མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་ལེ་ཡི་གེ་སར་རྒྱལ་བོ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ་ཨ་ལེ་ལགས་ཀྱིས་བརྩམས་ཆོས་༼གེ་སར་རྒྱལ་པོ༽ཞེས་པ་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་ཡོད་འདུག

ཕྱི་ཟླ་ ༩ པའི་ཚེས་ ༨ ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་རྒྱལ་ཡོངས་ཀྱི་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་མཁན་དང་། ༼རྡུལ་ཚུལ་དྭངས་སོང་༽ཅེས་པའི་སྒྲུང་རིང་གི་བོད་རིགས་རྩོམ་པ་པོ་ཨ་ལེ་ཡི་བརྩམས་ཆོས་གསར་བ་༼གེ་སར་རྒྱལ་པོ༽ཞེས་པ་དེ་ཟླ་འདིའི་ཚེས་ ༤ ཉིན་པེ་ཅིན་ནས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་ཡོད་འདུག

ཁོང་གི་བརྩམས་ཆོས་དེའི་ནང་དུ། བོད་ཀྱི་དཔའ་བོ་སྙན་རྩོམ་རིང་མོ་༼གེ་སར་རྒྱལ་པོའི་སྒྲུང་༽ནང་གི་གེ་སར་རྒྱལ་པོའི་མི་ཚེའི་མཛད་འཕྲིན་བསྐྱར་བརྗོད་བྱས་ཡོད་ལ། རྩམས་ཆོས་འདི་ལ་བརྟེན་ནས་མི་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་བྱ་རྒྱུའི་འདུན་པ་ཟབ་མོ་ཞིག་བཅངས་ཡོད་པ་རེད། ད་ལྟའི་ཆར་ཁོང་གིས་དཔེ་དེབ་འབུམ་གཉིས་ལྷག་རྒྱ་ནག་རྒྱལ་ཡོངས་སུ་ནང་སྡེབ་ཚོང་བྱས་ཡོད་པ་མ་ཟད། མ་འོངས་པར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དབྱིིན་ཇི་དང་འཇར་མན། ཧྤ་རན་སི། ཨི་ཊ་ལི། ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་ཀྱི་ཡིག་རིགས་སུ་བསྒྱུར་ཏེ་དཔར་སྐྲུན་བྱ་འཆར་ཡོད་འདུག

ཐེངས་འདིའི་མཛད་སྒོའི་སྟེང་ཁོང་གིས་བོད་ཆོལ་གསུམ་གྱི་སྒྲུང་བ་མང་པོ་གདན་འདྲེན་ཞུས་ཏེ། རྣམ་པ་མི་འདྲ་བའི་སྒོ་ནས་༼གེ་སར་རྒྱལ་པོ༽འི་སྒྲུང་གི་མཛད་མཐའ་མེད་པའི་སྒྱུ་རྩལ་གྱི་ཉམས་མཚོན་པར་བྱས་ཡོད་འདུག་ལ། དེ་བཞིན་ཁོང་གི་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་བརྩམས་ཆོས་འདི་ལ་མི་མང་པོས་གདེང་འཇོག་བྱེད་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༣ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༥ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

མཆན། 15

  1. སྦག་སྦག says:
    ལོ་ 16 སྔོན།

    དགེན་ཁ་བ་དཀར་བོའི་དགོངས་ཚུལ་ཡིན་སྲིད། སྤྱིར་རྩོམ་དཔྱད་པ་ཞིག་ཡིན་ན་སྒྱུ་རྩལ་གཅིག་པོའི་ཐོག་ལ་བལྟས་ན་འགྲིག་གམ།
    ཨ་ལེའི་རྩོམ་ཡིག་རྡུལ་འཚུབ་དྭངས་སོང་ཞེས་པའི་ཉེ་བར་བཀོད་པའམ་བཅོས་སྒྲུང་དེ་ཀློག་མྱོང་། དེ་འདྲའི་ཧ་ལས་དགོས་པའི་རྩོམ་ཞིག་མ་རེད། བཅོས་སྒྲུང་དེ་བརྒྱུད་ནས་ཁོ་རང་གི་ཕ་མེས་ལ་དམའ་འབེབས་དང་མིག་རྒྱང་ཐུང་བའི་སྐད་ཆ་ཞིག་ལས་ཅི་ཡང་བཤད་མེད། ད་དུང་ཁོ་པ་དངོས་སུ་ཐུག་སྐབས་ཀྱང་ཁོ་པས་སྐད་ཆ་བཤད་པར་བརྟགས་ན་བོད་མི་ཞིག་གི་བརླ་རྐང་མེད་པ་ཤེས་གསལ་རེད། ཁོང་གི་བཅོས་སྒྲུང་ལྟ་བུ་བོད་ཕྱི་ནང་གི་དཔེ་མཛོད་ཁང་དུ་ཕེབས་དང་མང་པོ་འདུག མདོར་ན་ཁོང་གི་སྒྲུང་རྩོམ་གྱི་མིང་གྲགས་འདི་རྒྱ་ནག་ལ་སྤྲེལ་ལད་འབའ་ཞིག་ལས་བྱུང་བའི་བྱ་དགའ་ཞིག་ཡིན་པར་མངོན། མི་རིགས་གཞན་འུར་འགྲོགས་དང་སྤྱིར་ཁོ་པའི་བརྗོད་ཚིག་བྱང་ཆ་དོད་པོ་ལྟ་བུ་དེང་སང་གང་ས་ནས་བྱུང་དང་འབྱུང་བཞིན་པ་རེད། མ་གཞི་ཁོ་པ་བོད་མི་ཡིན་པ་བརྗོད་དགོས་མི་འདུག་ཀྱང་བོད་དྲི་མི་བྲོ་མཁན་ཞིག་ཡིན་པ་ཤེས་དགོས།

    Reply
  2. དགྲ་འདུད། says:
    ལོ་ 16 སྔོན།

    བཀྲ་ཤིས་བད་ལེགས།
    ལོ་ཁ་ཤས་ཡར་སྔོན་ལ་གོ་ཐོས་བྱུང་བ་ཡིན་ན། དགྲ་ནག་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་མཁས་པ་ཁ་ཤས་ཀྱིས། གེ་སར་སྒྲུང་དེ་མར་ལེ་རང་ལུགས་ཀྱི་ལྟ་བ་དང་མཐུན་ཞིང་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ལ་ཞབས་ཞུ་བསྒྲུབ་ཐུབ་པ་ཅན་ཞིག་ཏུ་བྱ་དགོས་ཞེས་ལབ་བཞིན་འདུག་ཟེར། དེ་བས། འདི་བ་ཚང་རྒྱ་ནག་མ་རེད་དགྲ་ནག་རེད།

    Reply
  3. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཨ་ལེ་ཁོ་ངོ་མ་གུང་ཁྲན་གྱི་ལྟ་བའི་རྗེས་སུ་འབྲང་མཁན་ཞིག་ཡིན་ན་ཁོ་བོད་མ་ཟེར་ད་འཇིག་རྟེན་འདིའི་སྟེང་གི་རྩོམ་པ་པོ་རྩེ་ཕུདགཅིག་པོ་ཡིན་རུང་ང་ཚོ་ལ་དེ་བས་གནོད་པ་ཆེ་བ་ལས་ཕན་ཐོགས་ཀྱི་མ་རེད། འབྲི་མི་ཚར་པའི་རྩོམ་པོ་འགུ་རུ་རྒྱལ་མཚན་ལས་ལྷག་ཅིག་ཨེ་ཡིན་ན། ཁོའི་དེབ་གཅིག་མཐོང་ན་ཧ་གོ་གི་རེད།

    Reply
  4. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    ལྕགས་རྒྱ་འགྲམ་ནག་འདི་དགོས་དུས་ཤིག་ལ་ཐོན་ཡོད། ཨ་ལེགས་ཀྱིས་བོད་མི་རིགས་ལ་བཅིངས་པའི་ལྟ་བ་གསལ་བོ་མཐོང་ཐུབ་པའི་འབྲེལ་ཐག་འདིར་ངེས་པར་གཟིགས་དགོས་པ་ཞིག་ཡིན། ང་སྔོན་མ་ནས་ཁོང་གི་ལྟ་བར་དགའ་མཁན་ཞིག་མིན།

    Reply
  5. ལྕགས་རྒྱ་འགྲམ་ནག says:
    ལོ་ 16 སྔོན།

    གནས་ཚུལ་འདི་ཐད་ཀར་བཤུས་པ་ཞིག་ཡིན་པ་མ་ཟད། ད་དུང་ཁུངས་ཡང་མ་བསྟན་པ་བཅས་ནི་མི་རུང་བར་འདོད།
    ཨ་ལེས་བོད་དང་བོད་ཀྱི་སྐད་ཡིག་ལ་བཟུང་བའི་རྣམ་འགྱུར་རགས་ཙམ་འབྲེལ་ཐག་འདི་དག་ནས་ཤེས་རྟོགས་བྱེད་ཐུབ།
    http://tibetwebdigest.com/?p=208
    http://tibetwebdigest.com/?p=256

    Reply
  6. རས་པ། says:
    ལོ་ 16 སྔོན།

    ཨ་ལེ་ཞེས་པ་འདི་བོད་ཡིག་ནས་རྒྱ་ཡིག་ཏུ་སྒྲ་བསྒྱུར་བྱས་ཤིང་དེ་ནས་ཡང་བསྐྱར་བོད་ཡིག་ཏུ་བཀོད་པ་ཞིག་རེད་འདུག། དེ་སྔོན་གྱི་སྦྲང་ཆར་སོགས་ས་ཁོའི་སྙན་ངག་འགྱུར་མ་ཞིག་ཏུ་ཨ་ལེགས་ཞེས་བཀོད་ཡོད། ཨ་ལེགས་ཞེས་པས་རྒྱ་ཡིག་ཏུ་a laiཞེས་བཀོད་པ་ཕྱིས་བོད་ཡིག་ཏུ་རང་འཇགས་བྱུང་། དགོས་མཁོ་ཡོད་མེད་མི་ཤེས་ཏེ་འདི་འདྲ་ཞིག་འདིའི་ཐད་བྲིས་པ་དགོངས་འགལ་མེད་པ་ཞུ།

    Reply
  7. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ཨ་ལེ་རྒྱ་མིན་བོད་མིན་གང་ཡིན་ཆ་རྒྱུས་མེད། རྩོམ་གྱི་སྒྱུ་རྩལ་རང་རྐང་ནས་དཔྱད་ན་ཨ་ལེ་འདྲ་བའི་སྒྲུང་རྩོམ་འབྲི་མཁན་བོད་རིགས་ཚོའི་ཁྲོད་དུ་ཉིན་མོའི་སྐར་མ་ལྟ་བུ་རེད། འདི་ཁས་མ་བླངས་རང་བླངས་རེད། གལ་སྲིད་ཡོད་བསམས་ན་སྟོན་རོགས།

    Reply
  8. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཨེ་འདིས་ད་བོད་ཀྱི་ངལ་རྩོལ་མི་དམངས་ཀྱི་ལོ་ངོ་སྟོང་ཕྲག་རིང་ངག་ལས་ངག་བརྒྱུད་པའི་ཐུན་མོང་མིན་པའི་རྩོམ་རིགས་རིན་པོ་ཆེ་དེ་ཧོ་ཅིན་ཐོ་ལ་བཙོང་ཚར་ཡོད་ནི་མ་རེད་ད། གང་ལྟར་ཁྲོ་ཐུང་གི་རྒྱུད་པ་ཞིག་མིན་པའི་སྨོན་ལམ།

    Reply
  9. དགེ་འདུན་རབ་གསལ། says:
    ལོ་ 16 སྔོན།

    ང་ཨ་ལེ་ལ་ཐེངས་གཅིག་ཐུག་མྱོང་། དེ་དུས་ཁོང་གིས་རྒྱ་སྐད་བཤད་ཀྱི་འདུག བོད་སྐད་མི་ཤེས། བོད་ཡིག་ཤེས་མིན་ཡང་མི་ཤེས། རྒྱལ་རོང་སྐད་ཤེས་ཟེར། སྐད་བསྒྱུར་གྱིས་བཤད་པ་ལྟར་ན། ཁོང་གིས་ “བོད་ཡིག་སྦྱང་ན་དུས་ཚོད་འཕྲོ་བརླག་རེད། བོད་ཡིག་ལ་བེད་སྤྱོད་ཡོད་པ་མ་རེད། དེ་ལས་དེང་རབས་ཀྱི་སྤྱི་སྐད་རྒྱ་ཡིག་སློབ་སྦྱོང་བྱེད་དགོས་པ་རེད།”ཅེས་བཤད་བྱུང་ཟེར། ང་དེ་ནས་ཁོ་ལ་མི་དགའ་རྒྱུའི་མགོ་བཙུགས་སོང་། ཁོང་གི་རྩོམ་དེབ་དབྱིན་སྐད་ལ་ཡང་ཡོད་པ་རེད།

    Reply
  10. བརྩེ་དུང་གི་རྒྱལ་སྲས། says:
    ལོ་ 16 སྔོན།

    སྤྱིར་ན་གེ་སེར་རྒྱལ་པོའི་ལོ་རྒྱུས་ཀྱི་བོད་མི་རིགས་ཀྱི་སྙིང་སྟོབས་དང་དཔའ་ངར་མཚོན་བྱེད་ཀྱི་བྱུང་རབས་ཚད་ཐིག་རེད་མོད། ཐེངས་འདིའི་བརྩམས་ཆོས་ནང་དོན་ངོ་བོ་གཞན་ཞིག་ཏུ་བསྒྱུར་ཐབས་སུ་འབད་ཨེ་སྙམ་པས་དོགས་པ་ཆེ་རུ་འགྲོ གང་གིས་ཞེ་ན། ཡོད་ཚད་རྒྱ་དམར་སྲིད་གཞུང་གིས་བཏང་འཛིན་འོག་ཡོད་སྟབས། ཁོང་ཚོའི་འཕྲལ་ཕུགས་ཀྱི་དམིགས་ཡུལ་འགྲུབ་ཆེད་ཀྱི་ཟུར་ངོས་གཅིག་ལ་བརྩི་ཡོད་མི་སྲིད་པ་མིན།

    Reply
  11. ཁ་རུ་ཁ་ཐུག says:
    ལོ་ 16 སྔོན།

    རྩོམ་པ་པོ་མིང་ཆེན་ཞིག་རེད། འོན་ཀྱང་རྒྱབ་ལྗོངས་ལ་རྒྱུས་ཆེན་པོ་མེད། གང་ལྟར་གེ་སར་རྒྱལ་པོ་ལ་ཞིབ་འཇུག་དང་དོ་སྣང་གིས་དཔེ་དེབ་བརྩམས་པར་སེམས་ན་རྒྱ་དགའ་ཞིག་ད྄་ཨེ་ཡིན་མི་ཡིན།

    Reply
  12. དཀོན་མཆོག says:
    ལོ་ 16 སྔོན།

    ཨ་ལེ་རྩོམ་ཡིག་ག་ཚོད་སྤེལ་རུང་ཁོས་བོད་རྒྱ་ཁོང་སྒྲུབ་བཞིན་པ་རེད།
    བོད་ནང་གི་མཁས་པ་མང་དག་གཅིག་ཨ་ལེ་ལ་དགའ་པོ་བྱེད་ཀྱི་ཡོད་མ་རེད་ལ།
    རྒྱུ་མཚན་ནི། ཁོ་བ་བོད་མི་རྒྱ་དགའ་བ་ཞིག་ཡིན་ཆ་ནས་རེད།

    Reply
  13. བཙན་པོའི་བུ། says:
    ལོ་ 16 སྔོན།

    བློ་དགའ་ལགས། ཁྱེད་ལ་ཁག་མི་འདུག སྤྱིར་མདོ་སྨད་ཕྱོགས་སུ་འདི་འདྲའི་གཅེས་མིང་འདོགས་སྟངས་ཤིག་ཡོད་ལ། དཔེར་ན། ཨ་དགའ་དང་། ཨ་རྡོ། ཨ་ཟི། ཨ་གོ། ཨ་ཡང། ཨ་འདུ། ཨ་བྷེ། ཨ་དྲུང་ཟེར་བ་ལྟ་བུས་མཚོན་མིང་འདོགས་སྟངས་མང་པོ་ཞིག་ཡོད། སྐུ་ཞབས་ཨ་ལེ་ཁོང་བོད་མི་ཡིན་མིན་གྱི་ཆ་ནས་བཤད་ན། ལྷ་ས་བ་དང་། བཙན་བྱོལ་ནང་གི་གཞས་ཆགས་རྙིང་པ་དག་གིས་འཛིན་སྟངས་ལྟར་ན། ཁོང་བོད་པ་ཞིག་མ་ཡིན་པར་ཨ་མདོ་བ་ཞིག་རེད། འོན་ཀྱང་རིགས་རུས་ཀྱི་ཆ་ནས་བཤད་ན། ཁོང་ཨ་མདོ་རྔ་བ་ཁུལ་གྱི་ཁོངས་གཏོགས་རྒྱལ་རོང་བ་ཞིག་རེད་འདུག ཁོང་གི་རྩམ་ཆོས་ཚང་མ་རྒྱ་ཡིག་སྟེང་སྤེལ་འདུག་ཀྱང་། རྒྱ་རིགས་ཤེས་ཡོན་པ་དག་གིས་ཁོང་ལ་བོད་པ་ཞེས་འབོད་ཀྱིན་འདུག འོན་ཀྱང་རྒྱ་ནག་དམར་ཤོགས་ཚོགས་པས་བཤད་སྟངས་ལྟར་ན། ཨ་ལེ་ནི་རྔ་བ་བོད་རིགས་ཆང་རིགས་རང་སྐྱོངས་ཁུལ་གྱི་ཆང་རིགས་ཤིག་ཡིན་ཚུལ་བཤད། རྩོམ་པ་པོ་ཁོ་རང་གིས་བོད་པ་ཞིག་ཡིན་ཤག་བྱས་ནས་སྐད་ཆ་བཤད་ཀྱིན་འདུག མདོར་ན་ཨ་ལེ་ཞེས་པའི་རྩོམ་པ་པོ་འདི་ནི་རྒྱ་རིགས་མང་ཚོགས་ཀྱིས་གདེངས་འཇོགས་ཐོབ་ཟིན་པའི་རྩོམ་པ་པོ་ཞིག་རེད།

    Reply
  14. ལྷ་སྲས་དར་མ།་ says:
    ལོ་ 16 སྔོན།

    ཝེ་གྲོགས་པོ་ལགས། ཨ་ལེ་བོད་རིགས་ཤིག་ཡིན་པར་ཤཽད་ཀྱིན་ཡིན་ནའང་ཁོང་གི་རྩོམ་ཡིག་དག་རྒྱ་ཡིག་འབྲི་བཞིན་པ་དེ་རེད། ་མ་ཚད་ཁོང་གི་སྐྱེས་ཡུལ་ཡང་ཀོང་པོ་ནས་རེད།་

    Reply
  15. བློ་དགའ། says:
    ལོ་ 16 སྔོན།

    ཨ་ལེ་་་ཟེར་བ་བོད་མི་རེད་དམ་ཡང་ན་རྒྱ་མི་རེད། མིང་ཁྱད་མཚར་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese