ་དང་འབྲེལ་འབྱུང་འགྱུར་གྱི་དུས་རབས་ནང་མུ་མཐུད་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་མི་ཉམས་རྒྱུན་འཛིན་བྱེད་པའི་དགེ་མཚན་དང་དེའི་ཐབས་ལམ་སྐོར་བོད་ཀྱི་སྐད་ཡིག་ནང་རྩོམ་ཡིག་འགྲན་བསྡུར་རྒྱ་ཆེ་ཙམ་ཞིག་གནང་གཏན་འཁེལ་ཡོད་པ་ལགས་ན། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཐོག་མཁྱེན་སྤྱན་ཡངས་པ་རྣམས་ཀྱིས་གཤམ་གསལ་ཆ་རྐྱེན་ལྟར་རྩོམ་ཡིག་གང་ལེགས་རེ་འབྲི་རྩོམ་གྱིས་འགྲན་བསྡུར་ནང་འཛུལ་ཞུགས་ཡོང་བའི་རེ་སྐུལ་ཞུ། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་རྩོམ་དེབ་བརྒྱ་ཐམ་པ་ལོངས་པའི་མཛད་སྒོའི་གོ་སྒྲིག་ཚོགས་ཆུང་ནས། ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༡༧ ལ་ཕུལ།

རྩོམ་ཡིག་འགྲན་བསྡུར་གྱི་ཆ་རྐྱེན་ཁག

༡ བརྗོད་གཞི།
བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་དགེ་མཚན་དང་དེའི་ཐབས་ལམ།
༢ མང་ཉུང་།
བོད་ཡིག་ཚེག་ཁྱིམ་ ༥༠༠༠ ལས་མ་ཉུང་བ་དང་ ༥༥༠༠ ལས་མ་མང་བ་དགོས། རྩོམ་ཡིག་གློག་ཀླད་དུ་བཅུག་ནས་གནང་ཐུབ་ཚེ་རང་གཞན་གཉིས་ཀར་ཕན་ཐོགས་ཆེ།
༣ དུས་ཚོད།
ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༢༥ ལས་འགྱངས་མེད་འདི་གའི་མཛད་སྒོ་གོ་སྒྲིག་ཚོགས་ཆུང་ལ་ངེས་པར་འབྱོར་ཐུབ་པ་གནང་དགོས། དེའི་རྗེས་ནས་འབྱོར་ཚེ་རྩིས་མེད་འགྲོ་རྒྱུ་ཡིན། རྩོམ་ཡིག་དེ་འགྲན་བསྡུར་ནང་ཚུད་ཐུབ་མིན་རྩོམ་ཡིག་ཞིབ་འཇུག་འདེམས་སྒྲུག་ཚོགས་ཆུང་ལ་སྐུ་དབང་གནང་དགོས་རྒྱུ།
༤ གཟེངས་བསྟོད་བྱ་དགའ།
རྩོམ་ཡིག་ཨང་དང་པོ་ལ་བྱ་དགའ་ཧིན་སྒོར་ ༡༠༠༠༠ དང་གཟེངས་བསྟོད་ཕྱག་འཁྱེར།
རྩོམ་ཡིག་ཨང་གཉིས་པ་གཅིག་ལ་བྱ་དགའ་ཧིན་སྒོར་ ༧༠༠༠ དང་གཟེངས་བསྟོད་ཕྱག་འཁྱེར། རྩོམ་ཡིག་ཨང་གསུམ་པ་གསུམ་ལ་བྱ་དགའ་ཧིན་སྒོར་ ༥༠༠༠ རེ་དང་གཟེངས་བསྟོད་ཕྱག་འཁྱེར། ཨང་བཞི་པ་མན་གྱི་རྩོམ་ཡིག་བཅུ་ལ་རྩོམ་དོད་ཧིན་སྒོར་ ༥༠༠ རེ་འབུལ་རྒྱུ།

བྱ་དགའ་ཐོབ་མཁན་རྣམས་མཛད་སྒོར་ཕེབས་ (འགྲོ་སོང་རང་ཁུངས) ཚེ་མཛད་སྒོའི་ཐོག་ནས་བྱ་དགའ་འབུལ་བཞེས་གནང་རྒྱུའམ་གལ་སྲིད་ཕེབས་མ་ཐུབ་ཚེ་མི་གཞན་བརྒྱུད་ནས་བཞེས་ཀྱང་ཆོག  རྩོམ་ཡིག་ཆ་ཚང་ཕྱོགས་བསྒྲིགས་ཀྱིས་དཔར་སྐྲུན་འགྲེམས་སྤེལ་ཡང་ཞུ་འཆར་ཡོད།
༥ རྩོམ་ཡིག་ཞིབ་འཇུག་འདེམས་སྒྲུག་ཚོགས་མི།
ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་རྡོ་རྗེ་དབང་ཕྱུག རང་གཞུང་ཤེས་རིག་ལས་ཁུངས་ཀྱི་ཉམས་ཞིབ་པ་དང་ཡིག་སྒྱུར་པ་ཆུང་ཚེ་རིང་། ས་རཱ་མཐོ་སློབ་ཀྱི་རྒྱལ་རབས་སློབ་དཔོན་བསོད་ནམས་རྒྱལ་མཚན། འདི་གའི་སློབ་གཉེར་ཁང་གི་སློབ་སྤྱི་ཟུར་པ་དགེ་རྒན་འབྲིང་བ་འཇིགས་མེད་དང་། རྩོམ་སྒྲིག་འགན་འཛིན་ཟུར་པ་དགེ་རྒན་རེ་མདོ་སེངྒེ་། རྩོམ་སྒྲིག་འགན་འཛིན་ལས་ཐོག་པ་དགེ་རྒན་སོ་རུ་དར་རྒྱས་རྣམས་ཡིན།
འབྲེལ་གཏུགས་བྱེད་ཡུལ།

Dongsher & Sodar
kirti Monastery
Institute of Higher Tibetan Studies
P.O.Mcleod Ganj-176219
Distt Kangra (H.P.) India

ཡིག་ཚང་གི་ཁ་པར་ཨང་གྲངས། ༠༡༨༩༢-༢༢༡༥༢༦
སློབ་སྤྱི་གདོང་རི་ཤེས་རབ། ༩༨༡༦༧༨༥༨༩༨
སློབ་སྤྱིའི་ལས་རོགས་གད་འོག་བསྟན་འཛིན། ༩༤༡༨༢༤༧༦༡༥
གློག་འཕྲིན། Tsampayak@yahoo.co.uk / kadten@yahoo.c.in

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese