མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྲོམ་གཞི་རྙིང་བའི་ཀླད་པ། རྒྱ་མཚོ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་མཚོ།
ཁ་སྔོན་ཨ་རི་བ་སེམས་ཁམས་རིག་པ་ཞིག་གིས་བཤད་རྒྱུ་ལ་ངེད་ཚོའི་ཀླད་པ་དུས་རབས་ཉེར་གཅིག་ནང་དུ་ཡོད་ནའང་ཀླད་པའི་སྒྲོམ་གཞི་དེ་ཆེས་གནའ་སྔར་མོའི་ཅ་ལག་ཅིག་རེད་ཟེར། འགྲོ་བ་མིའི་འཕེལ་རིམ་གྱི་ཁྲོད་དུ་རང་གི་ཉིན་རེའི་འཚོ་བའི་ནང་དུ་རྟག་ཏུ་སེམས་འཚབ་བྱེད་དགོས་པ་ནི་འཇིགས་སྣང་དེ་རེད། དེ་ཡང་གློ་བུར་བའི་འཇིགས་སྣང་དང་རིམ་བརྒྱུད་ཀྱི་འཇིགས་སྣང་གཉིས་ལ་ཡ་ལན་སྤྲོད་སྟངས་མི་འདྲ་བ་ཡོད་པ་རེད།  ལན་འདེབས་ཀྱི་རྒྱབ་སྐྱོར་འཚོལ་བའི་སྐབས་སུའང་མང་ཆེ་བས་རང་བཞིན་གྱིས་རང་བློའི་ཞེན་ཕྱོགས་དང་བསྟུན་ནས་ཡོང་གི་ཡོད།

དེང་སང་ཨ་རིའི་ཆབ་སྲིད་ནང་དུ་སྐྱེས་འགོག་གི་གནད་དོན་༼ abortion issue ༽་ལ་གལ་ཆེ་བར་བརྩི་བ་ལས་འཛམ་གླིང་འདི་ཆགས་འཇིག་གི་གནད་འགག་ལ་ཐུག་ཡོད་པའི་གོ་ལའི་ཚ་ཚད་ཇེ་མཐོར་འགྲོ་བ་སོགས་ཀྱི་གནས་ཚུལ་ལ་ཛ་དྲག་ཏུ་མི་བརྩི་བའི་བསམ་བློའི་ཡོང་སྟངས་ཀྱང་གོང་གི་གནའ་བོའི་བག་ཆགས་འདི་ལ་བརྟེན་ནས་ཡོང་གི་ཡོད། དེ་རིང་ཁ་སང་སྤྱི་འཐུས་ཀྱི་གནས་ཚུལ་འདི་ལའང་ཕྱོགས་གཉིས་ཐད་ནས་བལྟས་ན་ཡོང་སྟངས་འདི་དང་གཅིག་མཚུངས་སུ་མཐོང་།

ངེད་ཚོའི་སྤྱི་ཚོགས་ནང་དུ་སྤྱི་འཐུས་ཀྱི་དཀའ་རྙོག་འདི་འདྲ་བ་ཞིག་སླེབས་དུས་གནས་ཚུལ་ལ་ཆ་རྒྱུས་ལོན་པའི་ཐོག་ནས་བསམ་ཚུལ་བཤད་པ་དང་ཕྱོགས་ལྷུང་མེད་པའི་ཐོག་ནས་སྐྱོན་བརྗོད་བྲིས་ན་ཡག་པོ་རེད། ཀློག་པ་པོ་རྣམ་པས་ཤེས་ཀྱི་ཡོད་ཚོད་རེད། མི་ཚོའི་ཁ་ལ་ཉན་ན་གནད་དོན་འདིའི་ཐད་ལ་ངེད་ཚོའི་སྤྱི་ཚོགས་ནང་དུ་བསམ་ཚུལ་ཕྱོགས་ཁག་གཉིས་སུ་འབྱེད་འདུག གཉིས་སུ་འབྱེད་པའི་གཞི་བརྟེན་ཐོག་བོད་ཡིག་དང་དབྱིན་ཡིག་གི་ཟིན་བྲིས་གཉིས་ཀྱི་སྤྱི་ཡོངས་ཀྱི་བསམ་ཚུལ་བཤད་སྟངས་མ་འདྲ་ནའང་སྐྱོན་བརྗོད་བྱེད་སྟངས་གཅིག་མཚུངས་ལྟ་བུར་འདུག གཟུར་གནས་འདུམ་སྒྲིག་པའི་མཆན་བཏབ་མཁན་ནི་གྲངས་ཉུང་གི་གནས་སུ་ལུས་འདུག གནས་སྟངས་འདི་འདྲ་ཞིག་ཡོང་བའི་རྒྱུ་མཚན་ནི་སྤྱི་ཚོགས་སེམས་ཁམས་རིག་པའི་ནང་དུ་རིག་པ་ཕྱོགས་རིས་བ་༼ cognitive bias ༽ ་ཟེར་བ་དང་དེ་ལས་འཕྲོས་ཏེ་རྒྱུ་འཚོལ་ཕྱོགས་རིས་པ་༼ confirmation bias ༽ ཟེར་བ་ཞིག་ཡོད་པ་དེའི་ཐོག་ནས་བལྟས་ཏེ་འགྲེལ་བརྗོད་བྱ་རྒྱུ་ཡིན་ན་ཅུང་ཟད་བསམ་བློ་བག་ལྷིང་བརྟེན་པ་ཞིག་ཡོང་གི་ཡོད།

རིག་པ་ཕྱོགས་རིས་པ་ལ་དབྱེ་ནའང་མང་པོ་ཞིག་ཡོད་ཀྱང་སྐབས་འདིར་རྒྱུ་འཚོལ་ཕྱོགས་རིས་པ་དང་གནད་འགག་ཅིག་མཐོང་ནས་འགྲེལ་བཤད་སྟབས་བདེ་མོ་ཞིག་ཞུ་རྒྱུ་ཡིན། དཔེར་ན་ཁྱེད་རང་གིས་དཔྱད་བརྗོད་ཅིག་འབྲི་བའི་དབང་དུ་བཏང་། དེའི་བརྗོད་བྱ་ཞིག་འདེམས། དཔྱད་བརྗོད་ཀྱི་བརྗོད་བྱ་ལ་ཕན་པའི་རྒྱུ་མཚན་ཁོ་ནར་འཚོལ་བསྡུ་བྱེད་པ་ཡིན་ན་དེ་ལ་རྒྱུ་འཚོལ་ཕྱོགས་རིས་པ་ཟེར།   གནས་ཚུལ་ཞིག་གི་རྒྱུ་རྐྱེན་ལ་འགྲེལ་བཤད་མི་འདྲ་བར་རྒྱག་ཚུལ་ཡོང་གི་ཡོད།  གནས་ཚུལ་དེ་དང་འབྲེལ་བའི་དྲན་པ་སོགས་ཀྱིས་རང་གི་ཐག་གཅོད་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། སྐབས་འདིའི་དྲན་པ་ནི་གནད་དོན་ཞིག་གི་སྐོར་ཁྱེད་རང་གིས་རྒྱུ་མཚན་མང་དག་ཅིག་ཤེས་ཀྱི་ཡོད་ཀྱང་རང་གི་ཞེན་ཕྱོགས་དང་མཐུན་པའི་རྒྱུ་མཚན་མང་པོ་ཞིག་དཀའ་ཚེགས་མེད་པར་དྲན་ཡོང་བའང་དྲན་སླ་བ་དེ་འདྲ་ཞིག་ལ་ཟེར།

གང་ལྟར་སྤྱི་ཚོགས་ནང་དུ་གནས་ཚུལ་ཞིག་ལྷགས་ཡོང་དུས་མང་ཆེ་བས་སོ་སོའི་བདེ་སྲུང་དང་ཁེ་ཕན་ལ་གཞིགས་ནས་གནས་ཚུལ་བྱེ་བྲག་པ་དེའི་མགོ་མཇུག་མ་ཤེས་གོང་ནས་དེའི་མཇུག་འབྲས་ཐག་གཅོད་ཟིན་ཚར་བ་ཡོང་གི་རེད། གནད་འགག་འདི་འདྲའི་རིགས་མང་པོ་ལ་རྒྱབ་ལྗོངས་ཞེ་དྲག་དགོས་ཀྱི་མ་རེད། ངེད་ཚོའི་ཀླད་པ་འདིའི་སྒྲོམ་གཞི་དེ་གདོད་མའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་གྲུབ་པ་ཞིག་ཡིན་པས་དུས་དེང་སང་ཡང་འདིའི་བྱེད་ལས་ཉམ་མེད་པ་རེད། དཔེར་ན། སྦྲུལ་གྱིས་སོ་བརྒྱབ་མ་མྱོང་ཡང་མཐོང་མ་ཉིད་ནས་འཕག་ཙག་ཤོར་པ་དང་། འདྲེ་མཐོང་སོང་བསམས་ནས་སྙིང་རྩ་འཕག་པ་དང་གཅིག་གིས་བྱུག་པ་གནམ་ལ་བཏེགས་མ་ཚར་གོང་ནས་གཉིས་པས་འོག་ནས་མེ་མདའ་ལ་ལག་པ་འཆང་ཚར་སོགས་སྦྱོང་མི་དགོས་པ་སོ་སོའི་ཞེད་ཕྱོགས་དང་ཞེན་ཕྱོགས་ལ་གཞིགས་ནས་ཐག་གཅོད་པའི་རྒྱབ་སྐྱོར་ལ་འགྲོ་བའི་གནས་ཚུལ་བསྡུ་རུབ་བྱེད་ཀྱི་ཡོད་པ་རེད། 

དེར་བརྟེན་ཚང་མས་ཕྱོགས་ཡོངས་ནས་རིག་པ་ཕྱོགས་རེས་བ་དང་རྒྱུ་འཚོལ་ཕྱོགས་རེས་བའི་བསམ་བློའི་འོག་ཏུ་མ་འགྲོ་བ་བྱེད་རྒྱུ་གལ་ཆེན་པོ་རེད།  ངའི་རྩོམ་ཐུང་འདི་སྤྱི་འཐུས་སུ་ལྷགས་པའི་གནས་ཚུལ་དང་ཐད་ཀར་འབྲེལ་བ་མེད་ལ་སྤྱི་འཐུས་ལ་ཡག་སྡུག་གི་དཔྱད་པ་བཏང་བའང་མིན། རྩོམ་ཐུང་འདི་ཡིས་ཐེངས་འདིའི་སྤྱི་འཐུས་ཀྱི་དཀའ་རྙོག་ལ་ཕན་པའི་རེ་བའང་མེད། ཡིན་ནའང་རྒྱ་ཆེ་ཀློག་པ་པོ་རྣམས་ཀྱི་བསམ་བློ་སྟངས་ཕྱོགས་ལ་ཅུང་ཟད་ཕན་པའི་ཡིད་ཆེས་ཡོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. བསྟན་འཛིན། says:
    ལོ་ 17 སྔོན།

    བསམ་བློ་གཏོང་སྟངས་འདི་འདྲ་མཁྱེན་རྟོགས་ཡོད་ན་དང་ཡག་པོ་རེད།

    Reply
  2. yuduk says:
    ལོ་ 17 སྔོན།

    རྒྱ་མཚོ་ལགས ། ཁྱེད་ཀྱི་བསམ་བློ་སྟངས་ཕྱོགས་ཀྱི་ཐབས་ལམ་ཡག་པོ་འདུག ། རྗེས་མ་ད་དུང་འདྲའི་རིགས་ནང་འདྲེན་བྱེད་པར་ཐུགས་རྗེ་ཆེ །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese