མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༦/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཐོག་བདེ་སྲུང་ལས་ཁུངས་ནས་ཁོང་རྣམ་པར་གཟེངས་བསྟོད་བྱ་དགའ་ཕུལ་ཡོད་འདུག་ལ་མ་འོངས་པར་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རིམ་པ་བྱས་ཏེ་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༢༤ དང་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག ༧སྐུའི་གོ་སྟོན་བྱམས་བརྩེའི་ལོ་སྲུང་གཙིའི་ཆ་ཤས་སུ་བཞུགས་སྒར་དྷ་རམ་ས་ལར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཞེས་པའི་ཉིན་གྲངས་གཉིས་རིང་གི་ཚོགས་འདུ་ཞིག་འཚོགས་ཡོད་པ་ལྟར། དེ་རིང་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་རྗེས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཇུག་སྡོམ་གྱི་མཛད་སྒོ་ཞིག་འཚོགས་སོང་ལ། ད་ལན་གྱི་ལྷན་ཚོགས་དེའི་ཐོག་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས། བོད་དམག་ཟུར་པ། ཆུ་སྒང་བསྟན་སྲུང་དང་བླངས་དམག་ཟུར། གློ་སྒྲིག་དམག་ཟུར། དམག་སྒར་ཨང་ ༢༢ པའི་དམག་ཟུར། ༧རྒྱལ་བའི་སྐུ་སྲུང་ཟུར་པའི་སྐུ་ཚབ། བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ཡོད་སྐུ་ཚབ་བཅས་ཁྱོན་ཚོགས་བཅར་བ་ ༨༩ ཡིས། ལྷན་ཚོགས་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭ་དང་འབྲེལ་ནས་དོན་ཚན་ཉེར་བརྒྱད་ཀྱི་གྲོས་ཆོད་ཀྱང་གཏན་འབེབས་གནང་འདུག 

དེ་རིང་མཇུག་སྡོམ་མཛད་སྒོའི་སྟེང་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། ཚོགས་འདུ་འཚོག་སྐབས་ཚོགས་ཆུང་གསུམ་ལ་བགོས་ནས་བགྲོ་གླེང་གནང་བའི་གནད་དོན་གཅིག་ནི། དུས་ད་ལྟ་བར་༧གོང་ས་རྒྱལ་་རིན་པོ་ཆེ་མཆོག་གི་དབུ་འཁྲིད་བཟང་པོ་དེའི་འོག་ནས། བོད་ཅེས་པ་དེ་ད་ལྟ་ཡིན་ཡང་གོ་རྒྱུ་ཡོད་པ། བོད་མི་ཞེས་པའང་ཡོད་པ། བོད་མིའི་འཐབ་རྩོད་དེའང་ལྷག་ཡོད་པ་ནི། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན།  དེ་རིང་ཚོགས་འདུ་འདིར་ཕེབས་མཁན་རྣམས་ཀྱི་ནང་བོད་རང་དབང་འཐབ་རྩོད་ཆེད་རང་སྲོག་བློས་གཏོང་མཁན་ཧ་ལས་པའི་མང་པོ་ཡོད། རྒྱ་ནག་གཞུང་གིས་བོད་བཙན་འཕྲོག་བྱས་པའི་དབང་གིས། སྤྱི་ཡོངས་ནས་བསམ་བློ་བཏང་ན་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་རྐྱེན་འདས་སུ་གྱུར་བ་ནི་ཚང་མས་མཁྱེན་གསལ་རེད། དེ་བཞིན་བཙན་བྱོལ་ནང་ཚུར་ཡོང་ཐུབ་མཁན་ཁྲོད་ཀྱི་རྒན་རབས་པ་རྣམས་ལྷག་རྒྱུ་ཉུང་ཉུང་ཆགས་འདུག ཡིན་ཡང་། དེ་རིང་དངོས་གནས་དྲང་གནས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་འཁྲིད་འོག་ལ། བོད་རང་དབང་འཐབ་རྩོད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་གྱི་དཔའ་བོ་དཔའ་མོ་རྣམས་དྷ་རམ་ས་ལར་གདན་འདྲེན་ཞུ་ཐུབ་པའི་ཁྲོད། བོད་དམག་ཟུར་པ། དགའ་ལྡན་ཕོ་བྲང་དུས་སྐབས་ཀྱི་བོད་དམག བསྟན་སྲུང་དང་བླངས་དམག་ཟུར། གློ་སྒྲིག་འཛུགས་ཀྱི་སྐུ་ཚབ། བདེ་སྲུང་གི་འབྲེལ་ཡོད་ཁག་ཅིག ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས་སོགས་ཕེབས་ནས། དོན་ཚན་རེ་རེའི་ཐོག་བགྲོ་གླེང་གནང་བ་དང་ལྷན་ཚོགས་སྐབས་རྒྱབ་གཉེར་དང་གཏན་འབེབས་ཞུས་པ་རེད། ཅེས་གསུངས་སོང་། 

ཡང་བདེ་སྲུང་བཀའ་བློན་མཆོག་གིས། ད་ལན་ཚོགས་བཅར་བ་ཡོངས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དུས་རྒྱུན་དུ་ནས་ཞབས་ཕྱི་ཞུ་མཁན་གྱི་དགའ་ལྡན་ཕོ་བྲང་གི་ལས་བྱེད་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞིག་ངེས་པར་དུ་དབུལ་དགོས་པའི་གཏན་འབེབས་བྱུང་ཡོད། སྤྱི་མོས་གཏན་འབེབས་དེའང་བདེ་སྲུང་ལས་ཁུངས་ཀྱིས་སེམས་ནང་དྲན་པ་དེ་དང་ཏག་ཏག་ཅིག་བྱུང་ནས། བཀའ་བློན་དྲུང་ཆེ་སོགས་དང་རྒྱས་འཛོམས་བྱས་ཏེ། ད་ལན་ཚང་མ་ཡོད་ས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཞབས་ཕྱི་ཞུ་མཁན་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་ལེགས་སྐྱེས་ཤིག་དབུལ་རྒྱུ་བྱུང་ན། ཚང་མ་བློ་བདེ་པོའི་ངང་ནས་ཕེབས་ཐུབ་པ་ཞིག་ཆགས་ཀྱི་རེད་བསམས་ནས་དེ་རིང་ཞོགས་པར་འདིར་འཛོམས་དགོས་པའི་དམིགས་ཡུལ་གཙོ་བོ་དེ་ཡིན། ཞེས་གསུངས་སོང་།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།

འདི་གའི་གསར་འགོད་པས་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་སུ་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་དེ་འཚོག་དགོས་པའི་དམིགས་ཡུལ་དང་ལྷན་ཚོགས་སྐབས་དོན་ཚན་ག་རེ་གཏན་འབེབས་བྱུང་ཡོད་པའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཚོགས་འདུ་འདི་དགོས་པ་དང་རྒྱུ་མཚན་གཙོ་བོ་གཉིས་བྱས་ནས་འཚོགས་པ་ཞིག་ཡིན་ཞིང་། དོན་ཚན་དང་པོ་དེ་ད་ལོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུ་ལ་ཕེབས་ནས་སྐུའི་གོ་སྟོན་སྲུང་གཙི་ཞུས་དང་ཞུ་མུས་དང་བསྟུན། ལྷན་འཛོམས་ཡག་པོ་ཞིག་བྱུང་ན་བསམ་པའི་བསམ་བློ་དང་། ད་ལན་ཚོགས་ཞུགས་ཁོངས་སུ་ཁོངས་མི་འདྲ་བ་མང་པོ་ཞིག་ནས་ཡོད་སྐབས། ཚང་མ་རུབ་རུབ་བཟོས་ཏེ་ཁོང་ཅག་གི་དགོངས་འཆར་ག་རེ་ཡོད་པ་དེ་དག་བདེ་སྲུང་ལས་ཁུངས་ཀྱིས་རྟོགས་ཐུབ་ཐབས་དང་། ཚོགས་ཞུགས་པ་རྣམས་དངོས་གནས་ལུས་སྲོག་བློས་གཏོང་ཐུབ་མཁན་ཡིན་སྟབས། ཁོང་རྣམ་པའི་དགོངས་འཆར་ལ་ཉན་ནས་ལག་བསྟར་གནང་ཐུབ་རྒྱུ་ག་རེ་ཡོད་མེད་དང་། བདེ་སྲུང་ལས་ཁུངས་ཀྱིས་ཁོང་རྣམ་པའི་དགོངས་པ་དེ་དག་གལ་ཆེན་དང་རྩ་ཆེན་པོར་བརྩིས་ནས་ལྷན་ཚོགས་བསྡུ་སྐོང་བྱས་པ་ཡིན། ཞེས་དང་། ད་ལན་ལྷན་ཚོགས་སྟེང་གྲོས་གཞི་ཉེར་བརྒྱད་ཀྱི་ཐོག་ལ་གླེང་སློང་དང་གཏན་འབེབས་བྱས་ཡོད་པའི་ཁྲོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་བཞིན་ཇི་ལྟར་ཤར་བསྐྱོད་བྱ་དགོས་པའི་གནད་དོན་དང་འབྲེལ་ནས། ང་ཚོའི་སྤྱི་ཚོགས་ནང་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དགོས་པ། དགྲ་གཉེན་ངོ་ཤེས་པའི་ཐོག་ནས་ལས་དོན་གཉེར་དགོས་པའི་ཐད་གླེང་སློང་བྱུང་སོང་། ཞེས་དང་། རྗེས་ཕྱོགས་གཞུང་འབྲེལ་གྱི་སྲིད་ཇུས་ཐོག་ནས་བོད་ཀྱི་རང་དབང་འཐབ་རྩོད་པ་རྣམས་ལ་ངོས་འཛིན་ཡོད་པ་སུས་བལྟས་ཀྱང་ཤེས་ཐུབ་པ་ཞིག་ཡོང་ཐབས་སུ་གཟེངས་རྟགས་དབུལ་བའི་མགོ་བཙུགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

དེ་རིང་བདེ་སྲུང་ལས་ཁུངས་ཀྱིས་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་དང་འབྲེལ་ནས་གསར་འགོད་བསྒྲགས་གཏམ་ཤིག་སྤེལ་བའི་ཁྲོད། ལྷན་འཛོམས་འདིའི་གྲོས་གཞི་གཙོ་བོ་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་གོ་སྟོན་ལ་རོལ་བའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན། མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་སླད་གཞུང་དམངས་གཉིས་ནས་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་བབ། དཔའ་བོ་དཔའ་མོ་རྣམས་ཀྱི་ཉམས་མྱོང་བཅས་ལ་གཞི་བཅོལ་ཏེ་ལས་དོན་བསྒྲུབ་དགོས་པ་ཇི་མཆིས་སྐོར་དང་། བདེ་སྲུང་ལས་ཁུངས་ཀྱི་ཕྱག་ལས་གནང་ཕྱོགས་བཅས་ཀྱི་ཐོག་གྲོས་ཆོད་བཞག་ཡོད་པ་རྣམས་མཇལ་བཅར་སྐབས་སྙན་སྒྲོན་ཞུས་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese