ཉིན་ཤས་གོང་སེར་བྱེས་ལྡན་མ་ཁང་ཚན་དུ་ཆོས་བརྒྱུད་ཁག་བཞིའི་གནད་ཡོད་མི་སྣ་ཁག་ཅིག་གདན་ཞུས་ཀྱིས། ཉིན་གཉིས་རིང་བགྲོ་གླེང་གནང་ཡོད། སྐབས་དེ་དང་བསྟུན་འདི་གའི་གསར་འགོད་པས་ཉེ་ཆར་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྡོམ་གནང་མ་ཐུབ་པའི་ཁྲོད་ཆོས་བརྒྱུད་སྤྱི་འཐུས་ཚོས་དྲང་ཚུགས་མ་ཐུབ་པའི་རྐྱེན་ཡིན་རབས་དང་། ཐ་ན་མ་འོངས་པར་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་ཐད་ལའང་སྤྱི་ཚོགས་ཁྲོད་གླེང་སློང་ཡོང་བཞིན་པར་བརྟེན། གནད་དོན་འདིའི་ཐད་དྲི་བ་རེ་ཟུང་ཕུལ་བ་ཡིན།
རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་ལ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྡོམ་རྒྱག་མ་ཐུབ་པའི་སྐོར་ལ་དགོངས་ཚུལ་ཅི་ཡོད་དང་། སྤྱི་ཚོགས་ནང་ཆོས་བརྒྱུད་ཁག་ནས་ཕེབས་པའི་སྤྱི་འཐུས་རྣམས་དགོས་མཁོ་མི་འདུག མིང་ཆོས་བརྒྱུད་ཁག་གི་མིང་ཁྱེར་ནས་སླེབས་ཀྱང་ཕར་སླེབས་སྐབས་ཆོལ་ཁའི་དབང་དུ་ཕྱོགས་འགྲོ་གིན་ཡོད་པས། དེའི་ཐད་དུ་དགོངས་ཚུལ་ཅི་ཡོད་ཅེས་དྲིས་པར་ཁོང་གིས་གསུངས་དོན། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྡོམ་རྒྱག་མ་ཐུབ་པ་ནི། སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོའི་སྟངས་འཛིན་བྱེད་མ་ཐུབ་པར་ལན་པ་ཞིག་རེད་འདོད་ཡོད། སྤྱི་འཐུས་གྲོས་ཚོགས་ནང་སྤྱི་འཐུས་གཅིག་གཉིས་ཤིག་གིས་གནང་སྟངས་མ་འགྲིག་པ་བྱུང་སྐབས། སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་ཁོང་རང་ཉིད་ནས་སྟངས་འཛིན་ཡག་པོ་ཞིག་བྱས་པ་ཡིན་ན། སྟངས་འཛིན་བྱེད་མ་ཐུབ་པ་དེ་འདྲ་ཡོད་རྒྱུ་མ་རེད་བསམ་གི་འདུག་ལ། ཐེངས་འདིར་ཚོགས་དུས་བརྒྱད་པ་མཇུག་སྡོམ་རྒྱག་མ་ཐུབ་པར་ཚོགས་འདུ་གྲོལ་དགོས་བྱུང་བའང་སྟངས་འཛིན་མ་ཐུབ་པ་དེ་ལན་པས་རེད་ཅེས་དང་། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ་ངེས་པར་དུ་དགོས་པ་ཞིག་རེད་ལ། མ་འོངས་པར་ཡང་མུ་མཐུད་དེ་རྒྱུན་སྐྱོང་དགོས་པ་ཞིག་རེད། ང་ཚོའི་ད་ལྟའི་ཆབ་སྲིད་ལངས་ཕྱོགས་དེ་ཆོས་སྲིད་ཟུང་འབྲེལ་ཞིག་ཡིན་སྟབས། ཆོས་ཕྱོགས་ནས་ཀྱང་ཤུགས་ཆེན་པོ་ཞིག་འགྲོ་དགོས་པ་རེད། ཡིན་ནའང་། ཐེངས་འདིའི་དཀའ་རྙོག་དང་། ཡང་ན་འབྱུང་འགྱུར་གྱི་གནས་སྟངས་གང་གི་ཆ་ནས་ཡིན་ནའང་། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པའི་རང་ཚུགས་ཐུབ་པའི་སྒོ་ནས་ཕར་ཚུར་མི་ཕྱོགས་རྒྱུ་གལ་ཆེན་པོ་རེད་ལ། དེ་ལྟར་ཕྱོགས་ཚེ་ཉེན་ཁ་ཆེན་པོ་ཞིག་ཀྱང་རེད། ཅེས་གསུངས་ཡོད།
གོང་གི་དྲི་བ་དེ་གཉིས་ཀྱི་ལན་དུ་ས་སྐྱའི་དཔེ་ཁྲིད་རྒན་འཇམ་དབྱངས་མགོན་པོ་མཆོག་གིས་གསུངས་དོན། སྤྱིར་བཏང་ངས་ནམ་རྒྱུན་ནས་སྤྱི་འཐུས་གྲོས་ཚོགས་སྐོར་ལ་དེ་ཙམ་དོ་སྣང་བྱེད་ཀྱིན་མེད། ཡིན་ནའང་། ད་རེབ་གློ་བུར་དུ་སྤྱི་འཐུས་གྲོས་ཚོགས་ནང་རྩོད་ཉོག་བྱུང་བར། ངས་བསམ་ཚུལ་ལྟར་བྱས་ན་ང་ཚོ་ལ་རང་དབང་ཆ་ཚང་ཡོད་པ་ཞིག་མཚོན་ཐུབ་ཀྱི་འདུག རང་དབང་ཡོད་པའི་ཆ་ནས་བཤད་ན་ཞེ་དྲག་ཡག་པོ་རེད། སོ་སོར་རང་དབང་ཆ་ཚང་ཡོད་པ་དེ་བེད་སྤྱོད་བྱེད་ཐུབ་སའི་སྤྱི་ཚོགས་ཤིག་ཆགས་ཡོད་པའི་རྟགས་རེད། དེ་ལྟར་བེད་སྤྱོད་བཏང་བ་ཞིག་ཀྱང་རེད། འོན་ཀྱང་། སྤྱི་འཐུས་ཚོགས་གྲོས་ཚོགས་དུས་བརྒྱད་པ་མཇུག་སྡོམ་རྒྱག་མ་ཐུབ་པ་དེ་ནི་དོ་བདག་སོ་སོར་སྤྱི་མཐུན་གྱི་བསམ་བློ་ཡོད་མེད་ལ་རེག་ལས་པ་ཞིག་རེད། དེར་བརྟེན་བསྐྱར་དུ་གྲོས་ཚོགས་ནང་འཛོམས་ནས་མཇུག་སྡོམ་རྒྱག་རྒྱུ་དེ་ང་རང་གི་རེ་བ་ཆེ་ཤོས་དེ་ཡིན་ཞེས་དང་། ང་ཚོའི་གཞུང་ལ་ག་ཚོད་ཀྱིས་ཞབས་ཕྱི་བྱེད་མཁན་མང་བ་ཡོད་ན་དེ་ཙམ་གྱིས་དགེ་མཚན་ཆེ་བ་མ་གཏོགས་སྐྱོན་དུ་མཐོང་གི་མི་འདུག དཔེར་ན། ལས་དོན་ཞིག་གི་མགོ་རྩོམ་དུས་དེའི་ཐོག་ལ་ག་ཚོད་ཀྱིས་བསམ་ཚུལ་མང་བ་བཤད་མཁན་ཡོད་ན། དེའི་ཚོད་ཀྱིས་ལས་དོན་དེ་ཡག་པོ་ཡོང་གི་རེད་ལ། གྲུབ་འབྲས་ལྡན་པ་ཡོང་གི་རེད་བསམ་གི་འདུག དེར་བརྟེན་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཡོད་ན་བཟང་གི་རེད་ལ། མུ་མཐུད་དགོས་པའང་གལ་ཆེན་པོ་རེད་ཅེས་གསུངས།
དེ་བཞིན་བཀའ་བརྒྱུད་དཔེ་ཁྲིད་རྒན་ཡེ་ཤེས་རྒྱ་མཚོ་མཆོག་ནས་གསུངས་དོན། སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་མཇུག་སྡོམ་རྒྱག་ཐུབ་ཡོད་པ་མ་རེད། ཡིན་ནའང་མུ་མཐུད་སྐྱུར་མ་བཞག་པར། སྤྱི་འཐུས་རྣམ་པ་སླར་ཡང་མཉམ་དུ་འཛོམས། ཕར་ཚུར་སྦྱངས་བཤད་གནང་། གང་དང་གང་འགྲིག་མེད་ན་དེ་ཐག་གཅོད་གཙང་མ་བྱས་ན་ཡག་གི་རེད། དེ་མིན་འདི་ལྟར་བཞག་ན་མི་མང་ནང་དུའང་དོགས་པ་དང་བསམ་ཚུལ་འདྲ་མིན་སྣ་ཚོགས་ཡོང་གི་རེད་ལ། ཞི་བདེ་ལྷིང་འཇགས་ཀྱང་ཡོང་གི་མ་རེད། ག་རེ་ཡིན་ནའང་མཉམ་དུ་འཛོམས་ནས་ཐག་གཅོད་དགོས་པ་རེད་ལ། དེ་ལྟར་གནང་ན་གྲུབ་འབྲས་ཤིག་ཀྱང་ཐོན་གི་རེད། ཅེས་དང་། ཆོས་རྒྱུད་ཁག་ནས་ཕེབས་པའི་སྤྱི་འཐུས་དེ་ཚོས་རང་འཁྲིའི་ལས་འགན་ལྟར་ཕྱག་ལས་ཚད་དང་ལྡན་པ་གནང་ཚེ། ཆོས་རྒྱུད་ཁག་གི་སྤྱི་འཐུས་ཡོད་ན་བཟང་གི་རེད་ལ། ཆོས་ལུགས་སོ་སོ་དང་ཆོལ་ཁའི་ཕྱོགས་སུ་མ་ཤོར་བར་བོད་མི་མང་གི་ཆེད་དུ་ཞབས་ཕྱི་གནང་ཚེ། ཆོས་རྒྱུད་ཁག་གི་སྤྱི་འཐུས་ཡོད་པའི་ཡོད་གོ་ཆོད་པ་རེད། ཅེས་གསུངས་ཡོད།
ཡང་། སེར་བྱེས་མཁན་པོ་བློ་བཟང་དཔལ་ལྡན་མཆོག་གིས་གསུངས་དོན། རྐུབ་སྟེགས་སྟེང་སྡོད་མཁན་དེ་ཚོས་རང་འཁྲིའི་ལས་ཀ་བྱེད་དུས་གཡས་འཁྱེར་གཡོན་འདེགས་བཟོས་ཏེ། རང་གི་རྐུབ་སྟེགས་ཀྱི་ལས་ཀ་བྱེད་མི་ཐུབ་དུས་འགྲེལ་བཤད་རྒྱག་དགོས་པ་རེད། སྤྱི་འཐུས་དེ་ཚོ་ཆོལ་ཁ་ནས་སླེབས་ནའང་འདྲ། ཆོས་བརྒྱུད་ཁག་ནས་སླེབས་ནའང་འདྲ། གང་ལྟར་མི་མང་གི་བསམ་ཚུལ་དངོས་དེ་སྤྱི་འཐུས་གྲོས་ཚོགས་ནང་སླེབས་ཐུབ་པ་དང་། སྤྱི་འཐུས་ནང་དུ་ཚད་དང་ལྡན་པའི་སྤྱི་འཐུས་སུ་ཡོད་ནའང་། དེར་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེན་པོ་རེད། མ་འོངས་པར་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་དང་མི་དགོས་དེ་བཤད་མི་ཤེས་པ་ཞིག་རེད་ཅེས་གསུངས་བྱུང་།
གསལ་འདེབས་ཤིག་ནི། ངས་བཤད་ས་ནི་དྲྭ་གྲོགས་རྡོ་རྗེ་དགྲ་འདུལ་དང་གསེར་རྟ་ཆོས་དབྱིངས་གཉིས་དང་། ད་དུང་བསྟན་པ་ཡར་འཕེལ་ལའང་འདི་འོས་པ་ཞིག་འདུག
ཡང་ཐེངས་གཅིག་མ་བཤད་ནས་སྡོད་དུ་བཅུག་མ་སོང་། སྤྱིར་བཏང་ལྟར་ན་བྱིས་པ་ཞིག་ངུས་པ་ལ་ཡ་མཚར་བ་དང་དོ་སྣང་བྱེད་དགོས་དོན་མེད། འོན་ཀྱང་ཕྱི་ཚུལ་རྒན་པ་དང་ནང་ཚུལ་བྱིས་པ་མ་སྨིན་པ་ཞིག་མཐོང་ཡོང་དུས་གོ་སྐོན་གྱི་ཚུལ་དུ་གཏམ་ཐུང་ངུ་ཞིག་བཤད་འདོད་ཆེ། ངས་ཆོས་རྒྱུད་ཀྱི་སྤྱི་འཐུས་ཟེར་བ་འདི་ཁམས་པ་ཞིག་ལ་གཏོགས་པ་མཐོང་གི་མེད། འདི་ནི་ཆོས་ལུགས་ཀྱི་གྲུབ་མཐའ་ཞིག་ལ་གཏོགས་པ་ཡིན། འདི་ལྟ་བུ་ཞིག་མི་དགོས་ཚུལ་ཡང་མ་འོངས་པ་ལ་བསམ་ནས་བཤད་པ་ཡིན། དེ་མིན་ད་དུང་ཁྱེད་བུ་གུ་བསམ་མེད་གཉིས་ལ་བཤད་རྒྱུ་ནི། སྤྱི་ཚོགས་ཀྱི་གདོང་ལ་བུད་ནས་སྤྱི་ཚོགས་ཀྱི་གདོང་རིས་གསལ་བོར་མཐོང་འདོད་ན་ད་དུང་ཁྱེད་གཉིས་དེའི་དུས་ཚོད་ལ་སླེབས་མི་འདུག ད་དུང་མུ་འཐུད་ནས་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་ཟེར་བ་ནི་ཁ་ནས་བཤད་ཐུབ་པ་དང་ལག་ནས་འབྲི་ཐུབ་པ་ཙམ་ཞིག་ལ་གང་ནས་བརྩིས་ཆོག། དེ་ནི་དོན་དངོས་སུ་བསམ་བློའི་གཏིང་ཟབ་མིན་དང་མིག་རྒྱང་རིང་པོ་ཡོད་མེད་དེ་རེད། དེར་བརྟེན་ཁྱེད་གཉིས་ཀྱིས་ངས་ཅི་བཤད་པའི་དོན་དེའི་གོ་བ་རོབ་ཙམ་ཡང་བླངས་ཐུབ་མེད་པའི་ཁར་ད་དུང་དགག་བཞག་འདྲ་རྒྱག་ཁ་བྱས་ནས་ངོ་ནས་སྙིང་རྗེའི་ཡུལ་རེད་འདུག ཁྱེད་གཉིས་སོམས་དང་འདི་ནི་ྋགོང་ས་མཆོག་གི་དགོངས་པ་དང་འགལ་འདུག་གམ། ྋ་གོང་ས་མཆོག་གིས་དུས་ནས་དུས་སུ་བོད་རང་དབང་སླར་གསོ་བྱས་ཉིན་ནས་བཟུང་ངས་བོད་ཀྱི་ཆབ་སྲིད་འགན་འཁུར་མི་ལེན་པར་ང་རང་གྲྭ་རྐྱང་དཀྱུས་མ་ཞིག་བྱས་ཏེ་གནས་དབེན་པ་ཞིག་ནས་སྒོམ་སྒྲུབ་གནང་རྩིས་ཡོད་ཅེས་གསུང་བ་དང་འགལ་འདུག་གམ། ཡང་ན་ཁྱེད་ཅག་ལྟ་བུ་སྐྱ་མིན་སེར་མིན་ཞིག་བྱས་གསུངས་འདུག་གམ། ཁྱེད་གཉིས་ཀྱི་བཤད་ཚུལ་ལ་བལྟས་ན་བཀའ་སློབ་འདི་ལྟ་བུ་ཞིག་ཀྱང་ད་བར་དུ་མཐོང་མེད་པ་ཐག་གིས་ཆོད། ཕྱིན་ཆད་རྒྱལ་བའི་བཀའ་སློབ་ལ་མང་ཙམ་མཇལ་བ་དང་སྤྱི་ཚོག་མིག་གིས་མཐོང་ཞིང་རྣ་བས་ཐོས་རྗེས་འདི་གར་ཤོག་དང་ང་ཚོས་མུ་འཐུད་ནས་བགྲོ་གླེང་བྱས་ཆོག
ནོར་བཅོས། མི་དགོས་ཟེར་འདི་ཡིན། མི་དགོས་ཞེས་བརྗོད་འདོད་པ་འདི་ཡིན།
ད་ནི་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་མཁན་ཚོས་ད་བར་རྒྱུ་མཚན་ཡང་དག་ཞིག་བགྲང་རྒྱུ་མི་འདུག འོན་ཀྱང་ངས་རྒྱུ་མཚན་ཡང་དག་ཅིག་རྙེད་སོང༌། དེ་ནི་ཇོ་ནང་ལ་སྤྱི་འཐུས་ཤིག་ཐོབ་ན་དེ་དུས་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་ལ། དེ་མ་ཐོབ་ན་ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་འདི་ཡིན།
གྲྭ་པས་ཆབ་སྲིད་སྒྲུབ་ན་མི་ཡག་རབས་ཤོད་མཁན་དེ་ཚོས་གཏམ་དེ་ཡར་དེད་ན་
རྒྱལ་བ་ལ་ཐུག་གྱི་རེད།
ཨ་ལལ། ཁྱེད་ཀྱིས་བཤད་པ་དེ་ལ་རྒྱུ་མཚན་གཞན་གང་ཡང་མི་འདུག ཆོས་བརྒྱུན་སྤྱི་
འཐུས་དེ་མང་ཆེ་བ་ཁམས་པ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ཆོས་བརྒྱུད་སྤྱི་འཐུས་
མེད་པ་བཟོ་ཐུབ་ན་བསམ་གྱི་ཡོད་པ་རེད།
ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་ཚོ་རྒྱ་ནག་གི་འདོད་ཐོག་ཏུ་བབ་པའི་གཏམ་རྐྱང་རྐྱང་མ་གཏོགས་གང་ཡང་མི་འདུག་ཁྱོད་ཀྱིས། ༼དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་གྲྭ་བ་ཆབ་
སྲིད་པ་བྱེད་པའི་ལུགས་སྲོལ་འདི་འདྲ་ནང་པའི་རྒྱལ་ཁབ་གང་དུ་འང་མེད་ཅིང་།༽
ཞེས་ཟེར་བ་དེ་ནི་རྒྱལ་བ་དོན་གྱིས་བདག་པོ་ལ་ཟུར་བའི་ཚིག་ཅིག་རེད་རྒྱལ་བས་གྲྭ་ཆས་མནབ་སྟེ་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་དེ་སེམས་ལ་མི་འགྲོ་བ་རེད་
འདུག རྒྱ་མིས་ཀྱང་༸གོང་ས་མཆོག་ལ་ངོ་རྒོལ་བྱེད་པའི་གཏམ་ཡོད་ན་མེད་ན་དེ་
དེ་རིང་ཁྱོད་ཀྱིས་བཤད་པ་གཉིས་ལ་ཁྱད་པར་གང་ཡང་མི་འདུག ད་རུང་ཨ་ལ་ལ་ཟེར་བ་ཁྱོད་ཀྱིས། ༼དེ་མིན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཆོས་ལུགས་གཞན་དག་དེ་ཚོའི་གྲས་ནའང་གྲྭ་བས་སྲིད་དབང་ལ་ཐེ་གཏོགས་བྱེད་མཁན་མེད་པ་རེད།༽ ཅེས་བཤད་པ་དེ་ནི་
དེ་བས་ཀྱང་རྒྱ་ནག་གི་འདོད་ཐོག་ཏུ་བབ་པའི་གཏམ་ཡོད་ན་མེད་ན་ཞིག་ཡིན་པ་དཔེར་ན། ཉིས་སྟོང་བརྒྱད་ཀྱི་ལོའི་ཞི་རྒོལ་ཆེན་མོ་ལ་ལྟོས་དང་མགོ་དང་པོ་གྲྭ་པས་
བཙུགས་པ་རེད་ལ་བོད་བར་དུ་ཞི་བའི་གོམ་བགྲོད་ལ་འགྲོ་མཁན་ཡང་མང་ཆེ་བ་
གྲྭ་པ་ཡིན་པས་རྒྱ་ནག་ལ་སུན་པོ་བཟོ་མཁན་དེ་གཙོ་བོ་གྲྭ་བཙུན་ཡིན་པ་ཤེས་ཀྱི་ཡོད་པ་རེད། བྱས་ཙང་རྒྱ་མིས་ཐབས་ལམ་གཞན་ཞིག་གི་ཐོག་ནས་བོད་ཀྱིས་གྲྭ་པས་ཆབ་སྲིད་
ལ་ཐེ་གཏོགས་་མེད་ཐབས་ཤིག་ཨེ་ཡོང་གི་རེ་བ་བཟུང་ཡོད་པ་གསལ་བོ་རེད་ལ་དྲྭ་གྲོགས་ཨ་ལ་ལ་ཡིས་ཀྱང་དེ་ལ་རྒྱབ་སྐྱོར་བྱེད་པའི་སྐད་ཆ་ཞིག་བཤད་སོང་།
ད་ཕལ་ཆེར་མང་ཚོགས་ཚོའི་འདོད་པ་ལ་ཆོས་རྒྱུད་སྤྱི་འཐུས་དེ་འདོད་ཀྱི་མེད་པ་འདྲ།དོན་དངོས་སུ་མང་ཚོགས་ལའང་ཐུགས་ཁག་གཏན་ནས་མི་འདུག གང་ཞེ་ན།ྋགོང་ས་མཆོག་གིས་གལ་ཆེན་དོན་ཆེན་དུ་བརྩིས་ཏེ་ཆོས་རྒྱུད་སྤྱི་འཐུས་བསྐོས་པ་དང་།བཀའ་དགོངས་བཞིན་དུ་ད་བར་དུ་ལམ་དུ་ལྷུང་བ་ཞིག་འཐུས་མི་རྣམས་ཀྱིས་གནང་བའི་ལོ་རྒྱུས་བགྲང་རྒྱུ་མེད་དུས་དེ་ལྟར་བསམ་པ་ནི་རྒྱུ་མཚན་དུ་གྲུབ་པ་དང་།གཅིག་ཏུ་ན། ཆོས་རྒྱུད་ཀྱི་འཐུས་མི་ནི་ཆོས་པ་ཁྲིམས་གཙང་ཞིག་ཡོང་ན་དོན་གྱི་དགོས་དམིགས་དེ་ཡིན་ཡང་དེ་ལས་ལྡོག་སྟེ་གཟན་ཤམ་འོག་ནས་ཁུ་ཚུར་ས་ལ་བརྡེགས་ཏེ་ངར་ངར་རྫིག་རྫིག་བྱེད་མཁན་དག་དག་གཅིག་རྫེས་གཉིས་མཐུད་དུ་ལངས་ཡོང་དུས་ཆོས་རྒྱུད་ཀྱི་འཐུས་མི་ཟེར་བ་འདི་ཉིད་མ་འོངས་པར་དགོས་དངོས་སུ་མཐོང་གི་མེད་པ་དང་།གཉིས་སུ་ན། ཆོས་རྒྱུད་ཀྱི་སྤྱི་འཐུས་འདིས་ཆོས་ཕྱོགས་ལའང་ཕན་ངེས་ཀྱི་ལེགས་རྗེས་འཇོག་ཐུབ་པ་དང་བཞག་ཟིན་པ་གང་ཡང་སྟོན་རྒྱུ་མེད། ཆོས་ཕྱོགས་ཀྱི་བྱེད་སྒོ་གཙོས་ཆོས་ཕྱོགས་ཀྱི་ལུང་རྟོགས་ཀྱི་བྱ་བཞག་ཐམས་ཅད་ཆོས་རྒྱུད་ཁག་གི་སྐྱེ་ཆེན་དམ་པ་རྣམས་དབུ་བཞུགས་ཀྱིས་ཁག་སོ་སོའི་གདན་ས་བ་རྣམས་ཀྱིས་གནང་བཞག་པ་ཤ་སྟག་ཡིན།མ་སྲིད་ཆོས་པ་རྣམས་གདན་ས་རུ་བཞུགས་ཏེ་བསྟན་དོན་ལ་ལག་རྗེས་འཇོག་པ་ལས་ཁྱིམ་པའི་ཁྲོད་དུ་འོང་ནས་ཆོས་རྒྱུད་རྣམས་ལ་ཆད་བསྡད་པའི་ཁ་གསབ་ཅིག་ཡོད་པར་མ་མཐོང་།འགྲོ་སྟངས་འདི་ལ་གནའ་དེང་གང་གི་ལམ་ལུགས་དང་མི་མཐུན་པ་མ་ཟད། རྒྱ་གཞུང་གིས་ཀྱང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་རྙིང་པ་སླར་གསོ་བྱེད་ཀྱི་ཡོད་ཚུལ་གྱིས་ྋགོང་ས་མཆོག་ལ་མཚན་སྨོད་ཆེད་དུ་ཞུ་བཞིན་པ་དང་། འོན་ཀྱང་ྋ་གོང་ས་མཆོག་ནས་ལམ་ལུགས་འདི་མི་འདོད་པར་ཆོས་པ་ནི་ཆོས་རྐྱང་པ་བྱེད་མཁན་ཞིག་དང་ཆབ་སྲིད་པས་ཆོས་བྱས་ན་དགག་བྱ་མེད་པར་ཡང་ཡང་བསྟན་ཡོད་པ་རེད།ད་དུང་སྔ་མོའི་བོད་ཀྱི་གཏམ་དཔེ་ལ། གྲྭ་བ་འགྲོ་ས་དགོན་དང་། བུ་མོ་འགྲོ་ས་གནས། ཞེས་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཉམས་མྱོང་གི་སྡོམ་ཚིག་བཙན་པོ་ཞིག་ཀྱང་བཞག་ཡོད་པ་རེད། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་གྲྭ་བ་ཆབ་སྲིད་པ་བྱེད་པའི་ལུགས་སྲོལ་འདི་འདྲ་ནང་པའི་རྒྱལ་ཁབ་གང་དུ་འང་མེད་ཅིང་། དེ་མིན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཆོས་ལུགས་གཞན་དག་དེ་ཚོའི་གྲས་ནའང་གྲྭ་བས་སྲིད་དབང་ལ་ཐེ་གཏོགས་བྱེད་མཁན་མེད་པ་རེད། རང་རེའི་སྤྱི་ཚོགས་སུ་འདི་འདྲའི་ལམ་ལུགས་ཤིག་ཡོད་པའི་རྐྱེན་གྱིས་ཇོ་ནང་ཆོས་རྒྱུད་ལའང་སྤྱི་འཐུས་དགོས་ཞེས་གླེང་རྙོག་བྱུང་ཡོད་པ་མ་ཡིན་ནམ། གང་ལྟར་བོད་ཀྱི་སྤྱི་ཚོགས་འདི་ཚག་ཚུད་པ་དང་ཡར་རྒྱས་སུ་འགྲོ་དགོས་ན་ཕྱོགས་ཡོང་ནས་བསམ་གཞིག་བྱེད་རན་འདུག
ཆོས་བརྒྱུད་ཀྱི་སྤྱི་འཐུས་ནི་ངེས་པར་དགོས་ངེས་ཤིག་རེད་ཟེར་གྱི་ཡིན། མང་གཙོ་དང་མཐུན་མི་མཐུན་བཤད་ན་ཡང་ཆོས་བརྒྱུད་སྤྱི་འཐུས་ཡོང་ཆོག་པའི་རང་དབང་ཡོད་
དགོས་པ་ཞིག་རེད། དེང་སང་གི་དུས་ཚོད་འདི་ལྟ་བུ་ལ་མཚོན་ན་བོད་ཅེས་འཛམ་བུ་
གླིང་ལ་སྐད་གྲགས་ཆགས་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡང་ནང་ཆོས་ཀྱི་བཀའ་དྲིན་ཡིན་པ་ལས་གཞན་གང་ཡང་མ་རེད། ཁྱད་པར་གདན་ས་ཆེན་པོ་གསུམ་ལྟ་བུས་མཚོན་པའི་
འཛམ་གླིང་ན་མེད་པའི་ཆོས་རིག་གི་བསྟི་གནས་འདི་དག་འཛིན་སྐྱོང་བྱེད་མཁན་
གཙོ་དེ་ཁམས་པ་རེད་ལ་དཀའ་ལས་རྒྱག་མཁན་དང་གཙིགས་ཆེན་དུ་འཛིན་མཁན་
གཙོ་བོ་ཡང་ཁམས་པ་ཡིན་ཅིང་ཆོས་བརྒྱུད་སྤྱི་འཐུས་ཀྱང་མང་ཆེ་བ་ཁམས་ནས་སླེབས་ཀྱི་ཡོད་པ་རེད། ཡིན་ན་ཡང་ཁོང་ཚོས་ཕྱག་ལས་གཙོ་བོ་དེ་ཆོས་བརྒྱུད་ཁག་གི་ཚབ་བྱས་
ཏེ་སོ་སོའི་ཆོས་བརྒྱུད་གང་ཡིན་པ་དེ་ཉིད་དང་འབྲེལ་བའི་གནད་དོན་ཆེ་ཆུང་ཚང་མ་ལ་གཟིགས་སྐྱོང་བྱེད་དགོས་རྒྱུ་ལས་ཆོལ་ཁའི་ཕྱོགས་འཐེན་ལྟ་བུ་བྱས་ན་
ནོར་བ་རེད། ག་གསར་ལགས་ཀྱིས། ༼ཆོས་སྲིད་རྟ་གཡག་མགོ་སྦྲེལ་བྱས་པས་སྲིད་ཉམས་པ་འདི་ཚོའི་ནག་ཉེས་ཀྱང་བགྲང་ས་ཞིག་མི་འདུག་གམ།༽
ཟེར་བ་འདི་དེང་སང་གི་གཞོན་སྐྱེས་ལ་ལ་ཞིག་གིས་བལྟ་ཚུལ་རེད། སྲིད་ཉམས་པ་དེ་ཆོས་ཀྱི་ལན་པར་འདོད་པ་ལ་རྒྱུ་མཚན་མེད་པར་འདོད་མཁན་ཡིན། སྲིད་ཟེར་བ་དེ་ཁོ་
དར་བའི་སྐབས་སུ་དར་རྒྱུ་རེད་ལ་ཉམས་པའི་སྐབས་སུ་ཉམས་རྒྱུ་ཞིག་ཡིན་མོད།
དེ་ནི་དམིགས་བསལ་ཆོས་ཡོད་མེད་དང་འབྲེལ་བ་གང་ཡང་མེད་པར་འདོད་ཀྱི་ཡོད། ཆོས་ཁྱོན་ནས་མ་དར་བའི་ལུང་པ་མང་པོ་ལ་སྲིད་ཉམས་པའི་ལོ་རྒྱུས་ཡོད་ལ་ཆོས་རྒྱ་ཆེན་པོ་དར་བའི་ལུངས་པ་ལ་སྲིད་དར་བའི་ལོ་རྒྱུས་ཀྱང་ཡོད་པས་མཐའ་གཅིག་ཏུ་
སྲིད་ཉམས་པའི་ནག་ཉེས་ཆོས་ལ་འགེལ་བ་དེ་རྒྱུན་མཚན་དང་ལྡན་པ་ཞིག་ཏུ་ཁས་ལེན་རྒྱུ་མིན། ད་རུང་ཁང་གསར་ལགས། ཁྱེད་ཀྱིས་༼ལྷ་ལུང་དཔལ་རྡོར་འདྲ་བོ་གྲྭ་ཆས་
གྱོན་བཞིན་མདའ་གཞུ་མ་བསྣམས་ལཱ།༽ཟེར་བ་དེ་ལ། ལྷ་ལུང་དཔལ་རྡོ་འདིས་གྲྭ་ཆས་
གྱོན་ཡོད་མེད་དང་གྲྭ་པ་ཡིན་མིན་ཡང་ཐེ་ཚོམ་རེད་འདུག མ་གཞི་ཁོང་རྗེས་འབངས་ཉེར་ལྔའི་ནང་གི་ལྷ་ལུང་དཔལ་རྡོ་མ་རེད་ཅེས་ལོ་རྒྱུས་ལ་ལ་ན་གསལ་ཡོད།
ངའི་མིང་ལ་བློ་བཟང་དགའ་ལྡན་ཟེར། དེ་སྔོན་སེར་སྨད་ནས་གྲྭ་པ་བྱས་ནས་བསྡད་པ་ཡིན། དབུ་མ་ཐོན་མཚམས་སུ་བྷེལ་ཇམ་ལ་ཡོང་ནས་ད་བར་རང་ལྟོ་རང་གིས་འཚོལ་བཞིན་ཡོད། གྲྭ་པ་ལོག་ཀྱང་དད་པ་དང་བོད་ཞེན་བརླགས་མེད། ངས་འདི་ནས་རང་གི་ཐོབ་ཐང་གསལ་འདོན་གྱིས་ཞུ་དོན་ནི། ཆོས་བརྒྱུད་ཁག་གི་སྤྱི་འཐུས་དགོས་ཀྱིན་མི་འདུག་ཟེར་ནས་ཤོད་འདོད་པ་ཡིན།
ཆོས་བརྒྱུད་ཁག་ནས་སྤྱི་འཐུས་སུ་སླེབས་མཁན་ཚོའི་ནང་ན་སྡོམ་པ་གཙང་མ་ཡོད་མཁན་ཉུང་ཉུང་ཡིན་པ་མ་ཟད། དེ་ཚོས་ཆོས་བརྒྱུད་སོ་སོའི་ཞབས་འདེན་དང་། ཆོལ་ཁ་ནང་ལ་དཀྲུགས་ཤིང་འཕེན་གྱི་འདུག་
སྤྱི་མཐུས་མི་གྲང་༡༤ཡི་ས་རྟགས་མཁོད་པའི་ནང་དོན་ངོ་མ་བོད་སྤྱི་པའི་དོན་དག་ཡིན་མདོག་གྱི་དོན་དངོས་ཐོགས་གང་ཟག་སྒེར་ལ་དམིགས་པའི་དཔུང་སྒྲིགས་གནང་བ་ཡིན་པ་ཀུན་གྱི་གསུང་གི་འདུག་ལ་དེ་ལྟར་ཡིན་པ་ཡང་ལུང་རིགས་ཀྱི་སྒྲུབ་མི་དགོས་པ་དྲངས་པོའི་ལམ་ནས་གཟིགས་ན་ལས་ལྷ་པོ་ཤེས་ཐུབ་པ་ཞིག་རེད་་་་་་་་་ཡིན་ཡང་མ་གཞི་གནས་ཚུལ་དེའི་ནད་གཞི་འབྱུང་རྩ་ངོ་མ་བསོད་ནམ་སྟོབས་རྒྱལ་དང་འབྲེལ་བ་ཡོད་པ་ཞིག་ལ་ཁོང་ཡུ་རབ་ནས་རྒྱ་གར་ནང་གྲོས་ཚོགས་ཚོགས་ཚོགས་དུས་བརྒྱད་པ་ངོར་བཅར་ཀྱི་ཆད་དུ་ཕེབས་སྐབས་ལམ་འགྲོན་ཙམ་གཞུང་གི་བཏང་ཆོག་མིན་གྱི་དོན་ལས་མེད་་་གནས་ཚུལ་འདི་ལ་བོད་མི་མང་སྤྱི་མཐུས་རྣམས་པས་སྤྱི་དོན་ལས་རང་དོན་གལ་ཆེན་རྩིས་ཏེ་འཆོ་ཁ་དང་ངོ་ཤེས་དཔུང་སྒྲིགས་ཀྱི་ལམ་ནས་དོན་ངོ་མ་རང་སོ་སོའི་ཐབས་སྟངས་བརྩོད་པ་ལས་བོད་སྤྱི་པའི་དོན་ཆེན་ཞིག་མ་ཡིན་པ་མ་ཟད་་ད་བར་བོད་སྤྱི་པའི་དོན་ལ་སྤྱི་མཐུས་རྣམས་པ་སུའི་ཀྱང་ངོ་དགོང་འདི་འདྲ་ཞིག་ལྟོན་ནས་གཞུང་དོན་ངོ་མ་བཤད་མཁན་ཡོད་དམ་དྲིས་ན་ ་་་ སྤྱི་མཐུས་སྐབས་འདི་ལ་ང་རང་སྡ་སར་སྡོད་སྡོད་པ་ཡིན་གྲོས་ཚོགས་ནང་གི་གནས་ཚུལ་གང་ཡིན་སྤ་སུའི་ལྕ་ན་འམ་སྤ་སུའི་བརྙན་འཕྲིན་ནས་ལྟོན་གྱི་འདུག་པས་ངས་ལན་གསལ་པོ་རྒྱབ་ཐུབ་པ་ནི་བྱུང་མ་སོང་་་་་་་་་་་་་་་ངོ་མ་ཡིན་་་་་་་་་ད་དུང་གྲོས་ཚོགས་ནང་སྤྱི་མཐུས་རྣམས་པས་དགོང་ཚུལ་གསུང་དུས་གྲ་སྒྲིགས་ཡོད་པ་བཞིན་རྒྱབ་སྐྱོར་གནང་མཁན་དང་དགག་པ་སྐྱོན་མཁན་སུ་ཞིག་ཡིན་མིན་དང་མི་དེའི་གཏམ་བཤད་གང་ཞིག་བྱེད་མིན་དེ་ཡང་གོང་ཏུ་གྲོས་ཚོགས་ནང་དགོངས་ཚུལ་འམ་གྲོས་འཆར་འདོན་མཁན་དེ་དང་འབྲེལ་བ་བཟང་མིན་གྱི་ཆ་ནས་རེད་ཟེར་ན་བདེན་པ་འདུག་་་་་་་་ད་ཐེངས་ཉིན་ཤས་སྔོན་སྤྱི་མཐུས་རྣམས་པས་གྲོས་ཚོགས་འཇུག་སྒྲིགས་མ་ཐུབ་པ་གྲོལ་དགོས་བྱུང་བ་ནི་་་་་་་སྔར་ཡོད་མཁྲིགས་འཛིན་གྱི་ལམ་ལུགས་འོག་ཚོགས་གཙོ་མཆོག་གི་ནུས་པས་མ་འདང་བར་ལམ་གསོལ་མེད་པ་དགོས་པ་ལས་དགག་བྱ་ཆེ་བ་བ་ཞིག་ལ་གྲོས་འཆར་འདོན་མཁན་གྱི་རྒྱབ་སྐྱོར་སྤྱི་མཐུས་༡༤་ཡི་ས་རྟགས་ཡོད་པ་ཞིག་ཏེ་དཔུང་སྒྲིགས་ཀྱི་གྲོས་འཆར་ལ་བརྟན་ནས་བྱུང་བ་རེད་་་ང་ལ་མཚོན་ན་བོད་ནང་སྐྱེས་པདང་རང་ལོ་༢༠་བར་མདོ་དབུས་ཁམས་གསུམ་ཀྱི་ས་ཕྱོགས་འཕེལ་ཆེར་འགྲོ་མྱོང་དེར་བོད་རིགས་ནང་ཁུལ་དགྲ་འཛིན་གྱི་བསམ་བློ་དེ་འདྲ་དངོས་གནས་མཐོང་མ་མྱོང་་་་་་་་ཡིན་དང་ཡིན་ཕྱི་ལོ་༢༠༠༨་ལོར་རྣམས་པ་ཚོའི་གཟིགས་ཡོད་ཤག་རེད་་་་བོད་འཆོ་ཁ་གསུམ་དུ་གཞི་བྱེས་བོད་རིགས་རྣམས་ཀྱི་རང་སྲོག་ལ་མི་འཛིམ་པར་བོད་མི་རིགས་གྱི་དོན་ཏུ་ཕྱག་ལས་གནང་བ་ནི་གཅིག་སྒྲིགས་རེད་་་་་་་་དངོས་གནས་ཡིན་ངས་དེར་འདྲ་མཐོང་བ་དང་པོ་དེར་དབུས་སྤྱི་མཐུས་གྲོས་ཚོགས་ནང་དང་དུས་བབ་ཟིན་བྲིས་ནང་ཡིན་་་་་་་་་་་་་ད་དུང་གྲོས་ཚོགས་ཚོགས་དུས་བརྒྱད་པ་ལ་དེ་འདྲའི་ལྟད་མོ་འདུག་་་་སྐབས་དེར་ངའི་སེམས་ནང་དོན་ཆུང་དེ་འདྲ་ཞིག་གི་དོན་ཏུ་དགྲ་ཁ་གཏད་གྱི་རྣམས་པ་དེ་འདྲ་ལྟོན་དགོས་དོན་མི་འདུག་བསམ་སོང་་་གོ་ཚོད་ལ་དེ་ནི་ཕྱིར་ཚུལ་གྱི་རྣམས་པ་རྩམ་ལས་དོན་དངོས་ཐོག་ནད་རྙིང་ཞིག་གྲོས་འཆར་འདོན་མཁན་ཚོར་ལ་ཡོད་པ་འདྲ་་་་་་་་་་་མ་གཞི་གནས་ཚུལ་དེར་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོའི་སྟངས་འཛིན་བྱེད་མ་ཐུབ་པར་ལནཔ་ཞིག་་ཡིན་པ་ར་རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་་མཆོག་གི་གཙོའི་བོད་རིགས་མང་པོའི་བསམ་འཆར་གཅིག་མཐུས་རེད་དངོས་གནས་ཚོགས་གཙོ་མཆོག་གནས་ཚུལ་དེ་དང་ངན་འབྲེལ་མེད་ན་ཡག་པོ་རེད་གོ་ཚོད་ལ་གྲོས་འཆར་འདོན་མཁན་འཚོའི་གོ་སྐབས་དམ་འཛིན་གྱི་རེ་བ་དང་པོ་དེ་ད་ལྟའི་ཚོགས་གཙོ་སྤེན་པ་ཚེ་རིང་ཚོགས་གཙོ་འོས་སྡུས་སྐབས་ནས་རེད་ཟེར་་་་་་་་་་ད་དུང་དེའི་རྩོད་རྙོག་ནང་མཁྲིགས་འཛིན་བྱེད་མཁན་གཙོ་བོ་དེ་བསྟན་འཛིན་མགོན་པོ་ཟེར་བའི་སྤོ་རྒན་དེ་རེད་་་་་་་་་་་་་་་་སྤོ་རྒན་དེའི་ག་རེ་འདྲ་ཞིག་བསམ་གི་ཡོད་པ་་དང་ལས་དོན་གང་ཞིག་ཡོད་པ་དོགས་འཆར་འདུག་་་་་་སོ་སོའི་ནུས་པ་ལས་ལྡོག་པའི་བྱེད་ཚུལ་ཚད་ལས་བརྒལ་པ་ཞིག་ལ་བོད་གཞུང་ལ་སྐྱོན་བརྗོད་བྱེད་རྒྱུ་དང་གཞུང་དམངས་བར་ཀྱི་འགལ་ཟླ་བཟོ་ཅི་ཐུབ་་་་་་་་་འཆོ་ཁར་དང་ཆོས་ལུགས་བར་ཀྱི་དབྱིན་དཀྲུག་གི་གཏམ་བཤད་བྱེད་རྒྱུ་སོགས་རེད་་་་་འདི་རྒྱ་ནག་སྲིད་གཞུང་གི་བྱེད་ཚུལ་མི་འདྲ་བ་ཅི་འདུག་་་་་་་་་་ང་ཉིན་གཅིག་སྡ་ཤོག་འགྲོ་དུས་མི་འདི་ལམ་བར་གམ་པ་རྒྱབ་ཏེ་འགྲོ་བཞིན་འདུག་པས་ང་གཉིས་ཐེངས་དང་པོ་ཐུག་སོང་དེ་དུས་ངས་ཨམ་སྐད་ཐོག་ནས་སྐད་ཆ་བཤད་དུས་་ཁོའི་དགའ་པོ་བྱེད་ཀྱི་འདུག་་ང་གཉིས་ལམ་བར་གཏམ་བཤད་རེ་གཉིས་བྱེད་ཡོད་དེ་སྤོ་རྒན་དེའི་ཨམ་སྐད་ལས་ཤེས་གྱི་མི་འདུག་ད་དུང་ཁོའི་ང་སྤྱི་མཐུས་ཡིན་ཟེར་་་དངོས་གནས་ཡིན་ང་རང་ཨ་མདོ་བ་ལ་མི་དགའ་དགོས་དོན་གང་ཡང་མེད་་་་་་་ལྷག་དོན་ཨ་མདོ་བའི་མི་མང་པོ་བོད་གཞུང་ལ་དགའ་པོ་བྱེད་མཁན་ཀྱང་རེད་་་་་་་ང་རང་སྒེར་ལ་མཚོན་ན་དེ་སྔོན་བོད་ལ་སློབ་གྲ་སྡོད་དུས་ཀྱི་འཛིན་གྲོགས་དང་གཞན་ལམ་རོགས་སོགས་གྲོགས་པོ་མང་པོ་ཡོད་་་་ཁོ་འཚོའི་ནམ་ཡང་འདི་འདྲ་བྱེད་སྲིད་གྱི་མ་རེད་་་་་་་་་་་་་་་་་སྐབས་བབ་གྱི་གནས་སྟངས་འདི་མདོེར་བསྡུས་ནས་བཤད་ན་གྲོས་འཆར་མདོན་མཁན་གྱི་ནོར་བ་རེད་ཏེ་་་་་་་་་་་་ཕར་ཚུལ་གཉིས་ཀའི་མཁྲིགས་འཛིན་གྱི་བསམ་བློའི་ནང་དགྲ་ཁོན་འཛིན་གྱི་བསམ་བློ་ངན་པ་དེ་ལ་ཚོགས་གཙོ་མཆོག་གི་ནུས་པས་མ་འདང་བ་དང་སྟངས་འཛིན་བྱེད་མ་ཐུབ་ཞིག་ཡིན་པ་གསལ་པོ་རེད་་་་་་་་་་་་་་་མ་གཞི་གནས་ཚུལ་འདི་ད་ལོ་བྱུང་བ་སྔར་མ་གྲགས་པ་ཕྱིས་མ་གྲགས་པར་ཡག་པོ་རེད་་་་་་་་ད་ལྟའི་དུས་ལ་གནས་ཚུལ་ཆུང་ཆུང་འདིར་༧རྒྱལ་བ་དོན་གྱི་བདག་པོ་དང་འགྲན་ཟླ་མེད་པའི་མཁས་དབང་ཟམ་དགོང་རིན་པོ་ཆེ་རྣམ་གཉིས་གི་གསུངས་བཤད་ཚིག་གཅིག་རེད་ལ་་་་ཨ་མདོའི་སྤོ་རྒན་བསྟན་འཛིན་མགོན་པོ་སོགས་ཀྱི་དུས་བབ་ཚང་དང་ལག་འབྲེལ་གྱི་རྒྱ་བཤད་ལྟོང་བཤད་ཇི་རྩམ་བྱེད་ན་ཡང་བོད་རིགས་མི་མང་ནི་མི་འགྱུར་རྡོ་རྗའི་བྲག་ལྟར་བརྟན་པོ་རེད་་་་་རབ་བྱུང་ན་བོད་རིགས་སུ་ཞིག་གི་གནས་ཚུལ་འདི་ལ་འཆོལ་བཤད་མ་གནང་བའི་རེ་ཡོད་ལ་་་་་་་་་་དུས་བབ་ཚང་གི་ཀྱང་གནས་ཚུལ་འདིའི་རིགས་གཏམ་བཟང་ཞིག་ལ་ངོས་འཛིན་མི་གནང་བ་ཞུ་་
འདི་ལ་ཆོས་རྒྱུད་སྤྱི་མཐུས་མི་ཟེར་བར་དགོན་པའི་སྤྱི་མཐུས་ཞེས་འབོད་འོས་་
གང་ལྟར་ཡང་དམངས་གཙོའི་ལམ་སྲོལ་དང་མི་མཐུན་པ་བདེན་པ་རེད
ལྷ་ལུང་དཔལ་རྡོས་མདའ་བཞུས་དེས༎
སངས་རྒྱས་ཀྱི་བསྟན་པ་སྤེལ་བ་ལས༎
བསྟན་པ་ཉམས་པའི་ལོ་རྒྱུས་དེ༎་
དེ་རིང་གོ་བ་དང་པོ་ཡིན།
དགེ་སྡིག་བླང་དོར་མི་ཤེས་པས༎
སྡིག་པ་བསགས་པ་ཤེས་པ་མཚར༎
ད་ནི་ང་ཡང་འགྲོ་རྒྱུ་ཡིན༎
ཐུགས་རྒྱུད་ལྷོད་པ་གྲྭ་པའི་གཤིས༎
སྐྱ་བོ་ཉམ་ཆུང་དག་ལ་ནི༎
སྙིང་རྗེའི་རྒྱུ་ལས་གཞན་དུ་ཅི༎
ཨོ་ཙི་སྐུ་ཞོགས། ད་ཁྱིམ་པ་ལས་སྡུག་པའི་བཀའ་མོལ་དེ་ཚོ་ཐོན་ཡོང་གི་འདུག མཚམས་བཞག་གི་ཡིན་ཏ། སྐུ་ཉིད་སྡིག་ལ་མ་འཛེམས་ནའང་ང་དོན་མེད་དུ་སྡིག་ལས་བྱེད་འདོད་མི་འདུག ཐུགས་ལྷོད་ལྷོད་བྱས་བཞུགས་ཨ། ལྷ་ལུང་དཔལ་རྡོར་འདྲ་བོ་གྲྭ་ཆས་གྱོན་བཞིན་མདའ་གཞུ་མ་བསྣམས་ལཱ། ཐུགས་རྗེས་གཟིགས། སངས་རྒྱས་ཀྱི་བསྟན་པ་འདི་འདྲ་སེ་ཉམས་ཀྱི་རེད་དཱ།
ཆོས་ཀྱིས་སྲིད་ལ་གནོད་པ་དང་ཆོས་མེད་སྲིད་རྐྱང་ཁོ་ནས་ང་ཚོའི་རྒྱལ་ཁབ་འདི་སྐྱོང་ཐུབ་པའི་གདེང་ཚོད་དང་
ར་སྤྲོད་རྒྱུ་མཚན་ལྡན་པ་ཡོད་ཚེ་ངེས་པར་དུ་ལས་འགུལ་སྤེལ་དགོས་པ་ལ་ད་ལྟ་བར་དུ་ལས་འགུལ་སྣ་གཅིག་སྤེལ་མྱོང་མེད་པ་ཅི་ཡིན་ནམ།
ད་ལྟ་སེར་མོ་བ་ཚོར་ཁྱོད་ཚོས་སྡང་པོ་མ་བྱས་ནའང་རྒྱ་མིས་བྱེད་བཞིན་པ་འདིས་འགྲིག་གི
ཡང་ན་ཁྱོད་ཚོར་སྒོར་མོ་འདྲ་རག་གི་ཡོད་ན་གང་ཤེས།
ད་སྐུ་ཉིད་གྲྭ་པ་ཞིག་ཡིན་པ་ཧ་གོ་སོང་། བཀའ་མོལ་འདི་འདྲ་གནང་ན་སྙིང་པོ་འདུག་གས། ཁྱེད་རང་གི་གསུང་སྟངས་དེ་ཕར་ཞུས་ན། གྲྭ་པ་ཚོས་ཆོས་ཀྱི་ཐད་ནས་འགན་ཞེ་བོ་ཞིག་བསྣམས་ནས་བྱས་རྗེས་བཞག་ཡོད་ཟེར་བ་དེ་ཡང་། རང་ཉིད་ལ་དཀའ་ངལ་འཕྲད། སྤྱིར་འཁོར་བ་དང་བྱེ་བྲག་དམྱལ་བའི་སྡུག་བསྔལ་ལ་སྐྲག་ཐག་ཆོད་ནས་ཆོས་བྱས་པ་རེད་མ་གཏོགས་ང་ཚོས་ཁྱེད་རང་ཚོ་གྲྭ་པ་བྱེད་རོགས་ཟེར་རྒྱུ་མ་བྱུང་། དེར་བརྟེན་ཆོས་བྱས་ཏེ་བྱས་རྗེས་བཞག་ཡོད་ནའང་སུ་གཅིག་ལ་བྱས་ཡུས་བཤད་ས་མེད། བཤད་པ་ཡིན་ནའང་ཆོས་དང་འགལ་བ་རེད། ངོ་སོར་མི་འགྲོ་ཟེར་ན་འཐད་ལྡན་ཨེ་རེད། དེ་ནས་མི་རིགས་ཀྱི་གྲངས་ཀ་ཉུང་དུ་སོང་བ་དང་། ངལ་རྩོལ་མི་བྱེད་པས་དཔལ་འབྱོར་ཉམས་པ། ཆོས་སྲིད་རྟ་གཡག་མགོ་སྦྲེལ་བྱས་པས་སྲིད་ཉམས་པ་འདི་ཚོའི་ནག་ཉེས་ཀྱང་བགྲང་ས་ཞིག་མི་འདུག་གམ།
དགེ་འདུན་པའི་ཇི་སྲིད་ཉམས་དོགས་ཀྱི་ཐུགས་ངལ་མེད་ན་སྤྱི་འཐུས་ཀྱི་ཞབས་སྟེགས་བློས་གཏོང་མི་ཐུབ་པ་ག་རེ་འདུག དགེ་འདུན་པའི་འཇོན་ཐང་ལས་ལྷག་པ་མེས་དབོན་རྣམ་གསུམ་བྱོན་ཟིན། ད་དུང་ཡང་མང་བསྡད་པ་ཁྱེད་རང་ལས་ཀ་བྱ་ཡུལ་དེ་ཚོར་གྲངས་ཀ་ཞིག་རྒྱོབས། འོན་ཀྱང་མཁྲེགས་འཛིན་ཅན་ཚོས་ལམ་ལུགས་ལ་སྒྱུར་བ་གཏོང་འདོད་མེད་པ་འདིས་མང་པོ་ཡར་སླེབས་ཐུབ་ཀི་མེད་པ་རེད།
ཆོས་བྱེད་ཚོར་འཚོ་བ་སྐྱ་བོས་ཕུལ་བ་དེ་སོ་སོར་དཀའ་ངལ་ཞིག་འཕྲད་པའམ་
གང་ལྟར་སོ་སོར་ཕན་ཕའི་ཕྱིར་ཕུལ་བ་ལས་སུ་ཞིག་གིས་བཙན་དབང་བྱས་མེད། དེས་ན་ཆོས་བྱེད་རྣམ་པར་འཚོ་བ་མི་སྐྱས་སྦྱར་བ་དེ་་སུ་ལའང་ཡུན་མི་འགྲོ།
ཁྱེད་ཀྱིས་བཤད་པ་ལྟར་ཆོས་དད་རང་དབང་ཡིན་པས་རང་གིས་དགའ་མོས་ཀྱིས་ཡུལ་དམ་པར་འཚོ་བ་སྦྱར་སུ་ལ་ཡང་ངོ་སོ་མི་འགྲོ།
གང་ལྟར་བོད་པའི་སྤྱི་ཚོགས་འདི་ནམ་གནས་ཀྱི་བར་དགེ་འདུན་པའི་གཟི་བརྗིད་ཉམ་མི་སྲིད་ལ་དགེ་འདུན་པའི་འཇོན་ཐང་ལས་ལྷག་པ་ཞིག་ཡོད་ན་
ཕྱི་མ་དྲག་ན་སྔ་མེད་པས་མདུན་དུ་ཕེབས་རྒྱུར་སྒུག་ཡོད།
བསྟན་པ་ཡར་འཕེལ་ལགས། དགེ་འདུན་པ་དེ་དག་ཆོས་བྱེད་རིང་འཚོ་བའི་མཐུན་རྐྱེན་འབུལ་མཁན་མི་སྐྱ་རྣམས་རེད། དེ་བཞིན་སྐུ་ཉིད་ཀྱིས་༼གནའ་ནས་ད་བར་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་གྱི་བརྒྱ་ཆའི་དགུ་བཅུ་སེར་མོ་བ་ཡིན་པ་ལོ་རྒྱུས་དེབ་ཐེར་དག་དཔང་པོར་བཞུགསཡོད།༽ཟེར་བའང་བདེན་དཀའ།
ཁྲི་སྲོང་ཡན་ལ་བོད་དུ་རབ་བྱུང་གི་སྡེ་མེད། ཁྲི་སྲོང་ཡན་གྱི་ལོ་སྟོང་ཚོ་ཁ་ཤས་རིང་ཆབ་སྲིད་མི་སྐྱས་བསྐྱངས་པ་རེད། ཁྲི་སྲོང་ནས་ས་སྐྱའི་བར་དུའང་དགེ་འདུན་པ་སྲིད་ནང་ཞུགས་པ་ཉུང་། ས་སྐྱའི་སྐབས་ཁ་ཤས་བྱུང་བ་རེད། དེ་ནས་རིན་སྤུངས་པ་དང་གཙང་པ་སྡེ་པའི་སྐབས་དགེ་འདུན་པ་སྲིད་ནང་ཞུགས་པ་ཉུང་། མེད་པ་མ་རེད། དགའ་ལྡན་ཕོ་བྲང་སྐབས་གང་ཙམ་བྱུང་ཡོད་རེད་དེ་བརྒྱ་ཆ་ལ་ཕབ་ན་དགུ་བཅུ་བཞག་ནས་ལྔ་བཅུ་ཡང་ལོང་གི་མ་རེད།
དེ་ནས་མང་གཙོའི་རིང་ལུགས་གླེང་དུས། འདྲ་མཉམ་དང་རང་དབང་འདི་ཚོ་གལ་ཆེན་པོ་རེད། དེ་ལ་ཡུལ་ལུང་གི་དབྱེ་བ་མེད། ཁ་ཤས་ལ་འོས་ཤོག་གཉིས་ཡོད་པ་དང་ཁ་ཤས་ལ་གཅིག་ལས་མེད་དུས་འདྲ་མཉམ་མ་བྱུང་བ་རེད། ཁ་གཏད་ཚོགས་པའི་ལམ་ལུགས་མེད་དུས་རང་དབང་ཡང་ཚད་ངེས་ཅན་ཞིག་མེད་པ་རེད།
ཁང་གསར་རྡོ་རྗེ་ལགས། ང་ཚོར་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་སྒྲུབ་བྱེད་རྒྱ་གར་དང་ཐེ་ལེན་ཌ་དྲངས་པ་རྒྱུམཚན་མི་འགྲོ།
དེ་ལྟར་ན་རྒྱལ་ཁབ་དེ་ཚོར་ཡོད་པའི་ལམ་སྲོལ་མང་ཆེ་བ་ང་ཚོ་བོད་ལ་མེད་པས་དེ་ཚོ་ཡང་ང་ཚོར་མི་དགོས་པའི་རྒྱུ་མཚན་མེད།
ལར་ནས་མང་གཙོ་ཟེར་བ་དེ་འཛམ་བུ་གླིང་འདིར་སྒོ་ཐམས་ཅད་ནས་མཚུངས་པ་གཅིག་ཀྱང་མེད་པས་ང་ཚོ་བོད་པའི་མང་གཙོ་ཡང་
ངེས་པར་དུ་སྒོ་ཐམས་ཅད་ནས་རྒྱལ་ཁབ་ཅིག་ལ་ལད་ཟློས་བྱ་དགོས་དོན་ཡང་དེ་བས་མེད།
དྲྭ་གྲོགས་རྭ་ལོ་ལགས། ང་ཚོ་བོད་ཀྱི་དགེ་འདུན་པ་ཚོར་ད་ལྟའི་བར་དུ་ཐོབ་ཐང་དམིགས་བསལ་སུ་ཞིག་གིས་སྤྲད་མེད་ལ གལ་སྲིད་ཐོབ་ཐང་དམིགས་བསལ་རེ་ཡོད་ཚེ་དེ་ནི་དགེ་འདུན་པ་ཚོར་སྤྲད་ན་འོས་བབ་མེད་པ་གང་ཡངམ་རེད། གང་ཡིན་ཟེར་ན་བོད་མི་རིགས་ཀྱི་སྲོག་རྩ་ལྟ་བུའི་ཆོས་དང་རིག་གཞུང་བཟང་པོ་དེང་སང་འཛམ་བུ་གླིང་དུ་ངོམས་ཆོག་པ་འདི་ད་ལྟའི་བར་མི་ཉམ་བརྒྱུད་འཛིན་གནང་མཁན་དེ་དགེ་འདུན་པ་ཚོ་ཡིན།
འོ་ན་ཆོས་ཕྱོགས་ནས་དགེ་འདུན་པ་ཚོར་བྱས་རྗེས་རེ་ཡོད་ཀྱང་སྲིད་ཕྱོགསཀྱི་ལས་དོན་ཁྲོད་ཅི་ཞིག་ཡོད་དམ་སྙམ་ན་བཤད་པར་བྱ་སྟེ།
གནའ་ནས་ད་བར་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་གྱི་བརྒྱ་ཆའི་དགུ་བཅུ་སེར་མོ་བ་ཡིན་པ་ལོ་རྒྱུས་དེབ་ཐེར་དག་དཔང་པོར་བཞུགསཡོད།
དེང་སང་བོད་པའི་ཆབ་སྲིད་ཀི་འགན་འཁུར་མཁན་ཡང་བརྒྱ་ཆའི་དགུ་བཅུ་སེར་མོ་བ་ཡིན་པ་ང་ཚོས་བཤད་མི་དགོས་པར་རྒྱ་གཞུང་གིས་བོད་མི་སྐྱ་སེར་གཉིས་ལ་ལྟ་སྟངས་ཀྱི་ཁྱད་པར་འདི་གཅིག་པུས་ཀྱང་
གོ་བརྡ་འཕྲོད་ངེས་ཡིན། དཔེར་ན་ས་བྱི་ལོའི་ཞི་རྒོལ་སྐབས་ཀྱི་དགེ་འདུན་པ་ཚོར་སྨོས་མེད་ཐོག དེ་རིང་གི་ལྷ་ས་ལྟ་བུར་མཚོན་ན་བོད་པའི་དགེ་འདུན་པ་གཅིག་ཀྱང་ཕྱི་ལོག་ཏུ་མཐོང་རྒྱུ་མི་འདུག་ཟེར་བ་ལས་སྐྱ་བོ་གཅིག་ཀྱང་མཐོང་རྒྱུ་མི་འདུག་མི་ཟེར་གི།
འདིས་ཅི་ཞིག་མཚོན་གྱི་འདུག་གམ།
བསྟན་པ་ཡར་འཕེལ་ལགས། ཆོས་རྒྱུད་སྤྱི་འཐུས་མེད་པ་བཟོ་བར་ངེས་པར་ཆོས་ལུགས་ཁག་རྩ་མེད་བཟོ་དགོས་པའི་རྒྱུ་མཚན་མ་མཐོང་། བཤད་སྟངས་འདི་ནི་གནས་ཚུལ་ཚབས་ཆེན་དང་འགན་ལྗིད་པོ་ཞིག་བཟོས་ཏེ་གཞན་ཁ་འགོག་པ་ཙམ་རེད། ཁྱེད་རང་དགོངས་པ་བཞེས་དང་། ཆོས་དད་ཀྱི་ཆ་ནས་བཤད་ན་རྒྱ་གར་འདི་ང་རང་ཚོ་ལས་ཆོས་དད་ཆེ་བ་མེད་ནའང་ཆུང་བ་མེད། འོན་ཀྱང་ཆོས་ལུགས་སྤྱི་འཐུས་ཟེར་བ་མེད། ཆོས་ལུགས་ཡོད་རེད། དེ་ནས་ཐའེ་ལན་ཌི་ལ་གཅིག་གཟིགས་དང་། ཆོས་ཡོད་རེད། ཆོས་ལུགས་སྤྱི་འཐུས་ཟེར་བ་མེད།
ལར་ནས་དེང་སྐབས་ང་ཚོར་ཆོས་སྡེ་ཁག་གི་ཚབ་མཚོན་ལས་ཁུངས་སུ་ཆོས་རིག་ལས་ཁུངས་ཡོད་པའི་ཐོག་ཏུ། ཆེས་མཐོའི་ཆོས་དོན་ལྷན་ཚོགས་ཞེས་ཆོས་རྒྱུད་ཁག་གི་བླ་ཆེན་ནམ་དེ་དག་གི་སྐུ་ཚབ་ཡོད་པའི་སྒྲིག་འཛུགས་ཤིག་ཀྱང་འཛུགས་གཏན་འཁེལ་བའི་ཁྲིམས་ཡིག་གཏན་འབེབས་བྱས་ཟིན་དུས། དེ་ལས་ལྷག་པའི་ཆོས་རྒྱད་སྤྱི་འཐུས་དགོས་དོན་འདུག་གམ།
ཆོས་རྒྱུད་སྤྱི་འཐུས་ཡོད་པ་འདིར་ཕན་ཆ་ཆེན་པོ་ཡོད་ན་འགྲིག་པ་རེད། ཕན་ཆ་འདི་ཡིན་ཞེས་པ་ཞིག་མེད་པར་གནོད་སྐྱོན་མང་པོ་འདུག
༡། ཆོས་རྒྱུད་ཁག་གི་དབར་ལ་འདིས་འགྲན་རྩོད་དང་མི་མཐུན་པ་བཟོ་བ།
༢། མང་གཙོའི་ལམ་སྲོལ་དང་འགལ་བ།༼མི་གཅིག་ལ་འོས་གཉིས་ཡོད་པ་བཟོ་བ།༽
༣། ཆོས་ཀྱང་ཡག་པོ་ཞིག་མི་ཡོང་། སྲིད་ཀྱང་ཡག་པོ་ཞིག་མི་ཡོང་བ།
༥། ཆོལ་ཁ་དང་ཆོས་རྒྱུད་ཀྱི་ཕྱོགས་ཞེན་བསྐྲུན་པ།
༦། ཆོས་སྡེ་ཁག་གི་ནང་ཆོལ་ཁའི་སྲིད་དོན་གྱི་སླད་སྐྱོན་ཞུགས་པ་སོགས་རེད།
བསྟན་པ་ཡར་འཕེལ་དང་གསེར་རྟ་ཆོས་དབྱིངས་གཉིས་ཀྱིས་ཤོད་རོགས།
དགེ་འདུན་པ་ཚོ་བོད་ཀྱི་མི་སེར་ཡིན་པ་གཅིག་མཚུངས་རེད། ཆོལ་ཁ་གསུམ་གྱི་ཁོངས་སུ་གཏོགས་པ་གཅིག་མཚུངས་རེད། དགེ་འདུན་པ་ཚོར་བོད་ཀྱི་མི་སེར་སྤྱི་ལས་ལྷག་པའི་འགན་ཁུར་ག་རེ་ཡོད། འགན་དེ་ལ་དཔག་པའི་ཐོབ་ཐང་ཐོལ་བ་ཡོད་པ་རེད་དམ། དགེ་འདུན་པ་ཚོར་ཆབ་སྲིད་ཀྱི་ལས་དོན་ཁྲོད་ཐོབ་ཐང་ཐོལ་བ་ཞིག་དགོས་པ་མི་འདུག་སྙམ།
གཤམ་དུ་ཁོང་ཚོར་བོད་མི་ས་ཡ་དྲུག་གི་ཕན་ནས་དམིགས་བསལ་ཞིག་སྟེར་དགོས་པའི་རྒྱུ་མཚན་བགྲངས་རོགས།
ཆོས་ལུགས་སྤྱི་འཐུས་ཀྱི་ནང་དུ་མི་སྐྱ་ལངས་ན་ཡག་པོ་མི་འདུག ཁོང་ཚོས་ཆོས་ལུགས་
ཀྱི་གནད་དོན་གང་ཡང་ཤེས་ཀྱི་མེད་པ་དང་ཆོས་བརྒྱུད་དང་འབྲེལ་བའི་ལས་ཀ་
གནད་ཆེན་དེ་ཚོ་ཡག་པོ་ཞིག་སྒྲུབ་ཐུབ་ཀྱི་མེད་པ་རེད།
སྐུ་ཞབས་བསྟན་པ་ཡར་འཕེལ་གྱིས་གསུངས་པ་ལ་རྒྱུ་མཚན་འདུག་བོད་ཀྱི་སྤྱི་
ཚོགས་ཆུང་ཆུང་འདི་ཆོས་ལུགས་ལས་གྲུབ་པ་ཞིག་ཡིན་པར་བརྟེན་ཆོས་བརྒྱུན་
སྤྱི་འཐུས་ཡོད་ན་དགེ་མཚན་ཆེ། ཆོས་ལུགས་སྤྱི་འཐུས་ཟེར་བ་དེ་གྲྭ་བཙུན་
རྐྱང་བའི་ངོ་ཚབ་མ་ཡིན་པར་བོད་ཁྱོན་ཡོང་གི་ཆོས་བརྒྱུན་ཁག་གི་སྐུ་ཚབ་ཡིན།
ཆོས་ལུགས་སྤྱི་འཐུས་ཀྱི་ལས་འགན་ནི་ཆོས་སྲིད་གཉིས་ཀྱི་ཐད་ནས་བོད་ལ་ཕན་
ཐོག་ཡོད་པའི་འགན་འཁུར་གནད་ཡོད་འཐུས་མི་ཞིག་རེད།
འདི་ནི་མ་འོངས་པར་༸་གོང་ས་མ་གཞུགས་པའི་ཉིན་མོ་ཞིག་ལ་ཆོས་ལུགས་ནང་ཁུལ་
ལ་རྩོད་རྙོག་མི་ཡོང་བའི་ཐབས་ལམ་ཡག་ཤོས་དེ་རེད། སྤྱི་ཚོགས་གང་ཡིན་ཀྱང་རང་
རང་གི་འཁོར་ཡུག་དང་བསྟུན་ཏེ་འགྲོ་དགོས་པ་མ་གཏོགས་གཅིག་ཚང་ལ་མེད་ན་
གཅིག་ཚང་ལ་མེད་དགོས་པའི་རྒྱུ་མཚན་མེད། གལ་ཏེ་གྲྭ་བཙུན་ཚོར་འོས་ཤོག་
བླུགས་རྒྱུའི་ཐོབ་ཐང་གི་ཆ་ནས་བསམ་ན་ཆོས་ལུགས་འོས་ཤོག་ལས་ཆོལ་ཁའི་འོས་
བླུགས་པའི་ཐོབ་ཐང་མེད་པ་བཟོས་ན་ཡང་མི་ཆོག་པ་མེད།
ང་ཚོས་ནམ་རྒྱུན་བོད་ཀྱི་ཆོས་དང་རིག་གཞུང་ཞེས་ཡང་ཡང་ཁ་ནས་གླེང་གི་ཡོད་
པའི་ཆོས་ལུགས་འདི་ལ་གྲོས་ཚོགས་ནང་དུ་ངོ་ཚབ་མཚོན་པའི་འཐུས་མི་ཡོད་ན་བཟང་
བ་ལས་སྐྱོན་གང་ཡང་མ་མཐོང་།
ཆོས་ལུགས་འཐུས་མི་གཅིག་གི་ལས་སྟངས་སྣང་བར་མ་སོང་བས་ཆོས་ལུགས་སྤྱི་འཐུས་
མི་དགོས་ཟེར་བ་དེ་དཔེར་ན། ང་ཨ་ཕས་ཐེངས་གཅིག་བྱ་བ་ཞིག་ནོར་ནས་ད་ཕན་
ཆད་ངས་ཨ་ཕ་གཡུག་གི་ཟེར་བ་འདྲ་བོ་ཞིག་རེད།
བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ནས་དབུ་བརྩམས་ཏེ་དྲྭ་གྲོགས་མི་ཉུང་བ་ཞིག་གིས་ཆོས་ལུགས་སྤྱི་འཐུས་ཀྱི་སྡིག་ཉེས་དང་མ་འོངས་པར་ཆོས་ལུགས་སྤྱི་འཐུས་མི་དགོས་པའི་དགོངས་འཆར་མང་པོ་ཞིག་གསུངས་འདུག་པ་ནི་ཤིང་སྡོང་གི་རྩ་བ་མ་བཏུབ་པར་རྩེ་མོ་སྐེམ་པའི་རེ་བ་བཅང་བ་ལྟ་བུ་མཐོང་། ཆོས་ལུགས་སྤྱི་འཐུས་ནི་ཆོས་ལུགས་སོ་སོས་འོས་འདེབས་བྱས་པ་ཞིག་ཡིན་དུས་གལ་སྲིད་ཆོས་ལུགས་སྤྱི་འཐུས་མེད་པར་བཟོ་དགོས་ན་ད་ལྟའི་བོད་ཀྱི་ཆོས་བརྒྱུད་ཆོས་ལུགས་དང་བཅས་པ་ཚང་མ་མེད་པར་བཟོས་དང་། ཉི་མ་དེ་ནས་ཆོས་ལུགས་ཀྱི་སྤྱི་འཐུས་རང་བཞིན་གྱིས་མེད་པ་འགྲོ་རྒྱུར་གདོན་མི་ཟ་ལ་། ཉི་མ་དེ་ནས་ཁྱེད་ཚོས་བསམ་དོན་ཡོད་ཚད་འགྲུབ་རྒྱུའང་གདོན་མི་ཟ། དེ་བས་ཆོས་ལུགས་སྤྱི་འཐུས་ཕྱིར་འབུད་གཏོང་རྒྱུའི་ཐབས་ལམ་གཞན་པ་ནམ་ཡང་རྙེད་མི་སྲིད། འོན་ཀྱང་གནས་ཚུལ་ཁྱད་མཚར་བ་ཞིག་ལ། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་སྐབས་རེརད་ལྟའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྤྱི་འཐུས་ནང་ད་དུང་ཆོས་བརྒྱུད་སྤྱི་འཐུས་གསར་པ་དགོས་སྐོར་མང་དག་ཞིག་གླེང་བཞིན་ཡོད་ལ། སྐབས་རེ་ཆོས་བརྒྱུད་སྤྱི་འཐུས་ཀྱི་སྡིག་ཉེས་གླེང་སྟེ་རྩ་མེད་དགོས་ཚུལ་གྱི་སྐད་ཆ་མགོ་རྔ་མི་མཚུངས་པ་མང་པོ་ཞིག་སྤེལ་བཞིན་པ་འདི་དག་ལ་རྣོ་བསམ་རེ་གཏོང་ཚེ་བརྗོད་བྱས་སྟོང་པ་བྲག་ཆ་ལས་ཀྱང་ཡང་ཆ་ཟེར་བའི་དཔེར་སོང་བ་ལས་གང་ཡང་མི་འདུག
དེས་ན་ད་ལྟའི་གནད་དོན་འདི་ཉིད་མུ་མཐུད་གླེང་བསླངས་ཚེ། ཆོས་ལུགས་གཞན་གྱི་སྤྱི་འཐུས་གསར་སྣོན་ཡོང་བའི་ཐུགས་རེ་གནང་མཁན་ཚོའི་རེ་འབྲས་ཡང་ཆུད་གསན་པར་མི་འགྱུར་རམ།།
དམངས་གཙོའི་ལུགས་སྲོལ་ལྟར་ན། བོད་ལ་མ་གཏོགས་རང་གི་མི་སེར་གྱི་གཞི་རྩའི་ཐོབ་ཐང་ལྟར་མངའ་ཁུལ་ནས་སླེབས་པའི་སྤྱི་འཐུས་ཀྱི་ཕན་ནས་ཆོས་ལུགས་སམ་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཞེས་པ་ཞིག་ཡོད་རབས་མེད།
བོད་ལ་མ་གཏོགས་འོས་འཕེན་མཁན་གྱི་མི་སེར་ཁྲོད་འགའ་རེར་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཡོད་པ་ཞིག་མེད།
བོད་ལ་མི་འབོར་ས་ཡ་དྲུག་ཡོད། དེ་དག་གི་ངོ་ཚབ་མཚོན་པའི་སྤྱི་འཐུས་ ༣༠ ཡོད། དགོས་པའི་དབང་གིས་ཡུ་རོབ་དང་ཨ་རིའི་སྤྱི་འཐུས་ ༣ ཡོད།
བོད་མི་ཡ་ས་དྲུག་གི་ཁྲོད་ནས་མང་མཐར་དགེ་འདུན་པ་ཁྲི་གསུམ་ལྷག་ལས་མེད། དེ་ཚོའི་ངོ་ཚབ་མཚོན་མཁན་སྤྱི་འཐུས་ ༡༠ ཡོད།
འདི་དག་དོ་མཉམ་རེད་དམ།
དམིགས་བསལ་མང་པོ་སྤྲད་ན་དམངས་གཙོའི་གཞི་རྩའི་ལྟ་གྲུབ་དང་ལག་ལེན་གཉིས་ཀར་འགལ་འགྲོ་གི་རེད། དེ་དག་ལ་འགལ་སོང་ན་ཁྲིམས་མེད་ལུགས་མེད་ཀྱི་ལམ་ལ་འགྲོ་སླ་བོ་ཆགས་གི་རེད། ང་ཚོར་ལེགས་བཅོས་ཤིག་དགོས་པའི་རྒྱུ་མཚན་ཡང་ལྟ་གྲུབ་དང་ལག་ལེན་གཉིས་ཀའི་ཐོག་ནས་འགྲོ་ཐུབ་པ། འཇིག་རྟེན་མི་སྡེ་སྤྱི་ཚོགས་ཀྱི་འགྲོས་དང་མཉམ་པ་ཞིག་དགོས་པར་བཤད་པ་མ་གཏོགས། རྒྱུ་མཚན་ཅི་ཡང་མེད་པར་ཆོས་བརྒྱུད་སྤྱི་འཐུས་ལ་མ་དགའ་བ་ནི་མིན་ནོ།།
༸རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་པའི་སྐབས་སུ་ཆོས་ལུགས་སྤྱི་འཐུས་ཚོས་བོད་མི་མང་མཐུན་སྒྲིལ་ཡོང་བར་ཕན་ས་རེད་གནོད་ས་རེད། འདས་དང་ད་ལྟའི་གནས་ཚུལ་ལ་གཞིགས་ན་གནོད་ས་རེད་མ་གཏོགས་ཕན་ས་མ་རེད། དཔེར་ན།
༡། དོལ་རྒྱལ་གྱི་གནད་དོན་ཐད་འདི་ཚོས་ག་རེ་བྱས་སོང་།
༢། ཆུ་སྒང་གསར་རྙིང་གི་འགལ་ཟླ་ལངས་དུས་འདི་ཚོས་ག་རེ་འཇོན་སོང་།
༣། ཇོ་ནང་གི་དཀའ་ངལ་དེ་ལ་འདི་ཚོས་ག་རེ་ཐུབ་སོང་།
༤། སྤྲུལ་སྐུའི་ལམ་ལུགས་ཀྱི་ཁྲིམས་ཡིག་དེ་ལ་འདི་ཚོས་ག་རེ་བྱས་སོང་།
རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་སོགས་ཀྱིས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་བསྡོམས་རྒྱག་མ་ཐུབ་པ་ནི། ཚོགས་གཙོས་སྟངས་འཛིན་བྱེད་མ་ཐུབ་པས་ལན་པ་རེད་བརྗོད་ཀྱི་འདུག་པ་ནི་གནད་དོན་དེའི་བྱུང་རིམ་ལ་ཁྱོན་ནས་མ་གཟིགས་པའི་བཀའ་མོལ་རེད། ཚོགས་གཙོས་ངོས་ནས་ཐག་གཅོད་ཡོང་རེས་ཐེངས་གསུམ་གྲོས་ཚོགས་འཚོགས་ཀྱང་སྤྱི་འཐུས་ལོག་སྤྱོད་པ་ཚོས་ཚོགས་འདུར་མ་བཅར་བས་གྲུབ་ཆ་བ་ཚང་སྟབས་ཐག་གཅོད་མ་ཐུབ་པ་ལས་ཚོགས་གཙོས་སྟངས་འཛིན་མ་ཐུབ་པའི་གནད་དོན་རེད་མིན་འདུག སྟངས་འཛིན་བྱེད་ཡུལ་མེད་པར་སུ་ལ་སྟངས་འཛིན་བྱེད་དགོས་སམ།
གྲོས་ཚོགས་ནང་ཆོས་རྒྱུད་ཀྱི་སྤྱི་འཐུས་ཡོད་ན་དགེ་མཚན་རྩ་བ་ནས་མེད་པ་མ་ཡིན་ཡང་ཆོས་ཀྱི་སྙིང་པོ་གཞན་ཕན་གྱི་བསམ་བློ་དང་དྲང་ཚུགས་ཡེ་ནས་མེད་པར་ཕྱོགས་ཞེན་དང་ལྐོག་གཡོ་དངུལ་དངོས་རྗེས་འབྲངས་འདི་འདྲ་ཡིན་ན་མེད་པ་སྤུས་ཀ་གཙང་།
མ་འོངས་པར་སྤྱི་འཐུས་ཕྱི་རྒྱལ་ལ་གནས་སྤོ་བྱས་པའི་ལམ་གྲོན་གཏོང་ཕྱོགས་ཀྱི་གྲོས་འཆར་མང་གཙོའི་འགྲོ་ལུགས་དང་མཐུན་པར་འོས་བསྡུའི་ལམ་ནས་ཐག་གཅོད་བྱེད་པར་ཆེད་མངགས་འགོག་རྐྱེན་བཟོས་ཏེ་གྲོས་ཚོགས་ནས་ཕྱིར་ཐོན་པ་ནི་སྤྱི་འཐུས་ཀྱི་འོས་འགན་མ་ཁྱེར་བར་འདོད་ཕྱོགས་སྒྲུབ་པའི་ངན་སེམས་བཅང་ནས་ སྥྱི་ཚོགས་དང་བཙན་བྱོལ་གཞུང་གི་ལམ་སྲོལ་གཏོར་བརླག་བཏང་པ་ཞིག་རེད། ད་དུང་མུ་མཐུད་དེ་ལྟར་བྱེད་འཆར་འདུག་པ་ཀརྨ་ཆོས་འཕེལ་གྱིས་ཨེ་ཤ་ཡ་རླུང་འཕྲིན་གྱི་དྲིས་ལན་དུ་བརྗོད་ཀྱི་འདུག མི་འདི་ཚོར་བསམ་བློ་གཏོང་རྒྱུ་མེད་ན་རྒྱ་ཆེའི་མང་ཚོགས་ནས་ལས་འགུལ་ཞིག་མ་སྤེལ་ན་འགྲིག་ཐབས་མི་འདུག དེ་རྩིས་ཚང་མས་དགོངས་པ་བཞེས་རྒྱུ་གལ་ཆེར་མངོན།
གཞན་ཡུལ་ནས་རང་ས་ལག་འཐིལ་ཙམ་ཞིག་ཕྱིར་རང་ལག་དུ་ཡོང་རྒྱུར་གླེང་མོལ་བྱེད་རྒྱུ་མེད་པར་རྐུབ་སྟེགས་རྩོད་པ་བྱས་ནས་བསྡོད། རྒྱའི་འདོད་ཐོག་ལ་རྟ་རྒྱུགས་ཀྱི་ཡོད་པ་རེད། ཨ་ཤུ་རེ་གོ མི་གཅིག་གི་ཡོང་རྒྱུ་ཞིག་ཡིན་རྒྱུ་ན་་་་
མུ་མཐུད་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་བཤད་ཐུབ། དེ་མིན་ཆོས་བརྒྱུད་སོ་སོས་ཁས་མ་བླངས་ཚེ་གཞན་གྱིས་མི་དགོས་ཞེས་ཇི་ལྟར་བཤད་ཀྱང་རྙོག་དྲ་ཆེ་རོགས་ལས་མེད། ༸གོང་ས་མཆོག་གིས་མི་དགོས་པའི་བཀའ་ཕེབས་ན་གནས་ཚུལ་ཐ་དད་ཡིན། གཞན་ཁག་པོ་རེད།
ཆོས་བརྒྱུད་སྤྱི་འཐུས་དགོས་མིན་ནི་གཙོ་བོ་ཆོས་བརྒྱུད་སྤྱི་འཐུས་ཡོད་མེད་ཀྱིས་ཆོས་བརྒྱུད་སོ་སོར་ཕན་གནོད་ཅི་འབྲེལ་ལ་ཐུག་ཡོད་པས། ཆོས་བརྒྱུད་སྤྱི་འཐུས་ཡོད་ན་ཆོས་བརྒྱུད་སོ་སོར་ཕན་ཐོགས་ཅི་ཡོད། མེད་ན་གནོད་སྐྱོན་ཅི་ཡོད། དང་པོར་དེ་གསལ་པོ་ཤེས་ན་མུ་མཐུད་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་
རྣམ་པ་ཅི་གསུངས་ལ་ཉན་ཟིན་པ་ཡིན། རྗེས་ཕྱོགས་ཀྱང་ཞིབ་དུ་ཉན་ངེས་ཡིན།
དུས་བབ་ཚང་གི་གསར་འགོད་པ་ཞིག་ན་ཡིན་རེད་རྩམ་སྒྲིག་པ་སུ་ཞིག་ཡིན་ན་བསམ་བློ་ནང་ག་དུས་ཡིན་ན་ཕྱོགས་ཞིན་འགྲོ་མིན་ཐད་ཟབ་ཟབ་གནང་དགོས་པ་འདུག་་་་་་་་་་ཕྱོགས་ཞིན་གྱི་ལམ་ནས་ཁེ་ཕན་མེད་པ་ཆོས་ཕྱོགས་ཀྱི་སྐད་ཆ་རྩམ་མིན་་་སོསོའི་འདོད་པའི་འཆོ་ཁ་དང་ལུང་ཚན་དེའི་གྲངས་ཚད་ལ་གཟིགས་ན་ཕམ་ཉེས་ལས་མེད་པ་ཤེས་དགོས་་་་་ལ་བོད་སྤྱི་པ་ལ་ཡང་ཕམ་ཁ་རེད་་་་་་སངས་རྒྱས་བསྟན་པ་ལ་ཡང་དེའི་གནོད་གི་རེད་་་་
རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གི་གསུངས་པ་དངོས་གནས་རྒྱུ་མཚན་འདུག་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོའི་སྟངས་འཛིན་བྱེད་མ་ཐུབ་པར་ལན་པ་ཞིག་རེད་་་་་་་་་་་ད་དུང་ཚོགས་གཚོ་མཆོག་གནས་ཚུལ་དེ་དང་འབྲེལ་བ་ཡོད་པ་ཞིག་མ་ཡིན་ན་ཡག་པོ་རེད་་་
སྤྱི་གཏང་དུས་བབ་ཚང་གི་གསར་འགོད་པ་ལ་མིག་གཅིག་དང་རྣ་བ་གཅིག་ལས་མེད་པ་ཞིག་མིན་ན་་་་་་་་་་་་་་གཟིགས་དང་ཁོའི་དྲི་བ་ལ་
སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྡོམ་རྒྱག་མ་ཐུབ་པའི་སྐོར་ལ་དགོངས་ཚུལ་ཅི་ཡོད་དང་། སྤྱི་ཚོགས་ནང་ཆོས་བརྒྱུད་ཁག་ནས་ཕེབས་པའི་སྤྱི་འཐུས་རྣམས་དགོས་མཁོ་མི་འདུག མིང་ཆོས་བརྒྱུད་ཁག་གི་མིང་ཁྱེར་ནས་སླེབས་ཀྱང་ཕར་སླེབས་སྐབས་ཆོལ་ཁའི་དབང་དུ་ཕྱོགས་འགྲོ་གིན་ཡོད་པས། དེའི་ཐད་དུ་དགོངས་ཚུལ་ཅི་ཡོད་ཅེས་དྲིས་པར
ཨ་ཁ་་དེང་སང་འཐེན་འཁྱེར་གྱི་ནད་གཡང་ཞིག་ཁྱབ་འདུག་ཟེར་་དང་པོར་རྡ་སའི་གངས་ཅན་སྐྱེད་གཤོང་ནས་སྤྱི་མཐུས་འགའ་ཤས་ན་སྟེ་རིམ་པས་དུས་བབ་ཚང་ལ་བགོས་ནས་དོ་དམ་པ་ནས་བཟང་སྟེ་ཟིན་བྲིས་སྤེལ་མཁན་དང་ཀློག་པ་པོའི་བར་བཅས་ལའང་བགོས་ཟིན་འདུག མ་ཟད་ད་དུང་གཞིས་ཀྱི་དྲ་ཚིག་འགའ་རེ་ལཡང་ནད་དེ་ཕོག་འདུག་ཟེར། ཚང་མས་གཟབ་གནང་རོགས།
ཨ་ཁ་་དེང་སང་འཐེན་འཁྱེར་གྱི་ནད་གཡང་ཞིག་ཁྱབ་འདུག་ཟེར་་དང་པོར་རྡ་སའི་གངས་ན་སྐྱེད་གཤོང་ནས་སྤྱི་མཐུས་འགའ་ཤས་ན་སྟེ་རིམ་པས་དུས་བབ་ཚང་ལ་བགོས་ནས་དོ་དམ་པ་ནས་བཟང་སྟེ་ཟིན་བྲིས་སྤེལ་མཁན་དང་ཀློག་པ་པོའི་བར་བཅས་ལའང་བགོས་ཟིན་འདུག མ་ཟད་ད་དུང་གཞིས་ཀྱི་དྲ་ཚིག་འགའ་རེ་ལཡང་ནད་དེ་ཕོག་འདུག་ཟེར། ཚང་མས་གཟབ་གནང་རོགས།
ངས་ཟིན་བྲིས་པ་རྣམ་པ་ཚོར་གསལ་འདེབས་ཤིག་ཞུ་རྒྱུ་ཡོད།
ཆོས་བརྒྱུད་སྤྱི་འཐུས་མེད་སོང་ན་ད་ལྟ་ང་ཚོ་ལ་ཁྱད་གང་ཡང་ཡོད་མ་རེད། གང་ཡིན་ཟེར་ན་ད་ལྟ་༸གོང་ས་མཆོག་ཞལ་བཞུགས་བསྡད་ཡོད་རེད། ཡིན་ནའང་༸གོང་ས་མཆོག་ཞལ་མ་བཞུགས་པའི་ཉིན་མོ་ཞིག་ཤར་སྐབས་ཆོས་བརྒྱུད་སོ་སོ་ལ་གཞུང་གི་ལས་དོན་ཐོག་ཐེ་བྱུས་བྱེད་པའི་ལམ་ཚད་ལྡན་ཞིག་ཡོད་དགོས་པ་མ་འོངས་བོད་ཀྱི་ཆིག་སྒྲིལ་གྱི་གནད་དོན་དང་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་བསྡད་པ་ཞིག་རེད། དེར་བརྟེན་གནས་སྐབས་ཀྱི་འདོད་ཕྱོགས་ཙམ་ལ་མ་ཞེན་པར་བསམ་བློ་གཟབ་ནན་གཏོང་དགོས་པ་རེད།
ད་ལྟའི་ཆར་ལེགས་བཅོས་ཆེན་པོ་ཞིག་གནང་དགོས་ན་ཆོས་བརྒྱུད་སྤྱི་འཐུས་ཚོའི་ཡོང་སྟངས་དང་། གྲོས་ཚོགས་གོང་འོག་གི་ལམ་ལུགས་གཉིས་རེད། དེ་མ་གཏོགས་ཚོགས་པ་སྣ་མང་གི་ལམ་ལུགས་དེ་གནས་སྐབས་རིང་ལག་བསྟར་བྱ་དཀའ་བའི་ཚོད་རེད་སྙམ།
ངས་ནོར་མེད་ན། སྔོན་མ་ཀརྨ་ཆོས་འཕེལ་མང་གཙོ་ཚོགས་པའི་ཚོགས་གཙོ་ཡིན་དུས། ཆོས་རྒྱུད་ཀྱི་སྤྱི་འཐུས་ལ་ཧ་ལས་རྒྱུ་གང་ཡང་མེད། ཆོས་རྒྱུད་སོ་སོའི་བླ་མ་ལ་སྤྲེལ་ལད་བཤད་ན་སླེབས་ཐུབ་ཀྱི་རེད་ཅེས་བཤད་པར་བརྟེན། ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོ་ངར་ནས་ཀརྨ་ཆོས་འཕེལ་མང་གཙོ་ཚོགས་པས་ནས་དགོངས་པ་ཞུ་དགོས་ཆགས་ས་ཡོད། གསལ་པོ་མི་དྲན།
དོན་འདི་གཞན་གྱིས་གླེང་དཀའ་བ་རེད། ང་ཚོས་འདི་ལྟར་གླེང་རྒྱུ་རེད། འཇམ་དབྱངས་ནོར་བུས་ཟུར་ཙམ་ཞིག་གླེང་འདུག དེ་ཡང་གཙོ་བོ་འོས་ཤོག་གཉིས་ཕན་པའི་ཐོག་ནས་རེད།
ང་ལ་ད་དུང་བསམ་ཚུལ་ཉི་ཚེ་བ་ཞིག་ཡོད།
ཆོས་བརྒྱུད་སྤྱི་འཐུས་དགོས་མིན་སྐོར་གླེང་མཁན་ཞིག་ནི་བྱང་ཨ་རིའི་སྤྱི་འཐུས་ཟུར་པ་དབང་ཕྱུག་ཚེ་རིང་ལགས་རེད། ཁོང་གིས་གྲོས་ཚོགས་ནང་དུ་ཆོས་བརྒྱུད་སྤྱི་འཐུས་དགོས་པ་མི་འདུག་ཅེས་གླེང་བར་བརྟེན། སྐབས་དེར་ཆོས་བརྒྱུད་སྤྱི་འཐུས་ཚོས་གདན་ས་ཁག་གི་མཁན་པོ་དང་དགེ་བཤེས། བླ་སྤྲུལ། ཆོས་སྡེ་ཁག་ལ་བསྐུལ་སློང་བྱས་ཏེ། དབང་ཕྱུག་ཚེ་རིང་ལ་དད་ལོག་དང་། དམ་ཉམས། བོད་བསྟན་སྲིད་ཀྱི་འགོང་བོ་ཞིག་ལ་བསྒྱུར་ཏེ་ཕྱིར་ཡོང་ས་མེད་པ་ལྟ་བུ་ཞིག་བཟོས་པ་རེད། དེར་བརྟེན་དུས་དེ་ནས་བཟུང་བསྒྱུར་བཅོས་དེ་གྲོས་ཚོགས་ནང་ནས་སུས་ཀྱང་གླེང་མི་སྤོབས་པའི་ཤུགས་རྐྱེན་ངན་པ་ཞིག་བཞག་ཡོད་པ་རེད། ད་ནི་སུས་གནད་དོན་དེ་གླེང་གི་ཡིན་ནམ། ད་ལྟའི་གྲོས་ཚོགས་འཐུས་མི་ཚོའི་ནང་ན་གཅིག་ཀྱང་ཡོད་ཚོད་མེད་སྟབས་འདི་ལྟའི་བསྒྱུར་བཅོས་ཆེན་པོ་ཞིག་དགོས་ན་ལྷག་པར་དུ་༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་སུ་ཕེབས་རྒྱུ་གལ་ཆེན་པོ་ཆགས་ཡོད་པར་འདོད།
ལུང་རིགས་ལགས་ཀྱིས་གསུངས་པ་ལྟར་རེད། ད་གྲོས་ཚོགས་ཀྱི་གྲུབ་ཆ་དང་ལམ་ལུགས་ལ་སྒྱུར་བཅོས་མ་བཏང་ན་ཁག་པོ་རེད་འདུག ངས་ཤེས་རྟོགས་བྱུང་བར་གཞིགས་ན། ཆོལ་ཁ་རེ་ཟུང་གིས་ཆོས་ལུགས་སྤྱི་འཐུས་སུ་རང་ཁོངས་ཆོལ་ཁའི་མི་ཞིག་སླེབས་ཐབས་སུ་འབད་པ་ཆེན་པོ་ལོ་མང་པོའི་སྔོན་ནས་བྱས་འདུག འདི་མུར་སོང་ན་མ་འོངས་པར་བཙན་བྱོལ་སྤྱི་ཚོགས་ལ་ཉེན་ཁ་ཆེན་པོ་འཕྲད་ས་རེད།
དེ་བཞིན་ཆོས་ལུགས་སྤྱི་འཐུས་ཚོས་ན་ཚ་རྙིང་པ་མང་པོ་སེམས་ནང་ཉར་གྱི་འདུག དཔེར་ན། དགེ་ལུགས་སྤྱི་འཐུས་བེ་རི་འཇིགས་མེད་ཁོང་ཁམས་བེ་རི་རྒྱལ་པོའི་མི་རྒྱུད་ཡིན་ཁུལ་གྱིས། སྔོན་མ་དགའ་ལྡན་ཕོ་བྲང་གིས་སོག་དམག་དང་མཉམ་སྦྲེལ་གྱིས་བེ་རི་རྒྱལ་པོ་བཅོམ་པའི་ན་ཚ་ད་དུང་ཡང་གྲོས་ཚོགས་ནང་ཐེངས་ཁ་ཤས་གླེང་སོང་། སོག་པོའི་གྲྭ་རྒྱུན་ལ་དམིགས་བསལ་བྱེད་དགོས་མ་རེད་ཅེས་མང་པོ་བཤད་སོང་། ཐུག་ས་སོག་པོས་མེས་པོ་བཅོམ་ཙང་རེད་འདུག
དེ་ནས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་གཡུང་དྲུང་རྒྱལ་མཚན་གྱིས་ཁྲིམས་ཞིབ་ཁང་གི་ཐག་གཅོད་ནང་ནས་བོན་སྤྱི་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་ཁྲིམས་ཞིབ་པ་ཡིན་སྐབས་ཁྲིམས་ཐག་བཅད་པའི་ཁ་མཆུ་དེ་ཡང་ཡང་གླེང་གི་འདུག དེ་དམིགས་བསལ་གྱིས་གླེང་དོན་ཅི་རེད། ཁ་མཆུ་གཞན་དག་ག་རེ་བྱས་ནས་མ་གླེང་བ་རེད། ཐུག་ས་ཐག་གཅོད་མཁན་དེ་བོན་པོ་དང་ཁོང་གཉིས་ཀ་བཀའ་དྲིན་ཆེ་བ་ཞིག་ཡིན་ཙང་རེད་མ་གཏོགས་གཞན་པའི་རྒྱུ་མཚན་མེད། འདི་ལྟར་དཔྱད་ཀྱིན་སོང་ན། ད་ལྟའི་ཆོས་རྒྱུད་ཀྱི་སྤྱི་འཐུས་དེ་ཚོར་རེ་བ་ཅང་མི་འདུག
ལམ་ལུགས་ལ་བསྒྱུར་བཅོས་གཏོང་དགོས་འདུག འོན་ཀྱང་༸གོང་ས་མཆོག་གི་བཀའ་རྩ་མེད་ན་འདི་ཚོས་ཉན་གྱི་མ་རེད། ༸གོང་ས་མཆོག་གིས་དུས་ལས་མ་ཡོལ་བའི་གསར་བརྗེ་ཆེན་པོ་ཞིག་གནང་རྒྱུར་ཡིད་ཆེས་ཡོད།
ཁང་གསར་རྡོ་རྗེའི་དྲན་གསོ་གཉིས་དེར་དོན་སྙིང་ཆེན་པོ་འདུག་ག། ངས་སྲིད་དོན་རྒྱལ་རབས་བཀླགས་མྱོང་སྟེ། དེ་ཚོ་ད་ལྟའི་གནས་ཚུལ་ལ་སྦྱར་ཤེས་ཀྱི་མི་འདུག
དངོས་གནས་ད་ལྟའི་ཆོས་རྒྱུད་ཀྱི་སྤྱི་འཐུས་དེ་ཚོ་ཆོལ་ཁའི་སྤྱི་འཐུས་རང་ཆགས་ཚར་བ་འདྲ། དེ་འདྲ་ཡིན་ན་དེ་ཚོར་ཆོ་ག་རེ་འདུག
ཁང་གསར་ལགས་ཀྱིས་གསུངས་པ་ལྟར། འཐེན་འཁྱེར་གྱི་མཐའ་ལ་མི་ལྷུང་བའི་ཐབས་ཏེ། ཆོལ་ཁའི་ཕྱོགས་ཞེན་སྐབས་ཆོས་བརྒྱུད་སྤྱི་འཐུས་ཚོས་དྲང་ཚུགས་ཐུབ་དགོས་པ་དང་། ཆོས་བརྒྱུད་ཀྱི་ཕྱོགས་ཞེན་སྐབས་ཆོལ་ཁའི་སྤྱི་འཐུས་ཚོས་དྲང་ཚུགས་ཐུབ་དགོས་པ་ནི་བཟང་སྤྱོད་ཀྱི་ངོས་ནས་བཤད་ན་འགྲིག་མོད། དཀའ་རྙོག་ཅིག་ལ་ཐུག་དུས་ཡོང་ཁག་པ་ཙམ་དུ་མ་ཟད། ཐབས་ཡང་དག་ཅིག་ཀྱང་མ་རེད་སྙམ།
འདི་དག་བཟང་སྤྱོད་ཀྱི་ངོ་བོའི་སྟེང་ནས་ཁོ་ཚོས་སྲུང་མི་ཐུབ་པའི་ཉེན་ཁ་ཆེན་པོ་རེད། དེ་ལས་གནད་དོན་གང་ཡིན་ཡང་ཁྲིམས་སྒྲིག་གི་ངོ་བོར་འགྲེལ་བཤད་ཁ་གསལ་ཡོད་དགོས་པ་རེད། ཁྲིམས་སྒྲིག་ལ་བཀོད་མེད་པ་དང་བཀོད་ཡོད་ཀྱང་ཁ་མི་གསལ་བའི་སྐབས་སུ་རང་རང་གི་བསམ་ཚུལ་གྱི་སྟེང་ལ་ཤུགས་ཆེར་འགྲོ་བ་དང་། དེ་ལ་རྩོད་གླེང་བྱེད་སྐབས་ཕྱོགས་ཁག་གི་ངོ་བོར་ལངས་ནས་རྩོད་གི་རེད།
ད་སྐབས་དཀའ་ངལ་ཆེ་ཤོས་དེ་སྤྱི་འཐུས་རྒྱུན་ལས་ཀྱི་དཀའ་ངལ་རེད། ཆོལ་ཁ་སོ་སོར་མི་བཅུ་ལས་མེད་ལ། རྒྱུན་ལས་གཉིས་རེ་ཡོད། ཆོས་བརྒྱུད་ཁག་ལ་སྤྱི་འཐུས་བཅུ་ཡོད་ལ་རྒྱུན་ལས་ ༥ ཡོད། སྡོམ་ན། རྒྱུན་ལས་ཁོངས་སུ་ཆོལ་ཁའི་སྤྱི་འཐུས་ ༦ དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ ༥ ཡོད། མི་གཅིག་མ་གཏོགས་མང་ཉུང་མེད། དེར་བརྟེན་གྲོས་འཆར་འདི་དང་ཐོག་རྒྱུན་ལས་ནས་ཐག་གཅོད་སྐབས་དཀའ་ཙམ་བྱུང་འདུག
གྲོས་ཚོགས་ཀྱི་ལམ་ལུགས་ལེགས་བཅོས་བྱ་དགོས་ནའང་ད་ལྟའི་གྲོས་ཚོགས་ཀྱི་གྲུབ་ཆའི་ངོས་ནས་ཁྲིམས་བཟོའི་ལས་དོན་དེ་འཐུས་ཚང་ཞིག་ཡོང་ཐུབ་གི་མ་རེད། ཁྲིམས་ལུགས་གཏན་འབེབས་བྱ་དགོས་ན་སྤྱི་འཐུས་ངོ་བཅར་གྱི་རྩ་འབོར་དེའི་གསུམ་ཆ་གཉིས་ཚང་དགོས་ན་ད་ལྟའི་གྲུབ་ཆ་འདིའི་སྟེང་ནས་བཤད་ན་ཁག་པོ་ཆགས་འདུག དེར་བརྟེན་འགྱུར་བཅོས་ཆེན་པོ་ཞིག་དགོས་ན་༧གོང་ས་མཆོག་གི་བཀའ་རྩ་མ་བསླེབ་བར་དུ་བཅོས་ཐབས་མེད་པ་ལྟ་བུ་རེད།
འདིའི་ཕུགས་ཀྱི་འགྲན་རྩོད་གཞན་ཞིག་ནི། མ་འོངས་པར་ཆོས་བརྒྱུད་སྤྱི་འཐུས་ཚོ་འདེམ་སྐབས་གདན་ས་ཁག་དང་དགོན་མ་ལག་ཁག་ནས་ཆོས་བརྒྱུད་ཡིན་པ་གང་ཞིག་ལ་རང་རང་གི་ཆོལ་ཁོངས་ཀྱི་དགེ་འདུན་པ་རེ་སྤྱི་འཐུས་སུ་བསླེབ་ཐབས་ལ་འབད་གི་རེད། འདི་ནི་ཇེ་རྩོག་ལ་ཕྱིན་པ་རེད་སྙམ།
བོད་སྤྱིའི་རྩ་དོན་དང་བསོད་སྟོབས་རལ་བ་ཅན་གཉིས་བརྗེ་ཕོད་པའི་བློ་སྟོབས་ལ་ཧང་སངས་སོང་། ཆོས་བརྒྱུད་སྤྱི་འཐུས་ཚོ་ཆོལ་ཁར་ཕྱོགས་པར་མ་ཟད། བཀའ་མོལ་གནང་སྐབས་ཀྱི་ཕྱག་རྒྱ་དང་། རྣམ་འགྱུར། ཚིག་བེད་སྤྱོད་གཏོང་སྟངས་ཚུན་ཆད་ཆོལ་ཁའི་སྤྱི་འཐུས་ལྟ་ཞོག་མི་མང་དཀྱུས་མ་ཐ་ཤལ་ཞིག་ལས་ཀྱང་སྐྱོ་བ་བརྙན་འཕྲིན་ལས་མཐོང་སྐབས་ཧངས་ནག་པོ་སངས་སོང་། ནང་ཆོས་སྦྱངས་ནས་དགེ་བཤེས་དང་བླ་མའི་མཚན་འཁུར་མཁན་ལ་འདི་ལས་མེད་ན་ནང་ཆོས་ཀྱི་གཟི་བརྗིད་རེད་ལ། འཛམ་གླིང་ལ་ཕན་ཐོགས་མིན་ལ་ཐེ་ཚོམ་ཡང་སྐྱེ་མི་དགོས་པ་ཞིག་རེད།
སྤྱི་འཐུས་ནི་མང་ཚོགས་ཀྱི་མགྲིན་ཚབ་པ་ཡིན་པས། མང་ཚོགས་ཀྱི་བསམ་ཚུལ་དང་གྲོས་གཞི་དཀའ་ངལ་བཅས་ གྲོས་ཚོགས་ཐོག་འདོན་པ་དང་། འགྲོ་གླེང་བྱ་རྒྱུ་ལས་ གྲོས་ཚོགས་ལས་པྲོས་བྱོལ་དུ་འགྲོ་མིར་མང་ཚོགས་ནས་འོས་འདེམས་བྱས་མེད། དེར་རྟེན་སྤྱི་འཐུས་རྣམ་པས་རང་གི་འོས་འགན་དེ་མ་རྗེད་པ་གནང་རོགས།།
ཆོས་རྒྱུད་སྤྱི་འཐུས་དེ་ཚོས་ད་ཕན་ཕན་ཐོགས་འདི་བྱས་པ་རེད་ཟེར་བ་ཞིག་གོ་མ་མྱོང་། ལས་འགུལ་སྤེལ་དུས་ཁོང་ཚོ་མང་ཆེ་བས་དབྱིན་ཇི་དང་ཧིན་དི་མི་ཤེས་སྟབས། གཞན་གྱི་མགོ་ཁྲིད་རྒྱུ་ཕར་བཞག སོ་སོའི་མེ་འཁོར་ལག་འཛིན་ཉོ་བར་ཡང་རོགས་པ་བྱེད་དགོས་ཀྱི་འདུག
ད་རེས་ང་བློ་ཕམ་ཆེ་ཤོས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ཐོག་ནས་བྱུང་། ནམ་རྒྱུན་ངས་ཁོང་མི་ཕྱོགས་ལྷུང་མེད་པ། བཤད་ཕོད་མཁན། སྙིང་སྟོབས་ཅན། མགོ་ཚོས་པོ་ཞིག་ལ་བརྩི་གི་ཡོད། ད་རེས་ལས་ངན་གྱི་འགོ་དེ་ཐོག་མར་སྨོན་ལམ་མཐར་ཕྱིན་གྱིས་བརྩམས་སོང་། རྗེས་སུ་བང་ཆེན་ནང་བཀོད་པའི་ཁོང་གི་འགྲེལ་བཤད་དང་གྲོས་ཚོགས་ནང་བཤད་པ་ཡང་མཐུན་གྱི་མི་འདུག གྲོས་ཚོགས་ནང་ཁོང་གིས་གྲོས་འཆར་འདི་འཁྱེར་ན་ཡག་པོ་ཡོང་གི་མ་རེད་ཅེས་རྫིག་རྫིག་ཞེ་དྲག་བྱས་སོང་། བང་ཆེན་ཐོག་ཏུ་འདི་འདྲས་ཡོང་གི་རེད་བསམ་མ་བྱུང་ཞེས་བཤད་འདུག དངོས་གནས་བློ་ཕམ་ཆེན་པོ་བྱུང་། ད་གྲྭ་གཞོན་འདི་ཚོ་ལ་ཡིད་ཆེས་རྒྱུ་ཁག་པོ་འདུག
༼དེར་བརྟེན་ཐོག་མའི་དམིགས་ཡུལ་ལས་འདས་པའི་གྲུབ་འབྲས་ཐོན་པ་རེད།༽ཅེས་པའི་《གྲུབ་འབྲས་》དེ་ངན་འབྲས་ལ་བཅོས་རོགས།
གནས་དོན་ཆུང་ཆུང་ཞིག་ལ་ཁག་བཞག་ནས་བོད་ཀྱི་བསྟན་སྲིད་བློས་གཏོང་ཐུབ་མཁན་ཞིག་ལ་ང་ཚོ་རྒྱལ་ཁབ་མེད་པའི་བཙན་བྱོལ་སྤྱི་ཚོགས་ཞིག་གིས་ཁོང་ཚོར་སྟངས་འཛིན་བྱེད་ཁག་པོ་རེད། ཐད་གཏོང་བརྙན་འཕྲིན་ལས་བལྟས་ཟིན་པ་ཁག་ལ་སྐད་ཆ་དྲིས་ནས་འདི་ལྟར་བཤད་པ་ཡིན། དེ་ཙམ་མ་ཟད་དེའི་རྗེས་སུ་ཐུགས་སྤྲོ་བཏང་བའི་གནས་ཚུལ་ཡང་ཐོན་བཞིན་ཡོད་པའི་ཚང་མའི་བསམ་བློ་ཡག་པོ་རེ་གཏོང་མ་ཤེས་ན་མ་གཏོག་གཏོང་དགོས་པའི་དུས་ལ་བབ་ཡོད་དོ།
ངས་དོན་འདིར་བསམ་གཞིགས་བྱེད་ཀྱིན་ ༡༩༥༩ ལོའི་གོང་གི་གནས་ཚུལ་གཉིས་དྲན་བྱུང་།
༡། ༡༩༥༩ ལོའི་སྔོན་དུ་བོད་གཞུང་གི་སྲི་ཞུ་བའི་ནང་རྩེ་སྐོར་དང་ཤོད་སྐོར་ཞེས་གཉིས་ཡོད། ཤོད་སྐོར་ཕལ་མོ་ཆེ་སྐུ་དྲག་གི་མི་རྒྱུད་ཚོས་ཕ་ཤུལ་བུ་འཛིན་བྱས་ཏེ་ཡོང་གི་ཡོད་པ་རེད། དེང་སྐབས་ཀྱི་བཤད་སྟངས་ལྟར་ན་བཀས་བཀོད་རྒྱུན་འཛིན་རེད།
འོན་ཀྱང་རྩེ་སྐོར་གྱི་རྩེ་དྲུང་རྣམས་ཁྱིམ་རྒྱུད་བཟང་ངན་དང་རིགས་རུས་ཀྱི་དབྱེ་བ་མེད་པར་གདན་ས་གསུམ་སོགས་ནས་སུ་ཡིན་རུང་ཡོང་ཆོག་གི་ཡོད། སྲི་ཞུ་བའི་ནང་ཆེད་མངགས་སྒྲིག་འཛུགས་དེ་འདྲ་ཞིག་བཟོ་བའི་དམིགས་ཡུལ་གཙོ་བོ་ནི། སྐུ་དྲག་གིས་ཕྱོགས་ལྷུང་དང་རང་དོན་གཉེར་སྐབས། རྩེ་དྲུང་སེར་མོ་བ་ཚོས་དྲང་པོས་གཞུང་བསྲངས་ཐུབ་པའི་ཆེད་དུ་རེད། འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ། རིམ་པས་རྩེ་དྲུང་དེ་དག་ཀྱང་སྐུ་དྲག་ལ་ཕྱོགས་མཁན་དུ་གྱུར་པར་མ་ཟད། ཐ་མ་རྩེ་དྲུང་དུ་ཚུད་པར་སྐུ་དྲག་གི་སྲས་ཡིན་དགོས་པའི་མི་མངོན་པའི་ཁྲིམས་ཤིག་ཡོད་པར་གྱུར། དེར་བརྟེན་ཐོག་མའི་དམིགས་ཡུལ་ལས་འདས་པའི་གྲུབ་འབྲས་ཐོན་པ་རེད།
༢། ངས་དྲན་པའི་དོན་དག་གཉིས་པ་ནི་རྒྱལ་ཚབ་རྭ་སྒྲེང་རྒྱལ་ཚབ་ཀྱི་སྐབས་སུ། གདན་ས་གསུམ་གྱི་འཐུས་མི་དང་བླ་མ་ཚོས་རྭ་སྒྲེང་རིན་པོ་ཆེས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་འཁྲུལ་བྲལ་ངོས་འཛིན་དང་ལྷ་སར་གདན་ཞུ་ཁྲི་གསོལ་གྱི་མཛད་རྗེས་ཧ་ཅང་ཆེ་བར་བརྟེན། བཀའ་དྲིན་གཏང་རག་གི་ཆེད་དུ་རྫོང་གཞིས་དྲུག་སོགས་རྭ་སྒྲེང་བླ་བྲང་ལ་འབུལ་དགོས་ཞེས་ཧ་ཅང་ཤུགས་ཆེན་བཤད་པ་རེད། དེ་ལ་གཞུང་ཞེན་ཆེ་བའི་སྲི་ཞུ་བ་ཚོས། བཀའ་དྲིན་ཆེ་བ་དངོས་གནས་ཡིན་རུང་འདི་ལྟར་རྫོང་གཞིས་དྲུག་ཕུལ་ན། བོད་གཞུང་གི་མངའ་འོག་རྫོང་གཞིས་རིམ་པས་བླ་བྲང་དང་དགོན་པ་ཁག་གིས་བཟུང་སྟེ། གཞུང་གིས་དབང་ལུང་འགྲོ་ས་མེད་པ་ཆགས་ཉེན་ཡོད། དེ་བས་ང་ཚོ་སྲི་ཞུ་བ་ཚང་མས་དངུལ་བསྡུས་ཏེ་བཀའ་དྲིན་གཏང་རག་གི་ཡོན་སྤམ་མི་ཆུང་བ་འབུལ་དགོས་ཞེས་བཤད་པར་བརྟེན་རྫོང་གཞིས་འབུལ་མ་དགོས་པ་བྱུང་བ་རེད།
ཆོལ་ཁའི་སྤྱི་འཐུས་ཚོ་ཆོལ་ཁའི་ཞེན་གྱིས་མཐའ་ལ་ལྷུང་སྐབས་དངོས་གནས་བྱས་ན་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོས་བློ་གཟུ་བོར་གནས་པའི་སྒོ་ནས་ཕྱག་ལས་གནང་ན་རླབས་ཆེའི་ཞབས་འདེགས་ཞུ་ཐུབ་པའི་གོ་སྐབས་ཡོད་རེད། དེ་བཞིན་དུ་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོས་ཆོས་རྒྱད་ཀྱི་ཞེན་ཁོག་གིས་མཐའ་ལ་ལྷུང་འགྲོ་སྐབས་ཆོལ་ཁའི་སྤྱི་འཐུས་ཚོས་བློ་གཟུ་བོར་གནས་པའི་ངང་ཕྱག་ལས་གནང་ན་ཕན་ཐོགས་ཆེན་པོ་ཡོང་ཐུབ། འོན་ཀྱང་ད་ཆ་ ༡༩༥༩ ལོའི་གོང་གི་བྱེད་སྟངས་དེར་བསྐྱར་ལོག་བྱས་ཡོང་དུས་སེམས་པ་སྨྲེང་དགོས་པ་ཞིག་རེད།
གུས་ཞབས་མེད་པ་དང་དོན་དག་ཡོད་མེད་དང་རྒྱུ་མཚན་ཡོད་མེད་སོགས་ལ་ཅི་མི་སྙམ་པའི་སྤྱི་འཐུས་དེ་ཚོར་ཚོགས་གཙོས་སྟངས་འཛིན་བྱེད་ཁག་པོ་རེད། ངས་ཡོད་ཚད་ཐད་གཏོང་བརྙན་འཕྲིན་ལས་བལྟས་ཟིན་པས་འདི་ལྟར་བསམས་པ་ཡིན།