མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིན་ཧྲི་པེན་ཚེ་བཙོན།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་ཁྲིན་ཧྲི་པེན་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

ཕྱི་ཚེས་ ༡༡ ཉིན་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐའེ་པེ་རྗོང་གི་ཁྲིམས་ཁང་ཞིག་གིས་སྲིད་འཛིན་ཟུར་པ་ཁྲིན་ཧྲེ་པེན་ལགས་ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་ཁྲོད་ཚུད་པའི་ཁ་མཆུ་དེ་ལོ་གསུམ་གྱི་གོང་ནས་བླངས་ཤིང་། དེའི་ནང་དུ་ཁྲིན་དང་ཁོང་གི་བཟའ་ཟླ་དང་ནང་མི་སོགས་ཀྱང་ཚུད་ཡོད་འདུག་ལ། དེ་རིང་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག
ཁྲིམས་ཁང་གིས་ཁྲིན་ཧྲེ་པིན་ལ་སྲིད་འཛིན་གྱི་དམིགས་བསལ་ཐེབས་རྩའི་ལས་ཁུངས་ནས་ཨ་སྒོར་ཁྲག་ཁྲིག་ ༡༠༤ ལྐོག་ཟ་བྱས་ཚུལ་ཉེས་འཛུགས་བྱས་འདུག་ལ། དེ་བཞིན་ས་ཁང་གི་སྐོར་ནས་ཨ་སྒོར་ས་ཡ་ ༩ དང་། གཞུང་གི་ལས་འཆར་ཞིག་གི་དོན་དུ་མི་གཞན་པ་ཞིག་ལ་ཨ་སྒོར་ས་ཡ་ ༢་༧༣ སྤྲད་པའི་ཉེས་འགེལ་བྱས་འདུག
ཁྲིན་ཧྲེ་པེན་གྱིས་ ༢༠༠༠ ལོ་ནས་ ༢༠༠༨ ལོའི་བར་དུ་ཐའེ་ཝན་གྱི་སྲིད་འཛིན་གནང་མྱོང་ལ། སྐབས་དེར་ཁོང་གིས་ཐའེ་ཝན་རང་བཙན་བཤད་དེ་པེ་ཅིན་གྱི་མགོ་ཁྲིད་ཚོར་ལོ་ ༨ ཀྱི་ཁོང་ཁྲོ་བསླངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༡༤ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

མཆན། 9

  1. ཁ་བའི་འདབ་མ says:
    ལོ་ 17 སྔོན།

    ཆེས་མཐོ་ཁྲིམས་ཞིབ་ཁང་གིས་ཐག་གཅོད་ལ་བརྩི་འཇོག་མེད་པ་སྤྱི་འཐུས་ཟླ་བ་ཚེ་རིང་གིས་ཡོངས་གླིང་སློབ་གྲྭ་འདི་སྒེར་བདག་ཏུ་བསྒྱུར་ནས་བོད་གཞུང་ལ་བརྩིས་སྤྲོད་རོགས་བྱེད་ཀྱི་མེད་པ་རེད། ད་ཆར་རྒྱ་གར་ས་གནས་ཁྲིམས་ཁང་དང་མཉམ་འབྲེལ་བྱས་ནས་ནུས་ཤུགས་ཆེ་ཙམ་ཡོང་བའི་རེ་བ་ཙམ་ལས་ཡིད་ཆེས་ཤིག་སླེབས་དཀའ་བ་འདུག

    Reply
  2. གནས་ཚང་། says:
    ལོ་ 17 སྔོན།

    གོ་ཐོས་ཡིན་ན། བཙན་བྱོལ་གཞུང་གི་ལྐོག་ཟ་རུལ་སུངས་གནད་དོན་ལའང་མི་འགྱངས་པར་ཆེས་མཐོ་ཁྲིམས་ཞིབ་ཁང་གིས་རྒྱ་གར་ས་གནས་ཁྲིམས་ཁང་དང་མཉམ་འབྲེལ་གྱིས་བརྩད་ཞིབ་བྱེད་རྒྱུ་རེད་ཟེར། དེའང་མང་གཙོའི་ལམ་སྲོལ་གྱི་གཟི་བརྗིད་གཞན་ཞིག་ཏུ་འགྱུར་ཐུབ་ཀྱི་འདུག་གམ། མཁས་དབང་ཚོ།

    Reply
  3. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    བཟའ་ཚང་གཉིས་ཁྲིམས་ཁང་གཅིག་དང་ཁང་མིག་གཅིག་ཡིན་གི་སྨོན་ལམ།

    Reply
  4. དོན་གོ says:
    ལོ་ 17 སྔོན།

    ཐེངས་འདིར་ཐའེ་ཝན་གྱི་མཱ་ཡོན་ཅིག་སྲིད་གཞུང་གིས། སྲིད་འཛིན་ཟུར་པ་ཁྲིན་ཧྲེ་པེན་ལ་ཚེ་བཙོན་གྱི་ཁྲིམས་ཆད་དང་ལོ་ ༡༦ གི་ཆབ་སྲིད་ཀྱི་འགན་དབང་བླངས་ཡོད་པ་མ་ཟད། ཁོང་གི་བཟའ་ཟླ་ཝུའུ་ཧྲུའུ་ཀྲིན་ལའང་ཚེ་བཙོན་དང་ཐའེ་སྒོར་དུང་ཕྱུར་གསུམ་གྱི་ཆད་པ་བཅད་ཡོད་འདུག་ལ། དེ་བཞིན། ཁྲིན་ཧྲེ་པེན་གྱི་བུ་ཁྲིན་ཀྲི་ཀྲོན་ལ་ལོ་ ༢ དང་ཟླ་དྲུག་གི་ཁྲིམས་ཆད་དང་ཐའེ་སྒོར་དུང་ཕྱུར་ ༡༌༥ ཡི་ཆད་པ་དང་། ཁོང་གི་བཟའ་ཟླ་ཧོང་རོན་ཅན་ལ་ལོ་ ༡ དང་ཟླ་ ༨ གྱི་ཁྲིམས་ཆད་བཅད་ཡོད་འདུག

    Reply
  5. བློ་བཟང༌། says:
    ལོ་ 17 སྔོན།

    བདེ་ཆེན་སྒྲོལ་མ་ལགས། ཁྱེད་རང་གིས་རྒྱ་དམར་སྨྱོན་པ་ཡིན་པ་ད་རེས་མ་གཏོགས་མ་ཤེས་སམ། མ་གཞི་ནས་ཁྱེད་རང་གིས་མཆན་འདི་གོ་ཁག་པོ་ཞིག་འདུག རྗེས་སུ་གོ་བདེ་ཙམ་བྲི་རོགས་གནང༌། THANK YOU !!!

    Reply
  6. བདེ་ཆེན་སྒྲོལ་མ། says:
    ལོ་ 17 སྔོན།

    རྒྱ་བཙོག་འདི་ཚོ་སྨྱོས་སོང་ཟིག་གོ།

    Reply
  7. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    ཁྲིམས་ལུགསའདི་་ཕྱོགས་ཡོང་ལ་ལག་ལེན་ཁེལ་བར་ཤོག
    དེ་ཡང་ཀློ་ཀློའི་ཡུལ་ཏེ་རྒྱ་ནག་ནས་འགོ་འཛུགས་པར་ཤོག
    ཐེ་ཝན་འདི་རྒྱ་རིགས་དང་སྐད་རིགས་རྒྱ་སྐད་ཡིན་དུས་རྒྱ་ནག་ལའང་གསར་འགྱུར་འདི་ཡོང་ཁྱབ་ཏུ་གྲགས་ངེས། དེར་བརྟེན་རྒྱ་གཞུང་གི་ལྐོག་བཟན་པ་དེ་ཚོ་ལ་ཞེད་སྣང་དང་།
    ཁྲིམས་ཁང་དེ་ཚོ་ལ་བསྐུལ་འདེད་འདྲ་ཡོང་རྒྱུའི་རེ་བ་བཅང་ཆོག་གི་སྙམ།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཁྲག་ཁྲིག་གི་དག་ཆ་ནོར་མི་འདུག

    Reply
  9. བསེ་རུ། says:
    ལོ་ 17 སྔོན།

    ཁྲག་ཁྲིག ཕྲག་ཁྲིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese