མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲེལ་མོལ་ལ་བསྐུལ་བ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་འཛིན་ཨོ་བྷ་མའི་སྲིད་གཞུང་གིས་རྒྱ་ནག་དང་༧གོང་ས་མཆོག་གི་བར་གུ་ཡངས་པའི་འབྲེལ་མོལ་གནང་དགོས་པར་བསྐུལ་འདུག

ཕྱི་ཚེས་ ༡༠ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་འབྲེལ་ཡོད་ལས་བྱེད་ཅིག་གིས་བཤད་དོན། ཨ་རིའི་གཞུང་གིས་རྒྱ་ནག་དང་ཏཱ་ལའི་བླ་མའི་བར་དུ་གུ་ཡངས་པའི་འབྲེལ་མོལ་ཞིག་ཡོང་དགོས་པར་འབོད་སྐུལ་ཞུས་འདུག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ ལན་ ཁེལ་ལེ་ ལགས་ཀྱིས་བཤད་དོན། ང་ཚོས་ཏཱ་ལའི་བླ་མ་མཆོག་ལ་བླ་ན་མེད་པའི་གུས་བརྩི་བྱེད་ཀྱིན་ཡོད། ཁོང་ནི་འཛམ་གླིང་གི་ཆོས་ལུགས་དབུ་ཁྲིད་དག་གི་ཁྲོད་ནས་རྩེ་གྲས་ཤིག་རེད། ང་ཚོས་ག་དུས་ཡིན་ནའང་རྒྱ་ནག་དང་ཏཱ་ལའི་བླ་མ་དང་ཁོང་གི་རྗེས་འཇུག་པ་ཚོའི་བར་ལ་སྔར་ལས་ལྷག་པའི་གུ་ཡངས་ཀྱི་འབྲེལ་མོལ་ཞིག་ཡོང་བར་སྐུལ་འདེད་བྱེད་བཞིན་ཡོད་ཅེས་བཤད་འདུག

རྗེས་སོར་དྲི་བ་ཞིག་གི་ལན་དུ་ཁོང་གིས། ཏཱ་ལའི་བླ་མ་ཕྱིར་རང་གི་ཕ་ཡུལ་དུ་ལོག་ཕེབས་རྒྱུའི་ཐད་ཨ་རིའི་གཞུང་ལ་དམིགས་བཀར་གྱི་འཆར་གཞི་འདྲ་མེད། དེའི་ཐད་དུ་ང་ཚོས་ལངས་ཕྱོགས་གང་འདྲ་ཞིག་འཛིན་རྒྱུའི་ཐད་ལ་ངས་ད་ལྟའི་ཆར་བསམ་ཚུལ་བཤད་ཐུབ་གི་མི་འདུག་ཅེས་བཤད་ཡོད་་པ་རེད།

འབྲེལ་ཡོད་གསར་འགྱུར།

རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་བགྲོ་གླེང་འཚོགས།
Mobile App

རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་བགྲོ་གླེང་འཚོགས།

ཆུ་ཚོད་ ༣ སྔོན་ལ།
Batang County
Mobile App

འབའ་ཐང་རྫོང་ཁོངས་སུ་རི་ཉིལ་དང་གཞུང་ལམ་ལ་རྡིབ་སྐྱོན་བྱུང་།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་མི་སྲི་ཞུ་བ་ཞིག་གི་གྲོགས་འཕྲིན།

ཆུ་ཚོད་ ༡༡ སྔོན་ལ།
རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག
Mobile App

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ཟི་ལིང་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་ཡོད་འདུག

༢༠༢༥/༡༢/༢༩
༸རྒྱལ་དབང་ཀརྨ་པ་མཆོག་གིས་ཤེས་རབ་སྐོར་གསུང་བཤད་གནང་བཞིན་པ། ༢༠༢༥།༡༢།༢༩ ཐད་གཏོང་ནས་པར་བླངས།
Mobile App

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༤༠ འཚོག་བཞིན་པ།

༢༠༢༥/༡༢/༢༩
Potala
Mobile App

ཕོ་བྲང་པོ་ཏ་ལའི་ཤིང་ཆའི་བཟོ་བཀོད་ལ་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༥/༡༢/༢༩

མཆན། 6

  1. བདེ་ཆེན་སྒྲོལ་མ། says:
    ལོ་ 16 སྔོན།

    གདོང་དམར་བུས་བཤད་བཞིན་པར་ཉན་རྒྱུ་ཡོད་ཀི། ཡིན་ནའང༌། ད་དུང་ཁ་གསལ་རུ་བཏང་ནས། གནད་དོན་གྱི་སྣེ་མོ་དང་སྣེ་མོ་ཐོད་གཏུགས་ནས་འབྲི་ཐུབ་ན་ཚང་མར་གསལ་བོ་ཆགས་ཐུབ་རྒྱུར་དགེ་མཚན་ཤིན་ཏུ་ཆེ་བ་མཐོང་སོང༌། རང་གི་བསམ་ཚུལ་ཙམ་ཡིན།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཁྱི་རྒྱལ་པོ་གཉིས་ལ་བློ་མ་བཅོལ་ཟེར་བའི་གཏམ་དཔེ་དེ་ལོ་བརྒྱ་ཕྲག་མང་པོའི་སྔོན་གྱི་ཚིག་གཅིག་ཡིནརུང་། ད་དུང་བེད་སྤྱོད་ཡོད་ཁ་རེད་གོ འགྲིག་གི་རེད་མཚམས་རེར་སེམས་གསོ་ཙམ་བྱ་ནི་ཡོད་ན་མི་དགའ་རྒྱུ་མེད་ཀྱི།

    Reply
  3. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    ནོར་བཅོས། ཨ་རིའི་གཞུང་གིས་རྩམ་པ་འགམ་ཤོར་ལ་གླིང་བུ་འབུད་ཁུལ་བྱེད་ཀྱི་ཡོད་ཀྱང་། སྐབས་རེ་ཨ་རིས་རྒྱ་ནག་གི་ལག་ནས་ཁེ་བཟང་གི་རྩམ་སྐྱ་འགམ་རྒྱུ་ལས་འགྲོ་བ་མའི་ཐོབ་ཐང་གི་གླིང་བུ་འབུད་རྒྱུ་བརྗེད་འགྲོ་གི་ཡོད་པ་རེད། བལ་བོ་དང་ཨ་རིའི་སྲིད་ཇུས་ལ་དབྱེ་བ་སྤུ་ཙམ་ལས་མེད། དེ་ནི་ཨ་རི་དང་རྒྱ་ནག་གི་བར་ཐག་ཅུང་རིང་པོ་ཡོད་སྟབས། རྒྱ་ནག་གི་གཔུང་འོག་ཏུ་མནན་ཟིན་པའི་བལ་བོའི་གཞུང་ལས་ཨ་རིའི་གཞུང་གི་རྣམ་འགྱུར་དྲགས་ཙམ་ཡོད་པ་འདྲ་བོ་རེད། གཞི་རྩའི་ཕྱི་ལ་ཁ་གསལ་མིན་ཙམ་ལས་ཨ་རི་དང་བལ་བོའི་གཞུང་གཉི་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་གཞི་རྩའི་བསམ་བློ་གཏོང་སྟངས་གཅིག་པ་རེད། མ་རེད་དམ།

    Reply
  4. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    ཨ་རིའི་གཞུང་གིས་རྩམ་འགམ་ཤོར་དང་གླིང་བུ་འབུད་ཤོར་བྱེད་ཁུལ་བྱེད་ཀྱི་ཡོད་ཀྱང་། སྐབས་རེ་ཨ་རིས་རྒྱ་ནག་གི་ལག་ནས་ཁེ་བཟང་གི་རྩམ་སྐྱ་འགམ་རྒྱུ་ལས་འགྲོ་བ་མའི་ཐོབ་ཐང་གི་གླིང་བུ་འབུད་རྒྱུ་བརྗེད་འགྲོ་གི་ཡོད་པ་རེད། བལ་བོ་དང་ཨ་རིའི་སྲིད་ཇུས་ལ་དབྱེ་བ་སྤུ་ཙམ་ལས་མེད། དེ་ནི་ཨ་རི་དང་རྒྱ་ནག་གི་བར་ཐག་ཅུང་རིང་པོ་ཡོད་སྟབས། རྒྱ་ནག་གི་གཔུང་འོག་ཏུ་མནན་ཟིན་པའི་བལ་བོའི་གཞུང་ལས་ཨ་རིའི་གཞུང་གི་རྣམ་འགྱུར་དྲགས་ཙམ་ཡོད་པ་འདྲ་བོ་རེད། གཞི་རྩའི་ཕྱི་ལ་ཁ་གསལ་མིན་ཙམ་ལས་ཨ་རི་དང་བལ་བོའི་གཞུང་གཉི་གི་གཞི་རྩའི་བསམ་བློ་གཏོང་སྟངས་གཅིག་རེད། མ་རེད་དམ།

    Reply
  5. གཉན་མདང་ཕོ་ཉ། says:
    ལོ་ 16 སྔོན།

    བོད་ འབོད་བསྐུལ་ཁྲོད་ཀྱི་གཞན་ལྟོས་བ།
    རང་ས་ནས་ལོངས་ཤིང་། རང་ས་ནས་བསྐྱོད་ཐུབ་དགོས།
    འབོད་བསྐུལ་ནི། གཞན་ལ་དབང་བའི་མ་འོངས་བ་ཡིན།
    ཡིན་ལུགས་དེའི་དབང་གིས།
    ན་ནིང་གི་འབོད་བསྐུལ་རུལ་སོང་ལ། ད་ལོ་ཡི་འབོད་བསྐུལ་རྒས་སོང་།
    བོད་
    བོད་་་་་་་་་་་་་་་་་་་་་་འབོད་བསྐུལ་གྱི་རླུང་ནས་ཟད་བཞིན་པའི་དར་ལྩེ་དཀར་པོ།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཨ་རིའི་གཞུང་གིས་རྒྱ་ནག་དང་ཏཱ་ལའི་བླ་མའི་བར་དུ་གུ་ཡངས་པའི་འབྲེལ་མོལ་ཞིག་ཡོང་དགོས་པར་འབོད་སྐུལ་ཞུས་འདུག

    རྒྱལ་ཁབ་སུ་འདྲ་ཞིག་གི་སྲིད་འཛིན་དང་དབུ་ཁྲིད་སུ་ཞིག་གིས་སྐད་ཆ་འདི་བསྐྱར་བཟློས་ཡང་བཟློས་བྱས་དེ་མི་ལོ་དུ་མ་ཞིག་འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་སྲིད་གཞུང་གིས་ད་དུང་དེའི་ལན་དུ་ཏྰ་ལའི་ལོག་སྤྱོད་པ་ཟེར་བའི་མིང་ཚིག་དེ་ལ་འགྱུར་བ་མ་བཏང་བར་སྔར་བཞིན་ཇེ་དྲགས་ཇེ་སྡུག་དུ་བྱིན་དུས། སྤུན་ཟླ་ཚོ་སེམས་བསམ་པའི་གཏིང་ནས་ག་རེ་དྲན་བཞིན་འདུག་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese