མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༦/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དངོས་གཞིའི་འོས་བསྡུ་མགོ་འཛུགས་སྐབས་དབུས་འོས་བསྡུའི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས་རྒྱ་ནག་དམར་གཞུང་གིས་བཙན་བྱོལ་བོད་མིའི་འོས་བསྡུར་ཀླན་ཀ་བཙལ་བར་ལན་འདེབས་གནང་།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།

དེ་རིང་ཕྱི་ཚེས་ ༢༦ ཉིན་བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ཀྱི་དངོས་གཞི་འོས་བསྡུ་འཛམ་གླིང་རྒྱལ་ཁབ་ ༢༧ ཙམ་ནང་གནང་དང་གནང་བཞིན་པ་ཡིན་ལ། དེ་རིང་བཞུགས་སྒར་ཁུལ་གྱི་དངོས་གཞིའི་འོས་བསྡུ་གནང་སྐབས།  དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་འོས་བསྡུ་དང་འབྲེལ་ནས་གང་ཡང་བཤད་པའི་དབང་ཚད་མེད་ལ། རྒྱ་གཞུང་གིས་དྲག་གནོན་བྱེད་པའི་གནས་སྟངས་ལ་ངོས་ལེན་རྩ་བ་ནས་མེད་སྐོར་དང་། བལ་ཡུལ་མཆོད་འཇོར་ས་གནས་ཀྱི་དངོས་གཞིའི་འོས་བསྡུ་ཕྱིར་འཐེན་དང་འབྲེལ་ནས་གསལ་བཤད་གང་ཡང་མེད་སྐོར་གསུངས་བྱུང་།

བལ་ཡུལ་མཆོད་འཇོར་ས་གནས་ཀྱི་དངོས་གཞིའི་འོས་བསྡུ་ཕྱིར་འཐེན་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས། ད་ལྟ་འོས་བསྡུ་འགྲོ་མུས་ཡིན་པ་དང་། སང་ཉིན་ཨ་རིའི་ནང་འོས་བསྡུ་བྱ་རྒྱུ་དང་དེ་རྗེས་གྲངས་བཤེར་འགྲོ་ཡི་ཡོད་པ་རེད། དེར་བརྟེན་གནད་དོན་དེའི་ཐད་ང་ཚོའི་གསལ་བཤད་གང་ཡང་མེད། ང་ཚོའི་འགན་དེ་འོས་བསྡུ་འདི་ཞི་འཇམ་པོ་དང་ཚགས་ཚུད་པོའི་ཐོག་ནས་འགྲོ་དགོས་ཀྱི་ཡོད་པར་བརྟེན། འོས་བསྡུ་ལ་དོ་ཕོག་མི་འགྲོ་བའི་རྒྱུ་མཚན་གྱི་ཐོག་ནས་ཁ་སང་གི་ཐག་གཅོད་དེ་ལ་བརྒྱུད་བསྒྲགས་ཤུགས་ཆེན་བྱེད་མི་དགོས་པ་དང་། རྒྱལ་སྤྱིའི་སྡིངས་ཆའི་ནང་ལོགས་ལ་འཆར་མི་དགོས་པ། རྒྱལ་སྤྱིའི་ནང་འཆར་དགོས་པའི་གནད་དོན་ཆེན་པོ་ཞིག་མིན་པས། འོས་བསྡུ་འདི་རྩ་ཆེན་པོ་བརྩི་བའི་ཐོག་ནས་གསལ་བཤད་གང་ཡང་ཞུ་ཡི་མེད། དེར་བརྟེན་མ་འོངས་པར་དེའི་ཐོག་ལ་ཕྱི་གསལ་ནང་གསལ་བཟོ་དགོས་པའི་གནད་དོན་ཆགས་པ་ཡིན་ན། བརྒྱ་ཆ་ ༡༠༠ ཐམ་པ་རྣམ་པ་ཚང་མར་གསལ་བཤད་ཞིབ་ཕྲ་ཞུ་ཆོག ཅེས་གསུངས་སོང་།

ཐེངས་འདིའི་འོས་བསྡུ་དང་འབྲེལ་ནས་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས་གསར་འགོད་པར། དེ་རིང་ནི་བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་བཙན་བྱོལ་བོད་མི་ཡོད་དོ་ཅོག་ལ་ཧ་ཅང་གལ་ཆེ་བའི་ཉིན་མོ་ཞིག་ཆགས་ཡོད། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྲ་བརྟན་དང་འབྲེལ་བའི་སྤྱི་འཐུས་ཀྱི་འོས་བསྡུ་རེད། མ་འོངས་པའི་བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་གང་དུ་བསླེབས་ཡོད་མེད་སྤྱི་འཐུས་ལྷན་ཚོགས་ཆགས་ཡོད་དུས། ད་ལན་གྱི་འོས་བསྡུ་ཧ་ཅང་གི་རྩ་ཆེན་པོ་རེད། དབུས་འོས་བསྡུ་ལྷན་ཁང་གིས་ཟླ་བ་མང་པོའི་རིང་གྲ་སྒྲིག་བྱས་ཏེ། ཕྱི་ཟླ་གཉིས་པའི་ཚེས་ ༡ ཉིན་སྔོན་འགྲོའི་འོས་བསྡུ་ཚགས་ཚུད་པོ་བྱུང་ཡོད། ད་ལན་འཛམ་གླིང་གི་རྒྱལ་ཁབ་ ༢༧ ནང་གང་དུ་གནས་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞིའི་ནང་དུ་ཆ་ཤས་ལེན་བཞིན་ཡོད་པ་རེད། དེ་རིང་ཉིན་མོ་འདི་དཔེ་མི་སྲིད་པའི་རྩ་ཆེ་བ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། རྒྱུ་མཚན་གཙོ་བོ་གཅིག་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ལས་བསྐྱོན་ཏེ་བཙུགས་པའི་སྒྲིག་འཛུགས་འདི་བོད་དོན་འཐབ་རྩོད་དང་ཐད་ཀར་འབྲེལ་བ་ཆགས་ཡོད། བོད་མི་ཚོས་རྣམ་གཡེང་དང་ལྷོད་གཡེང་མེད་པའི་ཐོག་ནས་འོས་བསྡུ་ནང་ཆ་ཤས་ལེན་རྒྱུ་གལ་ཆེན་པོ་རེད། སྔོན་འགྲོའི་སྐབས་སུ་བློ་ཕམ་ཞིག་ལ་ཁག་ཅིག་གིས་ཆ་ཤས་ལེན་ཐུབ་མེད། དེའི་རྒྱུ་མཚན་གྱི་ཐོག་ནས་དེབ་སྐྱེལ་གྱི་བརྒྱ་ཆ་ཉུང་ཉུང་ཡིན་པས། རྒྱ་ནག་གཞུང་གིས་ཀྱང་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་མེད་པའི་འཁྱོག་བཤད་མུ་མཐུད་བྱས་ཡོད། སྔོན་འགྲོའི་འོས་བསྡུ་དེ་དགུན་ཁའི་དུས་ཚིགས་དང་ཁེལ་ཡོད་པས། བོད་མི་མང་པོ་ཞིག་འགྲུལ་བཞུད་ཀྱི་འཁྲུག་ཆ་དོད་པོ་ཆགས་པ་ལ་བརྟེན་ནས་འོས་བསྡུའི་ནང་ཆ་ཤས་ལེན་མ་ཐུབ་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། བོད་མིའི་སྒྲིག་འཛུགས་ལ་ལྷག་བསམ་མེད་པ་དང་ཤ་ཚ་མེད་པ་ཞིག་ངོས་འཛིན་ཞུ་ཡི་མེད། རྒྱ་ནག་གཞུང་གིས་འཁྱོག་བཤད་ག་ཚོད་བྱས་ཀྱང་། འཛམ་གླིང་ཡོངས་ཀྱི་བོད་མི་རྣམས་རྒྱལ་ཞེན་ཡོད་པར་ངོས་འཛིན་ཞུ་ཡི་ཡོད། ཅེས་གསུངས།

དབུས་འོས་བསྡུ་ལས་ཁང་གི་ཚོགས་གཙོ་བློ་བཟང་ཡེ་ཤེས་ལགས། དུས་བབ་གསར་ཁང་གི་པར། ༢༠༢༦།༤།༢༦

ཡང་ཁོང་གིས། ད་ལན་གྱི་དངོས་གཞི་འོས་བསྡུའི་ནང་ཆ་ཤས་གང་མང་ལེན་ཐུབ་པ་དང་། འོས་བསྡུའི་བརྒྱུད་རིམ་གྱི་ཐོག་ནས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་སྤྲོད་ཐུབ་པའི་རེ་བ་རྒྱག་གི་ཡོད། དངོས་གཞིའི་སྔོན་ལ་ས་གནས་ཁག་གི་འོས་བསྡུ་ཁང་བརྒྱུད་ནས་མི་མང་གིས་ཆ་ཤས་ལེན་སྟངས་ཐོག་ལ་ཤུགས་བརྒྱབ་ཡོད། ཐེངས་འདིའི་དངོས་གཞི་འོས་བསྡུའི་རྗེས་སུ་རྒྱ་གཞུང་ལ་ལན་གསལ་པོ་ཞིག་འགྲོ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། སྤྱིར་རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་ལ་གང་ཡང་བཤད་པའི་དབང་ཚད་ཡོད་པ་མ་རེད། རྒྱུ་མཚན་ནི་རྒྱ་ནག་གི་སྲིད་གྲོས་དང་མི་མང་འཐུས་མི་ཚོགས་ཆེན་ནང་ཚོགས་མི་ག་ཚོད་ཡོད་ཀྱང་རང་དབང་ལྡན་པའི་ཐོག་ནས་འོས་བསྡུ་བྱས་ཐུབ་མེད། ལོ་ངོ་ ༧༠ ཙམ་རིང་བཙན་བྱོལ་བོད་མིས་འོས་བསྡུའི་ཐོག་ནས་སྒྲིག་འཛུགས་སྲ་བརྟན་བྱུང་ཡོད་ལ། བོད་དང་བོད་མིའི་དངོས་ཡོད་གནས་སྟངས་མཚོན་པའི་ཁྲིམས་མཐུན་གྱི་གཞུང་དེ་ཆགས་ཡོད། རྒྱ་ནག་གཞུང་གིས་ལོ་ ༧༠ རིང་བཙན་འཛུལ་བྱས་པ་མ་ཟད། ད་དུང་མུ་མཐུད་དུ་འཁྱོག་བཤད་བྱས་ཡོད་ལ། བོད་ནང་གི་བོད་མི་རྣམས་སྐྱིད་པོ་ཡོད་རབས་དང་། བཙན་བྱོལ་ནང་གི་བོད་མི་རྣམས་ཀྱིས་བོད་དོན་འཐབ་རྩོད་བྱེད་བཞིན་པ་ཁྲིམས་འགལ་ཡིན་ལུགས་སོགས་ཀྱི་འཁྱོག་བཤད་བྱས་ཡོད། ཉེ་ཆར་རྒྱ་གཞུང་གིས་བཙན་བྱོལ་བོད་མིའི་འོས་བསྡུ་ཡང་ཁྲིམས་འགལ་ཡིན་པའི་འཁྱོག་བཤད་བྱས་ཡོད། དེ་ནི་གད་མོ་ཤོར་བའི་གནས་སྟངས་ཤིག་ཆགས་ཡོད། གལ་སྲིད་བོད་ནང་བོད་མི་རྣམས་ལ་དངོས་གནས་རང་དབང་ཡོད་ཚེ། བོད་མི་རྣམས་ལ་རང་དབང་དང་གུ་ཡངས་ལྡན་པའི་ཐོག་ནས་འོས་བསྡུ་ཞིག་བྱས་དང་། དེ་ནས་རྒྱ་གཞུང་ལ་ལན་ཞིག་རག་ཐུབ་ཀྱི་རེད། བཙན་བྱོལ་ནང་དུ་བོད་མི་འོས་བསྡུའི་ཁྲོད་ཆ་ཤས་ཤིག་བླངས་པ་ཙམ་གྱིས་ཆབ་སྲིད་ཀྱི་ངོ་བོ་ཞིག་མཚོན་ཡོད་ལ། དེས་བོད་མི་རྣམས་ཀྱིས་བོད་དོན་འཐབ་རྩོད་བློས་བཏང་མེད་པ་དང་། རྒྱ་གཞུང་གིས་དྲག་གནོན་བྱེད་པའི་གནས་སྟངས་ངོས་ལེན་རྩ་བ་ནས་མེད་པའི་བརྡ་ལན་བཏང་ཡོད་པ་རེད། བོད་མི་ཡོངས་ཀྱིས་འགན་འཁུར་བའི་ཐོག་ནས་ཆ་ཤས་ལེན་དགོས་པ་གལ་ཆེན་པོ་རེད། ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༢ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༢༠ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese