མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིས་པེ་ཅིན་ལ་སྡིག་པ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཁྲི་མཆོག་གིས་རྒྱ་ནག་གི་རྒྱལ་བཙུགས་དུས་ཆེན་ཐེངས་ ༦༠ པའི་ཆེད་དུ་གསུང་འཕྲིན་བསྩལ་ཏེ། བོད་གཞུང་གི་དྲ་རྒྱའི་ནང་བཀོད་པ་འདིར་དྲངས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༥ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༡༦ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

མཆན། 9

  1. དུག་ཚེར། says:
    ལོ་ 17 སྔོན།

    ཁོང་ལྟ་བུའི་བླ་རྒན་ཞིག་བརྗེས་མར་བཀའ་བློན་ལ་མི་ཕེབས་པར་ཤོག

    Reply
  2. ནད་པ says:
    ལོ་ 17 སྔོན།

    དྭངས་གཙང་གི་ཆུ་བོ་ཆེན་པོ་དེ་དྭངས་ཤིང་རྙོག་པ་མེད་པ་གཅིག་ཏུ་གྱུར་ཚེ་ས་སྟེང་དུ་གནས་པའི་སྐྱེ་བོ་ཀུན་གྱི་ཡིད་རབ་ཏུ་དྭངས་བར་བྱེད་ཐུབ།

    འོན་བཏང་ཆུ་བོ་ཆེན་པོ་དེ་ཧ་ཅང་གི་དྭངས་དྲགས་ན་དེའི་ནང་འཚོ་བའི་ཉ་མོ་རྣམས་འཁྱུག་མི་མི་བདེ་བ་ཞིག་ཡོང་རྒྱུ་ནི་མངོན་སུམ་ཡིན།

    Reply
  3. ཀླུ། says:
    ལོ་ 17 སྔོན།

    མ་སྡིག་རོགས། བཀའ་ཁྲི་ལགས། བཟང་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་དགོས། རྒྱ་ནག་གི་རྒྱལ་དར་མེ་བསྲེགས་བཏང་བ་དང་འདྲ།

    Reply
  4. བློ་བཟང་དཔལ་ལྡན། says:
    ལོ་ 17 སྔོན།

    ཞི་བའི་ཁོར་ཡུག་རྫོགས་སོང་བ་ཡིན་ནམ། བཙན་བྱོལ་གཞུང་གི་ཁ་ཕྱོགས་གང་ལ་འཁོར་ཡོད་ཤེས་མཁན་ཡོད་དམ།

    Reply
  5. ཨ་ལ་ལ says:
    ལོ་ 17 སྔོན།

    ད་ཅི་ཞིག་བརྗོད་ནའང་འཕྱིས་དྲགས་པ་མ་གཏོགས་སྔ་མི་འདུག དྭ་ཁག་པོ་རེད།

    Reply
  6. ཀུན་དགའ་བདེ་ཆེན། says:
    ལོ་ 17 སྔོན།

    ཡག་པོ་གསུངས་འདུག དུས་དང་འཚམས་པ་རེད། ད་བཀའ་ཤག་ཀྱང་ཇེ་མཁྲེགས་ལ་སོང་བ་འདྲ།

    Reply
  7. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    ངས་འདི་བོད་གཞུང་གི་དྲ་རྒྱ་ནས་བླངས་པ་ཡིན།

    Reply
  8. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    བཀའ་ཁྲིའི་གསུང་འདི་འདྲ་ཞིག་རེད་འདུག

    (རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་སྲིད་དབང་བཟུང་ནས་ལོ་དྲུག་ཅུ་འཁོར་བའི་དུས་སྟོན་དེ་ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༡ ཉིན་གྲ་རྒྱས་པོའི་ཐོག་ནས་བྱེད་ཀྱི་ཡོད་པ་རེད། དེ་དངོས་ཡོད་ཀྱི་གནས་ཚུལ་ཐོག་ནས་བལྟས་པ་ཡིན་ན་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་ཧ་ཅང་བསོད་བདེ་དམན་པའི་གནས་སྟངས་ཤིག་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་མི་རིགས་ལྔ་བཅུ་ང་དྲུག་ཡོངས་སུ་རྫོགས་པ་ལོ་དྲུག་ཅུའི་རིང་གཅིག་བསྡུས་དབང་འཛིན་རིང་ལུགས་པའི་སྲིད་དབང་སྒེར་གཅོད་འོག་ལ་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་དང༌། ཆོས་དད་རང་དབང༌། སྨྲ་བརྗོད་རང་དབང༌། མིའི་གཞི་རིམ་གྱི་ཐོབ་ཐང་གང་ཡང་མེད་པར་མནར་གཅོད་སྡུག་བསྔལ་ཚད་ལས་འདས་པ་ཞྀག་མྱོང་དགོས་རྒྱུའི་དུས་ཚོད་རིང་པོ་ཞིག་ཕྱིན་པ་རེད། ལོ་གྲངས་དྲུག་ཅུ་འདིའི་རིང་ལ་རྒྱ་ནག་མི་མང་སྤྱི་ཡོངས་ཀྱི་ཕྱོགས་ནས་ཕྱིར་ལྟས་ཤིག་སློག་པ་ཡིན་ན་ཐོག་མར་མང་གཙོའི་གསར་བརྗེ། དེའི་རྗེས་རིག་གནས་གསར་བརྗེ་ལ་སོགས་པའི་དཀའ་ངལ་ཚད་ལས་འདས་པ་ཞིག་མི་རིགས་ཡོངས་རྫོགས་ཀྱི་མྱངས་ཡོད། དེའི་རྗེས་ལ་ཡང་ཕྲན་བུའི་བརྟན་ལྷིང་བྱུང་བ་དང་ལྷག་པར་དུ་དཔལ་འབྱོར་གུ་ཡངས་ཀྱི་གནས་ཚུལ་བྱུང་བ་ནས་བཟུང་སྟེ་འཛམ་བུ་གླིང་གི་མི་གཞན་པ་ཚོས་རྒྱ་ནག་ནང་ལ་དཔལ་འབྱོར་གྱི་འཕེལ་རྒྱས་མགྱོགས་ཚད་ཆེན་པོ་ཞིག་ཐོག་ལ་འགྲོ་གི་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་དངོས་དོན་དུས་རབས་ཉི་ཤུ་པའི་མཇུག་ལ་དཔལ་འབྱོར་གྱི་ཡར་རྒྱས་འཛམ་བུ་གླིང་ཡོངས་སུ་རྫོགས་པར་ཕྱིན་པ་རེད་མ་གཏོགས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གཅིག་པུར་ཕྱིན་པ་ཞིག་རྩ་བ་ནས་མ་རེད། རྒྱ་གར་དང༌། བལ་ཡུལ། འབྲུག་ཡུལ། མཱ་ཡ་མཱ་ལ་སོགས་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཚང་མའི་ནང་དཔལ་འབྱོར་ཡར་རྒྱས་གོ་ལ་གཅིག་གྱུར་གྱི་རིང་ལུགས་འདིའི་འོག་སོང་ཡོད། ཡིན་ནའང་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་ཀྱི་མགྱོགས་ཚད་དེ་མཐོ་པོ་ཡོང་རྒྱུ་དེ་ནི་ལས་མིར་ཚད་ལས་འདས་པའི་བཤུ་གཞོག་བཏང༌། གླ་ཆ་ཆུང་ཆུང་དང༌། གླ་ཆ་མེད་པ། དེ་དང་དེ་བཞིན་གྱི་ཕྲུ་གུའི་ལས་མི། བཙོན་པ་ལས་མི་ལ་སོགས་པའི་དབང་གིས་གཅིག་བསྡུས་དབང་འཛིན་གྱི་བཙན་དབང་འོག་ནས་དཔལ་འབྱོར་གྱི་མཐུན་རྐྱེན་གཞན་ལས་ལྷག་པ་ལྟ་བུ་གཅིག་བྱུང་ཡོད་པ་རེད། ཡིན་ནའང་དེས་ཆ་མ་སྙོམས་པར་ས་ཁུལ་ནང་ནས་ཆ་མ་སྙོམས་པ། མི་འབོར་ནང་ནས་ཆ་མི་སྙོམས་པ་དེ་འདྲའི་གནས་ཚུལ་བྱུང་ཡོད་པ་རེད། དེ་དང་ཆབས་ཅིག་ཏུ་བོད་ཀྱི་མཚོན་པའི་གྲངས་ཉུང་མི་རིགས་གནས་ཡུལ་མང་པོ་ཞིག་གི་ནང་ནས་རང་བྱུང་ཐོན་སྐྱེད་དེ་དག་ཚད་མེད་བཤུ་གཞོག་བཏང་བའི་ཉེར་ལེན་ལ་བརྟེན་ནས་དཔལ་འབྱོར་མཐུན་རྐྱེན་ཡར་རྒྱས་བྱུང་བ་དེ་འདྲ་ཞིག་རེད། དེ་འདྲ་སོང་ཙང་ཁོ་རང་ཚོས་སྟོན་རྒྱུ་ཡོད་པའི་དཔལ་འབྱོར་ཡར་རྒྱས་དེས་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་བདེ་དོན་ལ་བཤུ་གཞོག་གཉའ་གནོན་བྱས་པའི་ཐོག་ནས་བྱུང་བ་ཞིག་ཡིན་ཙང་དགེ་མཚན་ཆེ་བ་གང་ཡང་ཡོད་པ་མ་རེད། སྤྱི་བཏང་གཅིག་བསྡུས་དབང་འཛིན་རིང་ལུགས་དང༌། དམར་པོའི་རིང་ལུགས་དེ་འགྲོ་བ་མིའི་རང་གཤིས་དང་མི་མཐུན་པ་ཞིག་ཡིན་ཙང་རྒྱུན་རིང་པོ་གནས་ཐུབ་རྒྱུའི་རེ་བ་མེད་པ་ཞིག་རེད་དེ་རྒྱ་ནག་ནང་ལོ་དྲུག་ཅུ་ཐམ་པ་གནས་པ་དེ་ད་ལྟ་ངས་གོང་དུ་ཞུས་པ་ལྟར་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བསོད་བདེ་དམན་པ་དང་ལྷག་པར་དུ་རྒྱ་ནག་ནང་ལ་འགྲོ་བ་མིའི་ཐོབ་ཐང་བེད་སྤྱོད་བཏང་སྟེ་རང་རང་སོ་སོའི་རྣམ་དཔྱོད་དང་སྨྲ་བརྗོད་ཀྱི་རང་དབང་རྩ་བ་ནས་མེད་པ་དེའི་དབང་གི་གནས་ཐུབ་པ་ཞིག་བྱུང་བ་རེད་བསམ་གྱི་ཡོད། དེ་འདྲ་མ་ཡིན་པ་ཡིན་ན་དཔེར་ན། ཨུ་རུ་སུ་ལྟ་བུར་ཆ་མཚོན་པ་ཡིན་ན། སོ་ཝི་ཌི་ཡུ་ནན་དེ་ལས་སླ་པོའི་ཐོག་ནས་འཐོར་ཞིག་ཕྱིན་པ་རེད། དེ་བཞིན་རྒྱ་མི་དམར་པོའི་གཅིག་བསྡུས་རིང་ལུགས་དེ་སྔ་ཕྱི་མ་གཏོགས་འཐོར་ཞིག་འགྲོ་རྒྱུ་ཡིན་པ་བརྗོད་མི་དགོས་པ་རེད། རྒྱུན་གནས་མི་ཐུབ་པའི་ལམ་སྲོལ་ཞིག་ཡིན། ཡིན་ནའང་ལོ་དྲུག་ཅུ་བར་དུ་གནས་ཐུབ་པ་དེ་དངོས་ནས་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བསོད་བདེ་མེད་པ་དང་འབད་བརྩོན་ཉུང་དྲགས་པའི་གནས་བབ་ལ་བརྟེན་ནས་བྱུང་བ་རེད་བསམ་གྱི་འདུག ཡིན་ན་ཡང་མ་འོངས་པར་ད་ལྟ་ནང་བཞིན་གཅིག་བསྡུས་ཀྱིས་བཙན་དབང་དེ་རྒྱུན་རིང་པོ་ཞིག་གནས་ཐུབ་ཀྱི་མེད་པར་ང་ཚོས་ངོས་འཛིན་དང་ཡིད་ཆེས་གསལ་པོ་བྱེད་ཀྱི་ཡོད།།)

    Reply
  9. ལི་ཐང་བཤད་སྒྲུབ says:
    ལོ་ 17 སྔོན།

    མཁས་དབང་ཁོང་ལྟ་བུའི་ཐེངས་རྗེས་མའི་བཀའ་ཁྲི་ཞིག་བྱུང་ན་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese