སྤྱི་འཐུས་བསྟན་འཛིན་མགོན་པོ།
སྤྱི་འཐུས་སྐབས་བཅུ་བཞི་པའི་ཚོགས་དུས་བརྒྱད་པའི་སྟེང་། སྤྱི་འཐུས་སྒེར་གྱི་གྲོས་འཆར་ཡིག་ཆ་ཨང་ ༣༨ ཅན་ལ་བརྟེན་ནས། གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་པའི་རྐྱེན་གྱིས་ཚོགས་འདུའི་མཇུག་སྡོམ་གནང་ཐབས་མ་བྱུང་ནས། ཆུ་ཚོད་ངེས་མེད་བར་ཚོགས་སེང་གཏོང་དགོས་འཁེལ་ཡོད། མཇུག་འབྲས་འདི་འདྲ་ཞིག་ནི་གྲོས་འཆར་འདོན་མཁན་དང་རྒྱབ་སྐོར་གནང་མཁན་ཚོའི་ཐོག་མའི་རེ་བ་དང་སྐུལ་སློང་ཡིན་རྒྱུ་མ་རེད། གཅིག་བྱས་ན་གྲོས་འཆར་འདོན་མཁན་དང་རྒྱབ་སྐྱོར་བྱེད་མཁན་སྐོར་ཞིག་གི་བསམ་བློའི་ནང་དུ་མཇུག་འབྲས་འདི་འདྲ་ཞིག་ཡིན་པ་འཁོར་ཡང་ཡོད་སྲིད་ཀྱི་མ་རེད། ཡིན་ན་ཡང་། བཙན་བྱོལ་སྤྱི་ཚོགས་ནང་གི་མཛད་གཙོ་རིམ་བྱོན་ཁ་ཤས་ཀྱི་མཛད་ཉེས་ལ་བརྟེན་ནས། བཙན་བྱོལ་སྤྱི་ཚོགས་ནང་གི་མདོ་སྟོད་པ་མང་པོ་ཞིག་ལ། དབུས་གཙང་པ་དང་མདོ་སྨད་པ། མདོ་སྟོད་ཀྱི་མི་སྐོར་ཞིག་ལག་སྦྲེལ་བྱས་ཏེ་མདོ་སྟོད་མི་དམངས་རྣམས་བོད་ཀྱི་སྤྱི་ཚོགས་ནང་སྡོད་བདེ་མེད་པ་བཟོ་བའི་བསམ་ཚུལ་ཡོད་པ་དེར་གྲོས་འཆར་འདོན་མཁན་ཚོས་དྲན་སྐུལ་ཐེངས་གཅིག་བྱས་པ་རེད། འདི་ནི་གྲོས་འཆར་འདིའི་ནོར་འཁྲུལ་དང་པོ་རེད། མདོ་སྟོད་ཀྱི་མི་མང་པོ་ཞིག་ལ་འདི་འདྲའི་བསམ་བློ་ཞིག་ཡོད་པ་ནི། ཕྱོགས་མང་པོ་ཞིག་ནས་འཐུས་ཤོར་དང་ནོར་འཁྲུལ་བཟོས་པའི་འབྲས་བུ་རེད་མ་གཏོགས། ཕྱོགས་གཅིག་དང་རྒྱུ་གཅིག་ལས་གྲུབ་པ་མིན་པས། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐེན་འཁྱེར་དུ་འགྱུར་ཉེན་ཡོད་པའི་གནད་དོན་མདུན་ཕྱོགས་ཡོངས་ཀྱི་བསམ་བློ་གཏོང་ཐུབ་དགོས་པ་ལས། དྲང་མདོག་དང་སྤྱི་སེམས་ཡོད་མདོག་གི་ཧོལ་རྒྱུགས་བྱས་ན། རང་ཉིད་དོལ་རྒྱལ་ཚོགས་པ་དང་རྒྱ་ནག་གཞུང་གིས་བོད་ཀྱི་སྤྱི་ཚོགས་དཀྲུགས་པའི་ལག་ཆར་འགྱུར་ཉེན་ཡོད།
རྒྱ་ནག་སྲིད་གཞུང་གིས་བོད་ནང་གི་མི་དམངས་ལ་གདུག་རྩུབ་ཇེ་ཆེ་ཇེ་ཆེ་རུ་གཏོང་བ་དང་། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྡོ་རྗེ་འཆང་ལ་སྐུར་འདེབས་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་ལ། རྒྱ་ནག་གི་བྱེད་སྟངས་ལ་མཐའ་གཅིག་ཏུ་བཟོད་བསྲན་ཐུབ་ཞིང་། རྒྱ་ནག་གཞུང་ལ་ཕོག་པའི་ཚིག་གི་སྨྲ་མཚམས་བཅད། རྒྱ་ནག་གཞུང་ལ་ཕོག་པའི་ལས་འགུལ་སྤེལ་མཚམས་བཞག་ནས་ཞི་མོལ་འཁོར་ཡུག་བསྐྲུན་ཐུབ་བཞིན་དུ། དོན་དག་ཆུང་ཆུང་ཞིག་གི་སྟེང་། ཤ་རུས་གདོང་རྒྱུད་གཅིག་པའི་འཁྲུངས་ཡུལ་མདོ་སྟོད་ཡིན་པའི་སྤྱི་འཐུས་སྐོར་ཞིག་གི་བསམ་ཚུལ་ལ་དགོངས་བཞེས་མི་ཐུབ་པའི་རྒྱུ་མཚན་གང་ཡང་ཡོད་པ་མ་རེད། འདི་ནི་གྲོས་འཆར་དེའི་ནོར་འཁྲུལ་གཉིས་པ་རེད།
ཡིག་ཆ་ཨང་ ༣༨ ཅན་གྱི་གྲོས་འཆར་གྲང་སེང་བཏང་ན། གྲོས་འཆར་འདོན་མཁན་རྣམས་དང་གྲོས་ཚོགས་ནས་ཕྱི་ལོག་ལ་ཕེབས་མཁན་ཚང་མར་སྤྱི་ཚོགས་ཐོག་ལབ་གླེང་སྣ་ཚོགས་འབྱུང་ངེས་དང་དེའི་རྐྱེན་གྱིས་བཙན་བྱོལ་སྤྱི་ཚོགས་ནང་དགྲ་དགའ་གཉེན་སྡུག་གི་གླེང་ཕྱོགས་མང་དག་ཅིག་འབྱུང་ངེས་པ་མཁྱེན་བཞིན་དུ། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ ༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྡོ་རྗེ་འཆང་ལ་ཚོགས་འདུ་ཕར་འགྱངས་ཀྱི་ཆོག་མཆན་ཞུས་ནས། ཡིག་ཆ་ཨང་ ༣༨ ཅན་གྱིས་མཚོན་པའི་ལས་རིམ་ཚང་མ་མཇུག་སྡོམ་གནང་ཐབས་གང་ཡང་མ་གནང་བར། ཨུ་ཚུགས་མཐར་སྐྱེལ་གྱིས་ཚོགས་དུས་བརྒྱད་པ་གཏན་འཁེལ་པའི་དུས་ཚོད་ནང་དུས་ཚོད་ངེས་མེད་བར་ཚོགས་སེང་བཏང་བ་དང་ལྷན། གྲོས་ཚོགས་ཀྱི་ལས་རིམ་ཚང་མ་གྲང་སེང་བཏང་བ་ནི། བཙན་བྱོལ་སྤྱི་ཚོགས་ནང་དགྲ་དགའ་གཉེན་སྡུག་གི་གླེང་ཕྱོགས་བཟོ་པར་མཐུན་པའི་རྐྱེན་དུ་གྱུར་ཡོད། འདི་ནི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཉིས་ནས། བོད་སྤྱི་པའི་ལས་དོན་ཐད་རང་འཁྲི་འགན་མ་ཁུར་པའི་ནོར་འཁྲུལ་ཚབས་ཆེན་ཞིག་རེད་ལ། རང་ཉིད་གོང་དུ་བཀུར་མཁན་གྱི་སྤྱི་འཐུས་ཚོར་ཡང་འགན་གང་ཡང་མ་ཁུར་པའི་ཡ་རབས་བཟང་སྤྱོད་དང་བྲལ་པའི་མ་རབས་ཐ་ཤལ་གྱི་ནོར་འཁྲུལ་ཞིག་ཀྱང་རེད།
ཚོགས་དུས་བརྒྱད་པ་ཆུ་ཚོད་ངེས་མེད་བར་ཚོགས་སེང་བཏང་བ་དང་། གྲོས་འཆར་དེ་དང་ལས་རིམ་རྣམས་གྲང་སེང་ལ་བཏང་རྗེས། སྟོབས་ལྡན་རྒྱལ་ཁབ་ཨ་རིའི་ཡུལ་མི་ཆགས་ནས། རང་ཉིད་ཀྱི་ཁྲག་རྩའི་ནང་རྒྱུ་བ་བོད་པའི་ཁྲག་ཡིན་པ་སྔར་ནས་བརྗེད་ཚར་པའི། བྱང་ཆ་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས། སྙིང་པོ་མེད་པའི་བགྲེ་གླེང་། ཕྱོགས་སུ་ལྷུང་པའི་དྲི་བ་ཁག་རྣམས་དང་། རྒྱ་གར་གཙོ་བྱས་པའི་བཙན་བྱོལ་སྤྱི་ཚོགས་ནང་གི་འགན་མི་ཁུར་པའི་གླེང་ཕྱོགས་སོགས་ཀུན་ལ་བལྟས་ན། གྲོས་འཆར་འདོན་མཁན་ཚོས་རྒྱ་ནག་གཞུང་མཉམ་དུ་ཞི་མོལ་འཁོར་ཡུག་བསྐྲུན་པའི་ལྷག་བསམ་དེ་བོད་ཀྱི་སྤྱི་ཚོགས་ནང་འཁུར་ཡོང་ནས། གྲོས་འཆར་དེ་སྔ་ཙམ་ནས་ཕྱིར་འཐེན་བྱེད་རྒྱུ་ནི། སྤྱི་ཚོགས་དང་སྤྱི་འཐུས་སྒེར་ཚང་མར་ཕན་ཐོགས་ཡོད་པའི་ལམ་ཁ་ཉག་གཅིག་ཏུ་མཐོང་།
དྲྭ་གྲོགས་བསོད་ནམས་ཚེ་རིང་ལགས་ནས་དཀྱེལ་ཡངས་ཀྱི་བརྡ་ལན་གནང་བར་ཐུགས་རྗེ་ཆེ། ད་གཟོད་ལྷིང་འཇགས་མེད་པ་དང་འུར་ཟིང་འཁོལ་བའི་ཁོར་ཡུག་དེ་འདྲ་ཞིག་ང་ཚོ་ཐུན་མོང་གི་སྙེག་གཞི་མིན་པའི་ངེས་ཤེས་རྙེད་དུས་སྤྲོ་སྣང་སྟེར་གྱི་འདུག
ད་ང་ཚོས་ཆོས་དང་བྱང་སེམས་ཀྱི་སྤྱོད་པ་རླབས་ཆེན་དེ་ཚོ་གནས་སྐབས་ཕར་ཙམ་ན་ཟུར་འཇོག་བྱས། གནའ་བོའི་རུལ་སུངས་སུ་གྱུར་པའི་ལོ་རྒྱུས་ཀྱི་ལེའུ་ནག་པོ་དེ་ཚོ་བསྐྱར་བསྔོག་གི་བྲེལ་བ་དེ་ཡུད་ཙམ་འཇགས་ཐབས་བྱས། དེང་དུས་ཀྱི་སྲིད་དོན་ཚན་རིག་གི་འགྲོ་ལུགས་དང་མི་ཆོས་ཀུན་སྤྱོད་ཀྱི་ལམ་ལུགས་ཤིག་གི་ཐོག་ནས་ང་ཚོའི་གྲོས་ཚོགས་ཀྱི་ནོར་འཁྲུལ་དེ་ཚོ་སེལ་ཐབས་ཀྱི་བྱ་བ་ཞིག་དང་ལེན་བྱས་ན་ཅི་འདྲ་རེད། འདི་འདྲ་བྱུང་ན། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ན་དེ་ཉིད་བསྟན། །ཅེས་པའི་དོན་དག་དེར་གཞོལ་ཐུབ་རྒྱུ་རེད།
བཀུར་འོས་རྩོམ་སྒྲིག་པ་མཆོག་ལ་ཞུ་རྒྱུར། བདེ་ལེགས་སྨན་ཁང་གི་མདུན་ཞབས་སུ་ཆགས་པའི་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་ཞུ་བའི་ཚོགས་པ་དེས་རང་རེའི་སྤྱི་ཚོགས་ནང་མི་སྒེར་དང་སྤྱི་ཚོགས་མི་འདྲ་བའི་དབར་ཕན་ཚུན་ཐུགས་ནང་མི་གཤིན་པའི་དཀའ་ངལ་སེལ་ཐབས་ཆེད་ལས་འགུལ་མང་དག་ཅིག་སྤེལ་གྱི་ཡོད་པ་གོ་མྱོང་། ད་ལན་གྲོས་ཚོགས་ནང་གནས་ཚུལ་འདི་འདྲ་ཞིག་ལྷག་པའི་སྐབས་ཁོང་ཅག་ནས་དཀའ་ངལ་སེལ་རྒྱུའི་འཆར་གཞི་ཞིག་དང་ལག་ལེན་ཞིག་བཏབས་ཡོད་མེད་ཐད་དྭོགས་འདྲི་ཞིག་གནང་རྒྱུ་ཐུགས་ནས་མི་བསྙེལ་བ་ཞུ། ཁོང་ཅག་ལས་དོན་འདི་འདྲའི་ཐོག་ཆེད་སྦྱོང་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་སྟབས་ལས་དོན་ཞིག་སྤེལ་དགོས་ངེས་དང་སྤེལ་ན་དོན་ཕན་ལྡན་པའི་གྲུབ་འབྲས་ཞིག་སོན་རྒྱུར་རེ་བ་ཡོད་པ་རེད། འདི་ངའི་བསམ་ཚུལ་ཡིན།
སླར་ཡང་དྲྭ་གྲོགས་བསོད་ནམས་ལགས་སུ་ཞུ་བ། དེང་བོད་པའི་སྤྱི་ཚོགས་ནང་མཁས་དབང་དང་སློབ་དཔོན། ལོ་ཙྪ་བ་ཞེས་པའི་ཐ་སྙད་འདི་ཚོ་གང་འདོད་གང་དགར་སྤྱོད་རྒྱུར་ཚེར་སྣང་ཞིག་དང་སྒྲིག་སྲོལ་ཞིག་མེད་དུས་ཤེས་ལྡན་པ་ཞེས་པའི་མིང་བྱང་འདི་ཤེས་བྱ་རིག་པའི་གནས་ལ་མོས་འདུན་དང་སྤྲོ་སྣང་ཡོད་མི་ཚོས་བེད་སྤྱད་པར་མི་ཆོག་པ་ཞིག་ཅང་མཐོང་མ་སོང་། ཁྱེད་ནས་འདི་ལྟའི་དམན་ས་ཞིག་བཟུང་དགོས་དོན་མི་འདུག་ཡ།
དྲ་གྲོགས་རྣམ་པ་ཁམས་བཟང་། འདས་པའི་མི་ལོ་སྟོང་ཕྲག་གྱི་སྔོན་བོད་བཙན་པོའི་དུས་རབས་སུ་མེས་པོ་བཀའ་དྲིན་ཅན་ཚོས་བོད་དང་བོད་པ་ཞེས་པའི་མིང་ཚིག་འདི་གཉིས་ནང་བོད་ཆོལ་ཁ་གསུམ་དང་བོད་མི་རིགས་ཟེར་བ་དེ་གོང་བུ་གཅིག་ཏུ་བསྒྲིལ་ནས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ལོ་རྒྱུས་གསེར་གྱི་ཐང་མའི་བཞད་ཁ་ཕྱེ་ཡོད།
འོན་བཏང་༡༩༥༩ ལོར་རྒྱ་ནག་དམར་ཤོག་གིས་བོད་འདིར་དྲག་པོས་བཙན་འཛུལ་བྱས་པ་ནས་བཟུང་མི་ལོ་ཧྲིལ་པོ་ལྔ་བཅུའི་བོད་པ་ཟེར་བའི་མི་ཚིག་གཅིག་གི་ནང་ང་ཚོ་བོད་ཆོལ་ཁ་གསུམ་ཆ་ཚང་གཅིག་ཏུ་བསྡུས་ནས་ད་དུང་བཙན་གནོན་དང་གནར་གཅོད་བྱེད་བཞིན་པ་ཡིན།
བོད་བཙན་པོའི་དུས་རབས་ངོ་མཚར་ཅན་གྱི་སྐུ་དུས་སུ་བོད་ཀྱི་མངའ་ཁོངས་སུ་གཏོགས་རྒྱལ་ཕྲན་མང་ཆེ་བར་མིང་ཚིག་འདི་འདྲ་ཞིག་བེད་སྤྱད་ཡོད་དེ། མདོ་སྨད་ཕྱོགས་སུ་འབྲོག་པ། མདོ་སྟོད་ཕྱོགས་སུ་ཁམས་པ། དབུས་གཙང་ཕྱོགས་སུ་དབུས་པ། གཙང་པ་ཞེས་བོད་འདི་གོམ་བུ་གཅིག་ཏུ་བསྒྲིལ་བའི་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས་ནས་མེས་པོའི་བུ་རབས་ཚ་བརྒྱུད་གཅིག་རང་ཡིན།
དཔེར་ན། འབྲོག་པ། སྡེ་པ། ཁམས་པ། དབུས་པ། གཙང་པ། བྱང་པ། གམ་པ། རོང་པ། ནུབ་པ། ཤར་པ། མོན་པ། ལྷོ་པ། འབྲུག་པ། བློ་པ་ལ་སོགས་པའི་པ་ཡིག་ཅན་གྱི་མིང་ཚིག་འདི་དག་བོད་རྒྱལ་ཁབ་ཀྱི་མངའ་ཁོངས་འཁྲུལ་མེད་གཅིག་སྒྱུར་གྱི་མིང་ཚིག་བེད་སྤྱད་ཡོད།
དེར་བརྟེན་ལྟ་ང་ཚོ་ཆོལ་ཁ་གསུམ་གྱི་གོམ་བུའི་ནུས་པ་གཅིག་ཏུ་བསྒྲིལ་ནས་བོད་མི་རིགས་ཟེར་བ་དེ་འཛམ་གླིང་འདི་ནང་འགྱེལ་ས་གཅིག་ནས་ཡར་ལངས་ཐུབ་རྒྱུར་འབད་བརྩོན་བྱེད་དགོས། དེའི་ཕྱིརབོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་དབུ་འཁྲིད། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས། འཛམ་གླིང་ཞི་བདེའི་དེད་དཔོན་༸ གོང་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་ཡིད་བཞིན་ནོར་བུའི་ཅི་གསུངས་བཀའ་སྒྲུབ་དང་། རྒྱ་གར་འཕགས་པའི་ཡུལ་དུ་སྐུ་འཚོ་ཞིང་བཞེངས་པའི་བཙན་བྱོལ་བོད་གཞུང་གི་མཛད་བྱུས་དང་དགོངས་དོན། བོད་རྒྱ་ཆེའི་མི་དམངས་ཀྱི་མངོན་འདོད་དང་རེ་བ་བཅས་རྩ་འཛིན་ཆེ་ཤོས་སུ་བཟུང་ནས་ང་ཚོ་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་ནས་༢༠༡༡ བཀའ་ཁྲི་དང་། བཀའ་བློན། དེ་བཞིན་སྤྱི་འཐུས་སོགས་གལ་འགངས་ཆེ་བའི་དུས་སུ་བོད་མི་ཚང་མས་་བློ་སེམས་གཅིག་ཏུ་བསྒྲིལ་
ནས་དགོས་པའི་དུས་སུ་གཉམ་དུ་འཆོང་ཞིག་རྒྱག་ཐུབ་པ་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་དོན་ཆེ་ཡིན།
དྲ་གྲོགས་མེ་སྒྱོགས་རྒྱ་མཚོ་ལགས། ངེད་གཉིས་བོད་ཀྱི་བང་ཆེན་གྱི་ཟིན་བྲིས་དང་། ཁ་བརྡ་དྲ་སྟེང་ནས་མང་པོ་ཐུག་མྱོང་། བཀྲ་ཤིས་བདེ་ལེགས། དངོས་གནས་ཁྱེད་ཀྱིས་སྔོན་མ་གངས་སྐྱིད་སྲོག་རླུང་གི་བཟོ་གྲྭ་ཞིག་ཡོད་ཚུལ་བཤད་པ་མིན་ནམ། དེའི་བཟོ་གྲྭ་དེས་ལས་གཉེར་ཡག་པོ་མ་བྱས་པར་བརྟེན། སྤྱི་འཐུས་ཚང་མ་སྲོག་རླུང་གི་དཀའ་ངལ་འཕྲད་འདུག་ཟེར། ད་ཐབས་ཤེས་འདྲ་ཡོད་དམ། དངོས་གནས་དཀའ་ལས་ཁག་པོ་རེད་འདུག
དངོས་གནས་ཁྱེད་ཀྱིས་བཤད་པའི་བཟོ་གྲྭ་དེས་སྔོན་མ་ནས་དེ་འདྲ་ཞིག་གོ་སྒྲིག་བྱེད་བཞིན་ཡོད་པ་འདྲ། རེད་དམ།
ལྷོ་ཕྲུག་སྣ་བོ་ཆེ་ལགས། ཁྱེད་ཀྱིས་ང་ལ་བསམ་གཟས་ནས་གསུངས་ཀྱང་འདྲ། གཞན་ཞིག་ལ་བཤད་པ་ཡིན་ཡང་འདྲ་དེ་ལ་ཁྱད་པར་གང་ཡང་མེད། ཁྱེད་ཀྱིས་གོང་དུ་བྲིས་པའི་མཆན་གཉིས་ཀ་ལ་མོས་མཐུན་ཆ་ཚང་ཡོད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་འདི་ལྟ་བུ་ང་ཚོ་ཚང་མས་ལག་ལེན་དངོས་ཀྱི་ཐོག་ནས་བྱེད་ཐུབ་ན་ཡག་ཤོས་རེད། གཅིག་གིས་གཅིག་ལ་གཟས་ནས་མང་པོ་ཞིག་བཤད་ཚར་བའི་རྗེས་ནས་ཅིག་ཤོས་དེས་གང་ཡང་མ་བཤད་པར་སྡོད་མཁན་ནི་བཟོད་པའི་ཕར་ཕྱིན་ཐོབ་པའམ། ཡང་ན་བཟོད་པའི་ཕར་ཕྱིན་ལ་སློབ་བཞིན་པ་ཞིག་ཡིན་ན་མ་གཏོགས་ཁག་པོ་རེད། དེ་ང་དང་ཁྱེད་ཀྱི་ཐད་ནས་བཤད་མེད། སྤྱི་ཡོངས་ཀྱི་བགྲོ་གླེང་བྱེད་སྟངས་ཀྱི་ཐོག་ནས་བཤད་པ་ཡིན། ང་ཤེས་ཡོན་པ་ཞིག་གཏན་ནས་མིན། ཡི་གེ་འབྲི་ཀློག་ཅུང་ཙམ་ཤེས་པ་དང་། དེབ་ཀློག་རྒྱུར་དགའ་པོ་ཡོད། དེ་མིན་ངས་རྩོམ་འབྲི་མི་ཤེས་ལ། སློབ་ཁྲིད་བྱེད་མི་ཤེས། དེ་ཁས་ལེན་དགོས་པའི་གནད་དོན་ཞིག་རེད། དུས་རྒྱུན་དྲ་ཐོག་གི་བགྲོ་གླེང་ལ་དུས་ཁོམ་ཡོད་དུས་ཞུགས་བཞིན་ཡོད། དེ་ལ་དགའ་མོས་ཀྱང་ཡོད། འོན་ཀྱང་མང་པོ་འབྲི་མི་ཤེས་པས་ངས་བཤད་པ་ཟིན་བྲིས་དང་གླེང་སྟེགས་ཁག་ཏུ་ཧ་ཅང་ཉུང་ཉུང་རེད། ངའི་ང་རང་གི་སྐོར་ངོ་སྤྲོད་ཅུང་ཙམ་བྱས་པ་དེ་ཁྱེད་ཀྱི་འུ་ཅག་ཤེས་ལྡན་དུ་རློམ་པ་ཚོས་ཞེས་བྲིས་འདུག་པས་ང་ཤེས་ལྡན་ཞིག་མིན་ཚུལ་ཙམ་བཤད་པ་ཡིན།
ད་དུང་ཞུ་རྒྱུར་ལྷོ་ཕྲུག་སྣ་བོ་ཆེ་ལགས། ཁྱེད་ལྷོ་ཕྲུག་ཡིན་མིན་ཡང་ཁྱེད་ཀྱི་བསམ་ཚུལ་འབྲི་བའི་སྐབས་ཀྱི་ཚིག་སྦྱོར་ལ་བལྟས་ཏེ་ངའི་ཁ་ནས་ཞོར་དུ་ཐོན་པའི་སྐད་ཆ་ཞིག་ལས་དོན་དངོས་ཐོག་ཁྱད་པར་གང་ཡང་མེད། གང་ལྟར་ད་ལྟའི་གནད་དོན་འདི་དགྲ་དགའ་གཉེན་སྡུག་གི་སྐད་ཆ་ཞིག་ཡིན་པ་དངོས་ཡོད་གནས་ཚུལ་རེད། གང་ལྟར་རྗེས་སུ་སྐད་ཆ་བཤད་སྟངས་ལ་ངེས་པར་དུ་དོ་སྣང་བྱེད་ངེས་ཡིན། ལྷག་པར་དུ་རྩོམ་སྒྲིག་པའི་དགོངས་ཚུལ་ལ་ངས་འགྲེལ་བཤད་ཅིག་བརྒྱབ་ཡོད། ཅིག་བྱས་ནས་ནོར་འཁྲུལ་ཡིན་ངེས་པས་བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས་སུ་སེམས་གཏིང་ནས་དགོངས་སེལ་ཡང་ཞུ་རྒྱུ་ཡིན།
ང་དུས་རྒྱུན་རྩོད་རྙོག་ལ་དགའ་མཁན་ཞིག་རྩ་བ་ཉིད་ནས་མིན། འོན་ཀྱང་གྲོས་ཚོགས་ནང་དུ་རྩོད་རྙོག་བྱུང་བའི་སྐོར་གོ་ཐོས་བྱུང་བའི་གནས་ཚུལ་དང་། ལྷག་པར་དུ་བགྲོ་གླེང་བྱེད་པའི་སྐབས་ཕྱོགས་གཅིག་རྐྱང་པ་མ་གཏོགས་དངོས་ཡོད་གནས་ཚུལ་བཤད་མཁན་མི་འདུག་བསམ་པའི་ཚོར་སྣང་ཞིག་གིས་ངས་གོང་གི་གནས་ཚུལ་འདི་དག་བྲིས་པ་ཡིན། ང་རང་གི་ངོས་ནས་ངས་གང་བཤད་པ་དེ་བདེན་པ་ཡིན་བསམ་གྱི་ཡོད། འོན་ཀྱང་ཁྱེད་རྣམ་པས་དེ་ལྟར་མཐོང་མི་སྲིད་པའང་དངོས་ཡོད་གནས་ཚུལ་རེད། ཁྱེད་ཀྱིས་རྣམས་ཀྱིས་བཤད་པ་དེ་ཁྱེད་ཀྱི་ངོས་ནས་བདེན་པ་དང་གནས་ལུགས་ཡོད་པ་ཞིག་ལ་མཐོང་གི་ཡོད་ངེས་པ་རེད། འོན་ཀྱང་ངས་བསམ་ཚུལ་དེ་ལས་ལྡོག་ཕྱོགས་རེད།
ཆོལ་ཁའི་འཐེན་འཁྱེར་དང་ང་རྒྱལ་ཁྱོད་ཕམ་གྱི་རྩོམ་ཆད་འགའ་ཉིན་ཤས་རིང་དྲ་ཐོག་ལ་བསླེབས་མ་ཐག་མཆན་འདེབས་མཁན་གསར་པ་འགའ་ཤོར་ནས་བསླེབས་འདུག་ག འདོད་ཐོག་ལ་རྟ་རྒྱུག་གིན་ཡོད་པ་མིན་འགྲོ།
ཉིན་འགའི་རིང་དྲ་ཐོག་ལ་ཡོང་ཐུབ་མ་སོང་། ང་བསླེབས་དུས་རྙོག་དྲ་གསར་པ་ཞིག་གི་ཐོག་དྲ་པ་གསར་པ་སྐོར་ཞིག་གིས་ཁུ་ཚུར་འཕྱར་ཏེ། གནའ་གྱོད་ཀྱི་དུར་ས་བསྔོག་གིན་འདུག ཤི་བོ་འགའ་ཡང་སྡོད་མ་བཅུག་པར་མིང་ནས་འབོད་གིན་འདུག ཅི་བྱེད་འདོད་པ་ཡིན་ནམ།
གནད་དོན་འདིའི་རིགས་གླེང་ན་ཐོག་མར་འདི་གླེང་བའི་དགོས་པ་གཙོ་བོ་དེར་ངོས་འཛིན་ཞིག་ཡོད་དགོས་པ་རེད། སེལ་བའི་ཐབས་འཚོལ་གྱིན་ཡོད་དམ་རྙོག་དྲ་དེ་རྙོག་དྲའི་ངོ་བོར་ཕར་འདེད་ཀྱིན་ཡོད། ཁྱོད་ཚོའི་ཀུན་སློང་དེ་སྔ་མ་ལྟར་ཡིན་ན་གླེང་ཆོག་གི་རེད། ཕྱི་མ་ལྟར་ཡིན་ཚེ་བརྒྱུད་ལམ་ཁག་ནས་བསམ་ཚུལ་འདིའི་རིགས་གཏན་དུ་བཀག་ན་ཡག་གི་རེད། མཆན་འདེབས་སའང་མེད་པར་བཟོ་དགོས་པ་རེད། འདི་ཙམ་གྱི་རྩ་འཛིན་ཙམ་ཡང་མེད་པར་ཡག་རྩོག་གང་གང་སྨྲ་བརྗོད་རང་དབང་གི་འོག་ཏུ་བཀབས་ནས་གླེང་བ་ནི་ཤེས་རིག་དང་དཔལ་ཡོན་དར་བའི་མིའི་སྤྱི་ཚོགས་ཀྱི་བྱེད་བབ་མ་རེད།
ང་གོ་མེད་ཚོར་མེད། བྱེད་མཁས་བསྟུན་མཁས། རྩོམ་རིག་གི་ལག་ལེན་ནང་ཞི་མིའི་འགྱིངས་འགྲོས་བསྟེན་མཁན་དེ་རིགས་ལ་ཡང་དགའ་མོས་མེད་སྟབས་སེམས་ཀྱི་ཚོར་སྣང་ཁ་ཐུག་དང་ཐད་ཀར་བཤད་རྒྱུའི་འབད་རྩོལ་བྱེད་ཀྱིན་ཡོད། འོན་ཀྱང་གནས་ལུགས་ཡོད་པ་དང་རྒྱུ་མཚན་ཡོད་པ་ཞིག་བཤད་རྒྱུ་འདི་འདོར་མི་རུང་བའི་འོས་འགན་དུ་བརྩི་ཡིན་ཡོད། གོང་གི་བསམ་ཚུལ་དེ་ཁྱེད་དྲྭ་གྲོགས་བསོད་ནམས་ལགས་གཅིག་པུར་བསམ་གཟས་ནས་ཞུས་པ་ཞིག་ག་ལ་ཡིན། ཚང་མའི་ཐུགས་ལ་མི་གནོད་པའི་སྨོན་ལམ་དང་འཁྲུལ་པ་ཇི་ཡོད་སྲོང་པོའི་ལམ་ནས་དག་བཅོས་གནང་བའི་སྐུལ་མ་འདེབས་འདེབས།
དྲྭ་གྲོགས་བསོད་ནམས་ཚེ་རིང་ལགས། ཁྱེད་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། ང་ལྷོ་ཕྲུག་ཞིག་ཡིན་པར་ཁྱོད་དྭོགས་ཟ་བྱེད་དོན་ཞིག་ཅང་མེད་ངེས་ཡིན། འོན་ཀྱང་ང་མི་དགའ་སའི་ཕྱོགས་ཞིག་ཡོད་པ་ནི་ཁྲོ་ཚིག་དང་སྡང་ཚིག གཏུམ་ཚིག་དང་གཤེ་ཚིག་གི་ལམ་ནས་ཕན་ཚུན་གོ་བརྡ་སྤྲོད་རེས་བྱེད་པ་དང་། སྤྱི་ཚོགས་ཀྱི་གནད་དོན་དཔྱད་གླེང་ལ་ཞུགས་ཁུལ་བྱེད་པ་འདི་ཡིན། ལམ་ནོར་འདི་འདྲ་ཞིག་ལ་ཞུགས་པའི་གྲུབ་དོན་ནི་དཀའ་རྙོག་གི་རང་བཞིན་ཚབ་ཆེ་རུ་གཏོང་རྒྱུ་དང་ཞེ་འཁོན་གྱི་བསམ་བློ་རང་བཞིན་ཇེ་རྒོད་དུ་གཏོང་རྒྱུ་དེ་ཡིན་པ་ལས་འཆམ་མཐུན་དང་ལྷིང་འཇགས་གྱི་ཁོར་ཡུག་ཞིག་གསར་བསྐྲུན་ཡོང་རྒྱུ་དེ་མ་རེད་པཱ། འདི་མཁྱེན་དགོས་པའི་གནད་དོན་ཅིག་ཡིན། ཁོ་བོ་རང་ཉིད་ཀྱི་གནས་བབ་ནས་བཤད་ན་འོས་འཚམ་དེ་ཙམ་མི་འདུག འོན་ཀྱང་ང་ཚོ་ཟིན་བྲིས་པ་རྣམས་ནས་མཁྱེན་ཆུབ་དང་མཉམ་འཇོག་དགོས་ངེས་སུ་མཐོང་བའི་གནད་དོན་ཁག་ཅིག་ཞུ་རྒྱུ་ཡོད། དུས་བབ་དང་ཁ་བརྡ་སོགས་སུ་བཀོད་ཟིན་པའི་བསམ་འཆར་མང་དག་ཅིག་ལ་གཟིགས་དང་། ང་དབུས་གཙང་། ཁྱོད་ཨ་མདོ། ཁོ་ཁམས་པ། སྟུ། མཇེ། རྐུབ། ཟེར་བ་ལ་སོགས་པ་ལ་སོགས་པ་མཁོ་མེད་ཕན་མེད་རུལ་སུངས་ཡ་མ་བརླའི་བརྗོད་དོན་འགའི་ཐོག་བློ་རྩེ་འདྲ་བསྡུར། སྤྲོ་སྣང་རེ་འཁྱེར་ཏེ་གཅིག་གིས་གཅིག་ལ་རྣོ་ཤོས་དང་ངར་ཤོས་ཡིན་པའི་བརྗོད་ཚིག་འཇིགས་སུ་རུང་བ་དེ་འདྲ་སྤྱད་དེ་ཁ་དམག་རྒྱག་གིན་འདུག འདིས་ང་ཚོའི་དཔལ་ཡོན་དར་འཕེལ་ལ་ཅི་ཞིག་ཕན་གྱིན་འདུག དེང་རབས་རིག་གནས་གསར་པའི་གཞི་ལམ་འབྲས་གསུམ་གྱི་ཕྱོགས་ནས་བློ་བསྐྱེད་སྟེར་ནུས་ཀྱི་དཔྱད་གཏམ་སྤུས་གཙང་དེ་འདྲ་ཞིག་སྤེལ་རྒྱུའི་སྐལ་བས་ཀྱང་རིང་དུ་བཏང་། སྲོལ་རྒྱུན་རིག་པའི་གཞུང་ལུགས་ཀྱི་གནད་དོན་གསེད་བཀྲོལ་གྱི་སྨྲ་བ་དག་གཙང་ཞིག་ཀྱང་བརྗོད་དུ་མི་བཏུབ། མི་ཆོས་རིང་ལུགས་ཀྱི་འགྲོ་ལུགས་དང་སྲིད་དོན་ཚན་རིག་གི་ཤེས་ཡོན་ལམ་ནས་འབྲེལ་ཡོད་དཀའ་ངལ་སེལ་རྒྱུའི་འཇུག་ངོགས་སྟབས་བདེ་དེ་འདྲ་ཞིག་ཀྱང་སྟོན་དུ་མེད། མི་དགོས་པའི་ད་ཐེངས་ཀྱི་གྲོས་ཚོགས་མི་སྣ་འགའི་གནང་སྟངས་སྐྱོ་པོ་འདི་འདྲའི་ཐོག་ད་དུང་ས་སྣུམ་ལྡུག་གིན་བསྡད་ན་སྤྱི་ཚོགས་ཀྱི་བདེ་འཇགས་དང་འཆམ་མཐུན་བསྲེག་མཁན་གྱི་མེ་དཔུང་འདི་ཚ་ངར་ཇེ་ཆེ་དང་གདུག་རྩུབ་ཚ་རུ་འགྲོ་ངེས་གཏན་རེད།
དེ་བས་འུ་ཅག་ཤེས་ལྡན་དུ་རློམ་མཁན་ཚོའི་འགན་འཁྲི་དེ་འདི་ལྟའི་བརྩེ་མེད་ཀྱི་མེ་དཔུང་འདི་རྩ་བ་ནས་གསོད་མི་ཐུབ་རུང་འབར་ཤུགས་ཇེ་ཆུང་དུ་གཏོང་རྒྱུ་འདི་མ་ཡིན་ནམ། རྗེ་གུང་ཐང་པས་བསྟོད་པ་དོན་ལྡན་མའི་ནང་། འཕགས་ཡུལ་མཁས་རྣམས་གཟུར་གནས་ནས། །རང་ལུགས་གྲུབ་མཐའ་འཛིན་པར་བྱེད། །ཅེས་པ་ཞིག་གསུངས་ཡོད། འདི་ང་ཚོས་ངེས་པར་མཉམ་འཇོག་བྱེད་དགོས་པའི་ཞལ་གདམས་ཤིག་ཏུ་བརྩི་རོགས་ཞུ། །
ལྷོ་ཕྲུག་སྣ་བོ་ཆེ། དངོས་གནས་ཁྱོད་ལྷོ་ཕྲུག་སྣ་བོ་ཆེ་ཞིག་ཡིན་ནམ། ཨམ་ཕྲུག་སྣ་བོ་ཆེ་ཞིག་ཡིན་པ་སུས་ཤེས། ཁྱེད་ཀྱིས་བཤད་པ་དེ་ངས་ཉོག་གཏམ་དུ་མཐོང་བ་དང༌། ངས་བཤད་པ་དེ་ཁྱེད་ཀྱི་ཉོག་གཏམ་དུ་མཐོང་བ་དེ་ཁོར་ཡུག་དང་བསམ་བློའི་རྒྱབ་ལྗོངས་སམ་ཁོར་ཡུག་གི་ཁྱད་པར་རེད། འོན་ཀྱང་ངས་ཕྱོགས་ཞེན་གྱི་སྐད་ཆ་གཏན་ནས་མེད་ཅེས་བཤད་མི་ཕོད་ཀྱང༌། ང་རང་གི་ངོས་ནས་དྲང་བདེན་རང་ཡིན་སྙམ་པའི་ཡིད་ཆེས་ཤིག་གི་ཐོག་ནས་བརྗོད་བཞིན་ཡོད། རྩོམ་སྒྲིག་པའི་ཁ་ལ་ཉན་དགོས་མིན་ཁྱེད་ཀྱིས་ང་ལ་བཀོད་འཐེན་དགོས་དོན་མེད། གང་ལྟར་ཁྱེད་ལ་དགོས་པའི་སྐད་ཆ་དེ་ཁྱེད་རང་གི་སེམས་ལ་འབབ་པའི་སྐད་ཆ་དེ་ཁོ་ན་རེད། འོན་ཀྱང་ཁྱེད་ཀྱིས་བཤད་པ་དེར་ངས་བསམ་ཤེས་བྱེད་མི་ཐུབ་གང་ཡང་མི་འདུག དེ་ལྟར་ཡོང་སྲིད་པ་རེད། གང་ལྟར་མུ་མཐུད་ནས་འཁྱོག་བཤད་དང་རྫུན་གཏམ་བཤད་འདུག་སྙམ་པ་མཐོང་ན་ང་དེའི་ཁ་གཏད་དུ་ལངས་ངེས་ཡིན། གལ་སྲིད་ངས་བཤད་པ་དེ་རྫུན་དང་འདྲེས་པའི་ཉོག་གཏམ་དུ་མཐོང་གི་ཡོད་ན་རེ་རེ་བཞིན་གསལ་བཤད་གནང་རོགས། བདེན་པ་བརྡར་ཆོག ཁྱེད་ཚོའི་སེམས་ངོར་ཕྱོགས་གཅིག་ལ་ཁ་གཏོང་ཆོག་པ་དང༌། རང་ཕྱོགས་ལ་ཁ་གཏོང་མི་ཆོག་པ་དེ་དམངས་གཙོའི་གོམས་གཤིས་ཞན་པའི་སྐྱོན་རེད་བསམ། སླར་ཡང་ཞུ་རྒྱུར་ང་ལའང་དམངས་གཙོའི་གོམས་གཤིས་ཡང་དག་པ་ཞིག་མེད་ཀྱང༌། དགའ་ཞེན་ཙམ་ཡོད།
སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས། དེ་རིང་ཁྱེད་ཀྱིས་གང་གསུངས་པ་དེ་བདེན་པ་ཡིན་མིན་ལ་མ་བལྟས་བར་རྩོད་པ་མི་བྱེད། སྐྱག་དོང་ནང་དུ་སྐྱག་པས་ཁེངས་ཡོད་པས་དེ་བསྔོག་ན་གང་སར་དྲི་ངན་གྱིས་ཁྱབ་ངེས་རེད། དེ་བས་གྲོས་འཆར་འདི་ཁོ་ནའི་ངོ་གདོང་གི་ཐད་ནས་ཚིག་ཁ་ཤས་དང་དྲི་བ་ཁ་ཤས་འདྲི་ན་འདོད་པས་ལན་ཞིག་གནང་རོགས་མཁྱེན།
འཛམ་གླིང་འདིའི་ཐོག་གི་ཁྲིམས་སྒྲིག་མི་ཉུང་བ་ཞིག་དེ་འབྲེལ་གྱི་དོན་རྐྱེན་རེ་བྱུང་བ་དང་བཟོ་བཞིན་ཡོད་པས། སྐབས་འདི་འདྲ་ཞིག་ལ་གོང་གི་གྲོས་འཆར་དེའམ་ཡང་ན་དེའི་ལྡོག་ཕྱོགས་ཀྱི་གྲོས་འཆར་ལམ་གྲོན་གཞུང་གིས་གཏོང་གི་ཡིན་ཟེར་བ་ཞིག་ཡོང་དགོས་ངེས་སུ་མཐོང་། ལྷག་པར་དུ་ད་ལྟའི་བཙན་བྱོལ་བོད་གཞུང་དང་བཙན་བྱོལ་སྤྱི་ཚོགས་ཀྱི་ཕྱོགས་གང་སའི་གནས་བབ་ལ་བལྟས་ན་གྲོས་འཆར་དེ་ནི་འོས་འཚམ་ཞིག་རེད། གལ་སྲིད་གྲོས་འཆར་འདི་གང་ཟག་བྱེ་བྲག་པ་ཞིག་ལ་གནོད་གཞིའི་ཆེད་དུ་རེད་ཟེར་ན། འཇིག་རྟེན་འདིའི་ཐོག་གི་ཁྲིམས་སྒྲིག་ཚང་མ་གང་ཟག་བྱེ་བྲག་པ་ཞིག་ལ་གནོད་གཞིའི་ཆེད་དུ་ཡིན་པ་དང་། དེ་བཞིན་ནང་པ་སངས་རྒྱས་པའི་འདུལ་ཁྲིམས་དེ་དག་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་གནོད་གཞིའི་ཆེད་དུ་ཡིན་པར་འགྱུར།
༡ བསྟན་མགོན་ལགས། ཁྱེད་ཀྱིས་བལྟས་ན་ལམ་གྲོན་གཞུང་གིས་གཏོང་མི་གཏོང་གི་སྒྲིག་གཞི་ཞིག་དགོས་སམ་མི་དགོས། དགོས་ན་ཁྱེད་ཀྱིས་གང་འདོད་གི
༢ ཁྱེད་ཀྱི་ཞེ་འདོད་བཞིན་ནོར་འཁྲུལ་གྱིས་ཁེངས་པའི་གྲོས་འཆར་དེར་མི་འདོད་པའི་རྣ་འགྱུར་མཚོན་ཆེད་ཁྱེད་རང་གྲོས་ཚོགས་ལས་ཕྱིར་མ་ཐོན་པའི་རྒྱུ་མཚན་ཅི།
༣ ཐབས་ལམ་ཡོད་བཞིན་དུ་ཚོགས་གཙོ་དང་ཚོགས་གཞོན་གྱིས་ནོར་འཁྲུལ་བཟོས་རབས་ཟེར། འོ་ན་ཁྱེད་ཀྱིས་ཐབས་ལམ་དེ་དག་དྲན་སྐུལ་བྱས་སམ། ཡང་ན་ཁྱེད་ལ་འགན་གང་ཡང་མེད་པ་ཡིན་ནམ།
༤ ཁྱེད་ཀྱིས་བལྟས་ན་མ་འོངས་པར་ཁྲིམས་སྒྲིག་སོགས་བཟོ་དུས་མང་ཕྱོགས་ཀྱིས་ཉུང་ཕྱོགས་ཀྱི་བསམ་ཚུལ་ལ་དགོངས་བཞེས་གནང་ན་ལེགས་སམ། མང་ཕྱོགས་སུ་ཐག་བཅད་ན་བཟང་།
༥ ད་བར་རྒྱུན་ལས་ཀྱིས་ཐག་བཅད་པ་ཞིག་གྲོས་ཚོགས་ཀྱིས་སླར་ཡང་ཐག་གཅོད་བྱས་མྱོང་ངམ།
༦ ད་བར་རྒྱབ་སྐྱོར་བྱེད་མཁན་གཅིག་ལས་མང་བའི་མཚན་རྟགས་འཁོད་པའི་གྲོས་འཆར་གྲོས་ཚོགས་སུ་སླེབས་མྱོང་ངམ།
གོ་གནས་ནས་གནས་དབྱུང་གཏོང་དགོས་པའི་སྤྱི་མཐུས་དགུ
སྒྲོལ་མ་མཚོ་མོ། མདོ་སྨད
ཨོ་རྒྱན་སྟོབས་རྒྱས། མདོ་སྟོད
ཚུལ་ཁྲིམས་བསྟན་འཛིན། མདོ་སྟོད
འཇུ་ཆེན་དཀོན་མཆོག མདོ་སྟོད
བེ་རི་འཇིག་མེད་དབང་རྒྱལ། དགེ་ལུགས
བསོད་ནམས་བསྟན་འཕེལ། རྙིང་མ
ཀརྨ་ཆོས་འཕེལ། དབུས་གཙང
སྨོོན་ལམ་མཐར་ཕྱིན། བོན
ཚེ་རིང་པོ། ས་སྐྱ
པྭ་མགོ་འདི་སླེབས་འདུག གཞན་དེ་ངས་ཅིག་ནོར་བ་ཡིན་རྒྱུ་རེད། ད་ཡང་བསྐྱར་འབྲི་ཁོམ་མི་འདུག རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་བྱེད་བར་འགྲོ་དགོས་ཡོད།
བསམ་འཆར་ཞིག་བཏོན་མོད། སླེབས་མི་འདུག་རྒྱུ་མཚན་ཤེས་མ་སོང་། འདི་ནི་དོགས་འདྲི་དང་ཚོད་ལྟ་ཡིན།
སྤྱི་འཐུས་སུ་གནས་ཚུལ་འདིའི་བྱུང་རིམ་དང་། ཟིན་བྲིས་དང་དེའི་མཆན། ད་དུང་མི་དམངས་ཀྱི་བསམ་ཚུལ་ཆ་མཉམ་པའི་ཕྱོགས་བསྡོམ་ཞིག་རྒྱོབས། གལ་སྲིད་འདུམ་འགྲིག་གི་ལས་ལ་བརྩོན་གྱི་ཡོད་ན་སོ་སོའི་ལྟ་ཕྱོགས་དེ་གནས་སྐབས་ཟུར་དུ་ཞོགས། ཕྱོགས་གཉིས་ཀྱི་བསམ་ཚུལ་ལ་བརྩི་འཇོག་གྱིས། ད་གཟོད་གཞི་ནས་ལམ་དབུ་མ་ཞིག་གི་སྟེང་དུ་བགྲོད་ཐུབ་རྒྱུ་རེད། ལམ་དབུ་མ་ཟེར་བ་འདི་བོད་རྒྱ་གཉིས་ཀྱི་བར་གྱི་ཆབ་སྲིད་ཀྱི་ལག་ཆ་གཅིག་པོ་ཡིན་རྒྱུ་མ་རེད།
ངས་འདིར་སྔར་མེད་པའི་གནས་ཚུལ་གསར་པ་ཞིག་གླེང་སློང་བྱས་མེད། སྤྱི་འཐུས་རྒྱུན་ལས་ནང་དུ་ཁམས་པ་མང་བར་བརྟེན་ནས་ཕྱོགས་རིས་བྱས་པ་རེད་ཟེར་བ་ཁང་གསར་རྡོ་རྗེ་ལགས་ཀྱིས་བྲིས་བ་རེད། ད་དུང་ཟིན་བྲིས་པ་མགོན་ཕྱག་གི་དགོངས་ཚུལ་ལ་གཞིགས་ན་སྔོན་མ་མདོ་སྟོད་མི་མང་གིས་ཆུ་སྒང་གསར་རྙིང་གཉིས་སུ་གཏོར་ཐུབ་པ་བྱུང་བ་ལྟ་བུ་མདོ་སྟོད་མི་མང་གིས་མདོ་སྟོད་སྤྱི་འཐུས་ཚོ་ལ་སྐད་ཆ་དྲིས་གསུངས་འདུག དེའི་ཐད་ཁ་བརྡའི་དྲ་དེབ་ལ་སོང་ནས་ལྟོས།
བསམ་བློ་ཅུང་ཡོད་མཁན་གྱི་གོང་གི་ཟིན་བྲིས་པ་ཚོར་ལན་འདེབས་བྱེད་རིན་ཆོག་བསམས་ནས་ངས་མཆན་འདི་དག་བྲིས་ཡོད་ལ་དེ་དང་འབྲེལ་བའི་དཔྱད་གཞི་རྗེན་པ་མང་པོ་ཞིག་ཀྱང་བཀོད་ཡོད། ད་ལྟ་སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་ཀྱིས་བསམ་ཚུལ་བཀོད་པ་འདིས་ཕན་ཚུན་བསམ་ཤེས་ཐུབ་པ་འདུག་བསམས་ནས་རེ་བ་ཅུང་ཟད་ཅིག་སྐྱེས་བ་དང་མཉམ་དུ་མཆན་འདི་དག་བཀོད་པ་རེད།
ངས་འདིར་བྲིས་པའི་དོགས་འདྲི་དེ་དག་ལ་ཁྱེད་ཀྱིས་དུག་ཏུ་མཐོང་གི་ཡོད་ན་དུག་སེལ་བྱེད་ཀྱི་དྲི་ལན་ཅིས་ཀྱང་ཡོང་བར་ཞུ། དེ་མ་གཏོགས་ང་ཁམས་པ་ཡིན་པ་ཙམ་གྱིས་ངས་བཤད་ཚོད་ལ་ཕྱོགས་ཞེན་དང་ཁམས་པའི་སྤྱི་འཐུས་ཀྱིས་ཅི་བྱས་ལ་ཕྱོགས་རེས་ཀྱི་མིང་འདོགས་སྤྲོད་ཆོག་ཆོག་འདི་ཡང་བསམ་གཞིགས་སུ་ཡོང་ཐུབ་དགོས་པའི་གནད་དོན་གལ་ཆེན་པོ་ཞིག་རེད།
ད་དུང་གསར་འགྱུར་བརྒྱུད་ལམ་ཁག་གིས་གནད་དོན་འདིའི་ཐད་གསར་འགོད་བྱེད་སྟངས་ལའང་དོ་སྣང་སྤྲོད་བཞིན་ཡོད་ལ་དུས་ཚོད་དང་མཐུད་ནས་འདིར་འགོད་རྒྱུ་ཡིན།
གཅིག་བྱས་ན་དེ་རེས་སྤྱི་འཐུས་སུ་ལྷགས་པའི་གནད་དོན་འདི་བློ་ཕམ་ཡོང་གཞི་ཞིག་འདུག་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ན་འདི་ནི་ངེད་ཚོ་ལ་རྟོགས་སད་ཆེན་པོ་ཞིག་རེད། སྐབས་འདིའི་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ཞི་མིས་སྐྱག་པ་ས་འོག་ཏུ་སྦས་བ་ལྟ་བུ་མ་བྱས་ནས་གནས་ཚུལ་འདི་རིགས་༸གོང་ས་མཆོག་འཚོ་བཞུགས་ཀྱི་སྐབས་སུ་ལེགས་བཅོས་གཏོང་ཐུབ་ན་དགེ་མཚན་ཆེ་བ་མཐོང་།
གནས་ཚུལ་ཆ་མ་ཚང་བ་མུ་མཐུད་བརྗོད་རྒྱུ་ལ་མཚམས་མ་འཇོག་ན་ངས་དོགས་འདྲི་ལའང་མཚམས་མི་འཇོག་རྒྱུ་ཡིན།
དུས་བབ་རྩོམ་སྒྲིག་པ་ལགས། དགོངས་དག ངས་འདིར་མཆན་བཀོད་པ་རྣམས་བརྗོད་བྱ་དང་འབྲེལ་བ་ཡོད་པ་ཙམ་ལས་སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་ཀྱི་བསམ་ཚུལ་དང་ཐད་ཀར་འབྲེལ་བ་མེད། ཡིན་ནའང་ཁོང་གི་བསམ་ཚུལ་གྱིས་ང་ལ་རེ་བ་ཞིག་སྦྱིན་པ་སོང་ཙང་དངོས་ཡོད་གནས་ཚུལ་གྱི་དཔྱད་གཞི་རྗེན་པ་མང་པོ་ཞིག་འདིར་བཀོད་པ་དང་མཉམ་དུ་དོགས་འདྲི་བྱས་པ་རེད། བརྒྱ་ཆ་ལ་བསྒྱུར་བ་རེད། འདི་དག་བདེན་པ་མ་བརྩིས་ཀྱང་ཆོག ཉུང་མཐའ་ལ་བོད་མི་ཚོའི་དགོངས་པའི་བཞེད་ཕྱོགས་སུ་སླེབས་པའི་རེ་བ་ཡོད།
བཙན་པོ་ལགས། ཉེ་ཆར་སྤྱི་འཐུས་སུ་བྱུང་བའི་གནད་དོན་འདིའི་ཐོག་ཏུ་དྲ་རྒྱའི་སྟེང་དུ་ཟིན་བྲིས་སྤེལ་མཁན་དང་མཆན་འགོད་མཁན་ཚོའི་བསམ་ཚུལ་བཀླགས་ནས་ངས་འདིར་གནས་ཚུལ་ཁ་སྐོང་བྱས་པ་ཡིན། གལ་སྲིད་གནས་ཚུལ་འདི་དག་བོད་མི་རིགས་ལ་འཕྲད་པའི་དུག་གི་གནས་ཚུལ་ཞིག་ཡིན་ན་དུག་འདི་དག་སེལ་བའི་དུས་ལ་བབ་ཡོད་པ་རེད། ངས་བལྟས་ན་ངས་འདིར་དུག་གསར་པ་བཟོ་དགོས་དོན་མིན་འདུག
རྩོམ་སྒྲིག་པ་མི་ནགས་ཚང་ལུང་རིགས་རྒྱལ་ལགས། ཁྱེད་ཀྱིས་གསུང་སྟངས་ལ་བལྟས་ན་བ་ཉལ་སྟངས་ནས་བེའུ་ཤི་རོ་ཡིན་པ་ཤེས་སོང༌། ལྷོ་ཕྲུག་སྣ་བོ་ཆེའི་དྲི་བ་ལན་འདེབས་བྱས་པ་ཡིན། ད་ལྟའི་གནད་དོན་འདི་དང་ཐད་ཀར་འབྲེལ་བའི་རྒྱབ་ལྗོངས་བཤད་པ་ཡིན་ལ། དྲ་གྲོགས་ཤིག་གིས་དྲི་བའི་ལན་འདེབས་ཀྱང་རེད། ཁྱེད་ཀྱིས་དྲ་ཐོག་ནས་འཐེན་འཁྱེར་གྱི་སྐད་ཆ་བཤད་ན་ཡག་པོ་མ་རེད་ཟེར། དོན་དངོས་འདིའི་སྐོར་ཧ་ཅང་མང་པོ་ཞིག་གིས་འཐེན་འཁྱེར་གྱི་སྐད་ཆ་བཤད་པ་ཁྱེད་ཀྱིས་མ་མཐོང་བ་རེད་དམ། ཡང་ན་ཁྱེད་རང་གི་བསམ་ཚུལ་དང་གཅིག་མཚུངས་ཡིན་པས་འཐེན་འཁྱེར་གྱི་སྐད་ཆ་ཞིག་ཏུ་མ་མཐོང་བ་རེད། སྐད་ཆ་གང་བཤད་ཀྱང་འགན་ཁུར་ནས་བཤད་པ་ཡིན། ངས་གང་བཤད་པ་དེ་མང་ཆེ་ཤོས་སྔོན་མའི་ཡིག་ཆ་དག་གི་ནང་དུ་ཡོད་པ་ལས་རྫུན་བཟོ་བྱས་པ་ཞིག་གཏན་ནས་མིན།
ཚིག་ཕྲེང་གཅིག་ལས་མེད་ཀྱང་དེ་ཡང་༧གོང་ས་མཆོག་གི་ཞབས་བརྟན་དང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་རྒྱུ་རུ་འགྲོ་བ། བོད་མི་རིགས་ཀྱི་ཆིག་སྒྲིལ་གྱི་གོང་བུ་དམ་དུ་སྒྲིལ་བྱེད་མ་གཏོགས། དགྲ་དགའ་གཉེན་སྡུག་གི་རྒྱུ་རུ་མི་འགྲོ་བ་ཞིག་གནང་རོགས། ཞེས་བཤད་འདུག འདི་ཡན་ཆད་ཀྱི་བགྲོ་གླེང་གང་མང་བྱེད་མཁན་བྱུང་སོང༌། འཇུ་ཆེན་ཇག་ཚོགས་དང༌། ཨོ་རྒྱན་སྟོབས་རྒྱལ་གླང་དར་སོགས་ག་ཚོད་བཤད་ཡོད་མེད་ཤེས་གསལ་རེད། སྐབས་དེ་དུས་ཁྱེད་ཀྱིས་གསལ་འདེབས་རྐང་གཅིག་ཀྱང་བྱས་པ་མཐོང་མ་སོང༌། ཁམས་པའི་མི་ལ་སྐྱོན་བརྗོད་ཁུངས་ལུང་མེད་པ་ཇི་ལྟར་བཤད་ཀྱང་ཚོད་འཛིན་མི་དགོས་པ་དེ། རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡིན་ནམ།
མཐའ་དོན་རྩོམ་སྒྲིག་པ་ཁྱེད་རང་ཡང་གོ་ཁའི་བུད་ནས་སྒོ་ཁ་ལ་ལྟ་མཁན་ཞིག་ལས། རྒྱལ་སྒོ་ནས་བུད་དེ་རྒྱལ་ཁམས་ལ་ལྟ་ཐུབ་མཁན་ཞིག་མིན་པ་ཤེས་སོང༌། ང་རང་གི་བསམ་ཚུལ་ཐད་ཀར་བཤད་པ་ལས་སྐྱག་རྫུན་བཤད་པ་ཞིག་མིན། གང་ལྟར་ངས་བཤད་སྟངས་ལ་ཁྱེད་དགྱེས་མི་འདུག་ལ། ཅིག་བྱས་ནས་ངའི་ཐོ་འགོད་བྱས་པ་དེ་འགོག་སྲིད། འོན་ཀྱང་མིང་རྫུན་མ་ཞིག་གི་ཐོག་ནས་བསྐྱར་དུ་འཛུལ་ཞུགས་བྱེད་དགོས་ཀྱང་བྱེད་ངེས་ཡིན། བདེན་དོན་སྣང་མེད་དུ་འཇོག་མ་ཐུབ་པས་ཡིན། ད་བར་གནད་དོན་འདིའི་སྐོར་དྲང་པོ་བཤད་མཁན་ཞིག་བསྟན་འཛིན་མགོན་པོ་ལས་དུས་བབ་དྲ་རྒྱའི་ནང་མི་སུ་གཅིག་ཀྱང་བྱུང་མ་སོང་བས། ད་ནས་བཟུང་མུ་མཐུད་དུ་འབྲི་རྒྱུ་ཡིན་པས་དགོངས་འགལ་མེད་པ་ཞུ། རྩོམ་སྒྲིག་པ་ལགས་ངས་སྐད་ཆ་བཤད་སྟངས་ནོར་ཡོད་ན་འགོངས་འགལ་མེད་པ་ཞུ་རྒྱུ་ཡིན།
སྟན་འཛིན་མགོན་པོ་ཞེས་པ་འདིས་ག་དུས་ཡིན་ན་གཞུང་ལ་ཁ་གཏད་དུ་ལངས་ཀྱང་བྱེད་པ་དང་
བོད་ཀྱི་རྒྱུད་ལམ་ཁག་ལ་སྡིག་ར་སྐུལ་འདུག་པས་ཁྱོད་ཀྱིས་བྱ་སྤྱོད་ང་ཚོ་ཚང་མས་དོག་གནང་བྱ་དགོས་པར་མཐོང་།ཁྱོད་ཀྱིས་གཤད་ཡག་དེ་སོ་སོའི་རང་རྟག་བསྟན་པ་རང་རེད་གསར་འགྱུར་རྒྱུད་ལམ་ཁག་གི་དྲི་བ་དྲིས་ལན་བྱེད་པ་དེ་
དམངས་གཙོ་ཡང་དག་པའི་བདེན་རྟག་ཞིག་རེད། དེ་ལ་འཇིག་སྐུར་དང་སྡིག་ར་ངན་སྨྲ་བྱེད་པ་དེ་ཁྱོད་མདོ་སྨད་མི་དམངས་གི་སྐུ་ཚབ་བྱེད་མི་ཐུབ་པ་བསྟན་པ་རེད།།
ཨཱ་ཨཱ། བསོད་ནམས་ཚེ་རིང་ཁྱེད། ངས་ཤེས་ན་འདོད་པ་དེ་གནས་ལུགས་དང་རྒྱུ་མཚན་ཡིན་པ་ལས། ཉོག་གཏམ་ཟེ་མ་ར་མགོ་དེ་འདྲ་ཞིག་མ་ཡིན་ཡ། ང་ད་ལྟ་གྲོས་ཚོགས་ཀྱི་གནང་སྟངས་སྐྱོ་པོ་དེར་ཞེ་མུག་ནས་ཡོད་པའི་དུས་འདིར་ཁྱོད་ཀྱིས་ཡང་བསྐྱར་མུ་གེའི་ཐོག་ལ་ཟླ་ལྷག་གི་སྣོན་མ་མི་འདེབས་རྒྱུ་ངའི་རེ་བ་ཡིན།
ཆགས་སྡང་དངཕྱོགས་རིས། སྡང་ཚིག་དང་སྡིག་དམོད། ཟིང་ལོང་འདི་དག་དང་བྲལ་བའི་དག་ཞིང་ཞིག་ཏུ་སྐྱེ་བར་སྨོན།
བསོད་ནམས་ཚེ་རིང་ལགས། ཁྱེད་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། འོན་གོང་གི་རྩོམ་སྒྲིག་པ་མཆོག་གི་རེ་བ་དེར་བསམ་ཤེས་དགོས་རྒྱུ་ང་ཚོ་ཚང་མའི་འོས་འགན་ཡིན་ངེས། ངའི་བསམ་འཆར་དེ་ལྟས་ངན་བསུ་བའི་གཡབ་མོ་ཞིག་ཏུ་མི་འགྱུར་བར་ལྷ་དང་བླ་མས་སྡོངས་གྲོགས་མཛོད།
ད་རེས་སློབ་སྦྱོང་ཡག་པོ་ཞིག་རེག་སོང་། ལྷག་པར་དུ་འདས་དོན་དག་ལ་ལྟ་ཡ་ཞེ་དྲག་འདུག ཡིན་ནའི། ཁམས་མིང་ཁུར་ནས་བོད་སྤྱི་དང་ཁམས་པའི་ནང་ཁུལ་ལ་རྙོག་དྲ་བཟོ་ཡ་དེ་ཡག་པོ་མི་འདུག སྒོས་སུ་མི་དྲག་ཕན་ཚུན་བར་དུ་རྙོག་དྲ་བཟོ་འོས་མ་མཐོང་། མ་གཞི་ནས་བཤད་ན། གྱོད་འགྲིག་དགོས་ཚེ་རྒྱ་མིའི་གཞུང་ཚབ་སྐད་གཏོང་དགོས་པར་མ་ཟད། མགྲོན་བྱེད་འོས་པ་ནི་གསལ་བོ་ཡིན་པས། དེ་ནི་ཡབ་གཞིས་བསྟན་འཛིན་མཁས་གྲུབ་ཀྱི་འཇོན་རྟགས་ལས་རྒུད་རྟགས་ཤིག་མ་རེད། གལ་སྲིད་རྒྱ་རི་སྒྲོལ་མའང་ཡག་པོ་མེད་ན། ཟམ་གདོང་བླ་མ་དང་ཚོགས་པ་གཅིག་པའམ། ཆུ་སྒང་གསར་མ་ཡིན་པས། གནད་དོན་དེ་ཇི་ལྟར་བྱེད་དགོས་སམ།
མཆན་འདེབས་མཁན་ཚོར་ཞུ་རྒྱུར། རྣམ་པ་ཚོས་གནས་ལུགས་བཤད་ཀྱིན་ཡོད་ན་བཤད་རོགས། ཆུ་བཞུར་བཞུར་དང་རྡོ་སྒྲིག་སྒྲིག་བྱས་ནས་བཤད་རོགས། དེ་མིན་གང་ཟག་སྒེར་ལ་སྐོར་ནས་ཐལ་ཆ་ཆེ་བའི་དམོད་མོ་བྱེད་པ་དང་། སྐབས་དོན་དང་འབྲེལ་བ་མེད་པའི་རིགས་མི་གླེང་བར་ཞུ།
ལབ་རྒྱུ་གླེང་རྒྱུ་མང་དྲགས་ན་སྐྱོན་ལྷག་གི་རེད། དྲ་ཐོག་ནས་ཀྱང་འཐེན་འཁྱེར་གྱི་སྐད་ཆ་བཤད་ན་ཡག་པོ་མ་རེད།
བགྲོ་གླེང་གནང་སྐབས་ཚང་མས་ཐུགས་གཟབ་ཡོང་བ་ཞུ། མཆན་འབྲི་དུས་ཀྱི་ཀུན་སློང་དང་བསམ་བློ་དེ་ཡང་དགེ་ཕྱོགས་དང་ཕན་ཕྱོགས་ཤིག་ལ་འཁོར་རོགས།
ཚིག་ཕྲེང་གཅིག་ལས་མེད་ཀྱང་དེ་ཡང་༧གོང་ས་མཆོག་གི་ཞབས་བརྟན་དང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་རྒྱུ་རུ་འགྲོ་བ། བོད་མི་རིགས་ཀྱི་ཆིག་སྒྲིལ་གྱི་གོང་བུ་དམ་དུ་སྒྲིལ་བྱེད་མ་གཏོགས། དགྲ་དགའ་གཉེན་སྡུག་གི་རྒྱུ་རུ་མི་འགྲོ་བ་ཞིག་གནང་རོགས།
ལྷོ་ཕྲུག་སྣ་བོ་ཆེའི་དྲི་བར་ལན་འདེབས། ཁྱེད་ཀྱིས་མདོ་སྨད་སྤྱི་འཐུས་བསྟན་འཛིན་མགོན་པོ་ལ་དྲི་བ་ཞིག་དྲིས་པ་དེ་ལ་ངས་ལན་འདེབས་བྱེད་ཆོག “དེ་ཡང་ཁྱེད་ཀྱིས་{བཙན་བྱོལ་སྤྱི་ཚོགས་ནང་གི་མདོ་སྟོད་པ་མང་པོ་ཞིག་ལ། དབུས་གཙང་པ་དང་མདོ་སྨད་པ། མདོ་སྟོད་ཀྱི་མི་སྐོར་ཞིག་ལག་སྦྲེལ་བྱས་ཏེ་མདོ་སྟོད་མི་དམངས་རྣམས་བོད་ཀྱི་སྤྱི་ཚོགས་ནང་སྡོད་བདེ་མེད་པ་བཟོ་བའི་བསམ་ཚུལ་ཡོད།}ཅེས་གསུངས་འདུག རང་རེའི་འཐུས་མི་ཞིག་ཡིན་པའི་ཆ་ནས་མི་མང་ཁྲོད་འགན་འཁུར་ཡོད་པའི་སྐད་ཆ་བཤད་རྒྱུ་གལ་ཆེ་ཡིན་སྟབས་ཚིག་ཐག་གཙང་བཅད་ཀྱིས་བཤད་པའི་གཞི་ལྗིད་པོའི་སྐད་ཆ་འདིར་ཁུངས་སྐྱེལ་གཙང་མ་ཞིག་དགོས་རྒྱུ་ངའི་རེ་བ་ཡིན།” ཞེས་ཁྱེད་ཀྱིས་དྲིས་འདུག ངས་གང་མཐོང་བ་དང་གང་དྲན་པ་རྣམས་བཤད་རྒྱུ་ཡིན། སྤྱིར་བསྟན་འཛིན་མགོན་པོ་ལ་འབྲེལ་འདྲིས་མེད་ལ་དགའ་མོས་ཀྱང་གཏན་ནས་མེད། འོན་ཀྱང་ད་ལྟ་ཁོང་གི་སྐད་ཆ་དེ་དངོས་ཡོད་གནས་ཚུལ་ཞིག་ཏུ་མཐོང་སོང༌།
ལྷོ་ཕྲུག་སྣ་བོ་ཆེ་ཁྱེད་ཀྱིས་བསམ་བློ་ཞིག་ཐོངས་དང༌། དང་པོ་བོད་ནང་དུ་ཆུ་སྒང་ནང་གི་ཁམས་པ་རྒད་པོ་ཚོས་རང་སྲོག་བློས་བཏང་བྱས་ནས་རྒྱ་དམག་དང་འཐབ་རྩོད་བྱས་པ་རེད། བཙན་བྱོལ་ནང་དུ་འབྱོར་བའི་རྗེས་སུ་རྒྱ་ལོ་དོན་གྲུབ་ཀྱིས་གཙོས་པའི་ཆབ་སྲིད་མི་སྣ་རྣམས་ཀྱིས་གཡོ་སྒྱུ་ཁྲམ་གསུམ་ལ་བརྟེན་ནས་བེད་སྤྱོད་འདྲ་མིན་བྱས་པ་རེད། ཁམས་རྒན་ལྐུགས་པ་དེ་ཚོའི་སེམས་ལ་རྒྱ་ལོ་དོན་གྲུབ་ནི་༧གོང་ས་མཆོག་གི་གཅེན་པོ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ལྷ་བླ་མ་ཞིག་གི་དད་པ་དང༌། དྲིན་མ་ལོ་ཞིག་གི་བརྩེ་དུང་བཅངས་ནས་ཡིད་ཆེས་བློས་འགེལ་བྱས་པ་རེད། ནང་ཁུལ་གསོད་རེས་གཏུབ་རེས་མང་པོ་བྱས་པ་རེད། རྗེས་སུ་ཧ་གོ་དུས་ཧ་ལོག་ཚར་བ་རེད། ལི་ཐང་ཨ་ཐར་ཟེར་བ་དེ་ཡང་རྒྱ་ལོ་དོན་གྲུབ་ཀྱི་རྒྱུག་ཁྱི་བླ་ན་མེད་པ་ཞིག་རེད།
ཕྱི་ཚོགས་ནང་ཁམས་པ་རྣམས་བོད་སོག་ལས་ཁུངས་ཀྱི་ཕོགས་ཟན་རེད་ཟེར་བའི་སྐད་ཆ་ཞིག་ཆེད་མངགས་ཁྱབ་གདལ་དུ་བཏང་ཡོད་པ་རེད། དོན་དངོས་ཐོག་༡༩༦༠ རེ་གྲངས་ནས་ཟུར་ཁང་པ་དབང་ཆེན་དགེ་ལེགས་དང༌། གཡུ་ཐོག་པ་བཀྲ་ཤིས་དོན་གྲུབ་སོགས་དབུས་ཀྱི་སྐུ་དྲག་མི་དྲག་མང་པོ་ཞིག་བོད་སོག་ལས་ཁུངས་ལ་མགོ་བཏགས་ནས་སོང་བ་རེད་དེ། ད་ལྟའི་ཆར་ཁ་རྡུང་གཏོང་མཁན་སུ་གཅིག་བྱུང་ཡོད་པ་མ་རེད།
དེ་བཞིན་ད་ལྟའི་ཆར་བོད་སོག་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཨ་མདོ་བ་དངོས་གྲུབ་དབང་མོ་ཟེར་བ་དེ་ཡིན་མོད། སྤྱི་ཚོགས་ནང་མ་གོ་མ་ཐོས་མདོག་བྱས་ནས་བསྡད་ཡོད། དེ་བཞིན་རྒྱ་ལོ་དོན་གྲུབ་ཕ་བུ་གཉིས་ལ་མཚོན་ན་དུས་རྒྱུན་བོད་སོག་ལས་ཁུངས་ཀྱི་ནང་དུ་སོང་ནས་ཕོགས་ལེན་བཞིན་ཡོད་པ་མ་ཟད། ལོ་གཉིས་ཀྱི་སྔོན་བསྟན་འཛིན་མཁས་གྲུབ་ཀྱིས་བོད་གཞུང་ལ་བོད་སོག་ལས་ཁུངས་དང་འབྲེལ་བ་བྱེད་དགོས་པ་རེད་ཅེས་སྙན་ཞུ་ཞིག་ཕུལ་སྐོར་བང་ཆེན་ཡིན་ནམ། དུས་བབ་ཡིན་ཚགས་པར་ཞིག་གི་ནང་ནས་མཐོང་སོང༌། དེ་དག་ལ་ཁ་རྡུང་གཏོང་མཁན་དང་མི་འགྲིག་ཚུལ་བརྗོད་མཁན་ཨ་མདོ་བ་མི་འདུག་ལ། དབུས་གཙང་པའང་མི་འདུག ཆུ་བཞི་སྒང་དྲུག་གི་ངོས་ནས་བོད་སོག་ལས་ཁུངས་དང་གྲོས་ཆོད་འཇོག་པའི་སྐབས་བཙན་བྱོལ་སྤྱི་ཚོགས་ནང་རྙོག་གྲ་ག་ཚོད་ཅིག་བཟོས་སོང༌། འདི་ཚོ་ལ་འབྲེལ་བ་བྱེད་མཁན་ལ་གང་ཟག་ལ་ལྟོས་ནས་ཡོང་བ་ལས་རྒྱུ་མཚན་ལ་ལྟོས་ནས་ཡོང་བ་ཞིག་གཏན་ནས་མ་རེད།
གལ་སྲིད་དོན་དག་ལ་འབྲེལ་བ་ཡོད་ན་རྒྱ་ལོ་དོན་གྲུབ་སོགས་ཀྱིས་བོད་སོག་ལས་ཁུངས་ནས་གསེར་གྱི་སྐེ་ཐག་སོགས་ལེགས་སྐྱེས་སུ་བླངས་པ་དེ་ལྡི་ལི་གནམ་ཐང་ནས་གཞུང་བཞེས་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་མྱོང་ཡང༌། ཨ་མདོ་བས་ཁ་རྡུང་བཏང་མེད་ལ། དབུས་གཙང་བས་ཁ་རྡུང་བཏང་མེད།
རྒྱ་རི་པདྨ་རྒྱལ་པོ་དང་ཨ་ལགས་འཇིགས་མེད་སོགས་ལག་སྦྲེལ་གྱིས་བོད་སོག་ལས་ཁུངས་ནས་ཨ་སྒོར་འབུམ་མང་པོ་བླངས་པ་རྗེས་སུ་ཀུན་བཟང་བླ་མ་ཟེར་བས་ཐེར་འདོན་བྱེད་པའི་སྐབས། ཐེར་འདོན་བྱེད་མཁན་ལ་ཁ་རྡུང་གཏོང་བ་ལས། ནོར་འཁྲུལ་ཤོར་མཁན་ལ་ཁ་རྡུང་གཏོང་མཁན་ཨ་མདོ་བ་བྱུང་མེད་ལ། དབུས་གཙང་པ་ཡང་བྱུང་མེད། ད་དུང་ཧ་ཅང་མང་ཡང་ཡིག་ཚོགས་འཇིགས་ནས་མ་བྲིས།
དོན་དངོས་ཐོག་སྤྱི་ཚོགས་ནང་དབུས་པ་དང་ཨ་མདོ་བ། ཁམས་པའི་ནང་ནས་མགོ་བདེ་ཁག་ཅིག་གིས་ཁམས་རིགས་མི་མང་ལ་ཐུབ་ཚོད་བརྙས་བཅོས་གྲངས་མེད་གཏོང་བཞིན་ཡོད། དཔེ་བཞག་ན་ཆུ་བཞི་སྒང་དྲུག་ཟེར་བ་དེ་བོད་སོག་ལས་ཁུངས་ཀྱི་ཕོགས་ཟན་རེད་ཟེར་ནས་སྤྱི་ཚོགས་ནང་གླེང་ཕྱོགས་ཆེན་པོ་བཟོས་ཡོད་ཀྱང༌། དོན་དངོས་ཆུ་སྒང་གི་ངོས་ནས་བོད་སོག་ལས་ཁུངས་དང་འབྲེལ་བ་བྱེད་མཁན་ལི་ཐང་ཨ་ཐར་དང༌། ཀྲའུ་དཔོན་རིན་ཆེན་ཚེ་རིང་ཟེར་བ་གཉིས་རེད། ལི་ཐང་ཨ་ཐར་ནི་ཤི་ཚར་བ་རེད། ད་གཏེ་པོ་དངོས་སུ་ལྷག་ཡོད་མཁན་དེ་ཀྲའུ་དཔོན་རིན་ཆེན་ཚེ་རིང་ཟེར་བ་དེ་རེད། དེ་ནི་རྒྱ་རི་སྒྲོལ་མའི་ཁྱོ་གའི་ཕ་རེད་ལ། རྒྱ་རི་སྒྲོལ་མ་ཡང་ནང་དེའི་མནའ་མ་རེད། རྒྱ་རི་སྒྲོལ་མ་སོགས་ཀྱིས་དུས་རྒྱུན་ཁམས་པའི་མི་རྒན་ཁག་ཅིག་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྡོག་རྫིས་བཏང་ནས་དབུས་པ་དང་ཨ་མདོའི་ངོ་གསོ་ཐབས་བྱེད་བཞིན་ཡོད་པར་བརྟེན། དོན་དངོས་ཀྱི་ཐོག་ནས་ཕ་གཅིག་མ་གཅིག་གི་ཇོ་ཇོ་བོད་སོག་ལས་ཁུངས་ཀྱི་ཕོགས་ཟན་ཡིན་པ་ར་སྤྲོད་བྱུང་བ་དང༌། མོ་རང་མནའ་མར་འགྲོ་སའི་ཁྱིམ་ཚང་ཡང་བོད་སོག་ལས་ཁུངས་དང་འབྲེལ་ཡོད་གཏེ་པོ་ཞིག་ཡིན་ཡང༌། དབུས་པ་དང་ཨ་མདོ་བ་ཚོས་རྒྱ་རི་སྒྲོལ་མས་རྐུབ་ལྡག་པ་ལས་ཁ་རྡུང་གཏོང་མཁན་སུ་གཅིག་མེད། དོན་དངོས་ཐོག་བོད་སོག་ལས་ཁུངས་དང་འབྲེལ་བ་ཡོད་པས་རེད་འདུག་གམ། ཡང་ན་རྒྱུ་མཚན་གཞན་ཞིག་གི་རེད་འདུག
རྒྱ་ལོ་དོན་གྲུབ་ཀྱི་བུ་མདོ་སྨད་སྤྱི་འཐུས་བསྟན་འཛིན་མཁས་གྲུབ་ཀྱིས་ལྡི་ལི་རྒྱ་དམར་གཞུང་ཚབ་པ་གདན་འདྲེན་བྱས་ནས་རྡོ་རྗེ་གླིང་དུ་གླུ་གར་ཞབས་བྲོ་དང་བཅས་སྣེ་ལེན་བྱེད་པའི་སྐབས། འཇམ་དབྱངས་ནོར་བུ་སོགས་དྲང་ཚིགས་ཅན་ཁག་ཅིག་གིས་དམངས་གཙོ་ཚགས་པར་ནང༌། དགྲ་བོ་ཆེད་འབོད་ཞབས་ཞུ་ཧུར་ཐག་བྱས་པ་ཞེས་པའི་མགོ་བརྗོད་འོག་གསར་འགྱུར་ཞིག་བྲིས་པ་མཐོང་མྱོང་བ་ལས། ཨ་མདོ་བ་སུ་གཅིག་གིས་ཁ་རྡུང་བཏང་བ་དང༌། ངོ་རྒོལ་བྱས་པ་གོ་མ་མྱོང༌།
ཁམས་ཞེན་ཅུང་ཆེ་བའི་ཁམས་པ་རྣམས་ཀྱིས་རྐང་པ་ཞིག་བརྐྱངས་ཀྱང་མ་འགྲིག་ཚུལ་དང༌། ཡག་པོ་ཞིག་བྱས་ཀྱང་སྡུག་ཅག་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། བོད་པའི་གཏམ་དཔེ་ལ་ལས་དཀར་པོ་བྱས་ཀྱང་ནག་པོ། མདོ་པདྨ་བཞེངས་ཀྱང་ཁྱི་རྗེས་ཟེར་བའི་དཔེ་དང་གཅིག་མཚུངས་སུ་གྱུར་ཡོད་པ་རེད། རྒྱལ་བ་རིན་པོ་ཆེའི་སྐུ་འཁོར་གྱི་ནང་དུའང་ཁམས་ཞེན་མེད་ཀྱང་ཁམས་པའི་ཁོངས་སུ་གཏོགས་པའི་མི་བློ་བཟང་སྦྱིན་པ་ལྟ་བུ་ལ་མཚོན་ནའང་མི་བདེན་རྫུན་སྒྲིག་གིས་མིང་ཤས་ཆེད་བཟོ་བྱས་པ་སོགས་ཀྱང་དངོས་ཡོད་གནས་ཚུལ་རེད།
གང་ལྟར་ལྷོ་ཕྲུག་སྣ་བོ་ཆེ་ཁྱེད་ཀྱི་སེམས་ནང་དུ་ངས་བཤད་པའི་ལོ་རྒྱུས་དེ་ཚོ་འཕྲོད་མི་སྲིད་པ་ལྟ་བུར་མཐོང་ཡང༌། དོན་དངོས་ཐོག་ང་དང་ང་ལྟ་བུའི་སེམས་ཚོར་དམར་རྗེན་དེ་ཡང་རྫུན་གྱིས་མ་སྦགས་པར་བྲིས་པ་ཡིན་པས་ཚར་གཅིག་ཀློག་ཐུབ་པའི་རེ་བ་ཡོད།
བསྟན་འཛིན་མགོན་པོ་ལ་ལྟ་ཚུལ་ཅུང་ཙམ་བཤད་ན། སྤྱིར་བསྟན་འཛིན་མགོན་པོས་ད་ལྟ་བཤད་པའི་སྐད་ཆ་དེ་ངས་བདེན་པར་མཐོང་སོང་ཡང༌། ཀུན་སློང་གི་ཆ་ནས་དོགས་པ་ཡོད། སྤྱིར་ཀུན་སློང་འགྲེལ་བཤད་བརྒྱབ་ནས་ར་སྤྲོད་བྱེད་ཐབས་མེད་པ་ངས་ཤེས་ཀྱང༌། རེ་ཟུང་ཞིག་བརྗོད་ཀྱི་ཡིན། དེང་སྐབས་བསྟན་འཛིན་མགོན་པོ་དང༌། བསྟན་འཛིན་མཁས་གྲུབ་སོགས་ཀྱིས་བསོད་ནམས་སྟོབས་རྒྱལ་དང༌། གཡུང་དྲུང་རྒྱལ་མཚན། སྨོན་ལམ་མཐར་ཕྱིན། འཇུ་ཆེན་དཀོན་མཆོག་སོགས་ཟམ་གདོང་རིན་པོ་ཆེ་ལ་སེམས་གཏིང་ནས་མི་དགའ་མཁན་རྣམས་ལ་གྲོགས་པོ་བསྒྲིགས་ནས། ཁོང་ཚོ་བེད་སྤྱད་ནས་ཟམ་གདོང་རིན་པོ་ཆེ་ལ་ཁ་གཏད་གཅོག་ཐབས་བྱེད་ཀྱི་ཡོད་པ་འདྲ། དེ་ང་རང་གི་མཐོང་ཚུལ་ཡིན། ང་ཚོ་ཁམས་པ་མང་ཆེ་བའི་སེམས་ནང་དུ་ཟམ་གདོང་རིན་པོ་ཆེ་ནི་ཅི་བས་ཀྱང་རྩ་ཆེན་པོར་འཛིན་འོས་པའི་རླབས་ཆེན་གྱི་མི་སྣ་ཞིག་ཏུ་བརྩི་བཞིན་ཡོད་ལ། ང་ཡིན་ནའང་རྒྱུ་མཚན་ཤེས་པའི་ཐོག་ནས་ཡིད་ཆེས་དང་རྒྱབ་སྐྱོར་བརྟན་པོ་ཡོད། གོང་དུ་ངས་མིང་བྲིས་པ་དེ་དག་གིས་བསྟན་འཛིན་མགོན་པོ་དང་ལག་སྦྲེལ་བྱས་ནས་ཟམ་གདོང་རིན་པོ་ཆེ་ལ་མ་ཉེས་ཁག་གཡོག་དང༌། ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ར་འཕྲོད་པ་ཞིག་བྱུང་ན། དེ་དུས་མངོན་སུམ་འཛེམས་མེད་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་ཡིན། འདི་འཕྲོས་བཤད་ལྟ་བུ་ཆགས་སོང༌།
སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས། གྲང་སེང་ཟེར་ན་ག་རེ་ལབ་ཀྱི་ཡོད་རེད། གྲང་སངས་ཀྱི་དོན་དག་རེད་དམ། དེ་ཡིན་ན་གྲང་མོ་བཟོ་བ་གོ་ཡི་རེད།
རྩོམ་ཡིག་གི་མགོ་ནས་གོ་རྒྱུ་མེད་པ་ཞིག་འབྲི་ཡོང་དུས་ཀློག་སྙིང་མི་འདོད་པ་ཞིག་རེད། ཅིག་བྱས་ན་ལུང་ཁུག་གི་ཁ་སྐད་ཡིན་གྱི་རེད། དེང་སང་ལུང་ཁུག་གི་ཁ་སྐད་དེ་ཚོ་ཡིག་ཐོག་ལ་འབྲི་ཡོང་ནས་རྫིག་མདོག་ཁ་པོ་བྱེད་མཁན་མང་པོ་འདུག དེ་ཚོ་ཡག་པོ་མི་འདུག
སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་གོ་བའི་ཡིག་ཐོག་གི་འབྲི་སྟངས་དེ་གནའ་སྔ་མོ་ནས་ཡོད་པས། དེ་རང་རྒྱུན་འཛིན་བྱས་ན་མ་འགྲིག་པ་ག་རེ་འདུག
དུས་བབ་ཀྱི་ཟིན་བྲིས་ནང་དུ་གྲོགས་པོ་མང་པོ་ཞིག་གིས་སྤྱི་འཐུས་རྣམས་ཀྱི་རྙོག་དྲའི་སྐོར་མང་པོ་བྲིས་འདུག འོན་ཀྱང་ངས་སྐད་ཆ་དྲང་པོ་ཤོད་མཁན་ཞིག་ཕལ་ཆེར་མཐོང་མ་སོང། མདོར་ན། ང་ཚོའི་སྤྱི་ཚོགས་ནང་གི་དབུ་ཁྲིད་རྣམ་པས་སྐད་ཆ་བཤད་དུས་ཕྱོགས་རིས་གཙོ་བོ་བྱས་ནས་བཤད།
ལས་ཀ་ལས་དུས་ཕྱོགས་རིས་གཙོ་བོ་བྱས་ནས་ལས། རྩོམ་པ་པོ་རྣམ་པས་ཕྱོགས་རིས་གཙོ་བོ་བྱས་ནས་རྩོམ་ཡིག་འབྲི།
མི་མང་ཆུ་སྣ་གར་འཁྲིད་རྣམས་ཀྱིས་ཕྱོགས་རིས་གཙོ་བོ་བྱས་ནས་འདུར།
ཐ་ན་ཟིན་བྲིས་ཐེབས་ཆགས་འབྲི་མཁན་རྣམས་ཀྱིས་ཕྱོགས་རིས་གཙོ་བོ་བྱས་ནས་ཟིན་བྲིས་འབྲི།
ཧུ་ཧུ་ཧུ། སྐྱོ་བ་ལ། ག་རེའི་སྨྱུག་འཛིན་པ་དང་ཤེས་ཡོན་པ།
མིས་བསམ་དུས་རྟའི་ངོ་ལ་སྤུ་འདུག་བསམ། རྟ་ཡིས་བསམ་དུས་མིའི་ངོ་ལ་སྤུ་འདུག་བསམ།
རྣམ་དཔྱོད་དང་དྲང་ཚུགས་ཅན་གྱི་བོད་པ་ཞིག་ད་ལྟ་བར་དུ་མ་མཐོང་།
ཁ་ཤས་ནི་ཞེ་སྡང་ཚ་པོ། ཁ་ཤས་ནི་གཡོ་སྒྱུ་ཚ་པོ། ཁ་ཤས་ནི་མགོ་བདེ་ཚ་པོ། ཁ་ཤས་ནི་སྤྲེལ་ལད་ཚ་པོ།
ཁ་ཤས་ནི་ཁ་འཇམ་ཁོག་རྩུབ། ཁ་ཤས་ནི་ཁ་རྩུབ་ཁོག་རྩུབ། ཁ་ཤས་ནི་རང་དོན་རང་གཅེས།
མདོར་ན། རང་ལ་ཐུག་དུས་བོད་གཞུང་ཟེར་བ་དེ་ཚོ་ཕྲུ་གུའི་རྩེད་མོ་རེད། ༸རྒྱལ་བ་རིན་པོ་ཆེ་དེ་ཚོ་མིག་ནང་འཇོག་གི་མ་རེད།
འོན་ཀྱང་༸རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ལ་སླེབས་དུས་ཚང་མ་མི་ཡག་པོ་རྐྱང་རྐྱང་རེད། ལྐོག་ལ་སླེབས་དུས་སྲིན་པོའི་རང་གཟུགས་སྟོན་གྱི་རེད།
བོད་མི་རིགས་ཟེར་བ་ད་གང་ལ་སླེབས་སོང་། ཆབ་སྲིད་པ་ཚོས་ཆབ་སྲིད་འཁྲབ། དེ་ཡང་རང་གི་ཆེད་དུ་འཁྲབ།
མི་མང་གླེན་པ་དེ་ཚོ་ནི་ཤོག་བུ་དང་གཅིག་པ་རེད།
རླུང་ག་ནས་བརྒྱབ་ཀྱང་དེ་ནས་འཁྱེར་འགྲོ་ཡི་རེད། རང་ཚུགས་དང་རྣམ་དཔྱོད་ཟེར་བ་ཕ་རིའི་སྤང་རྒྱན་རེད།
ད་ང་ཚོས་ཅི་ཞིག་བྱེད་རྩིས་ཡོད། རྒྱ་ནག་དམར་ཕྱོགས་པ་ཚོའི་མདུན་ལ་མགོ་གུག་ནས་འགྲོ་རྒྱུ་ཡིན་ནམ།
ཚང་མ་བསམ་བློ་གཏོང་རོགས། རང་ཉིད་གང་ཞིག་ཏུ་སླེབས་འདུག་ཡག་པོ་ལྟ་རོགས། གཞན་མ་གཏོགས་གཡོ་སྒྱུ་ཅན་ཚོའི་ལག་ཆ་ཆགས་ཡོང་།
བེད་སྤྱོད་བཏང་ཚར་དུས་དེ་ཚོས་གཡུག་རྐྱང་རེད། དེ་ཚོ་ཤེས་པར་གྱིས།
ག་དུས་ཡིན་ཡང་བདེན་པ་དང་དྲང་པོ། ལྷག་བསམ་ཞེས་མ་ཎི་བཞིན་བགྲང་བསྡད་པ་དེ་ཚོ་སྐྱག་རྫུན་ཤ་སྟག་རེད།
མདོ་སྨད་སྤྱི་མཐུས་བསྟན་འཛིན་མགོན་པོ་དང་མདོ་སྟོད་སྤྱི་མཐུས་བསོད་ནམ་སྟོབས་རྒྱལ་གཉིས་ཟེར་བ་འདི་གཉིས་རྒྱ་ནག་སྲིད་གཞུང་གི་ལས་དོན་གཉེར་མཁན་ཞིག་ཡིན་མིན་དང་འཆོ་ཁ་དང་ཆོས་ལུགས་བར་དབྱིན་དཀྲུག་གནང་འདོད་ཡོད་མེད་ལ་མ་ལྟོས་པ་སྔ་ཕྱིར་བཙན་བྱོལ་བོད་མའི་སྤྱི་ཚོགས་ནང་མ་འོས་མ་འཚམ་པའི་གཏམ་བཤད་བྱེད་མཁན་ཞིག་རེད་ད་དུང་ཁོང་གཉིས་ལ་ལྟ་བ་དང་ལམ་ཕྱོགས་ཞིག་ཡོད་པ་དེ་ནི་དགོས་མེད་ཀྱི་གླིང་སློངདང་ཀླད་མེད་འཁྲིགས་འཛིན་གྱི་ཞེན་ཁོག་བྱེད་རྒྱུ་སོགས་་་་་་་་་བོད་མི་རིགས་ཀྱི་ལས་དོན་ལ་བསམ་ཞིག་གཏན་ནས་མེད་པ་་་་ད་དུང་་་་་་་ད་དུང་་་་སྤྱི་དོན་ཁ་ལ་ཁྱེར་ཏེ་རང་དོན་རྟོག་ཕོག་རག་ཐབས་བྱེད་རྒྱུ་དེ་རེད་་་་ད་དུང་་་དངོས་ཡོད་ལ་གཞན་གྱི་རྒྱུགས་ཁྱི་བྱེད་དེ་སྤྱི་མཐུས་གྱི་གོ་གནས་ལ་སླད་པ་ཞིག་ཀྱང་རེད་་་་་་་་དེ་ཡང་བོད་རིགས་མི་མང་ཡོངས་གྱི་སེམས་གཏིང་ནས་དགའ་བསུ་ཐོབ་པའི་སློབ་དཔོན་ཆེན་པོ་ད་ལྟའི་བཀའ་བློན་ཁྲི་པ་ཟང་གདོང་རིན་པོ་ཆེ་ལ་་གཞི་མེད་སྐྱོན་མཛུག་བྱེད་པ་ནས་གཟུང་ཁོང་གཉིས་གྱི་རང་སོ་སོའི་གཞན་གྱི་སྤག་གྱོན་པའི་རྣམ་འགྱུར་གསལ་ལྟོན་བྱེད་དགོས་ཐུབ་ཡོད་་་་དེ་ཡང་རིན་པོ་ཆེའི་མཁྱིན་རྒྱ་དང་ནུས་ཤུགས་འོག་ཕམ་ཉེས་བྱུང་བའི་གནས་སྟངས་ལ་བསྟན་ནས་་་དགོང་དག་ང་རང་ནོར་ཤག་ཅེས་བཤད་རྒྱུ་ལས་མེད་པ་ལུས་ཡོད་ཀྱང་་་དེ་སང་གི་གནས་ཚུལ་ལ་ལྟས་ན་ཁོང་གཉིས་ཀྱི་འཛིན་སྐྱོང་བཀའ་ཤག་ལ་གུས་བསྐུལ་ཞུམ་ཞུམ་བྱེད་བཞིན་ཡོད་ཀྱང་་སྤྱི་མཐུས་གྲོས་ཚོགས་ནང་ལན་གཅིག་མིན་པ་་་་་་་་་་་་་་་་་ཨ་ལ་ལ་་་་་་་་ཁོ་རེ་་་་་་་་་་་ཟེར་བའི་ཨམ་སྐད་དང་ཁམས་སྐད་འདི་གཉིས་ཀྱི་རྒྱུད་ནས་དཀྲོག་གཏམ་དང་དབྱིན་དཀྲུག་གྱི་གཏམ་བཤད་བྱེད་རྒྱུ་དེ་ཁོང་གཉིས་གྱི་དམངས་གཙོའི་ཁེ་ཕན་ཞིག་ལ་བསམ་མིན་གང་ལྟར་སོ་སོའི་ལས་འགན་ཞིག་ལ་རྩི་བཞིན་འདུག་་་་་་་་་་་་་་་་ལྷག་དོན་དུ་ཡང་གནས་ལུགས་གང་ཞིག་ཡིན་མིན་མིཤེས་མོད་སྤྱི་མཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱི་ཚོགས་གཙོ་གནང་རེང་གོ་སྐབས་ཞིག་ལ་རྩིས་ཏེ་སྤྱི་མཐུས་གྲོས་ཚོགས་ནང་སྔར་བྱུང་མྱོང་མེད་ལ་དངོས་ཡོད་བློ་ཕམ་དགོས་པའི་གནས་སྟངས་དང་པོ་དེ
གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་སྤྱི་འཐུས་སྒེར་གྱི་གྲོས་འཆར་ཞིག་གི་ཐད། གྲོས་ཚོགས་འཐུས་མི་ནང་ཁུལ་དགོངས་ཚུལ་མ་མཐུན་པར་སྤྱི་འཐུས་ ༡༢ ཙམ་གྲོས་ཚོགས་ར་བ་ལས་ཕྱིར་ཐོན་ཡོད་སྟབས། ཐེངས་གསུམ་ལ་ཚོགས་འདུ་མཇུག་སྐྱོང་གི་ཐབས་ཤེས་གནང་ཡང་། གྲོས་ཚོགས་འཐུས་མིའི་གསུམ་ཆ་གཉིས་མ་ཚང་སྟབས། མཐར་སྐབས་བརྒྱད་པའི་གྲོས་ཚོགས་ཀྱི་མཇུག་སྡོམ་ཡང་གནང་མ་ཐུབ་པར་དུས་ཚོད་ངེད་མེད་བར་ཚོགས་གསེང་མི་གཏོང་ཐབས་མེད་བྱུང་ཡོད།་
ཡིན་དང་ཡིན་ང་འཚོ་ཚང་མས་སེམས་ནང་དོགས་འཆར་ཞིག་ཡོད་པ་དེ་ད་ལྟའི་གཙོ་མཆོག་གི་རང་གི་མིག་འདུན་ཏུ་བྱུང་བའི་གནས་ཚུལ་ཐབས་སྡུག་འདི་དག་གསལ་དང་མི་མང་ལ་འགྲེལ་བརྗོད་ག་འདྲ་ཞིག་གནང་མིན་སོགས་འདི་ཡི་ཐད་ནུས་པ་ཇི་རྩམ་ལྟོན་ཐུབ་སྙམ་པ་དེ་རེད་འོན་ཀྱང་
་སྐབས་དེར་གསར་འགོད་པས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ཐེངས་འདིའི་གནད་དོན་ཐད་བཅར་འདྲི་ཞུས་སྐབས་ཁོང་གིས་གསུངས་དོན། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སོགས་ལ་བལྟས་ན། ད་ལྟའི་བར་གྲོས་ཚོགས་ནས་འཐུས་མི་ཕྱིར་ཐོན་ཏེ་གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བའི་གནས་སྟངས་འོག གྲོས་ཚོགས་ཚོགས་མ་ཐུབ་པ་དེ་འདྲ་རྩ་བ་ནས་བྱུང་ཡོད་པ་མ་རེད། འདི་གནས་སྟངས་གསར་པ་ཞིག་རེད། དམངས་གཙོའི་འཕེལ་རིམ་གྱི་ངོས་ནས་བློ་ཕམ་གྱི་རང་བཞིན་ཞིག་རེད། བཅའ་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་གནད་དོན་འདི་འདྲའི་སྐབས་སུ་ཚོགས་འདུ་མཇུག་སྒྲིལ་སྟངས་གསལ་བོ་མི་འདུག་མོད། ཚོགས་འདུ་སྔ་མའི་སྐབས་ཀྱི་གཞུང་འབྲེལ་ལས་རིམ་ལྷག་བསྡད་པ་ཡིན་ན། གྲོས་ཚོགས་ཚོགས་དུས་རྗེས་མར་འཁྱེར་དགོས་པའི་གནས་སྟངས་ཆགས་ཀྱིན་ཡོད་སྟབས། ཉུང་མཐར་ཟླ་བ་དྲུག་རིང་ཕྱིར་འགྱངས་བྱ་དགོས་པ་ཆགས་ཡོད།་་་་་་་་་་་་་་་་་་་་ ཁ་སང་གྲོས་ཚོགས་ནང་དུ་ཚོགས་གཙོ་ཚོགས་གཞོན་དང་། ལས་རིམ་ཚོགས་ཆུང་གི་ལས་ཀ་བྱེད་སྟངས་འགྲིག་གིན་མི་འདུག ཅེས་བཀའ་མོལ་མང་པོ་བྱུང་སོང་། འགའ་རེ་ཡིས་གྲོས་འཆར་འདི་ཕྱིན་པ་ཡིན་ན། སྤྱི་འཐུས་རྒྱུན་ལས་ཀྱིས་དགོངས་པ་ཞུ་དགོས་པ་རེད་གསུངས་ཡོད། འོན་ཀྱང་། ཚོགས་གཙོའི་ལྟ་སྟངས་བྱས་ན། སྤྱི་འཐུས་རྒྱུན་ལས་ཀྱིས་དགོངས་པ་ཞུ་དགོས་པ་གང་ཡང་མཐོང་གི་མེད། གལ་སྲིད་གནད་དོན་འདིའི་དབང་གིས་གྲོས་ཚོགས་འཚོགས་མ་ཐུབ་པའི་གནས་སྟངས་མུ་མཐུད་དེ་གནས་པ་ཡིན་ན། ༧གོང་ས་མཆོག་ལ་སྙན་སེང་ཞུ་རྒྱུ་དེ་རེད། ༧རྒྱལ་བ་རིན་པོ་ཆེ་ཡིས་གནས་སྟངས་གསལ་བཤད་གནང་སྟེ། ཁྲིམས་ཞིབ་པ་ཆེ་བ་དང་བཀའ་བློན་ཁྲི་པ། ཚོགས་གཙོ་ཚོགས་གཞོན་བཅས་གོ་བསྡུར་གནང་རྒྱུའི་ལམ་ཁ་ཞིག་ཡོད།
གོང་ཏུ་ཁོང་གི་བཤད་པ་ལ་ལྟས་ན་ཐོག་མ་ནས་བཀྲ་མི་ཤེས་པའི་འོས་ཕན་ཁྲོད་ཚོགས་གཙོ་ཐོབ་པའི་མི་འདི་ལ་རེ་བ་གང་ཞིག་མེད་པ་འདྲ་ད་དུང་ གྲོས་ཚོགས་འཐུས་མི་ནང་ཁུལ་དགོངས་ཚུལ་མ་མཐུན་པར་སྤྱི་འཐུས་ ༡༢ ཙམ་གྲོས་ཚོགས་ར་བ་ལས་ཕྱིར་ཐོན་ཡོད་
པ་དེ་འཚོ་ག་ནས་ཡིན་པ་དང་རྒྱབ་རྩ་སུ་ཡོད་པ་གོ་སྐབས་དང་འཛིན་ཇི་འདྲ་བྱེད་མིན་བཅས་ནི་ཚོགས་གཙོ་མཆོག་གི་མཁྱིན་གྱི་ཡོད་ཤག་རེད་་་་་ད་དུང་གནས་ཚུལ་དེར་ཚོགས་གཙོ་མཆོག་ངན་ཇུས་གཉམ་ལྟོན་གྱི་འབྲེལ་བ་མེད་པ་སུའི་བཤད་ཐུབ་སྙམ་
དེ་ལྟར་དངོས་ཡོད་ཡིན་མིན་གང་ལྟར་ཇེངས་རྗེས་མའི་བཀའ་བློན་ཁྲི་པའི་འོས་བསྡུར་བསྐོར་བོད་གཞུང་ཟློས་གར་ཚོགས་ཁང་དུ་ཚོགས་སྐབས་ཨམ་སྐད་སྐྱོན་པའི་བུ་མོ་ཞིག་གི་རེ་བ་ཆེ་མདོག་གྱི་དྲི་བ་ཞིག་ལ་ཚོགས་གཙོ་མཆོག་གི་ང་རང་བཀའ་བློན་ཁྲི་པ་ལང་རྒྱུ་ནི་རྨི་ལམ་དུ་ཡང་འཁོར་མ་མྱོང་ཅེས་ལན་འདེབས་གནང་སོང་དེ་ནི་རང་སྐྱོན་རང་གི་ངོས་འཛིན་ཐུབ་པའི་ལན་ཞིག་རེད་འདུག་པས་འདི་ཡི་གསལ་པོ་ཤེས་ཐུབ་
བསྟན་འཛིན་མགོན་པོ་ལགས། ཧམ་བཤད་དང་སྨྱོ་བཤད་རྒྱབ་ནས་ཅང་ཕན་གྱི་མ་རེད། བོད་རྒྱ་ཆེ་མི་དམངས་དང་ལྷག་པར་དུ་མདོ་སྨད་མི་དམངས་ཁྱེད་ལ་ཡིད་ཆེས་སླེབས་ཀྱི་མ་རེད།
ཁྱོད་ནི་ངོ་མ་རིག་འཚོ་མ་ཟིན་པ་རང་རེད། གླེན་པ་སྨྲ་བ་ཉུང་ན་མཛེས་ཞེས་པའི་རྣམ་ཐར་བསྐྱངས་ན་ཡག་གི་རེད།
བསྟན་འཛིན་མགོན་པོའི་ག་རེ་འབྲི་གྱི་ཡོད་རེད། རྩོམ་ཡིག་གི་མགོ་བརྗོད་ཁོ་རང་ཚ་བོ་ཟེར་ན་དོན་དག་གོ་རྒྱུ་མི་འདུག་རྣམ་པ་ཚོ་གཟིགས་དང༌།
བསྟན་འཛིན་མགོན་པོ་ལགས། ཁྱེད་ཀྱིས་ངའི་དྲི་བ་{གོང་གི་བསམ་འཆར་བཞི་པ།}དེར་ལན་ཁ་གཙང་ཞིག་བརྒྱབ་རྒྱུ་འདི་ངའི་རེ་བ་ཡིན་ཡ། འདི་ལྟར་གོ་མེད་ཚོར་མེད་དུ་གཞི་ལྗིད་པོའི་སྐད་ཆ་ཞིག་ཁུངས་སྐྱེལ་དང་གསལ་བཤད་མེད་པར་བཞག་ན་མི་འགྲིག་གི དྲྭ་ཐོག་འདི་ག་ནས་ཁྱོད་ཀྱིས་གསལ་བཤད་གཙང་སང་བ་ཞིག་མ་བྱས་པར་ངའི་དྲི་བ་སྣང་མེད་བཏང་སྙོམས་སུ་བཞག་རྒྱུ་ཡིན་ན་ང་ངེས་པར་ཁྱོད་ཀྱི་འདུག་གནས་སུ་རྒྱུ་མཚན་གསེད་བཀྲོལ་གྱི་རེ་འདུན་ཞུ་བར་འོང་ངེས་ཡིན། འདི་ལྟའི་སྐད་ཆ་སྦོམ་པོ་ཞིག་གྱ་ཚོམ་དུ་བཤད་རྒྱུར་ང་གཏན་ནས་འཐད་པ་མེད།
མེ་སྒྱོགས་རྒྱ་མཚོ་ཟེར་བ་ཁྱེད་མི་ཤེས་རྒྱུ་ཡོད་ནི་མ་རེད། ཁྱེད་ནི་ནེའུ་ཡོག་ན་ཡོད་པའི་ཁམས་པ་ཞེན་ཁོག་གི་ཚོས་བསྡད་མཁན་ཞིག་ཡོད་པ་དེ་རེད། ཁྱོས་་ཆོལ་ཁའི་ནང་དུག་མ་འདེབས།
ང་བདེན་པ། ང་དྲང་པོ། ང་ལ་ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་མེད། ང་ལ་སྤྱི་སེམས་དང་། ང་ལ་ལ་རྒྱ་ལྡན་ཞེས་ཇི་ཙམ་དབུ་བཙུགས་ཀྱིས་བསྒྲུབས་ཀྱང་། སྣ་འཐེན་ནས་ཁར་སླེབས་དཀའ་ལ། དོན་དངོས་ཐོག་ཁྱོད་ཚོ་མི་རེ་ངོ་རེས་སྐད་ཆ་བཤད་སྟངས་སོགས་ལ་ཡང་བསྐྱར་བརྙན་འཕྲིན་བརྒྱུད་ནས་ལྟོས་དང་། ཁྱོད་ཚོས་སེམས་གཏིང་གི་བསམ་དོན་དེ་དཔོག་ངེས་རེད།
དཔལ་ལྡན་ཟླ་བ་གྲགས་པས།
དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་།
བདག་གི་འདི་ཞེས་དངོས་ལ་ཆཌ་བསྐྱེད་པ།
ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི།
འགྲོ་ལ་སྙིང་རྗེའི་གྱུར་གང་དེ་ལ་འདུད། ཅེས་དང་། དཔལ་ལྡན་ཆོས་ཀྱི་གྲགས་པས་ཀྱང་།
བདག་ཡོད་ན་ནི་གཞན་དུ་ཤེས།
བདག་གཞན་ཆཌ་ལས་འཛིན་དང་སྡང་།
འདི་དག་དང་ནི་ཡོངས་འབྲེལ་ལས།
ཉེས་པ་ཐམས་འབྱུང་བར་འགྱུར། ཞེས་པའི་མཐུན་དཔེ་དམ་པར་ཡིད་ཆེས་བརྙེད།
ཚང་མས་ཅི་ལྟར་བགྲོ་གླེང་བྱེད་ཀྱང་། འཇུ་ཆེན་གྱི་མི་ཚོར་ཤ་ཞེན་དང་རང་ཚུགས་ཡོད་ནི་རེད།
གཞན་ཚོར་ཡིད་ཆེས་ཟེར་བ་ཞིག་མེད་དཱ
རྗེསུ་མཇལ་ཡོང་། ལྟོ་རྒྱབ་ཀྱི་ཆེད་དུ་ལས་ཀ་བྱེད་དགོས།
ད་ཐེངས་བསྟན་འཛིན་མགོན་ཁྱེད་ཀྱིས་ཚོགས་ཐོག་ནས་གཟུ་བོའི་གཏམ་ཞིག་བཤད་སོང་། འོན་ཀྱང་སྤྱིའི་ཆ་ནས་ཁྱོད་ཚོས་ཞབས་འདྲེན་ཆེན་པོ་ཞུས་སོང་། མི་གཅིག་གི་འགྲོ་གྲོན་ཞིག་གིས་བོད་མི་དམངས་སྤྱི་འཐུས་འཐོར་སོང་བ་རེད། ངོ་ཚ་དགོས་པ་ཞིག་མ་རེད་དམ། གཅིག་རྒྱབ་གཅིག་འགེབ་བྱེད་རྒྱུ་ག་ལ་ཡོད། སྤྱི་འཐུས་ནི་མི་མང་གི་འཐུས་མི་ལས་རང་ཉིད་ཀྱི་ཁེར་རྐྱང་བ་ཞིག་མིན་པས་རང་ཉིད་ཀྱི་བསམ་ཚུལ་ཁོ་ནའི་དབང་དུ་གཏོང་རྒྱུ་ག་ལ་ཡོད།
དྲང་ཚུགས་ལྡན་པའི་མི་ལ་ག་དུས་ཡིན་ནའང་ཡིད་སྨོན་ཡོད། སྤྱི་འཐུས་བསྟན་འཛིན་མགོན་པོ་ལྟ་བུ་ནི་ར་ལུག་རང་བཞིན་ཁྱུ་ཚོགས་བསྡེབས་ནས་འགྲོ་དགོས་མཁན་གྱི་སྤྱི་འཐུས་ཤིག་མ་རེད། དེ་སྔོན་ཟམ་གདོང་གིས་ཅི་བཤད་ལ་ཉན་མཁན་ཞིག་མ་རེད། ཁོང་ནི་རང་ཚུགས་ཐུབ་པའི་ཆབ་སྲིད་ཀྱི་ལྟ་བ་ཡོད་མཁན་ཞིག་རེད།
སྐུ་ཉིད་ཁྱེད་ཀྱིས་བསམ་ཚུལ་ལ་མཐའ་གཅིག་དུ་ངོ་རྒོལ་ཡོད།
ལན་ཞིབ་ཕྲ་འཇུག་དུ་ཡོད།
ཁོང་ཁྲོ་མ་ལངས། གནས་ལུགས་རྒྱུ་མཚན་ཡོད་ན་ཤོད་རོགས། ཚོར་བ་འདྲ་བོ་ཡིན་ན་སོ་སོ་གཅིག་པུས་མྱངས་ན་ཡག་གི་རེད། བརྒྱ་སྡེ་ལ་མྱོང་དུ་འཇུག་དགོས་པ་མ་རེད། མེ་སྒྱོགས་ཀྱི་སྐད་ཆ་འགའ་རེར་ཉན་རིན་ཡོད་རུང་། ཕལ་ཆེ་བ་ཚོར་བའི་དབང་དུ་གྱུར་བའི་སྐད་ཆ་རེད། སེམས་ཀྱི་ཟ་འཕྲུག་འདྲ་བོ་རེད།
ཆོལ་ཁའི་ཞེན་ཕྱོགས་ཀྱིས་བོད་སྤྱི་པའི་རྩ་དོན་ལ་བར་ཆད་བཟོ་བའི་ཉེས་པ་དང་དཔུང་སྒྲིག་བྱེད་པའི་སྟོབས་ཤུགས་ཀྱིས་ཐབས་ཇུས་འཐེན་པའི་གཡོ་ཇུས་ལ་ནམ་ཡང་གུ་ཡངས་མེད་པ་གཅིག་མཚུངས་རེད།
མུ་མཐུད་དུ་དཔྱད་གཞི་རྗེན་པ་འདི་དག་དང་དོགས་འདྲི་འདི་དག་གཏོང་རྒྱུ་ཡིན།
མ་གཞི་ནས་གནད་དོན་འདི་མ་ཤེས་གོང་ནས་བཙན་བྱོལ་ཆབ་སྲིད་ཀྱི་སྒྲོམ་གཞི་འདི་ལ་རང་ཚུགས་མེད་པར་རྟོགས་ཡོད། དེ་འདྲ་སོང་ཙང་fucked up ཆགས་ཚར་འདུག་ཟེར་ཡོད། མགོ་ནས་རྐུབ་བར་ཕྱི་གསལ་བར་གསལ་གྱི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་དགོས་ཀྱི་ཡོད་པ་བསམས་ཡོད།
སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་མི།
ཚོགས་གཙོ། སྤེན་པ་ཚེ་རིང་།
ཚོགས་གཞོན། རྒྱ་རི་སྒྲོལ་མ།
རྒྱུན་ལས་བསོན་ནམས་བསྟན་འཕེལ།
རྒྱུན་ལས་བསོད་ནམས་དགྲ་འདུལ།
རྒྱུན་ལས་ཚེ་རིང་པོ།
རྒྱུན་ལས་བེ་རི་འཇིགས་མེད་དབང་རྒྱལ།
རྒྱུན་ལས་སྨོན་ལམ་ཐར་ཕྱིན།
རྒྱུན་ལས་རྒྱལ་རོང་ཟླ་བ་ཚེ་རིང་།
རྒྱུན་ལས་ཀརྨ་མ་ཆོས་འཕེལ།
རྒྱུན་ལས་འཇུ་ཆེན་དཀོན་མཆོག
རྒྱུན་ལས་སྒྲོམ་མ་ཚེ་རིང།
ཁྱོན་བསྡོམས་རྒྱུན་ལས་བཅུ་གཅིག་ཡོད།
སྤྱི་འཐུས་རྒྱུན་ལས་མང་ཆེ་བ་མདོ་སྟོད་ནས་རེད་འདུག བསོད་ནམས་སྟོབས་རྒྱལ་ཟེར་བ་འདི་ཡང་མདོ་སྟོད་ནས་རེད་འདུག དེར་བརྟེན་རྒྱུན་ལས་ཀྱིས་མང་མོས་ཐག་གཅོད་འདི་ཆོལ་ཁའི་ཕྱོགས་རིས་ལ་བརྟེན་ནས་བྱུང་བའི་རྒྱུ་མཚན་གང་ཡོད་དམ། ཡང་མིན་ན་སྤྱིར་སྟངས་ནས་ཆོལ་ཁ་གཞན་ལ་ཡིད་མ་ཆེས་བའི་དོགས་པ་ཞིག་ཡོད་པ་རེད།
བོད་སྤྱི་པའི་ལས་དོན་སྒྲུབ་སའི་ལས་ཁུངས་ཡོད་ཚད་ཀྱི་ལས་མི་ཆོལ་ཁའི་གྲངས་བཤེར་ཐོག་གྲངས་འབོར་ཆ་མཉམ་མེད་ན་ཕྱོགས་རིས་ཀྱི་ཡོད་པའི་དོགས་པ་སྐྱེས་དགོས་སམ། ཡང་ན་བོད་གཞུང་གི་མགོ་རྐུབ་ཚང་མ་ལ་ཆོལ་ཁའི་གྲངས་བཤེར་གཏོང་དགོས་པ་རེད་དམ།
ཕྱོགས་གཅིག་གིས་ཆོལ་ཁའི་ཕྱོགས་ཞེན་བྱེད་པའི་དོགས་པ་སྐྱེས་པ་དང་ཕྱོགས་གཉིས་པའི་དཔུང་སྒྲིག་བྱེད་པའི་དོགས་པ་སྐྱེས་པ་འདི་གཉིས་ཁོངས་བསྐྱེལ་ཐུབ་པ་ཞིག་མ་བྱུང་ན་གཞི་རྩའི་རྩོད་གཞི་མུ་མཐུད་དུ་གནས་མུས་རེད།
ད་འོ་ན་བྱང་ཨ་མེ་རི་ཁ་དང་ཡོ་རོབ་ཀྱི་སྤྱི་འཐུས་ཚོ་ཡང་དབུས་གཙང་ནས་ཡིན་པས་དེ་ལའང་སྤྱན་མིག་གཟིགས་རོགས་གནང་།
འོས་བསྡུས་ལས་ཁང་ལགས།
གོང་གི་སྤྱི་འཐུས་འདི་དག་རྗེས་མ་འོས་གཞི་ལ་སླེབས་སོང་ན་ཁྱེད་ཀྱིས་ནག་བསུབ་བཏང་པ་ཡིན་ན་ངས་ཁྱེད་རང་ལ་རྩོད་པ་རེད།
ནོར་བཅོས་བཏང་བར་བཀའ་དྲིན་ཆེ།
ངེད་ཚོའི་སྤྱི་ཚོགས་ལ་བལྟས་ན་ཆོལ་ཁའི་ཕྱོགས་ཞེན་དེ་ནད་རྙིང་རེད། ད་སྐབས་དེ་རྒྱུན་འཛིན་བྱེད་མཁན་གཏེ་བོ་གཅིག་ནི་གསར་འབྱོར་བ་ཚོའི་ཁོངས་ནས་ཡོང་གི་ཡོད་པ་རེད། དེ་ལས་གཞན་པ་ནི་ཆོལ་ཁའི་ངོ་བོ་མཚོན་པའི་ཚོགས་པ་ཆེ་ཁག་བྱེ་བྲག་པའི་ཁུངས་ནས་ཡོང་གི་ཡོད་པ་རེད། དེ་དག་ནི་སྤྱི་འཐུས་ཆོལ་ཁ་ལ་ཕྱོགས་ཞེན་ཡོད་མཁན་ཚོ་རྒྱུན་མཐུད་ནས་གསོ་སྐྱོང་བྱེད་ཀྱི་ཡོད་པ་རེད། ཨ་རིའི་བྱེད་སྟངས་ལ་ཁ་བསྒྱུར་ན་དེ་ནི་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བའི་ཐོག་ནས་ཡོང་བའི་ཆབ་སྲིད་ཚོགས་པའི་ཚོགས་མིའི་ཐོན་སའི་སྡིངས་ཆ་ལྟ་བུ་རེད།
འཇུ་ཆེན་དཀོན་མཆོག་རྒྱུན་ལས་རེད།
ད་དུང་ཡང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དང༌། རྡོ་རྗེ་དབང་འདུས། བསོད་ནམས་དགྲ་འདུལ་བཅས་ཕྱི་ལ་ཐོན་པརེད་འདུག
དུས་བབ་ཚང་གིས་མི་བཅུ་གཉིས་དེ་ད་དུང་ཁ་གསལ་ཡོད་མ་རེད།
སྤྱི་འཐུས་ཚེ་བརྟན་ནོར་བུ་དང་།
བསྟན་འཛིན་མཁས་གྲུབ། བསོད་ནམས་སྟོབས་རྒྱས་བཅས་དེ་ཉིན་དགོངས་ཞུས་རེད་ཟེར་བ་བཅས།
མེ་སྒྱོགས་རྒྱ་མཚོ་ལགས། ཁྱེད་ཀྱིས་དཔྱད་ཞིབ་བྱས་པའི་ཁོངས་སྨོན་མཁར་བསོད་ནམས་ཕུན་ཚོགས་མདོ་སྨད་སྤྱི་འཐུས་མ་རེད།
ཁོ་ཡུ་རོབ་སྤྱི་འཐུས་དང་ཕ་ཡུལ་གཙང༌ཡིན་པ་དང༌། ཡང་མདོ་སྟོད་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ཟེར་བ་འདུག་ཀྱང་ཚེ་རིང་གཡུ་སྒྲོན་མདོ་སྨད་སྤྱི་འཐུས་རེད།
ད་དུང་དབུས་གཙང་སྤྱི་འཐུས་ས་རྟགས་རྒྱག་མཁན་གཞན་ཞིག་ནི་ངག་དབང་ལྷ་མོ་རེད་འདུག་པས་དེ་ལུགས་བརྒྱ་ཆ་དབྱེ་དགོས།
ཚོགས་ཁང་ནས་ཕྱིར་ཐོན་མཁན་གྱི་མི་བཅུ་གཉིས།
ཁོང་ཚོས་གྲོས་ཚོགས་ནས་ཕྱིར་རུ་ཐོན་པར་གྲོས་བྱས་ནས་ཐོན་པ་རེད་དམ།
གང་ལྟར་ཕྱིར་ཐོན་པའི་སྤྱི་འཐུས།
ཐུབ་བསྟན་འཕེལ་རྒྱས། ༼དགེ་ལུགས༽
གཡུ་དྲུང་རྒྱལ་མཚན། ༼བོན༽
ཀརྨ་ཤེས་རབ་མཐའ་ཕྱིན། ༼བཀའ་བརྒྱུད་༽
ཨོ་རྒྱན་སྟོབས་རྒྱས། ༼མདོ་སྟོད་༽
སྐལ་བཟང་རྒྱལ་མཚན།༼མདོ་སྟོད་༽
ཚུལ་ཁྲིམས་བསྟན་འཛིན།༼མདོ་སྟོད་༽
འཇུ་ཆེན་དཀོན་མཆོག༼མདོ་སྟོད་༽
རྒྱུན་ལས་ནས་ཕྱིར་འཐོན་མཁན།
བེ་རི་འཇིགས་མེད་དབང་རྒྱལ།༼དགེ་ལུགས་༽
བསོད་ནམས་བསྟན་འཕེལ། ༼རྙིང་མ་༽
ཀརྨ་ཆོས་འཕེལ། ༼དབུས་གཙང་༽
སྨོན་ལམ་མཐའ་ཕྱིན། ༼བོན༽
ཚེ་རིང་པོ། ༼ ས་སྐྱ་༽
སྤྱི་འཐུས་ཁྱོན་བསྡོམས་སྤྱི་འཐུས་༤༣་ནས་སྤྱི་འཐུས་༡༢་ཕྱིར་རུ་ཐོན་པ་རེད། སྤྱི་འཐུས་ལྷག་མ་༣༡་ཡོད་དགོས། གྲོས་ཚོགས་འཚོགས་པར་ཉུང་མཐར་སྤྱི་འཐུས་༢༨་ཡོད་དགོས། སྤྱི་འཐུས་གསུམ་ག་བར་ཕྱིན་པ་རེད། གནས་ཚུལ་ཤེས་པའི་ཐོག་ནས་བསམ་ཚུལ་གསུངས་རོགས་གྱིས། གོང་གི་ཕྱིར་ཐོན་པའི་ནང་དུ་ཆོལ་ཁོངས་ནས་ཡིན་པ་མདོ་སྟོད་ཀྱི་མི་བཞི་ཡོད། སྐྱེས་ཁོངས་ནས་བརྩིས་ན་རྒྱུན་ལས་ནང་དུ་མདོ་སྟོད་པ་མང་བ་ཡོད། བོད་སྤྱི་བའི་ལས་དོན་སྒྲུབ་སའི་ལས་ཁུངས་ཚང་མའི་ནང་དུ་ཆོལ་ཁའི་མི་སྣ་གྲངས་བཤེར་གྱིས་གྲངས་འབོར་འདྲ་མཉམ་མེད་ན་ཙམ་གྱིས་ཡིད་ཆེས་མེད་པའི་བསམ་བློ་ཞིག་ཡོད་ན། ལས་ཁུངས་ཆེ་ཆུང་ཁག་ལ་གྲངས་བཤེར་བྱེད་པའི་དུས་ཚོད་རེད། སྤྱི་འཐུས་སུ་སྐྱེས་ཁོངས་ནས་བརྩིས་ན་མདོ་སྟོད་པ་མང་བའི་རྒྱུ་མཚན་ནི་ཆོས་བརྒྱུད་ཀྱི་སྤྱི་འཐུས་ནས་ཡོང་ཀྱི་ཡོད། དེ་ནི་མདོ་སྟོད་ལ་ཆོས་ལུགས་པ་མང་པའི་རྒྱུ་མཚན་གྱིས་འདི་འདྲ་ཞིག་ཆགས་པ་རེད་མ་གཏོགས་དམིགས་བསལ་ཐོབ་བ་ནི་མ་རེད། ཆོལ་ཁ་སོ་སོར་ཆོལ་ཁ་གཞན་དང་མ་འདྲའི་ཆེད་ལས་དང་དེའི་མང་ཉུང་ཡོད་པ་ཏན་ཏན་རེད།
ཕྱིར་རུ་ཐོན་པ་འདི་ཁྲིམས་མཐུན་དང་ཁྲིམས་འགལ་གང་ཡིན་བཅའ་ཁྲིམས་ལ་གཟིགས་འཚལ།
ཕྱིར་རུ་ཐོན་པ་འདི་འགྲིགས་ཡོད་མེད་ཀྱི་དགོངས་ཚུལ་སོ་སོའི་ཞེན་ཕྱོགས་གཅིག་པོར་མ་བསྟུན་པར་ཕྱོགས་ཡོངས་ལ་བལྟས་ནས་བཤད་རོགས།
ད་ལྟའི་བར་དུ་ཟིན་བྲིས་སུ་བཀོད་པའི་ནང་དུ་ཕྱོགས་གཉིས་སུ་གྱེར་འདུག དེ་གཉིས་ཀྱི་བསམ་ཚུལ་ལ་གཞིགས་ན་མ་འོངས་པ་ལེགས་ཕྱོགས་ཀྱི་འགྱུར་བ་ཞིག་གི་ཁ་ཕྱོགས་ན་བསམ་ན་ཡག་གི་རེད།
ཡག་ཤོས་བྱུང་ན་ཆོལ་ཁའི་མིང་འདི་དག་གཡུགས་ནས་གང་ཟག་སྒེར་གྱི་སྐྱོན་ཆ་ཐེར་འདོན་བྱེད་ན་ཡག་གི་རེད། ང་རང་ལ་བོད་པ་ཞིག་ཡིན་པའི་སྟེང་ནས་ཁེ་ཕན་རག་མྱུང་བ་ལས་ཆོལ་ཁའི་ཕྱོགས་ནས་ཕན་གནོད་འབྲུ་གཅིག་ཐོབ་མ་མྱོང་།
ཞིབ་འཇུག་ཡག་པོ་ཞིག་བྱོས་དང་། སྔོན་མ་ཆུ་སྒང་གསར་རྙིང་གཉིས་སུ་གཏོར་བའི་ལས་འགུལ་འཁྱེར་མཁན་སྐབས་གཙོ་བོ་ནི་དེ་དུས་ཀྱི་སྤྱི་འཐུས་ཚོགས་གཙོ་ཟམ་གདོང་བློ་བཟང་བསྟན་འཛིན་རེད། དེ་ཡང་སྐབས་དེ་དུས་བཀའ་ཤག་གི་བཀོད་ཇུས་འོག་ནས་མཆོང་རྒྱུག་བྱས་པ་རེད། འོས་ཤོག་འཕེན་སྟངས་ཀྱང་ཁ་སྔོན་ཧོན་སུ་གཞིས་ཆགས་ཀྱི་ཟམ་གདོང་བཀའ་ཁྲི་ལ་ཡང་བསྐྱར་ཡོང་དགོས་པའི་སྙན་ཞུ་དང་འབྲེལ་བའི་འོས་ཤོག་འཕེན་སྟངས་ལས་ཀྱང་ཐབས་ཇུས་ངན་པ་རེད། མི་དྲང་པོ་ཞིག་ཡིན་སྙམ་པ་ཡོད་ན་ཕྱོགས་ལྷུང་མེད་པའི་ཐོག་ནས་ཞིབ་འཇུག་བྱོས། ཤེས་པའི་ཐོག་ནས་སྐད་པ་བཤད་ན་ཡག་གི་རེད།
བོད་ནང་གི་ཆབ་སྲིད་བཙོན་པ་ཞིག་དང་སྤྱི་འཐུས་ཤིག་ལ་འགྲོ་སོང་བཏང་བར་ཕྱོགས་རེས་རེད་ཟེར་ནས་ག་ཚོད་བཤད་ཀྱང་འདོད་པ་གྱིས། འདི་བོད་མི་དམངས་ཀྱི་ཤ་ཁྲག་ལས་གྲུབ་པའི་རྒྱུ་དངུལ་འཕྲོ་བརླག་ཏུ་བཏང་བ་རེད་ཟེར་བ་ནི་མི་དམངས་ཀྱི་སེམས་སུ་འགྲོ་བདེ་བའི་སེམས་ཚོར་ཞིག་བསྐྲུན་ནས་དེའི་སྟེང་རྟ་རྒྱུག་འཐེན་གྱི་ཡོད་པ་རེད།
ངེད་ཚོའི་དམངས་གཙོའི་སྒྲོམ་གཞི་ཐོག་མ་འཛུགས་དུས་ཀྱི་སྤྱི་ཚོགས་ཀྱི་འཁོར་ཡུག་ནང་དུ་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཞེ་འཁོན་དང་འཁྲུག་འཛིང་ཆེ་བའི་སྐབས་སུ་ཆོལ་ཁ་དང་ཆོས་བརྒྱུད་ལ་གཞིགས་ནས་སྤྱི་འཐུས་འོས་གཞི་ཡོང་སྟངས་སོགས་བཟོས་པ་རེད། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡོང་ཁུངས་འདི་བརྒྱུད་མ་དགོས་པ་ཞིག་བྱུང་ན་ཡག་པོ་རེད། ཡིན་ནའང་འདི་འདྲ་ཞིག་བྱེད་པའི་དུས་ཚོད་ང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་སླེབས་ཡོད་མེད་ལའང་བསམ་བློ་གཏོང་ཐུབ་པ་ཞིག་བྱུང་ན་ཡག་པོ་རེད། ཡོ་རོབ་དང་བྱང་ཨ་མེ་རི་ཁའི་སྤྱི་འཐུས་ལ་བལྟས་ན་འདི་འདྲ་ཞིག་རག་ཡོད་མེད་ཤེས་ཐུབ།
ངས་ཀྱང་བསྟན་འཛིན་མགོན་པོའི་ལོ་རྒྱུས་དང་ཁོང་གིས་འཁྲབ་མྱོང་བའི་སྤྲེལ་རྒན་སྨྱོན་པའི་འཁྲབ་གཞུང་རྫུན་རྣམས་དྲན་ཐེངས་རེ་རེས་ཀྱིས་ཡིད་ཆེས་ཐིགས་པ་ཙམ་ཡང་མེད། ལྐོག་ལྐོག་སུད་སུད་ཀྱིས་རང་དོན་ཁོ་ན་བསྒྲུབས་ཏེ་དགོས་མེད་ཀྱི་ཆོལ་ཁའི་ཞེན་ཁོག་སྐམ་པོ་དེ་ཁ་ལ་འཁྱེར་ནས་སྤྱི་འཐུས་ཚོའི་བར་ན་དཀྲུགས་དཀྲུགས་གཏོང་མཁན་ཅིག་ཁོང་རེད། ད་དུང་ཁོང་གི་ཚ་བོ་ཡིན་ཞེས་པ་ཞིག་ནོར་བུ་གླིང་ཁར་ཡོད་དུས་དེ་སྔོན་རྒྱ་གར་གཞུང་ནས་འཛིན་བཟུང་གིས་བོད་ལ་ཕྱིར་འབུད་བཏང་ཡོད་པ་དང། བསྟན་འཛིན་མགོན་པོ་ཁོང་ལ་ལམ་འགྲོ་བྱུང་མེད་པ་མ་གཏོགས་བོད་གཞུང་ལ་གྱོད་དང་ཁ་མཆུ་བཙུགས་མྱོང་པ་རེད། དཀོན་མཆོག་གི་མཁྱེན། མི་འདི་ཚོས་སོ་སོ་དཀར་པོ་དཀར་རྐྱང་དང་། མི་གཞན་དག་རྣམས་ནག་པོ་ནག་རྐྱང་བཟོ་འདོད་པ་ཁོ་ན་རེད།
ད་ཐེངས་བསྟན་འཛིན་མགོན་པོ་ལགས་ལ་ལགས་སོ་ཟེར་ཐུབ་ཀྱི་མི་འདུག ཁོས་རང་ཉིད་དག་འབུད་དང་གཙང་མ་བྱེད་བཞིན་འདུག་ཀྱང་། གྲོས་འཆར་འདི་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་དབུགས་རྒྱག་མཁན་ཡང་གྲོས་འཚོགས་ཕྱི་ལ་ཐོན་མཁན་གྱི་སྤྱི་འཐུས་དང་སྤྱི་འཐུས་ངོ་གཉིས་མ་རེ་ཟུང་རེད་འདུག་མ་གཏོགས། འདི་ཆོལ་ཁའི་བར་གྱི་རྩོད་གཞི་ཞིག་ལ་མཐའ་གཅིག་ཏུ་སྒྲིབ་ན་མདོ་སྟོད་སྤྱི་འཐུས་གཉིས་ཅི་བྱས་ཏེ་མཚན་རྟགས་བཀོད་པ་རེད། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ཀྱང་མགོ་གཉིས་མ་བཤད་བཞིན་འདུག རང་ཉིད་སྤྱི་འཐུས་རྒྱུན་ལས་ཞིག་གིས་༼འགྲོ་གྲོན་གཏོང་གི་མེད་པ་སྔར་སྲོལ་བཞིན༽ཞེས་སྔར་སྲོལ་ཡོད་བཞིན་དུ་ཨུ་ཚུགས་རྒྱགས་དོན་ཅི་ཡིན་ནམ། གྲོས་འཆར་འདིའི་སྒང་ནས་གསལ་ཁ་མ་བཟོས་ན་ལོ་རྗེས་མ་ནས་སྤྱི་འཐུས་བརྒྱ་ཆ་ལྔ་བཅུ་ཕྱི་རྒྱལ་ནས་འདུག་གི་རེད། དོན་དག་གཞན་མེད་ནའང་གུང་གསེང་ལ་སོང་ནས་གནམ་གྲུའི་གླ་ཆ་སྤྱི་འཐུས་རྒྱུན་ལས་ལ་ཕུལ་གྱི་རེད། དེ་ནས་ལོ་འགའ་ཡི་རྗེས་ལ་སྐྱེས་དམན་དང་བུ་ཕྲུག་གི་གནམ་གླ་ལ་ཡང་ཨུ་ཚུགས་རྒྱགས་མཁན་ཡོང་གི་རེད།
གནས་ཚུལ་འདིའི་ཐད་ཕྱོགས་གཉིས་ཀྱི་གནས་ཚུལ་ལ་བསམ་བློ་གཏོང་རོགས་གྱིས་ཟེར་ནས་རེ་བ་ཞུས་ཡོད། རང་ཉིད་ལ་ཆ་མཚོན་ན་མུ་མཐུད་འདིའི་ཐད་ལ་ཡག་སྡུག་མི་བཤད་པ་དཔྱད་བརྟག་གཏོང་བཞིན་པ་ཡིན། གནས་ཚུལ་འདི་ཅུང་ཛ་དྲག་ཏུ་མཐོང་བས་གནས་ཚུལ་ལ་རྒྱུས་མངའ་མེད་ན་ཅི་བསམ་བཤད་པའི་རང་འདོད་ལའང་བཀག་བསྡོམ་བྱེད་བཞིན་པ་ཡིན། འདི་ཡང་ནང་ཁུལ་གཅིག་སྒྲིལ་ལ་གནོད་ཡོང་བསམ་ནས་ནམ་རྒྱུན་དང་མ་འདྲ་བ་སྲན་ཅི་ཐུབ་བྱེད་བཞིན་ཡོད།
སྤྱི་འཐུས་ཀྱི་གྲོས་འཆར་འདི་ལ་ཕྱོགས་གཉིས་ཀ་ལ་བལྟས་ནས་བཤད་ཐུབ་ན་ཡག་པོ་རེད། སྤྱི་འཐུས་ནང་དུ་ཡིན་ནའང་འདྲ། དྲ་རྒྱའི་སྟེང་དུ་ཡིན་ནའང་འདྲ། མི་དམངས་ཀྱི་ནང་དུ་ཡིན་ནའང་འདྲ། འདི་ལ་ལྟ་ཚུལ་ཕྱོགས་གཉིས་སུ་འདུག གལ་སྲིད་ལྟ་ཚུལ་དེ་གཉིས་ཕན་ཚུན་ལ་བརྩི་འཇོག་མེད་པར་ངའི་དེ་བདེན་པ་ཡིན་དང་ཁོང་ཚོའི་དེ་ཕྱོགས་རེས་ཡིན་བའི་རྒྱུ་མཚན་ཁུངས་བསྐྱེལ་མེད་པའི་ལྟ་ཚུལ་མཁྲེགས་པོ་མུ་མཐུད་དུ་འཛིན་གྱིན་སྡོད་ན་རྙོག་དྲ་འདི་མུ་མཐུད་དུ་ཇེ་ཆེར་འགྲོ་བ་ལས་གཞན་མེད།
གནད་དོན་འདིའི་ཐད་དཔྱད་གཞི་རྗེན་པ་རྣམས་དྲ་ཐོག་ཏུ་འགོད་རྒྱུ་འགོ་བཙུགས་ཀྱི་ཡིན།
གྲོས་འཆར་གྲོས་ཚོགས་སུ་བགྲོ་གླེང་དུ་མ་འབྱོར་བའི་སྔོན་དུ་གྲོས་འཆར་ལ་མིང་རྟགས་བཀོད་མཁན།
མདོ་སྨད་སྤྱི་འཐུས་ལྔ། བསྡོམས་པའི་སྤྱི་འཐུས་བཅུའི་བརྒྱ་ཆ་༥༠།
སྤྱི་འཐུས་སྒྲོལ་མ་མཚོ་མོ།
སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།
སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ།
སྤྱི་འཐུས་སྨོན་དཀར་བསོད་ནམས་ཕུན་ཚོགས།
སྤྱི་འཐུས་ཡེ་ཤེས་སྒྲོལ་མ།
གྲོས་འཆར་གྲོས་ཚོགས་སུ་བགྲོ་གླེང་དུ་མ་འབྱོར་བའི་སྔོན་དུ་གྲོས་འཆར་ལ་མིང་རྟགས་བཀོད་མཁན་དབུས་གཙང་སྤྱི་འཐུས་ལྔ། བསྡོམས་པའི་དབུས་གཙང་སྤྱི་འཐུས་བཅུའི་བརྒྱ་ཆ་༥༠།
སྤྱི་འཐུས་རྒྱལ་ནོར་ཚེ་དབང་།
སྤྱི་འཐུས་ཚེ་རིང་སྒྲོལ་མ།
སྤྱི་འཐུས་སྒྲོལ་མ་ཚེ་རིང་།
སྤྱི་འཐུས་ཟླ་བ་ཚེ་རིང་།
གྲོས་འཆར་གྲོས་ཚོགས་སུ་བགྲོ་གླེང་དུ་མ་འབྱོར་བའི་སྔོན་དུ་གྲོས་འཆར་ལ་མིང་རྟགས་བཀོད་མཁན་མདོ་སྟོད་སྤྱི་འཐུས་གཉིས། བསྡོམས་པའི་མདོ་སྟོད་སྤྱི་འཐུས་བཅུའི་བརྒྱ་ཆ་༢༠།
སྤྱི་འཐུས་ཚེ་རིང་གཡུ་སྒྲོན།
སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན།
གྲོས་འཆར་གྲོས་ཚོགས་སུ་བགྲོ་གླེང་དུ་མ་འབྱོར་བའི་སྔོན་དུ་གྲོས་འཆར་ལ་མིང་རྟགས་བཀོད་མཁན་ཡོ་རོབ་སྤྱི་འཐུས་གཅིག བསྡོམས་པའི་ཡོ་རོབ་སྤྱི་འཐུས་གཉིས་ཀྱི་བརྒྱ་ཆ་༥༠།
སྤྱི་འཐུས་བསོད་ནམས་ཚེ་རིང་ཕིར་སི། ༼མངའ་རིས། དབུས་གཙང་། ༽
གྲོས་འཆར་གྲོས་ཚོགས་སུ་བགྲོ་གླེང་དུ་མ་འབྱོར་བའི་སྔོན་དུ་གྲོས་འཆར་ལ་མིང་རྟགས་བཀོད་མཁན་ས་སྐྱའི་སྤྱི་འཐུས་གཅིག བསྡོམས་པའི་སྤྱི་འཐུས་གཉིས་ཀྱི་བརྒྱ་ཆ་ ༥༠།
སྤྱི་འཐུས་པད་མ་འབྱུང་གནས། ༼སྟོད་རུམ་ཐོགས། དབུས་གཙང་།༽
གང་འདྲ་བྱས་ནས་མིང་རྟགས་བསྡུས་པ་རེད་དམ།
གྲོས་འཆར་འདི་ལ་གལ་ཆེ་པོ་འདི་འདྲ་གཟིགས་ནས་མིག་རྟགས་འདི་འདྲ་མང་པོ་བསྡུས་དགོས་པའི་ཛ་དྲག་གྱི་རྒྱུ་མཚན་གང་ལ་ཐུག་ཡོད་དམ།
གལ་སྲིད་བོད་སྤྱི་པའི་རྒྱུ་དངུལ་འཕྲོ་བརླག་ཏུ་བཏང་བ་ཞིག་ཏུ་ངོས་བཟུང་ལ་ལམ་གྲོན་མ་བཏང་བའི་སྔོན་གྱི་དུས་ཡུན་ནང་དུ་དཔུང་ཁག་སྒྲིག་པ་ལས་ཐག་གཅོད་འདི་ལ་ངོ་རྒོལ་གྱི་བརྡ་ལན་མེད་པ་གང་རེད།
སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀས་དགོངས་པ་ཞུ་ཡ་ལས་ཅི་ཡང་ལྷག་ཡོད་པ་ཞིག་མཐོང་གི་མི་འདུག དེ་འདྲ་ཞིག་མ་རེད་དམ།
བསྟན་འཛིན་མགོན་པོ་ལགས། ཁྱོད་ཀྱི་ལྟ་གྲུབ་དང་མཛད་པ་འགའ་ཞིག་ལ་ང་གཏན་ནས་འཐད་པ་མེད། འོན་ཀྱང་ཕྱི་གསལ་ནང་གསལ་དང་ཁ་རེ་ཁ་ཐུག་གི་སྤྱོད་པ་དེར་རིན་ཐང་དང་བརྩི་བཀུར་ཞུ་ཡིན་ཡོད། དེ་རིང་གོང་འཁོད་ཁྱེད་ཀྱི་བརྗོད་ཚིག་དུམ་བུ་ཞིག་འདིར་དྲངས་ཏེ་གསལ་ཁ་མེད་པའི་ནང་དོན་འགའ་ཞིག་ལ་ཁུངས་སྐྱེལ་གྱི་འགྲེལ་བརྗོད་ཅིག་གནང་རོགས་ཞུ་རྒྱུ་ཡིན།
དེ་ཡང་ཁྱེད་ཀྱིས་{བཙན་བྱོལ་སྤྱི་ཚོགས་ནང་གི་མདོ་སྟོད་པ་མང་པོ་ཞིག་ལ། དབུས་གཙང་པ་དང་མདོ་སྨད་པ། མདོ་སྟོད་ཀྱི་མི་སྐོར་ཞིག་ལག་སྦྲེལ་བྱས་ཏེ་མདོ་སྟོད་མི་དམངས་རྣམས་བོད་ཀྱི་སྤྱི་ཚོགས་ནང་སྡོད་བདེ་མེད་པ་བཟོ་བའི་བསམ་ཚུལ་ཡོད།}ཅེས་གསུངས་འདུག རང་རེའི་འཐུས་མི་ཞིག་ཡིན་པའི་ཆ་ནས་མི་མང་ཁྲོད་འགན་འཁུར་ཡོད་པའི་སྐད་ཆ་བཤད་རྒྱུ་གལ་ཆེ་ཡིན་སྟབས་ཚིག་ཐག་གཙང་བཅད་ཀྱིས་བཤད་པའི་གཞི་ལྗིད་པོའི་སྐད་ཆ་འདིར་ཁུངས་སྐྱེལ་གཙང་མ་ཞིག་དགོས་རྒྱུ་ངའི་རེ་བ་ཡིན།
སྤྱི་འཐུས་བསྟན་འཛིན་མགོན་པོས་གསུངས་པ་བཞིན། ནོར་འཁྲུལ་དང་པོ་ནི་མདོ་སྟོད་པ་སྐོར་ཞིག་གི་སེམས་ནང་དོགས་པ་ཞིག་བསྐྲུན་ཡོད་པའི་དབང་གིས་ཡིན་སྲིད། དེར་བརྟེན་འདི་ནད་རྙིང་ཞིག་རེད།
ནོར་འཁྲུལ་གཉིས་པའི་ཐད་ནས། ཤ་རུས་གདུང་རྒྱུད་གཅིག་པའི་མདོ་སྟོད་སྤྱི་འཐུས་རྣམ་པའི་བསམ་ཚུལ་འདི་ནི་སེམས་ཀྱི་ཕོག་ཐུག་ཙམ་ལ་བརྟེན་ནས་ཡོང་བ་ལས། ཁོང་ཚོས་ཀྱང་བསོད་ནམས་སྟོབས་རྒྱལ་ལགས་ལ་ལམ་གྲོན་དེ་དགོས་ངེས་ཤིག་ལ་མཐོང་ཡོད་མེད་གནས་ཚུལ་ཐ་དད་རེད། དེར་བརྟེན་ཆོལ་ཁའི་ཕྱོགས་སུ་ལྷུང་ཚར་བའི་སྐབས་སུ་དེ་དག་ཁྲིམས་སྒྲིག་དང་འགྲོ་སྟངས་ཤིག་གི་སྟེང་ནས་ཐག་གཅོད་ཡག་པོ་ཞིག་མི་གནང་བར། ལྷག་འཕྲོས་སྤྱི་འཐུས་རྣམས་ཀྱིས་ཁོང་ཚོའི་དགོངས་བཞེས་ལ་ངོས་ལེན་བྱ་ཐུབ་དགོས་པའི་རྒྱུ་མཚན་མི་འདུག་སྙམ། གལ་སྲིད་དགོངས་བཞེས་བྱས་པ་ཡིན་ནའང་དེ་ལ་ཕྱིར་བསམ་ཤེས་ཐུབ་མིན་ཕར་ཞོག ཐ་ན་ང་རྒྱལ་ལོ་སྙམ་པའི་ཀུན་སློང་དང་བཅས་རྗེས་མ་ལམ་སྲོལ་ངན་པ་ཞིག་ཏུ་འགྲོ་བའི་གཞི་རུ་འགྲོ་ངེས་པར་འདོད། སྐུ་ཉིད་ནས་ཀྱང་ཐུགས་བསམ་ཡག་པོ་མི་བཞེས་པར་འབོད་སྐུལ་གནང་བ་དེ་ནི་ནོར་འཁྲུལ་རེད་སྙམ།
ངས་བལྟས་ན་ཚོགས་འདུ་འཕར་འགྱངས་ཀྱི་དུས་ཚོད་ཞུས་ཀྱང་མཐའ་མ་དེར་གྲོས་འཆར་འདོན་མཁན་གྱིས་གྲོས་གཞི་ཕྱིར་འཐེན་མ་བྱས་བར་དུ་གྲོས་ཚོགས་ནས་ཕྱིར་ཐོན་མཁན་ཚོ་གྲོས་ཚོགས་ནང་ཞུགས་རྒྱུ་མིན་པ་ནི་ཁོང་ཚོའི་གནང་སྟངས་ནས་ཀྱང་ཤེས་ཐུབ་པ་ཞིག་རེད། དེར་བརྟེན་ངའི་བསམ་ཚུལ་ཡིན་ན་ད་རེབ་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་དབུ་ལ་སྐྱོན་ཕར་འདོགས་པ་ནི་ལུགས་ལ་གནས་པའི་སྐད་ཆ་མ་རེད་འདོད། ཁོང་གཉིས་ལ་མ་རབས་ཐ་ཤལ་གྱི་སྐད་ཆ་འདི་བཀོལ་བ་ནི་སྤྱི་འཐུས་སྐུ་ཉིད་ཀྱི་ཆབ་སྲིད་ཀྱི་ལྟ་སྟངས་ཤིག་རེད་འདོད།
གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མི་རིགས་ལ་འགན་མ་ཁུར་བའི་བྱས་ཉེས་དེ་མི་གླེང་བར། གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་ཀྱིས་འཐུས་མི་ཚོར་འགན་མ་ཁུར་བར་གཤེ་བ་དེ་ནི་དྲང་བདེན་གྱི་སྐད་ཆ་ཡིན་མིན་ཁྱེད་ཉིད་ནས་མུ་མཐུད་ནས་བསམ་ཞིབ་གནང་རོགས།
དོགས་པ།
ཐེངས་འདིར་བསྟན་འཛིན་མགོན་པོ་ལགས་ཀྱིས་མདོ་སྨད་ཆོལ་ཁའི་འཐེན་འཁྱེར་དང་མདོ་སྨད་མི་དམངས་ཀྱི་ངོ་ལ་བལྟས་ནས་ཚོགས་ར་ནས་ཕྱིར་མ་ཐོན་ཙམ་གནང་སོང་། དེ་མ་གཏོགས་གྲོས་གཞི་ཕྱིར་འཐེན་གནང་རོགས། འདི་ཚབས་ཆེན་ཆགས་ས་རེད་ཅེས་ཤུགས་ཆེར་གླེང་མཁན་སྐུ་ཉིད་ཡིན་ལ།
ཁྱེད་ལའང་གྲོས་ཚོགས་ནང་དུ་ཤུགས་རྐྱེན་ཏོག་ཙམ་ཡོད་པར་འདོད་པས། དེ་རིང་སྐུ་ཉིད་ནས་བསམ་ཚུལ་འདི་གླེང་སྟེ་ཉེས་སྐྱོན་མཐའ་དག་གཞན་དག་གི་མགོར་གཡོག་ཐབས་གནང་བཞིན་པ་འདིར་ང་རང་གི་ངོས་ནས་ངོས་ལེན་རྩ་བ་ནས་མེད་ཞུ་རྒྱུ་ཡིན། ཕོག་ཐུག་འདྲ་སོང་ན་དགོངས་དག་ཞུ་རྒྱུ་ཡིན།
ད་རེར་ཨ་བུ་བསྟན་མགོན་གྱི་སྐད་ཆ་ལ་ལགས་སོ་ཞུ་ཁག་པོ་འདུག རྒྱུ་མཚན་ནི་ཕྱོགས་གཉིས་ཀྱི་སྐྱོན་ཆ་མ་ཡིན་པར་སྒྲུབ་སྟངས་དེ་ལ་ཟེར་གྱི་ཡོད། དོན་དངོས་ཀྱིས་ཁ་གྲགས་ན། གྲོས་འཆར་འདོན་མཁན་དང་ས་ཡིག་བསྡུ་རུབ་དེ་ནོར་ཡོད་པར་ཆ་བཞག་ནའང༌། གཡུང་དྲུང་རྒྱལ་མཚན་དང་ཨོ་རྒྱན་སྟོབས་རྒྱལ། འཇུ་ཆེན་བུ་མོ། ཚོགས་ཟུར་ཀརྨ་ཆོས་འཕེལ་སོགས་ཀྱིས་བཀའ་མོལ་གནང་སྟངས་དེ་ཅུང་འགྲིག་ཨེ་ཡོད་འདོད་བྱུང༌། མ་གཞི་སྤྱི་འཐུས་བསྟན་མགོན་གྱི་གསུང་དེ་བདེན་པ་རེད། འོན་ཏང་མཚམས་ལ་ལར་ཧོལ་རྒྱུག་གི་རྣམ་པ་དེས་ཁོང་གཏོང་གི་མ་རེད། འདི་ནི་ཁོང་གི་འདས་པའི་ལོ་རྒྱུས་ཀྱིས་ར་འཕྲོད་པ་རེད། གང་ལྟར་ད་ཐེངས་ངས་ཁྱོད་ལ་ལགས་སོ་ཞུ་ཐུབ་ཀྱང་བདེན་དོན་གྱིས་ཁྱོད་ལ་ལགས་སོ་ཞུ་ཨེ་ཐུབ་གང་ཤེས།
དོན་རྐྱེན་འདིར་རིང་བའི་རྒྱུ་དང་ཉེ་བའི་རྒྱུ་གཉིས་ཡོད་ཅིང་། སྔ་མ་ནི་ནང་དོན་དངོས་ཡིན་ལ་ཕྱི་མ་ནི་རྣམ་པ་ཙམ་ཡིན། རིང་བའི་རྒྱུ་ནི། མཐོ་རིམ་མི་སྣའི་ཁྲོད་ཀྱི་ཁྱོད་ཤི་ང་གསོན་གྱི་གྲལ་རིམ་འཐབ་རྩོད་དངོས་ཡིན་ལ། ཉེ་བའི་རྒྱུ་ནི། ཆོལ་ཁ་ཆོས་ལུགས་གཞི་རིམ་མང་ཚོགས་ཀྱི་ཞེན་ཕྱོགས་ཙམ་ཡིན། སྲ་ཞིང་མཁྲེགས་པའི་རྒྱུ་དེ་གཉིས་ཐེངས་འདིར་གནད་དོན་ཆུང་ཆུང་ཞིག་གི་རྐྱེན་དང་འཕྲད་དེ་གས་ཐོར་བྱུང་སོང་།
ཛ་དྲག་གཉན་འཕྲང་གི་དུས་འདིར་བཀུར་འོས་སྤྱི་འཐུས་ཚང་མས་བསམ་ཤེས་དང་དཀྱེལ་ཡངས། ཐུགས་གཟབ་གནང་རྒྱུ་ཧ་ཅང་གལ་ཆེ་ལ། གཞན་གྱི་གཡོ་འོག་ཏུ་མ་ཤོར་བ་དང་། དབང་སྒྱུར་འོག་མ་ཚུད་པ། ཕྱོགས་ལྷུང་གིས་མ་ལྷད་པར་འཕྲལ་ཕུགས་རྒྱང་གསུམ་ལ་བབ་བརླིང་བརྟན་གསུམ་གྱི་ཐུགས་སེམས་བཞེས་རྒྱུ་གལ་ཆེ།