མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མཛངས་མས་གློག་བརྙན་འཁྲབ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp
ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་འདི་ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས་ལགས་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་དུ་འབྱོར་ཡོད་པ་དང་། ཁོང་མོས་ཉིན་གཅིག་ཅེས་པའི་གློག་བརྙན་ཞིག་གི་འཁྲབ་སྟོན་པ་གཙོ་བོ་བྱ་རྒྱུ་ཡིན་འདུག
ཚེས་ ༢༡ ཉིན་འདི་གའི་གསར་འགོད་པས་མཛངས་མ་བསྟན་འཛིན་ཆོས་འཛོམས་དང་ཉིན་གཅིག་ཅེས་པའི་གློག་བརྙན་འཁྲབ་གཞུང་རྩོམ་པ་བོ་རིན་ཆེན་ལྷ་མཛེས་གཉིས་སུ་གློག་བརྙན་དེའི་སྐོར་ལ་བཅར་འདྲི་བྱས་པར། རིན་ཆེན་ལྷ་མཛེས་ལགས་ཀྱིས་གློག་བརྙན་དེ་བཟོ་དགོས་པའི་སྐོར་གསུངས་དོན། ངས་གློག་བརྙན་འདི་བཟོ་དགོས་དོན་ནི་དེང་སྐབས་ང་ཚོའི་གཞོན་སྐྱེས་མང་བོ་ཞིག་གིས་ཆང་རག་ཚོད་མེད་འཐུང་བ་དང་སྨན་རྫས་འདྲ་མིན་སྤྱོད་པའི་རྐྱེན་གྱིས་འཕྲོ་བརླགས་སུ་འགྲོ་བཞིན་ཡོད་པ་དང་། འདས་པའི་ལོ་ལྔ་དྲུག་ཅིག་གི་སྔོན་དུ་ངའི་གྲོགས་པོ་ཞིག་ཀྱང་རྐྱེན་དེ་ལྟ་བུ་ཞིག་ལ་བརྟེན་ནས་འདས་གྲོངས་སུ་ཕྱིན་སྟབས། ངས་བློ་བདེ་བོ་མི་འདུག་ལ་མུ་མཐུད་གནད་དོན་འདིའི་རིགས་ཚབས་ཆེ་རུ་འགྲོ་བའི་སེམས་ཁྲལ་འདུག ཡིན་ནའང་ངས་མི་རེ་ངོ་རེ་བྱས་བསླབ་བྱ་རྒྱག་སར་ཕྱིན་ན་མི་དེ་ཚོས་སྣང་བར་འགྲོ་གི་མ་རེད་ལ། འགྲོ་ཐུབ་རྒྱུ་ཡང་མི་སྲིད་པ་ཞིག་ཡིན་སྟབས་གློག་བརྙན་བརྒྱུད་ནས་འཁྲབ་སྟོན་བྱ་རྒྱུ་ནི་ཐབས་ལམ་ཡག་ཤོས་སུ་མཐོང་སོང་། དེར་བརྟེན་གཙོ་བོ་ཆང་རག་ཚོད་མེད་འཐུང་ན་ནང་མི་བུ་ཕྲུག་དང་ཕ་མ་གཉེན་ཉེར་དཀའ་ངལ་ཡོད་པ་དང་། སྤྱི་ཚོགས་ཀྱི་ཞི་བདེ་དང་འཆམ་མཐུན་ལ་གནོད་པ་མ་ཟད། མི་རང་ཉིད་ཀྱི་བདེ་སྐྱིད་ཀྱང་བརླག་འགྲོ་གི་ཡོད་པ་སོགས་གློག་བརྙན་འདིའི་ནང་དུ་འཁྲབ་སྟོན་བྱས་པ་བརྒྱུད་གཞོན་སྐྱེས་ཚོར་བསླབ་བྱ་འཐོབ་རྒྱུར་དམིགས་ཡུལ་གཙོ་བོ་ཡིན་ཞེས་དང་། ཡང་ཁོང་ལ་གློག་བརྙན་དེའི་མིང་ལ་ཉིན་གཅིག་འདོགས་དགོས་དོན་སྐོར་དྲིས་པར་ཁོང་གིས་མུ་མཐུད་གསུངས་དོན། ཉིན་གཅིག་ཟེར་དོན། ཉིན་གཅིག་བོད་རང་བཙན་འཐོབ་གི་རེད། ཉིན་གཅིག་བོད་མི་ཚང་མས་ཤ་སྤང་གི་རེད། ཉིན་གཅིག་བོད་རིགས་ཚང་མས་ཆང་རེག་དང་སྨན་རྫས་རིགས་སྤང་གི་རེད་ཟེར་བ་ལྟ་བུ་ཞིག་ཡིན། དེ་བཞིན་གློག་བརྙན་འདི་བརྒྱུད་བོད་མིའི་གོམས་སྲོལ་ལྟར། ཆང་ས་ལྟ་བུར་མཚོན་ན་ཤ་མང་བོ་གཏོང་གི་ཡོད་སྟབས་སེམས་ཅན་མང་བོའི་སྲོག་འཕྲོག་གི་ཡོད་པ་དེ་གསལ་སྟོན་དང་། དེང་སྐབས་སློབ་གྲྭ་ཐོན་ཟིན་པའི་ཕྲུ་གུའི་དམིགས་ཡུལ་ཁྱེར་སྟངས་གང་འདྲ་ཡིན་པ། དེ་བཞིན་གཞོན་སྐྱེས་ཚོ་མཚན་ཚོགས་ལྟ་བུར་སོང་སྟེ་ཆང་རག་འཐུང་། ར་བཟི། འཁྲུག་པ་བརྒྱབས། ཉེས་རྡུང་རེག་པ་ལྟ་བུ་བྱས་ན་ཕ་མར་དཀའ་ངལ་གང་འདྲ་འཕྲད་བཞིན་པ་བཅས་ཀྱང་གསལ་སྟོན་ཐུབ་ཀི་རེད་ཟེར།
རིན་ཆེན་ལྷ་མཛེས་ཁོང་གིས་ཝར་ན་མཐོ་སློབ་ཏུ་སློབ་སྦྱོང་གནང་འདུག་ཀྱང་སློབ་ཐོན་མ་བྱས་གོང་དུད་འགྲོ་རང་དབང་ཚོགས་པའི་ནང་འཛུལ་དེ་འདས་པའི་ལོ་ལྔ་དྲུག་རིང་དེ་གར་ཕྱག་ལས་གནང་བཞིན་ཡོད་འདུག་ལ། འདི་ནི་ཁོང་གིས་འཁྲབ་གཞུང་རྩོམ་པ་དང་འཁྲབ་ཁྲིད་བྱས་པ་ཐོག་མ་དེ་ཡིན་འདུག
དེ་བཞིན་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས་ལགས་སུ་འདི་ནི་ཁྱེད་ཀྱི་མི་ཚེའི་ནང་ཐོག་དང་བོར་གློག་བརྙན་འཁྲབ་སྟོན་བྱས་པ་དེ་ཆགས་རྒྱུ་རེད་ལ། ཁྱེད་རང་ཉིད་ལ་མཚོན་ན་ཉེ་ལམ་བོད་ཀྱི་མཛངས་མ་འགྲན་བསྡུར་བྱེད་སྐབས་འཁྲབ་སྟོན་ཐུང་ངུ་རེ་བྱས་པ་ཕར་ཕུད། གློག་བརྙན་འཁྲབ་སྟོན་གྱི་དམིགས་བསལ་ཆེད་སྦྱོང་ལྟ་བུ་ཐོན་མེད་སྟབས་ཐེངས་འདིའི་གློག་བརྙན་འཁྲབ་སྟོན་ཁྲོད་གདེང་ཚོད་གང་འདྲ་ཞིག་ཁྱེར་ཡོད་ཅེས་དྲིས་པར་ཁོ་མོས་བརྗོད་དོན།  ང་ལྟ་བུར་མཚོན་ན་འདིའི་སྐོར་དམིགས་བསལ་ཉམས་མྱོང་གང་ཡང་མེད་མོད། བསམ་བློ་གཞན་ནས་བཏང་ན་འཛམ་གླིང་ནང་མི་སྐད་གྲགས་ཆེན་པོ་གང་འདྲ་ཞིག་ཡིན་ནའང་ལམ་སེང་སྐད་གྲགས་ཆགས་བཞག་པ་དེ་འདྲ་མིན་པར་གནད་དོན་ཆུང་ས་ནས་དཀའ་ལས་བརྒྱབས་ཏེ། རིམ་གྱིས་སྐད་གྲགས་བྱུང་བ་དེ་འདྲ་རེད། ང་རང་ཉིད་ཀྱང་གཞི་ནས་མི་ཚེའི་རྡོ་ཐེམ་སྟེང་འཛེགས་ཀི་ཡོད་པ་རེད་ལ། དེར་ཇི་ལྟར་འཛེགས་པར་སྦྱོང་བཞིན་ཡོད་པས་མི་ཚེའི་ནང་ཉམས་མྱོང་ལེན་རྒྱུ་མང་བོ་ལྷག་ཡོད་པ་རེད་ལ། ངའི་མི་ཚེ་དངོས་དེ་མགོ་བཙུགས་པ་ལྟ་བུ་ཞིག་ཏུ་ཚོར་གྱི་འདུག་ཅེས་དང་།
དང་ཐོག་གློག་བརྙན་འཁྲབ་གཞུང་རྩོམ་པ་བོའམ་འགན་འཛིན་ཁོང་གིས་ང་ལ་འབྲེལ་བ་བྱེད་སྐབས་གློག་བརྙན་འདི་སྤྱི་ཚོགས་ཀྱི་ཞབས་འདེགས་ཆེད་དུ་ཡིན་གསུངས་སོང་། དེར་བརྟེན་ང་ལྟ་བུར་མཚོན་ན་བཙན་བྱོལ་བོད་གཞུང་མང་ལ་ཞབས་འདེགས་ཞུ་བསམ་པ་ཡོད་ནའང་། ཞབས་འདེགས་ཞུ་རྒྱུ་ཕར་སད། སོ་སོ་རང་ཉིད་ཀྱང་སློབ་སྦྱོང་མགོ་ཐོན་ལ་མ་ཐོན་བྱས་ཏེ་དཀྱིལ་མ་ནས་མར་ཐོན་བསྡད་ཡོད་དུས། གློག་བརྙན་འདི་འཁྲབ་སྟོན་བྱས་པ་བརྒྱུད་ནས་སྤྱི་ཚོགས་ལ་ཕན་ཐོགས་ཡོང་བ་དང་བོད་རིགས་གཞོན་སྐྱེས་དག་ལ་ཕན་ན་བསམ་པས་དང་ལེན་བྱས་པ་ཡིན། འདི་ནི་ངས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་གོ་སྐབས་ཤིག་ཏུའང་མཐོང་གི་འདུག ཅེས་ཟེར།
ཡང་གློག་བརྙན་འདི་འཁྲབ་སྟོན་བྱ་རྒྱུར་ང་ལ་མཐའ་གཅིག་ཏུ་གདེང་ཚོད་འདི་ལྟ་བུ་ཞིག་ཡོད་ཟེར་རྒྱུ་མེད་མོད། ངས་གང་འཚམ་ཞིག་ཡག་པོ་འཁྲབ་ཐུབ་རྒྱུ་རེད་བསམ་གི་ཡོད། དེ་ནི་གློག་བརྙན་འཁྲབ་ཁྲིད་པ་དང་བརྙན་ལེན་པ་སོགས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་ཡག་པོ་བྱེད་ཀྱིན་འདུག་སྟབས། ང་ཡིན་ནའང་འཁྲབ་རྒྱུར་དཀའ་ངལ་མེད་པ་ཆགས་འདུག་ཅེས་ཁོ་མོས་མི་ཚེ་ནང་ཐོག་དང་བོར་འཁྲབ་སྟོན་བྱས་པ་དེ་ཡག་པོ་ཡོང་རྒྱུར་རེ་བ་རྒྱག་བཞིན་འདུག  
འོན་ཀྱང་། ཉིན་གཅིག་ཅེས་པའི་གློག་བརྙན་འཁྲབ་གཞུང་ནང་དེང་དུས་ཀྱི་གློག་བརྙན་སྤྱི་མཚུངས་ལྟར་འཁྲབ་སྟོན་པ་གཙོ་བོ་ཕོ་མོ་གཉིས་ཀྱིས་ཕན་ཚུན་ལ་འོ་བྱེད་པའི་དུམ་མཚམས་ཐུང་ངུ་ཞིག་བཞག་ཡོད་ཀྱང་། བུ་མོ་བསྟན་འཛིན་ཆོས་འཛོམས་ཀྱིས་དེ་དང་ལེན་བྱས་མེད་པར་བརྟེན་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་ལ། ཁོང་མོར་དེའི་སྐོར་དྲིས་པར་ཁོ་མོས་བརྗོད་དོན། སྤྱིར་དེང་སྐབས་གློག་བརྙན་ཚང་མའི་ནང་དུ་དེའི་རིགས་ཡོད་པ་རེད་ལ། སྡུག་ཅག་རེད་གང་ཡང་བསམ་གི་མི་འདུག་མོད། ངས་དེ་ཕྱིར་འཐེན་བྱེད་དགོས་དོན་ང་རང་ཉིད་ལ་རྒྱུ་མཚན་ཡོད་ནའང་དམངས་ལ་འགྲེལ་དགོས་དོན་མི་འདུག་བསམ་གྱི་འདུག ཅེས་ཁོ་མོས་འོ་བྱེད་པ་ཕྱིར་འཐེན་བྱེད་པའི་རྒྱུ་མཚན་དེ་གསལ་བོར་གསུངས་མེད།
གློག་བརྙན་འཁྲབ་ཁྲིད་པས་ཉིན་གཅིག་ཅེས་པའི་གློག་བརྙན་འདིར་སྐར་མ་ ༩༠ ཙམ་ཡོད་ནའང་ཟླ་གཅིག་ལྷག་ལས་མི་འགོར་བར་འཁྲབ་ཚར་གི་རེད་ཅེས་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༦ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 26

  1. དཔལ་ལྡན་རྒྱལ། says:
    ལོ་ 16 སྔོན།

    ད་བར་གློག་བརྙན་མང་པོ་འཁྲག་ཡོད་པ་གོ་ཐོས་བྱུང་ཡང་དེ་ཙམ་གྱི་མཐོང་མ་བྱུང་པ་མ་ཚད་ཁ་ཤས་མཐོང་བ་དེ་ཡང་རྣམ་འགྱུར་ཡག་པོ་སྟོན་མི་འདུག་

    Reply
  2. སྐུ་ལྷ་ངང་ཡག says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས། ང་ཚོ་རིན་ཆེན་ལྷ་མཛེས་དང་ཐད་ཀར་འབྲེལ་བ་མེད་པས་ཁྱེད་ཚང་གི་གསར་འགོད་པ་དེའི་རྒྱུད་ནས་གོང་དུ་སྐད་ཡིག་དང་འབྲེལ་བ་སོགས་ཀྱི་བསམ་འཆར་རྣམས་ད་ལྟ་ནས་འབུལ་ཐུབ་ན་རྗེས་སུ་འགྱོད་མི་དགོས་པ་ཞིག་འགྱུར་རེར་སྙམ།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    སྐད་ཀྱི་སྤུས་ཚད་ཐད་ནས་ལྟ་མཁན་ཞིག་ཡོད་ན་ཡག་པོ་ཆགས་གི་རེད། གློག་བརྙན་དེ་སྤྱི་ཚོགས་སྟེང་བསླེབ་དུས་སྐད་ཆའི་སྤུས་ཚད་བཟང་ན་རང་བཞིན་གྱིས་ཤུགས་རྐྱེན་ཡག་པོ་རེ་ཡོང་གི་རེད། རྗེས་མ་གློག་བརྙན་བཟོ་བསྐྲུན་བྱེད་མཁན་གཞན་པ་ཚོར་ཡང་ལམ་ཁ་ཡག་པོ་ཞིག་སྟོན་ཐུབ་གི་རེད། དེ་བས་འབྲེལ་ཡོད་རེ་ཡོད་ན་རིན་ཆེན་ལྷ་མཛེས་ལགས་ལ་དངོས་སུ་ཞུས་ན་ཕན་ཐོགས་ཡོང་གི་རེད་འདོད།

    Reply
  4. ཁྱུང་ལྡིང་། says:
    ལོ་ 16 སྔོན།

    བོད་གངས་ཅན་པའི་མི་བུ་ཡོད་དོ་ཅོག་གིས་རང་རང་གི་འཇོན་ཚོད་དང་ཐུབ་ཚོད་ལ་བསྟུན་ཏེ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཞབས་ཞུ་རེ་བསྒྲུབ་དགོས་པ་གཡོལ་དུ་མེད་པའི་ལས་འགན་ཞིག་ཡིན། དེར་བརྟེན་མཛངས་མ་བསྟན་འཛིན་ཆོས་འཛོམས་ལགས་ཀྱིས་སྤྱི་ཚོགས་ཞབ་ས་ཞུའི་གློག་བརྙན་འདིའི་འཁྲབ་སྟོན་མི་སྣའི་འགན་འཁྲི་ཁུར་བར་བསྔགས་བརྗོད་ཡོད། ཡིན་ནའང་བོད་སྐད་གཙང་མ་ཞིག་བཤད་ཐུབ་པ་གནང་རོགས། དེ་མིན་སྤུན་ཨ་ནུ་ཐ་ནུ་དང་། རིཆརགྷེཌ་ང་ཡི་དཔའ་བོ་ཞེས་པ་སོགས་ནང་གི་བུ་དང་བུ་མོ་ཚོས་སྐད་ཆ་ཤོད་སྟངས་ལྟ་བུ་སྐད་རིགས་མང་པོ་མཉམ་བསྲེས་ལྟ་བུ་མ་ཡོང་བ་དགོས་འདུག

    Reply
  5. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོར་ཞུ་རྒྱུར་གུས་པར་མཚོན་ན་ཡིག་ནོར་ཧ་ཅང་མང་བས་མ་ཚད་གཅིག་ཤར་མར་བྲིས་ནས་བཟོ་བཅོས་བྱ་བར་ལེ་ལོ་ཆེ་བས། སུ་ཞིག་གིས་གུས་པའི་ཡིག་ནོར་དག་བཅོས་ན་དེ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་ཡི་ཡིན།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོས་བསམ་ཚུལ་གསུངས་པ་ཡག་པོ་རེད། འོན་ཀྱང་དག་ཆར་དོ་སྣང་མང་ཙམ་གནང་རོགས།

    Reply
  7. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    གལ་སྲིད་གློག་བརྙན་ཡག་པོ་ཞིག་འཁྲབ་འདོད་ན་སྤྱོད་གཉིས་ལྡན་པའི་མི་སྣ་གལ་ཆེ་བ་མ་ཟད་དུས་རབས་ཀྱི་འགྲོས་མཐོང་དགོས། མ་གཏོགས་དེང་སང་བོད་པའི་སྤྱི་ཚོགས་ནང་དུས་རབས་ཀྱི་རྗེས་བསྙེག་མདོག་གིས་སྐྲ་དང་སེན་པོ་ལ་སོགས་ཀྱི་
    དོག་བསྒྱུར་གང་ཐུབ་བྱས་དང་བྱ་བཞིན་ཡོད་མོད། འུ་ཚོའི་མཛངས་མའི་ཨོ་ཞིག་ལ་འཚེར་སྣང་བྱ་ལུགས་འདིར་གཞིག་ན་དོན་ངོ་མ་རྗེས་ལུས་བསམ་བློ་ཡི་དྲི་མ་གོས་འདུག་ག འཁྲབ་སྟོན་པར་ཚང་དགོས་པའི་ཆ་རྐྱེན་ལྔ།
    ༡སྒྱུ་རྩལ་ལ་སྤྲོ་སྣང་གི་རང་གཤིས་རྣལ་མ་དགོས།
    ༢ཤེས་ཡོན་དང་ལྟ་བའི་དུས་རབས་ཀྱི་རྗེས་ཆོེད་དགོས།
    ༣སྒྱུར་རྩལ་སྣ་ཚོགས་ལ་བྱང་ཆ་ལྡན་པའི་སྦྱོང་རྡར་ཚད་ལྡན་ཐོབ་དགོས།
    ༤ཕ་མ་དང་བཟའ་ཚང་ལ་སོགས་ཀྱི་རྒྱབ་སྐྱོར་ཐོབ་པ་དགོས།
    ༥༢མཐོར་བསྙེག་གི་ཕུག་བསམ་ཡོད་དགོས་པ་མ་ཟད་རང་གིས་རང་ལ་ཡིད་ཆེས་དང་གདེང་ཚད་མཐོ་བ་དགོས། མ་གཏོགས་ཆ་རྐྱེན་ཏིལ་ཙམ་མི་ཚང་བ་ཞིག་བཙན་འཁྲིད་བྱས་ན་ག་འདྲ་ཞིག

    Reply
  8. jig,wang says:
    ལོ་ 16 སྔོན།

    ལན་གཅིག་གི་འཇུག་མ་རྫོགས་པར་མུ་མཐུད་ནས་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དེ་ག་ནང་བཞིན་བག་མེད་སྤྱོད་ངན་གྱི་བྱ་སྤྱོད་སྤང་དགོས་པའི་སླབས་བྱྱ་སོགས་དང་འབྲེལ་བའི་གློག་བརྙན་གང་མང་ཞིག་སྤར་སྐྲུན་བྱེད་གནང་ཡོང་བའི་འབོད་སྐུལ་དང་སྨོན་འདུན་གྲང་མེད་ཡོད། མ་ཟད་བོད་ནང་ནས་སྒྲ་སྒྱུར་བྱས་པའི་གློག་བརྙན་ལ་དཔེ་ལྟས་ནས་སྐད་དང་རྣམས་འགྱུར་བོད་རང་གི་ཆས་གོས་གཤིས་ཀ་ཡོ་བྱད་དང་བཅས་པ་གང་ཐད་ནས་ལེགས་ཆ་གང་མང་ཞིག་སྡུ་ལེན་བྱས་ན་ཁྱེད་ཀྱང་གྲགས་ཅན་མི་སྣ་ཞིག་ཏུ་གྱུར་པ་གོར་མ་ཆགས་ལ་བོད་པ་ཚང་གི་ཞབས་ཕྱི་ཅུང་ཙམ་ཡོང་རེ་ཡོད།

    Reply
  9. རལ་གྲི་ཅན། says:
    ལོ་ 16 སྔོན།

    དགོངས་དག་མཆན་གཞན་ཞིག་འདིར་ཤོར་སོང་།

    Reply
  10. རལ་གྲི་ཅན། says:
    ལོ་ 16 སྔོན།

    མིང་བརྗེས་ན་ཡག་པོ་འདུག

    Reply
  11. མཆོད་སྤྲིན། says:
    ལོ་ 16 སྔོན།

    ཧ་ཅང་ཁག་པོ་རེད་ཡ། བོད་པའི་གློག་རྙན་ཞིག་འཁྲབ་ཀྱང་བོད་མིའི་ཐུན་མིན་གྱི་ཁྱད་ཆོས་མཚོན་ཐུབ་པ་དགོས་པ་ལས། དེ་མིན་རྒྱ་གར་སོགས་ཕྱི་རྒྱལ་གློག་རྙན་དཔེར་བལྟས་ཏེ། ཆགས་སྲིད་ཀྱི་འཁྲབ་སྟོན་ཞིག་འཁྲབ་པ་ལས་མ་འཁྲབ་པ་སྤུས་གཙང

    Reply
  12. རང་རྟོན། says:
    ལོ་ 16 སྔོན།

    གློག་བརྙན་འཁྲབ་སྟོན་བྱེད་རྒྱུ་ནི་དེང་རབས་ཀྱི་ཁྱད་ཆོས་ཤིག་དང་།བོད་མི་རིགས་ལ་མཚོན་ན་ཡར་རྒྱས་ཀྱི་རྣམ་པ་གསར་བ་ཞིག་ཀྱང་རེད་ལ།ལྷག་པར་ཏུ་དུད་ནག་དང་ཆང་རག་སོགས་བརྗོད་བྱ་བྱས་ནས་གློག་བརྙན་འཁྲབ་སྟོན་བྱེད་རྒྱུ་ནི་འུ་ཚོའི་བཙན་བྱོལ་སྤྱི་ཚོགས་སུ་ཤིན་ཏུ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད་པས།རིན་ཆེན་ལྷ་མཛེས་དང་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས་གཉིས་ལ་བོད་ཕྱི་ནང་གཉིས་ཀྱི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    Reply
  13. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཧེ་བག་ག་འདྲ

    Reply
  14. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    རྒྱ་ནག་གིས་ཀྱང་མི་དམངས་དུང་ཕྱུར་མང་པོ་སླུ་བྲིད་ཀྱི་ནུས་པ་གཙོ་བོ་གཅིག གློག་བརྙན་བརྒྱུད་རྫུན་བཟོའི་ཁྱབ་བསྒྲགས་སྣ་ཚོགས་ལ་རྟེན་ནས་འབྲས་བུ་སྨིན་པ་ཞིག་རེད། ཁྱད་པར་དུ་དེང་དུས་སྤྱི་ཚོགས་ལ་མཚོན་ན་ཡིག་ཐོག་རྩོམ་རིགས་ལས་གློག་བརྙན་འཁྲབ་གཞུང་གི་ནུས་པ་ཆེ་བས་ ང་ཚོ་བཙན་བྱོལ་བའི་ནང་ཚད་ལྡན་གྱི་གློག་བརྙན་ཞིག་ཀྱང་འཁྲབ་པའི་ནུས་པ་མེད་པ་ལ་གཞིག་ང་ཚོའི་བསམ་བློའི་ཆུ་ཚད་དེ་དུས་རབས་དང་བསྡུར་ན་ཧེ་བག་འདྲ་ཡོད་པ་གསལ་བོ་རེད། ཁ་ཤས་ཤིག་གིས་རྟག་པར་ལྟ་བ་གསར་བའམ་བསམ་བློ་གསར་བ་ཞེས་མ་ཎི་འདོན་འདོན་བྱ་བཞིན་ཡོད་མོད། དོན་ངོ་མ་རང་ཉིད་ཀྱི་ཁབ་མིག་གི་བསམ་བློ་འདིའི་དུས་རབས་ཀྱི་རྗེས་ཆོད་ཀྱི་ཡོད་མེད་དེ་རང་གིས་རང་ལ་འདྲི་བ་ཞིག་འདོན་རན་རེད། ཕྱོགས་གཞན་ཞིག་ནས་བཤད་ན་མི་དམངས་ཀྱི་བསམ་བློའི་རྟོགས་པ་སད་མེད་པའི་སྤྱི་ཚོགས་ནང་རྩོམ་པོ་རེ་ཟུང་ལ་རླབས་ཆེ་བའི་ཕུགས་བསམ་ཡོད་ཀྱང་ཁོའི་བསམ་བློའི་དཀའ་ལས་ཀྱི་འབྲས་བུ་ནི་ཤུ་རིང་ཞིག་དང་མཉམ་དུ་གྲོགས་མེད་ཁེར་རྐྱང་དུ་ལུས་པ་དེ་རེད།

    Reply
  15. ལྷོ་མཐའི་ཕུག་རོན། says:
    ལོ་ 16 སྔོན།

    ཨ་རོགས་བསུ་སྨྱོན་ལགས། ངས་བལྟས་ན་ཁྱོད་རང་དུས་བབས་དྲ་ཚིགས་དུ་ཕེབས་པ་དང་བོ་ཡིན་ཚོད་རེད། གང་ལྟར། ་དུས་བབས་དྲ་ཚིགས་ནས་ཁྱོད་ལ་ཤེས་བྱ་གསར་བ་རེ་རག་ངེས་ཡིན། ཧ་ཧ་ཧ་

    Reply
  16. ལྷོ་མཐའི་ཕུག་རོན། says:
    ལོ་ 16 སྔོན།

    ཧ་ཧ་ཧ་ཡག་པོ་རེད། འོན་ཀྱང་ཡག་པོ་ཞིག་འཁྲབ་རྒྱུ་ཧ་ཅང་གལ་ཆེན་རེད་མ་གཏོགས་ནུབ་ཕྱོགས་པ་སྣང་བཞིན་ཆགས་སེམས་ཀྱི་སྐོར་རྐྱང་རྐྱང་འཁྲབ་ན་དགོས་པ་དེ་འདྲ་མ་མཐོང་ངོ་།

    Reply
  17. བསུ་སྨྱོན། says:
    ལོ་ 16 སྔོན།

    ཀ་ཡེ་གསོན་དང་གྲོགས་པོ་ཚོ།

    Reply
  18. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བོད་པ་ཚང་གི་ཆད་ལྷག་ཤོར་བའི་ས་དམིགས་ཤིག་སྐོང་རྒྱུ་དེ་ནི་མེད་དུ་མི་རུང་བ་ཞིག་ཡིན་པར་བདག་གིས་ལོ་ངོ་མང་བོ་ཞིག་གོང་དུ་བརྗོད་མྱོང་ཡོད་ཀྱང་། དེ་དུས་མི་སུས་ཀྱང་དེའི་བསྐོར་ལ་དོ་སྣང་བྱེད་མཁན་བྱུང་མ་སོང་ལ། དེ་དུས་དྲ་ཐོག་གི་མཐུན་རྐྱེན་འཛོམ་པོ་འདི་འདྲ་ནི་མེད་པ་རེད། གང་ལྟར། དེ་རིང་ངེད་ཅག་གི་རེ་བ་ཞིག་རྒྱག་དགོས་པ་དེ་ནི་གློག་བརྙན་འདི་གཅིག་བུ་འཁྲབ་རྗེས་མཇུག་བསྡུ་རྒྱུ་དེ་མ་ཡིན་པར། མུ་མཐུད་དུ་དམིགས་བསལ་གྱིས་བཙན་བྱོལ་གཞུང་གི་འགན་ཞིག་བླངས་དེ་གློག་བརྙན་འཁྲབ་མཁན་གྱི་བོད་མི་གཞོན་སྐྱེས་མི་ཉུང་བ་ཞིག་བསྐྱེད་སྲུང་བྱེད་ཐུབ་པ་ཡིན་ན། གློག་བརྙན་ནི་འཛམ་གླིང་མི་མང་གི་ཆེས་དགའ་མོས་བྱེད་སའི་རྩེད་རིགས་ཀྱི་དངོས་སྟོན་འཁྲབ་གཞུང་ཞིག་ཡིན་དུས། འདིའི་ཐད་དུ་དངོས་ནས་བཙན་བྱོལ་བོད་གཞུང་གི་གློག་བརྙན་སྡེ་ཚན་ཞིག་སྒོ་འབྱེད་བྱེད་རྒྱུ་དེ་ནི་ཆབ་སྲིད་ཀྱི་དགོས་མཁོ་གཅིག་བུ་མ་ཡིན་པར་གཞོན་སྐྱེས་མི་ཉུང་བ་ཞིག་གི་རེ་བ་ཡང་ཆུད་སོས་སུ་མི་འགྲོ་བ་ལ་ཕན་ཐོག་ངེས་ཅན་ཞིག་ཡོད་ངེས་ཡིན། དེ་ཡང་མིང་དང་གོ་གནས་ཡོད་མཁན་གྱི་ཁྱིམ་རྒྱུད་ཡོད་མཁན་ནས་འདེམས་རྒྱུ་ཞིག་གཏན་ནས་མིན་པར། མི་མང་དཀྱིས་མའི་ནང་དུ་འཛུལ་ནས་འདོད་མོས་ཡོད་མཁན་སྐྱ་སེར་གཉིས་ཀ་བསྡུ་རུབ་བྱས་པ་ཡིན་ན་འཚོ་བ་དངོས་ཀྱི་ཁྲོད་ལ་ཞུགས་ཐུབ་པའི་གློག་བརྙན་འཁྲབ་ཐུབ་རྒྱུར་རེ་བ་ཡོད་ལ། རྒྱལ་སྤྱིའི་གློག་བརྙན་སྟེགས་བུའི་སྟེང་དུ་ཡང་འགྲོ་ཐུབ་རྒྱུར་རེ་བ་ཡོད། མི་ཟེར་བ་ནི་བྱ་དགའ་ལ་དགའ་བའི་བྱ་དགའ་རེ་ཟུང་ཡང་ལེན་སྲིད་པ་ཡིན།

    Reply
  19. ཐར་ཀླུ། says:
    ལོ་ 16 སྔོན།

    རིན་ཆེན་ལྷ་མཛེས་ལགས། བསྟན་འཛིན་ཆོས་འཛོམས་ལ་ཆ་རྐྱེན་མི་འཛོམས་གི་འོ་ཞིག་བྱེད་པའི་གློག་བརྙན་ཁྱེད་རང་གིས་འཁྲབ་རོགས་གནོང་དང་རྣམ་པ་དང་གང་ཅིའི་ཐད་ནས་བསྟན་འཛིན་ཆོས་འཛོམས་ལས་མན་ན་ལྷུང་མི་འདུག

    Reply
  20. ཐར་ཀླུ། says:
    ལོ་ 16 སྔོན།

    ཨ་ཁ་་་ འོ་ཞིག་བྱས་ན་སྐྱོན་ག་རེ་འདུག། དེ་འདྲའི་གློག་བརྙན་འཁྲབ་སྟོན་པ་སྦམ་མདོག་ཅན་ཞིག་འདུག

    Reply
  21. ཟུངས་ཁྲག says:
    ལོ་ 16 སྔོན།

    ཨ་རིག་དགེ་མཐོང་ལགས་ཀྱྲི་བསམ་བློ་དེ་ཁྱད་འཚར་ཞིག་རེད་

    Reply
  22. Dhonling Bhu says:
    ལོ་ 16 སྔོན།

    ཧ་ཧ། འོ་བྱེད་རྒྱུའི་འདུམ་མཚམས་དེ་ཕྱིར་འཐེན་བྱེད་དགོས་པ་ལ་རྒྱུ་མཚན་ཡང་དག་ཤིག་ཡོད་པ་དྲན་གྱིན་མི་འདུག གང་ལྟར་འདི་ནི་ཁོ་མོའི་བསམ་བློ་གཏོང་ཕྱོགས་ཤིག་ཡིན་པས་བྱུས་ཏོག་མིན་འདུག་ གློག་བརྙན་དེ་ལྟ་བུ་དེང་གི་བོད་མིའི་སྤྱི་ཚོགས་ཁྲོད་མང་དུ་མང་དུ་འགྲོ་བཞིན་ཡོད་པ་ལ་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ནའང་ཕན་ཚུན་བཀའ་མོལ་གནང་སྐབས་སྐད་ཆ་དག་པོ་དང་ཆོལ་གསུམ་བོད་མི་ཀུན་གྱི་གོ་ཐུབ་པ་ཞིག་བསྒྲུབ་དགོས་པ་ལས། བཙན་བྱོལ་གཞིས་ཆགས་ཁག་དང་བོད་ཁྱིམ་སློབ་གྲྭྭའི་དགེ་སློབ་རྣམས་གོ་ཐུབ་པ་གཅིག་པུ་ཞིག་མིན་པར། བོད་ནས་བསྒྱུར་བའི་གློག་བརྙན་ཁག་གི་ནང་གི་སྐད་ཆ་ཤོད་སྟངས་སོགས་ལས་དཔེ་བླངས་རྒྱུ་དགོས་པ་ཆེར་མཐོང། གློག་བརྙན་དེ་ལམ་ལྷོངས་ཡོང་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ།

    Reply
  23. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གློག་བརྙན་དེའི་བརྗོད་བྱ་དང་དམིགས་ཡུལ་གང་ཅིར་ཧ་ཅང་ཡག་པོ་འདུག དེར་བརྟེན་གཞོན་སྐྱེས་མང་པོ་ཞིག་ལ་ཕན་ཐོག་ཡོང་རྒྱུ་སྨོས་མེད་རེད། ཁྱེད་རྣམ་པར་འཚམས་འདྲི་ཡོད།
    ལྷག་པར་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས་ལགས་ཀྱིས་གློག་བརྙན་འཁྲབ་སྟོན་བྱེད་པ་ཐོག་མ་ཡིན་སྟབས་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡོད།

    Reply
  24. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    དགོད་སྤྱད་རེད། མྱི་ཚང་མའི་བསམ་བློ་མི་འདྲ་གི

    Reply
  25. བློ་བཟང་བརྟན་པ says:
    ལོ་ 16 སྔོན།

    རིན་ཆེན་ལྷ་མཛེས་ལགས། རང་གི་ཉིན་གཅིག་ཅེས་པའི་གློག་བརྙན་དེ་ཉིད་དོན་དང་ལྡན་པ་ཞིག་འདུག དེར་གུས་པས་མཚམས་འདྲི་དང་བཀྲིས་ལོ་ལེགས་ཡོད།
    འདིར་རྩོམ་སྒྲིགས་པས་བོད་ཀྱི་མཛངས་མས་གློག་བརྙན་དུ་འོ་བྱེད་དགོས་པའི་གནས་སྟངས་ཐོག་གསལ་བཤད་དང་ཕྱིར་འཐེན་བྱེད་པར་རྒྱུ་མཚན་ནམ་ལན་གསལ་པོ་མེད་པ་བཀོད་འདུག་པ་ནི། རྟོགས་ཙམ་མ་སྒྲིགས་པ་རེད། གང་ཡིན་ཟེར་ན་མཛངས་མ་མོ་རང་ལའང་སྒེར་གྱི་གནས་དོན་ཡོད་པ་རེད། དེར་ངེས་པར་དུ་གུས་རྩིས་ཞུས་དགོས།།

    Reply
  26. jamyangdakpa says:
    ལོ་ 16 སྔོན།

    ཡག་པོ་འདུག།དེ་ལ྄ྟར་བ྄ྱས་ན་ང་ཚོར་རེ་བ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese