མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

བོད་ཀྱི་དུས་བབ།
༢༠༢༦/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་སྒྲིག་གཞིར་འགལ་འཛོལ་བྱུང་རྐྱེན་བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་འདུག

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨

 འདི་ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་མཆོད་འཇོར་ཁུལ་གྱི་འོས་བསྡུ་ཚགས་ཚུད་མ་བྱུང་བའི་ལབ་གླེང་ཞུ་གཏུག་བྱུང་བ་ལྟར། དབུས་འོས་བསྡུ་ལས་ཁང་གིས་འབྲེལ་ཡོད་ལ་འདྲི་བརྩད་དང་འོས་ཤོག་ལ་ཞིབ་འཇུག་གནང་བ་བརྒྱུད། ཁ་སང་ཕྱི་ཚེས་ ༢༣ ཉིན་མཆོད་འཇོར་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཀྱི་མིང་ཐོག་ཏུ་ཐག་གཅོད་ཡི་གེ་ཞིག་བཏང་གནང་བའི་ནང་དུ། འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ཁག་དང་འགལ་འཛོལ་ཚབས་ཆེན་བྱུང་ཡོད་པ་ར་འཕྲོད་བྱུང་བ་གཞིར་བཟུང་ད་ལན་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་ཞུ་རྒྱུའི་ཐག་གཅོད་གནང་བ་ཡིན་སྐོར་གསུངས་འདུག

 དེ་ཡང་དབུས་འོས་བསྡུ་ལས་ཁང་གི་ཡི་གེ་དེའི་ནང་། འདི་ལས་ནས་དེ་སྔོན་བལ་ཡུལ་ས་གནས་འོས་བསྡུའི་འགན་འཛིན་རྣམས་ལ་ཕྱི་ལོ་ ༢༠༢༥་་༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་དོན་བྱེད་ཕྱོགས་ཐོག་སྒྲིག་གཞི་དོན་ཚན་ ༢༦ ནང་གསེས་ ༡ གཞིར་བཟུང་། བལ་ཡུལ་ནང་ཆབ་སྲིད་ཀྱི་གནས་སྟངས་དཀའ་ངལ་ཅན་གྱི་ས་བབས་དང་བསྟུན་འོས་བསྡུའི་དུས་ཚོད་ལ་སྔ་སྣུར་ཆོག་པའི་བཀའ་འཁྲོལ་སྩལ་པ་ལས། གཞན་འོས་བསྡུའི་ལས་དོན་ཡོངས་རྫོགས་སྔར་ལམ་ལྟར་ས་གནས་ཀྱི་ཆབ་སྲིད་གནས་བབས་དང་བསྟུན་འོས་སྒྲིག་ལྟར་ཕྱག་བསྟར་གནང་དགོས་པའི་ལམ་སྟོན་ཞུས་ཡོད་སྐོར་དང་། བལ་ཡུལ་ནང་གི་འོས་བསྡུ་ཆེན་མོའི་ལས་རིམ་ལ་དོ་ཕོག་མི་འབྱུང་ཆེད་འདི་ནས་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་ཞུ་རྒྱུ་དང༌། བལ་ཡུལ་ནང་གི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་རྩིས་མེད་བཏང་མི་དགོས་པའི་དགོངས་པ་ཆེ་བཞེས་ཀྱིས་ཐག་གཅོད་ཞུས་པ་དང༌། བལ་ཡུལ་ནང་སྔོན་འགྲོའི་འོས་བསྡུའི་ལས་དོན་རྣམས་སྒྲིག་མཐུན་བྱུང་ཡོད་མེད་ཐོག་ཞིབ་འཇུག་ཞུ་རྒྱུའི་ཐག་གཅོད་ཞུས་ཡོད་པ་མཁྱེན་གསལ་དང་། བལ་ཡུལ་ནང་སྤྱི་ཡོངས་ཆབ་སྲིད་གནས་བབས་སྤྱི་དང་། བྱེ་བྲག་ཏུ་འདི་ལས་ནས་དངོས་གཞིའི་འོས་བསྡུའི་ལས་རིམ་གཏན་འབེབས་ལྟར་དུས་ཚོད་འདེང་མིན་གྱིས། བལ་ཡུལ་ནང་སྔོན་འགྲོའི་འོས་བསྡུའི་ལས་དོན་བྱས་ཕྱོགས་ཐད་འདི་ནས་སྐབས་འཕྲལ་ས་ གནས་ས་ཐོག་ཏུ་ཆེད་བཅར་གྱིས་ཞིབ་འཇུག་བྱེད་ཐབས་བྲལ་བ་དངོས་གནས་ལ་བརྟེན། ས་གནས་ཀྱི་འོས་ཤོག་དང་། འབྲེལ་ཆགས་ཡིག་ཆ་ཁག དེ་བཞིན་འབྲེལ་ཡོད་ས་གནས་འོས་བསྡུའི་འགན་འཛིན་རྣམས་ལ་དྲྭ་ཐོག་དྲི་རྩད་ཞུས་པ་སོགས་ལ་གཞི་བཅོལ་གྱིས་ད་ལམ་ཞིབ་བཤེར་མཐིལ་ཕྱིན་ཞུས་འབྲས་སུ་སྐྱོན་གནད་མང་དག་ཅིག་མངོན་གསལ་ཐོག་འོས་བསྡུའི་སྒྲིག་འགལ་ཆགས་པ་དངོས་ར་འཕྲོད་པ་བྱུང་ཡོད། ཅེས་གསལ་འདུག

ས་གནས་ནས་འོས་བསྡུའི་སྒྲིག་གཞིར་འགལ་འཛོར་བྱུང་བའི་གནད་དོན་གསལ་སྟོན་གནང་བའི་ནང་། ༡། སྤྱིར་བཅའ་སྒྲིག་དགོངས་དོན་ལྟར་བོད་མི་འོས་འཕེན་པ་ཞིག་ལ་སོ་སོའི་ཐོབ་ཁུངས་ནས་འོས་གཅིག་གི་ཐོབ་ཐང་ལས་མེད་ནའང་། བལ་ཡུལ་མཆོད་འཇོར་ས་གནས་སུ་འོས་འཕེན་པ་གཅིག་གིས་འོས་ཤོག་གཅིག་ལས་མང་བ་འཕེན་པའམ། ཡིག་གཟུགས་གཅིག་གི་འོས་ཤོག་མང་པོར་བྲིས་པ་མང་དག་ཅིག་མངོན་གསལ་འདུག་པ་འོས་སྒྲིག་འགལ་འཛོལ་ཚབས་ཆེ་བྱུང་བ་དཔེར་ན། འོས་འཕེན་པ་ཁག་ཅིག་ནས་འོས་ཤོག་ ༡༠ དང་། ༢༠། ༤༠། ༧༠། ༡༠༠ ཡན་བརྒལ་བ་འབྲི་མཁན་མང་དག་ཅིག་བྱུང་འདུག

 ༢། འོས་མིའི་ཨང་རིམ་དང་མིང་གཞུང་གཅིག་གྱུར་ལེབ་བཤུས་བརྒྱབ་པའི་ཡིག་གཟུགས་གཅིག་པའི་འོས་ཤོག་མང་དག་ཁ་གསལ་མཐོང་རྒྱུ་འདུག་པ་ནི་ཚབས་ཆེའི་སྒྲིག་འགལ་ཆགས་ཡོད།

༣། འོས་བསྡུའི་དུས་ཡུན་ཉིན་གཅིག་དེ་རང་ལ་ཟིན་དགོས་ཀྱང་། དེ་ནས་ཁྱིམ་ཚང་སོ་སོ་དང་ཚོགས་སྡེ་ཁག་ལ་འོས་ཤོག་འགྲེམས་སྤེལ་བྱས་པའི་ཐོག འོས་ཤོག་ཕྱིར་བསྡུ་ཉིན་འགྱངས་ཀྱིས་བསྡུ་ལེན་བྱས་པའི་སྒྲིག་འགལ་བྱུང་འདུག

༤། དེ་གའི་ས་གནས་ཁག་ཅིག་ལ་ཚོགས་ཆུང་གི་ཚོགས་མི་གཅིག་རང་བརྒྱུད་འགྱིག་ཤོག་འཁྱེར་ཏེ་འོས་ཤོག་བགོས་འགྲེམས་དང་བསྡུ་ལེན་བྱས་རིགས་བྱུང་ཡོད་ཚོད་འདུག

༥། འོས་ཤོག་ཁག་ཅིག་སྟེང་འོས་མིའི་མིང་ཙམ་ལས་གཞན་འབྲུ་དོན་ཆ་ཚང་བཀོད་མེད་པར་འོས་མི་ངོ་རྟགས་ཆོད་པའི་ཁུངས་སྐྱེལ་ཁ་གསལ་མེད་པ་དང༌། འོས་མིའི་མིང་དང་ལོ་རྒྱུས་མ་མཐུན་པ་བཀོད་རིགས་ཁག་གཅིག་རྩིས་འགྲོ་བཏང་བ་ཡང་བྱུང་ཡོད་པ་ནི། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༤(༢།ཅ) ནང་དོན་སྔོན་འགྲོའི་སྐབས་འོས་མིའི་ངོ་རྟགས་ཆོད་པའི་ཁུངས་སྐྱེལ་ཁ་གསལ་མེད་ན་འོས་ཤོག་རྩིས་མེད་གཏོང་རྒྱུ་ཞེས་པའི་དགོངས་དོན་དང་འགལ་འཛོལ་བྱུང་འདུག

༦། འོས་ཤོག་གཅིག་གི་སྟེང་ཡིག་གཟུགས་མི་འདྲ་བའི་མི་གཉིས་ནས་འོས་ཤོག་བསྐངས་བ་གང་ཙམ་བྱུང་འདུག

༧། ཨ་རི་ནས་ཡིན་པའི་འོས་འཕེན་པ་ཞིག་ལ་རྒྱ་བལ་འབྲུག་གསུམ་གྱི་ཆོལ་ཁའི་ཐོབ་ཁུངས་ལ་འོས་འཕངས་བ་སྒྲིག་འགལ་བྱུང་འདུག

༨། ད་ལན་བལ་ཡུལ་ནང་གི་འོས་བསྡུའི་ལས་དོན་བྱས་ཕྱོགས་ཐོག་འདི་གའི་ཞིབ་འཇུག་གི་བརྒྱུད་རིམ་ནང་། ཉིད་རང་ལ་ཐེངས་གསུམ་དྲི་རྩད་བྱས་སྐབས་བལ་ཡུལ་མཆོད་འཇོར་ནང་འོས་བསྡུའི་སྐབས་སྒྲིག་འགལ་གང་ཡང་བྱུང་མེད་པའི་ཚགས་ཚུད་ངང་གྲུབ་ཡོད་ལུགས་སྐོར་འགྲེལ་བརྗོད་ནན་གཏན་གནང་ཡོད་པ་མ་ཟད། འོས་ཤོག་གྲངས་བཤེར་སྐབས་ཚོགས་མི་དང་ཟུར་དཔང་སུ་ཐད་ནས་མི་གཅིག་གིས་འོས་ཤོག་མང་པོ་བྲིས་ཡོད་པ་ཤེས་རྟོགས་བྱུང་མེད་པའི་འགྲེལ་བརྗོད་བྱུང་བ་མ་ཟད། མཆོད་འཇོར་མི་མང་བརྒྱ་ཆ་ ༦༠ གྲྭ་ཟུར་དང་བཙུན་ཟུར་ཡིན་པ་དང་། བླ་མ་གཅིག་གི་སློབ་མ་ཡིན་པའི་རྒྱུ་མཚན་གྱིས་ཡིག་གཟུགས་གཅིག་པ་ཡོང་སྲིད་པའི་གསལ་བཤད་བྱས་ཡོད། ལྷག་པར་དུ་ད་སྐབས་བལ་ཡུལ་ནང་གི་སྔོན་འགྲོའི་འོས་བསྡུ་ལས་དོན་ཐོག་འདི་ག་དབུས་སུ་ཞིབ་འཇུག་འགྲོ་བཞིན་པ་ཤེས་བཞིན་དུ་ཡང་ཡང་དབུས་ལ་འབྲེལ་བ་བྱས་ཏེ་གནོན་ཤུགས་ལྟ་བུའི་བསུན་གཙེར་བཟོས་པ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༢ ཉིན་ཡིག་ཐོག་ནས་ཞིབ་འཇུག་ལ་ཐེ་ཇུས་ལྟ་བུའི་ཉེན་བརྡ་༼སྐུ་ཉིད་ནས་སྤྱི་ཚོགས་འཁྲུག་གཞི་མི་ཡོང་བའི་འགན་འཁུར་གཙོ་བོ་བཞེས་ནས། འདི་ག་བལ་ཡུལ་མཆོད་འཇོར་ས་གནས་ཁེར་རྐྱང་ལ་འོས་ཤོག་བཏང་བདེ་མ་མཆིས་པའི་ཁྲིམས་མཐུན་གྱི་དཔང་རྟགས་དང་། ལུང་འདྲེན་ཁ་གསལ་འཁོད་པའི་བཀའ་ཡིག་ཞིག་གང་མྱུར་གནང་སྐྱོང་ཡོང་བ་ཞུ༽ ཞེས་བསམ་ཡུལ་ལས་འདས་པའི་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཞིག་ནས་དབུས་འོས་བསྡུ་ལས་ཁང་ལ་ཞིབ་འཇུག་ཐོག་ལས་འགན་གྱི་ཆ་ཤས་སུ་མཐུན་འགྱུར་རམ་འདེགས་ཞུ་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་འདི་གར་སྐྱོན་བརྗོད་དང་འཇིགས་བསྐུལ་ལྟ་བུའི་སྒྲིག་འགལ་གྱི་ཡིག་ཆུང་བཏང་བ་འོས་འཚམས་གཏན་ནས་མ་མཐོང་བས་ཡིད་གཟབ་གནང་གལ། ཞེལ་གསལ་འདུག

 མཇུག་གི་ཐག་གཅོད་ནང་དུ།  བལ་ཡུལ་ནང་འོས་བསྡུའི་ལས་དོན་ཡོངས་རྫོགས་ས་གནས་ཀྱི་དམིགས་བསལ་ཆབ་སྲིད་ཀྱི་དཀའ་ངལ་གྱི་གནས་བབས་འོག་ཐབས་བརྒྱ་བྱུས་སྟོང་ངང་སྒྲུབ་དགོས་པའི་གནས་སྟངས་འོག་འོས་འཕེན་པ་ཁག་ཅིག་ནས་འོས་བསྡུ་སྤྱི་ལ་ཕན་གནོད་འབྲེལ་བའི་ངན་ཇུས་ཀྱིས་འོས་ཤོག་བེད་ལོག་བྱས་རྐྱེན་འོས་བསྡུ་སྤྱིའི་གྲུབ་འབྲས་ཁ་ལོ་བསྒྱུར་ཉེན་དང་། འོས་བསྡུ་རང་དབང་དྲང་བདེན་དང་། གསང་བའི་ཐོག་ནས་གྲུབ་ཐུབ་མེད་པ་ངོས་འཛིན་གྱིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༩༧(༦) དང་། དོན་ཚན་ ༨(༢) ནང་ ”འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་ཇི་བྱུང་ལ་ཞིབ་འཇུག་དང་། ཐག་གཅོད་ཆ་ཚང་དབུས་འོས་བསྡུ་ལས་ཁང་ནས་བྱེད་དགོས།”ཞེས་པའི་དགོངས་དོན་ལྟར། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༥༩(༥) དང་། དོན་ཚན་ ༡༩།  དོན་ཚན་ ༣༢(༡) བཅས་ཀྱི་སྒྲིག་གཞིའི་དགོངས་དོན་འགལ་འཛོལ་ཚབས་ཆེ་བྱུང་ཡོད་པའི་ར་འཕྲོད་བྱུང་བའི་འགལ་འཛོལ་ལ་གཞིགས་པའི་ད་ལན་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་ཞུ་རྒྱུའི་ཐག་གཅོད་ཞུས་པ་ཡིན་ཞེས་གསུངས་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༤ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༢༤ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese