མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དགུང་ལོ་ ༤༠ སོན།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བཙན་བྱོལ་སྤྱི་ཚོགས་ནང་རྩོམ་རིག་འགྲན་བསྡུར་དང་སློབ་ཡོན་རོགས་སྐྱོར། རིགས་གཅིག་རྐང་འཛིན་གསོ་སྐྱོང་དང་། བོད་རང་བཙན་གྱི་སྙིང་སྟོབས་སླར་གསོ། དོལ་རྒྱལ་ཚོགས་པར་ཁ་གཏད་གཅོག་རྒྱུ་དང་། ༢༠༡༡ ལོའི་བཀའ་ཁྲི་དང་སྤྱི་འཐུས་གཉིས་ཀྱི་ཐད་མི་དམངས་ལ་གོ་རྟོགས་སྤེལ་རྒྱུ་བཅས་ཀྱི་ལས་གཞི་མང་པོ་གྲ་སྒྲིག་ཡོད་སྟབས། མི་དམངས་ཚོས་སྔར་ལྷག་རོགས་འདེགས་གནང་རོགས་ཟེར།

ཕྱི་ཚེས་ ༧ ཉིན་བཞུགས་སྒར་བོད་གཞུང་ཟློས་གར་ཚོགས་པའི་སྤོ་ལོ་རྩེད་ཐང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༤༠ འཁོར་བའི་དུས་དྲན་མཛད་སྒོ་གཟབ་རྒྱས་ངང་སྲུང་གཙི་བྱས་ཡོད་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་བཞུགས་སྒར་ཁུལ་གྱི་མི་དམངས་བཅས་འདུ་འཛོམས་བྱུང་ཡོད། མཛད་སྒོའི་ཐོག་མར་སྐུ་མགྲོན་ཡོངས་ནས་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་སྐར་མ་གཅིག་རིང་བྱས་རྗེས་བོད་གཞུང་ཟློས་གར་ཚོགས་པས་གཞོན་ནུའི་མཐུན་གཞས་གདངས་དབྱངས་སུ་གྱེར་ཅིང་། སྐུ་མགྲོན་གཙོ་བོ་མཆོག་གིས་རྒྱུན་ལས་གསར་རྙིང་བརྗེ་ལེན་གྱི་བྱ་དགའ་གསོལ་རས་བསྩལ་ཡོད།
སྐབས་དེར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་གིས་གཞོན་ནུ་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱོང་གནང་བའི་སྙིང་དོན་གནད་བསྡུས། ལོ་ངོ་བཞི་བཅུའི་སྒྲིག་འཛུགས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟ་སྐབས། གོ་སྐབས་དང་ནུས་ཤུགས་བཀོལ་སྤྱོད་དམ་འཛིན་མ་ཐུབ་པའི་ཞན་སྐྱོན་ཡང་བྱུང་ཡོད་སྲིད་ཀྱང༌། ༧གོང་ས་མཆོག་གི་ཐུགས་རྗེའི་བྱིན་རླབས་དང༌། བཙན་བྱོལ་བོད་གཞུང་གི་མང་གཙོ་འཕེལ་རིམ་གྱི་ཁོར་ཡུག་ཁྲོད། ད་ལྟའི་ཆར་རྒྱལ་ཁབ་ ༡༢ ནང་ས་གནས་ཡན་ལག ༨༥ ཙམ་དང༌། ཚོགས་མི་ ༣༥༠༠༠ ལྷག་ཡོད་ཅིང༌། དབུས་སའི་རྒྱུན་ལས་དང་ཚོགས་མི་ཚོས་བདེན་དོན་གྱི་རྒྱལ་ཁ་དང་འགན་འཁུར་རང་བཞིན་གྱི་འབད་བརྩོན་དང་ཆོད་སེམས་རྒྱུན་མཐུད་པར་བརྟེན། ད་བར་ལྷན་ཚོགས་འདིའི་ངོས་ནས་བོད་རང་བཙན་སླར་གསོ་དང༌། གཞུང་མང་བཀུར་སྐྱོང༌། ཐུན་མིན་ཆོས་རིག་སྲུང་འཛིན་དར་སྤེལ། སྤྱི་ཚོགས་ཞབས་ཞུ། མང་གཙོ་མདུན་སྐྱོད། བོད་མིའི་ཆིག་སྒྲིལ་དང་རྒྱལ་ཞེན་གྱི་སྙིང་སྟོབས་གོང་སྤེལ་སོགས་ཀྱི་ཐད། འགན་འཁུར་མི་དམན་པ་བསྒྲུབས་དང་སྒྲུབ་མུས་ལགས། ཅེས་དང་།

རྩམ་གཟན་བོད་རིགས་ཡོངས་ལ་དེ་རིང་གནད་དོན་གཅིག་སླར་ཡང་དྲན་སྐུལ་ནན་པོར་ཞུ་རྒྱུར། དགྲ་བོ་རྒྱ་ནག་གཞུང་གིས་སྔ་བར་ཕྱི་གསུམ་དུ་ཡར་རྒྱས་དང༌། རོགས་སྐྱོར། བཅིངས་འགྲོལ་ཟེར་བ་སོགས་ཀྱི་འབོད་ཚིག་རྫུན་མའི་འོག བོད་ཀྱི་ངོ་བོ་འཚོ་གནས་དང་བཅས་པ་རྩ་མེད་བཟོ་རྒྱུའི་ངན་འཆར་ལ་འགྱུར་བ་མེད་པ་མ་ཟད། མི་སེར་སྤེལ་བའི་སྲིད་ཇུས་འོག་ད་ཆ་བོད་གོར་མོ་ནས་ལྷ་ས་བར་མེ་འཁོར་ལྕགས་ལམ་ཤར་གཏོང་ཟིན་པ་དང༌། ད་དུང་ཁྲིན་ཏུ་ནས་དར་རྩེ་མདོ་དང༌། དར་མདོ་ནས་ལི་ཐང་དང་མཛོ་སྒང༌། ལྷ་ས་ནས་གཞིས་ཀ་རྩེ་དང༌། ཉིང་ཁྲི། གཞིས་རྩེ་ནས་གྲོ་མོ་བར་བཅས་ལ་མེ་འཁོར་ལྕགས་ལམ་ཤར་གཏོང་བྱ་གཏན་འཁེལ་ཟིན་ཡོད་ཅིང༌། དེ་དག་བརྒྱུད་རྒྱ་ནག་ནས་བོད་དུ་རྒྱ་མི་རིགས་སྤོ་ཤུགས་ཇེ་མགྱོགས་སུ་བཏང་སྟེ། བོད་མི་རིགས་དང་བོད་ཀྱི་འཚོ་གནས་ལ་ཉེན་ཁ་བཟོ་བ་དང༌། བོད་ནས་གཏེར་ཁ་རིགས་རྒྱ་ནག་ཏུ་དབོར་འཁྱེར་སོགས། ད་ཆ་ཁྱོན་ཡོངས་ནས་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བའི་ཚད་གཞི་མཐོ་ཤོས་ཀྱི་དུས་རིམ་དུ་སླེབས་ཡོད་པས། ང་ཚོ་ཚང་མས་དེར་སྔར་བས་ཛ་དྲག་གི་སེམས་ཚོར་དང་གདོང་ལེན་གྱིས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ངན་ཇུས་གསལ་སྟོན་ཐོག ༧གོང་ས་མཆོག་དང་རང་གཞུང་ལ་བླ་མེད་ཀྱི་གོང་བཀུར་གསལ་སྟོན། ཤ་རུས་དམིགས་འདུན་གཅིག་པའི་བོད་རིགས་ཕན་ཚུན་བར་ཆིག་སྒྲིལ་དང་ལྟ་སྐྱོང་རོགས་ཕན། ཞིང་འབྲོག་གི་འཚོ་ཐབས་དང་རང་ས་རྒྱུན་འཛིན་གཅེས་ཉར་གྱིས་རང་འཚོ་ཐུབ་པའི་གོ་སྐབས་དང་གནས་བབ་རྩོད་ལེན་དགོས་རྒྱུ་ནི། བོད་ཤི་གསོན་གྱི་འགག་མཚམས་ནས་གསོན་པོར་གནས་པའི་ཐབས་ལམ་ཉག་གཅིག་དང༌། ཁྲིམས་མཐུན་གྱི་ཐོབ་ཐང་ཡང་ཡིན། ཅེས་གསུངས་བྱུང་།

ཁོང་གིས་གཞོན་ལྷན་གྱི་ལས་འཆར་ཁག་ཅིག་ངོ་སྤྲོད་གནང་དོན། དེ་བཞིན་འདི་ལོར་འགན་ལྷན་ཐེངས་ ༤༠ པའི་གྲོས་ཆོད་བཞིན། གཞོན་ལྷན་ནས་བོད་ཡིག་ཐོག་རྩོམ་བྲིས་འགྲན་སྡུར་དང༌། ས་གནས་ཁག་ཏུ་བོད་ཡིག་ཟུར་འཁྲིད། རིགས་གཅིག་རྐང་འཛིན་པར་སློབ་ཡོན་འབུལ་རྒྱུ། བོད་རང་བཙན་སླར་གསོའི་སྙིང་སྟོབས་གོང་སྤེལ། རྒྱལ་སྤྱིའི་ཐོག་བོད་རང་བཙན་ཁུངས་སྐྱེལ་གྱི་ཡིག་ཆ་འགྲེམས་སྤེལ། སྔར་ལྷག་སྤྱི་ཚོགས་ཞབས་ཞུའི་ལས་དོན་རྒྱ་སྐྱེད། ནུབ་ཕྱོགས་ཤུགས་ལྡན་ཚོགས་པ་ཟེར་བའི་དྲ་རྒྱའི་གཙོས་དོལ་རྒྱལ་ཚོགས་པའི་ཡིག་ཆ་ཁག་ལ་ལན་འདེབས། བོད་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བ་དང་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ། ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པ་དང༌། སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚད་ལྡན་འོས་འདེམས་ཡོང་བར་རྒྱ་ཁྱབ་ཀྱི་གོ་རྟོགས་ལས་འགུལ། དེ་མཚུངས་ས་གནས་མི་འབོར་ལ་གཞིགས་པའི་བོད་མི་མང་སྤྱི་འཐུས་དྲག་འདེམས་དང་ས་གནས་མགོ་འཛིན་ས་གནས་མི་མང་གིས་འོས་འདེམས་ཡོང་ཐབས་སོགས་བཙན་བྱོལ་བོད་མིའི་མང་གཙོ་གོང་སྤེལ་སོགས་གྲོས་ཆོད་བཞག་པ་བཞིན། གྲོས་ཆོད་ལག་བསྟར་དོན་འཁྱོལ་ཡོང་བར་ལས་འགུལ་སྣ་མང་བརྩམ་རྒྱུ་ཡིན་ཞིང༌། ད་བར་སྒྲིག་འཛུགས་འདིས་རླབས་ཆེན་གྱི་ལས་དོན་མང་པོ་ཞིག་བསྒྲུབས་ཐུབ་པ་ནི། རང་རིགས་གཞིས་བྱེས་རྒྱ་ཆེའི་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ལགས་ཤིང༌། མ་འོངས་པར་ཡང་གོང་གསལ་ལས་འགུལ་ཁག་གི་ཐད་རྒྱ་ཆེའི་མང་ཚོགས་ནས་སྔར་ལྷག་ཆ་ཤས་ལེན་གནང་ཡོང་བའི་རེ་སྐུལ་ཡང་ཞུ་རྒྱུ་ཡིན།

དེའི་རྗེས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། བར་ལམ་ཞིག་ནས་ང་ཚོའི་སྤྱི་ཚོགས་ནང་། རང་བཙན་དང་དབུ་མའི་ལམ་གྱི་ཐོག་ལ་རྩོད་གླེང་མང་པོ་ཡོང་གིན་འདུག ང་ཚོས་རང་བཙན་རྩོད་དགོས་ན་འདྲ་ལ། དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་དགོས་ནའང་འདྲ། དངོས་སུ་ལས་ཀ་བྱ་དགོས་པ་ཞིག་རེད་མ་གཏོགས་ནང་ཁུལ་ལ་རྩོད་པ་བརྒྱབས་བསྡད་ན་དགྲ་ལ་ཁ་བཏད་སུས་གཅོག་དགོས་པ་རེད། རང་བཙན་དང་དབུ་མ་གཉིས་ཀར་སོ་སོའི་དགྲ་ངོ་འཕྲོད་དགོས་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མཚོན་ན། རང་བཙན་གྱི་ལངས་ཕྱོགས་གསལ་བོར་བཟུང་ཡོད། ངར་མཚོན་ན། ད་ལྟའི་ཆར་སྤྱི་འཐུས་ལྷན་ཚོགས་ནང་མི་དམངས་ཀྱིས་འོས་བདམས་བྱས་ཤིང་།  ཚོགས་གཙོ་གཞོན་པའི་འགན་ཞིག་ཀྱང་འཁུར་ཡོད། དབུ་མའི་ལམ་ལ་ཡིད་ཆེས་བརྟན་པོ་དང་ནུས་པ་གང་ཡོད་འདོན་མཁན་ཞིག་ཆགས་ཡོད། འོན་ཀྱང་། གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་བརྩད་པ་མི་འགྲིག་པ་ཞིག་ལ་རྩ་བ་ནས་མཐོང་གི་མེད། དེ་བཞིན། གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་གཞུང་གི་ལངས་ཕྱོགས་འགྲིག་དང་མི་འགྲིག་གསུང་རྒྱུ་ཉུང་དུ་བཏང་སྟེ། རང་གི་ནུས་པ་མང་དུ་བཏོན་ན། དམངས་གཙོའི་གཞུང་ལ་འགྱུར་བ་འགྲོ་མི་སྲིད་པ་མ་རེད། ཅེས་དང་།

ངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ལ། ང་ཚོའི་ནུས་པ་ཆེ་ཤོས་དེ་བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་ཡིན་པ་ངོས་ཟིན་ཐོག བོད་ནང་ལ་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུ་གལ་ཆེན་པོ་རེད། དེ་བཞིན། རྒྱ་གར་ལ་གསར་དུ་འབྱོར་རིགས་ཚོར་ཡང་འབྲེལ་བ་ཤུགས་ཆེ་རུ་གཏོང་དགོས། གང་ཡིན་ཟེར་ན། རྒྱ་གཞུང་སྐྲག་ས་༧གོང་ས་མཆོག་དང་། བོད་ནང་ལ་ཟིང་འཁྲུག་ལངས་རྒྱུ་དེ་རེད། བོད་མི་ས་ཡ་དྲུག་ཟེར་དུས་བོད་མི་མང་ཤོས་བོད་ནང་ཡོད། མང་ཕྱོགས་ཀྱིས་རྒྱ་ནག་ལ་ཁ་གཏད་བཅག་ན་རང་བཞིན་གྱིས་ནུས་ཤུགས་ཆེན་པོ་ཡོད། ཉེ་ལམ་ང་རང་བོད་ནས་ཕེབས་པའི་ཆབ་སྲིད་ཕྱག་ལས་གནང་མཁན་འགའ་རེར་ཐུག་མྱོང་། ཁ་ཤས་ཀྱིས་བློ་ཕམ་གནང་གིན་འདུག བོད་ནང་ཟ་རྒྱ་འཐུང་རྒྱུ་མ་རག་པར་ཡོང་བ་མིན། ཕ་མ་གཉེན་ཉེ་དང་ནང་མི་བུ་ཕྲུག་བཞག་སྟེ་ཡོང་དོན། ཆབ་སྲིད་ཀྱི་གནད་འགག་ཅིག་གི་ཐོག་ནས་ཡོང་བ་ཡིན། འོན་ཀྱང་། འདིར་སླེབས་རྗེས་སོ་སོའི་སྙིང་སྟོབས་དང་ལྷག་བསམ་བེད་སྤྱོད་གཏོང་ས་མི་འདུག ཅེས་རྗོད་ཀྱིན་འདུག དེའི་ཐད་འདིར་ཕེབས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཚང་མས་ཐུགས་སྣང་གནང་དགོས་པ་རེད། ཅེས་གསུངས་སོང་།

དེའི་རྗེས་བོད་གཞུང་ཟློས་གར་དང་སུ་ཇཱ་སློབ་གྲྭ་གཉིས་ཀྱི་བུ་མོའི་སྤོ་ལོའི་རུ་ཁག་དང་། ཤེས་རབ་དགའ་ཚལ་སློབ་གླིང་དང་གྷོལ་པ་པུར་གཉིས་ཀྱི་བུའི་སྤོ་ལོ་རུ་ཁག་བཅས་ནས་ལག་རྩེད་སྤོ་ལོའི་མཐའ་མའི་སྟེང་རྩོད་འགྲན་བསྡུར་བྱས་ཏེ། བུ་མོའི་རུ་ཁག་གཉིས་ལས་སུ་ཇཱ་སློབ་གྲྭར་ཐོབ་ཡོད་ལ། བུའི་རུ་ཁག་གཉིས་ཀྱི་འགྲན་བསྡུར་འདྲ་མཉམ་ཆགས་ཏེ། རྒྱལ་ཕམ་གྱི་གསལ་ཁ་ཕྱེས་མ་ཐུབ་པར་མཚམས་འཇོག་བྱ་དགོས་བྱུང་ཡོད།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 23

  1. དུག་ཚེར། says:
    ལོ་ 16 སྔོན།

    གཞོན་ནི་ལྷན་ཚོགས་ཀྱི་གྲོས་ཆོད་ལ་དགའ་གསུ་ཞུ་བ་དང་གྲོས་ཆོད་འདི་གཞིན་ལམ་སློང་ཡོང་བའི་རེ་བ་ཡོད།

    Reply
  2. སྦྲ་དཔལ་ལྡན། says:
    ལོ་ 16 སྔོན།

    རི་ཁག་ཅེས་པ་རུ་ཁག་དང་གཞན་འཛིན་ཞེས་པ་འགན་འཛིན་ལ་བཅོས་བཅོས་རོགས་ཞུ།

    Reply
  3. སྦྲ་དཔལ་ལྡན། says:
    ལོ་ 16 སྔོན།

    ཨོ་རེད། སྒེར་དོན་ཞིག་གི་ཆེད་དུ་དུས་བབས་ཟིན་བྲིས་སུ་རྒྱུན་རིང་བོ་ཞིག་ལ་ཞུགས་ཐུབ་མ་སོང་། ཡིན་ནའང་ཉེ་སྔོན་ཤེས་རབ་དགའ་ཚལ་སློབ་གྲྭ་དང་གོ་པལ་པུར་སློབ་གྲྭའི་རི་ཁག་གཉིས་ཀྱི་མཐའ་མའི་འགྲན་བསྡུར་བྱས་ལ། བལྟན་མོ་བ་ཡོང་ལ་ཚ་ཚ་འུར་འུར་བཟོས་སོང་། སྤྱིར་བདག་ལ་མཚོན་ན་རུ་ཁག་དེ་གཉིས་གང་ཐོབ་ན་ཞེན་ཁོག་མེད་མོད། ཤན་འབྱེད་པའི་ཕྱོགས་ནས་བསམ་ཚུལ་ཞིག་བཤད་ན་བསམ་སོང་། ཨོ་རེད། རྗེས་མ་ངེད་ཚང་གི་རྩེད་མོ་གང་ཞིག་རྩེ་སྐབས་ཤན་འབྱེད་པ་ཕྱིར་ལོག་གི་མི་སྣ་ཞིག་སྐད་བཏང་ན་སྟབས་བདེ། ད་དུང་གཞོན་ནུ་ཚོགས་པའི་མི་སྣ་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན་ངེད་ཚོའི་ལག་ན་ཕྱིར་མི་ཞིག་རག་མ་སོང་ཟེར་བ་སྐྱག་རྫུན་མ་རེད་དམ། ད་དུང་གཞོན་ནུ་ཚོགས་པའི་རྩེ་མོ་གཞན་འཛིན་གྱིས་དུས་ཚོད་དམ་འཛིན་བྱེད་སྟངས་ལ་བལྟོས་དང་། སྤྱིར་རྩེ་མོ་ཡིན་ན་འདྲ་འཚོགས་འདུ་ཡིན་ན་འདྲ་ལས་འགུལ་སྤེལ་བ་ཡིན་ན་འདྲ། གང་ཞིག་གི་ངོར་ཞེན་ཁོག་གི་དྲི་མ་ཡོད་ན་དེ་ལ་བཀྲ་མ་ཤིས་བའི་རྣམ་པ་ལས་ལེགས་སྒྲུབ་མེད་པ་ཁ་སང་གི་བལྟན་མོ་ལས་གསལ་བོ་ཤེས་ཐུབ། ཨོ་ད་མང་བོ་མི་གླེང་མི་ ཁ་ཤས་ཀྱིས་

    Reply
  4. འཆི་བདག་ནག་པོ says:
    ལོ་ 16 སྔོན།

    དགུང་གྲངས་བཞི་བཅུར་སོན་པའི།།
    ཨ་ཇོ་གཞོན་ནུ་ཚོགས་པ།།
    ས་ཡ་དྲུག་གི་རེ་བ།།
    དོན་མེད་ཆུད་ཟོས་མ་གཏོང་།།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    བུ་རེ་བ་ཅན་ལ་རེ་བཞག་དང་གོས་རི་མོ་ཅན་ལ་རྒྱང་ལྟས། མ་འོངས་བར་བོད་པར་རྒྱབ་རྟེན་ས་ཞིག་ཡོད་ནོ་ཚོགས་པ་འདི་ཆགས་རྒྱུ་རེད་འདོད་བྱུང་། གཞོན་ནུ་གང་མང་མང་ཞིག་ཚོགས་པ་འདིའི་ནང་ཞུགས་རྒྱུ་གལ་ཆེ་བར་མཐོང་།

    Reply
  6. འཆི་བདག་ནག་པོ says:
    ལོ་ 17 སྔོན།

    རང་གི་རིགས་ལ་ཞེན་པ་ཡོད་ན།།
    རང་གིས་རང་སྐད་གཙང་མ་རྒྱོབ།།
    རང་རིགས་ནང་ཁུལ་ཆིག་སྦྲེལ་དགོས་ན།།
    རང་སྟོད་གཞན་སྨོད་མེད་ན་ཡག།

    Reply
  7. ཅན་དྷི་ར་སྨྱོན་པ། says:
    ལོ་ 17 སྔོན།

    ལག་རྩེད་སྤོ་ལོ་མཁན་ཨང་གྲངས་་་༧་་་པ་གསོགས་སྒར་ཚང་གི་རྗེས་མ་སྤྱོད་པ་ལ་ངེས་པར་གཟོབ་དགོས་ཀྱི་འདུག་མ་གཏོགས།
    བོད་མི་རིགས་ཀྱི་མཚན་རྗེས་ལ་གནོད་ཀྱི་འདུག

    Reply
  8. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    ད་ནས་བཟུང་སྤྱི་སེམས་དོར་ནས་རང་གི་དགའ་ས་དང་འཐུན་ས། ལུང་ཕྱོགས། ཆོས་རྒྱུད། ཆོལ་ཁ་སོགས་ལ་བསྟོད་པ་བྱོས།
    དེ་དག་གི་ནང་དུ་སྐྱོན་ཅི་ཙམ་ཡོད་པ་ཚང་མ་མུན་པ་ནང་དུ་གཡུག་སྐྱོང་བྱས་ནས།
    དྲང་བདེན་ཟེར་བ་དེ་རང་གི་འདོད་ཕྱོགས་དང་ཨེ་མཐུན་བལྟོས།
    ཕྱོགས་རེས་དང་འཐེན་ཁྱེར་རིགས་ངོན་ལྐོག་གང་རུང་གི་སྒོ་ནས་མི་རིགས་ནང་ཁུལ་དུ་ཕར་ལ་འབུར་འཇོམ་ དམད་ར་ཐོངས།
    མདོར་བསྡུས་ན་ཁྱེད་རང་ལ་མཚོན་ན་སྨྱུག་ཐོག་པ་ཞིག་ཡིན་པ་ཤེས་ནས།
    སྨྱུ་གུ་འཛིན་དུས་དང་། བཙན་བྱོལ་ནང་ལས་ཀ་གང་བྱས་ན།
    ཁྱེད་རང་རྨ་བྱ་ཨ་ན་མ་ན་ཞིག་བྱོས་དང་།
    ད་གཟོད་ཁྱེད་འབུར་དུ་ཐོན་ནས་ཕན་མེད་གནོད་མེད་ཀྱི་རང་ཉིད་སྐྱིད་སྣང་གི་འཚོ་བ་ཞིག་རོལ་ཐུབ།
    ད་དུང་དེ་ལྟར་བྱས་ན་ཁྱེད་ལ་འཛུམ་མདངས་དང་བཅས་སོ་ཕྲ་ཕྲ་ནམ་ཡང་མཐོང་ཡོང་བ་གདོན་མི་གཟའ་འོ།
    དེ་འདྲ་བྱས་ན་གང་འདྲ་འདུག་ཨཨཨཨཨཨཨཨཨཨཨཨཨཨཨ

    Reply
  9. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    འཛམ་གླིང་ཡོངས་རྩེ་སྒང་པ་བོད་ཡུལ་འདིར།།
    གཅིག་དགུ་ཞེ་དགུའི་དུས་ནས་མུན་པ་ཞིག།
    ཀླ་ཀློས་གཏུམ་སྤྱོད་དྲག་པོའི་སྣ་འདྲེན་ནས།།
    ད་དུང་གཞིས་སྡོད་བོད་མི་མགོན་མེད་ཡིན།།

    རྒྱ་དམར་བཙན་ཁྲིམས་དམར་པོའི་གཉའ་འོག་ནས།།
    ལོ་རྒན་དྲུག་བཅུའི་མནར་གཅོད་འཁུར་བཞིན་དུ་།།
    ལུས་སེམས་སྡུག་ལ་ཚུད་པའི་གངས་ཅན་པའི།།
    འཚེ་མེད་ཞི་བདེའི་ཆོལ་སེམས་སྔར་ལས་བརྟན།།
    ལོང་ཤོག་སྤུན་ཟླ་ཚོ།

    Reply
  10. གོང་དཀར་ངག་རྣམ། says:
    ལོ་ 17 སྔོན།

    འོན་ཏེ། ད་ནས་བཟུང་ཁྱོད་ཚོ་གཞུང་འབྲེལ་དང་དེ་མ་ཡིན་སུས་ཀྱང་འདི་འདྲའི་སྐབས་རྩེད་འགྲན་སོགས་གོ་སྒྲིག་བྱེད་ཀྱི་ཡིན་ན་སྔོན་ཚུད་ནས་རྙོག་དྲ་མི་འོང་བའི་གྲ་སྒྲིག་བྱེད་དགོས་ཀྱི་འདུག དེ་མིན་ན་ཁ་སང་གི་རྩེད་འགྲན་དེ་བཞིན་རྟག་པར་ཡོང་གི་རེད།
    ཧ་གོ་སོང་ངམ། མ་གཞི་ནས་བོད་པའི་གཤིས་ཀ་འདི་གླེང་ཁག་པོ་ཞིག་རེད་ཨང།

    Reply
  11. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    སྤོ་ལོའི་འགྲན་བསྡུར་མཐོང་མ་སོང་། འོན་ཀྱང་རྒད་པོ་གནམ་ལྕགས་ཀྱི་སྐད་ཆ་འདིར་གནས་ལུགས་འདུག འདི་དཔེ་མཚོན་ཙམ་རེད། འདི་རྩེད་མོ་ཞིག་རེད། འོན་ཀྱང་འདི་འདྲའི་གནས་ཚུལ་ཆུང་ཙག་གི་སྒང་ནས་ཀྱང་ང་ཚོས་མཐོང་ཐུབ་འདི་སྐྱོན་མིན་ན་ཅི་ཡིན། གཞུང་གི་འཛིན་སྐྱོང་དང་སྒྲིག་འཛུགས་ཞིག་བཤད་མ་དགོས་བ་རེད། མཐའ་ན་རྩེད་མོའི་འགྲན་བསྡུར་ཆུང་ཆུང་ཞིག་ལའང་དྲང་ཚུགས་མི་ཐུབ་པ་འདི་མིའི་རྒྱུ་སྤུས་ཞན་པའི་རྟགས་རེད། མི་ལ་སྤྱི་སེམས་ཟེར་བ་དང་དྲང་པོ་དང་བདེན་པ་ཞིག་རྒྱུད་ལ་མ་གྲུབ་པའི་རྟགས་རེད། འདི་ཡོ་རོབ་གི་འགྲན་བསྡུར་ལྟ་བུ་ཞིག་ཡིན་ན་ཁྲིམས་ཐོག་ལ་བསྐྱལ་ཚར་བ་རེད།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ད་ནི་གཅིག་གིས་བཤད་པ་གཅིག་གིས་མི་བརྩི། གཅིག་གིས་བྱས་པ་གཅིག་གིས་མིག་ལ་མི་འགྲོ གཅིག་གིས་ཤེས་པ་གཅིག་གིས་བདེན་དུ་མི་རློམ། བདེན་རྫུན་ཟེར་ནས་རྟག་དུ་ནང་ཁུལ་ལ་དཀྲུགས་ཤིང་བཟོས། མི་ངན་དེའི་རིགས་གང་དུ་ཡོད་པ་དེ་ནི་རེ་རེ་བྱས་དེ་མིང་བཏོན་ནས་གསུང་ན་ཡག་པོ་འདུག དེ་མིན་ཚོགས་པ་ཞིག་གི་མིང་འཁྱེར་ནས་བཤད་པ་དེ་དག་ནི་ཡག་པོ་མི་འདུག་སྙམ་སོང་།

    ང་རང་གིས་མིག་བཙུམ་འདོད་འདུག རྣ་བ་འགེབས་འདོད་འདུག ས་བཙོག་ནས་བསྡད་ན་འདོད།

    Reply
  13. འདྲེ་ཤིག་གསོན་པོ། says:
    ལོ་ 17 སྔོན།

    ཨོ དེ་འདྲ་ཆུང་ཙག་ཞིག་གི་ཐོག་ལའང་ཕྱོགས་ཞེན་དེ་ལྟར་བྱས་ན་ང་ཚོས་ཇི་ལྟར་ཁོང་ཚོའི་ལྟ་བ་ལ་རྒྱབ་སྐྱོར་བྱའམ།

    Reply
  14. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    གཞོན་ནུ་ཚོགས་པར་འདོད་བློ་མ་ཚིམས་པའི་གནད་དོན་མང་དག་ཅིག་ཡོད་པ་རེད།
    ཕལ་ཆེར་གཅིག་ནི་༢༠༠༨ལོའི་ཚོགས་ཆེན་གྱི་མཇུག་བསྡུ་སྟངས་དང་དེ་བཞིན་བོད་ནང་གི་བོད་མི་ཚོའི་དོན་དམ་གྱི་མངོན་འདོད་རང་བཙན་དང་རང་སྐྱོང་ཡིན་མིན་གྱི་རྩོད་པར་བདེན་ཁ་ཞིག་རག་གི་མེད་པ་འདི་ཡིན་གྱི་རེད་སྙམ།

    ད་ལན་བཀའ་ཁྲིའི་འོས་འདེམས་འདི་ནི་ཁྱེད་ཚོར་མཚོན་ན་རིན་བྲལ་གྱི་གོ་སྐབས་ཤིག་ཡིན་ཞིང་གོ་སྐབས་འདིའི་ཁྲོད་ནས་རང་གི་ཚོགས་པའི་ལྟ་གྲུབ་དང་བསམ་བློ་ཡོད་པའི་འོས་མི་འཚོལ་དགོས་ཤིང་སྤྱི་ཚོགས་ཁྲོད་འོས་སློང་གི་ལས་འགུལ་ཡང་སྤེལ་དགོས་པ་རེད།
    བརྒྱུད་རིམ་འདི་འདྲ་ཞིག་གི་ཁྲོད་ནས་གནད་དོན་མང་དག་ཅིག་ལ་དབྱེ་ཐག་གཙང་ཆོད་ཡོང་ཐུབ་པ་དང་། ང་ཚོའི་སྤྱི་ཚོགས་ནང་ཕྱོགས་འགལ་ཚོགས་པ་མེད་པའི་གྱོང་གུན་ཡང་གསབ་ཐུབ་ཀྱི་རེད། ང་ཡང་་་་་་་་་ཕྱོགས་འགལ་ཚོགས་པ་འདོད་མཁན་དེ་འདྲ་མིན་ནོ།། གྱོང་གུན་ཞེས་པ་ནམ་ཡིན་ཡང་ཕྱོགས་འགལ་ཚོགས་པ་ཞིག་དགོས་པའི་སྡུག་སྐད་རྒྱག་མཁན་ཚོའི་བསམ་པ་དང་བསྟུན་པ་ཡིན། གཞོན་ནུ་རྒྱལ་ལོ།། བོད་རྒྱལ་ལོ།།

    Reply
  15. གཡེར་ཁ་ཚ says:
    ལོ་ 17 སྔོན།

    ཨང་གྲངས་༦༦དེ་ཁོང་ཁྲོ་ཚ་པོ་འདུག་ག

    Reply
  16. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    བསེ་རུ་ལགས། ངས་རང་གི་བསམ་ཚུལ་ཙམ་བཤད་པ་ཡིན། ཉིད་ཀྱི་བསམ་ཚུལ་འདི་ནི་ཚང་མར་མཐུན་སྣང་ལྟ་བུར་ཤར་ཡོད་པ་རེད། དེ་བས་ངའི་བསམ་ཚུལ་ལས་ཉིད་ཀྱི་བསམ་ཚུལ་དོན་ལ་གནས་ཡོད་པ་རེད་ཅེས་བཤད་ནའང་འགྲིག་གི་རེད། ཁྱེད་རང་ཁྲོན་པའི་སྦལ་བ་ཞིག་ཆགས་དོན་རྩ་བ་ནས་མེད།

    Reply
  17. བསེ་རུ། says:
    ལོ་ 17 སྔོན།

    ལུང་རིགས་ལགས། ང་རང་ཁྲོན་པའི་སྦལ་པ་ཡིན་སྟབས། འདི་ལྟར་བསམ་པ་ཙམ་རེད། དེ་ལྟར་མིན་ན་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  18. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    རྩེད་མོ་རྩེས་ས་ན་འདི་ལྟའི་རྙོག་གླེང་ཡོད་པ་ནི་འཛམ་གླིང་ཡོངས་ཁྱབ་རེད། ཤར་ནུབ་གང་དུའང་དེ་འདྲ་རེད། འདིའི་སྟེང་ནས་བོད་མིའི་ཀུན་སྤྱོད་ཀྱི་ཚད་གཞི་བཟུང་ན་འགྲིག་གི་མི་འདུག་སྙམ།

    དོན་དག་བྱུང་ཚད་སྡུག་ཅག་དང་མ་རབས་ཀྱི་ངོར་བལྟ་བ་དང་། མི་རིགས་རང་གི་ཞན་ཆར་བལྟས་ན་ཡག་པོ་མི་འདུག དེ་ལྟར་ལྟ་དགོས་དོན་ཡང་མི་འདུག

    Reply
  19. བསེ་རུ། says:
    ལོ་ 17 སྔོན།

    འགྲན་རྩོད་ཀྱི་ཁྲོད་ནས་རྙོག་གླེང་རེ་ཁུར་ཡོང་དགོས་པ་དེ་བོད་པའི་གཤིས་སུ་གྲུབ་པ་ལྟ་བུར་གྱུར་དོན་ཅི་ཡིན་ནམ། དེ་ཡང་བོད་མིའི་ཀུན་སྤྱོད་ཀྱི་ཚད་གཞི་དམའ་དྲགས་པའི་རྐྱེན་གྱིས་མ་རེད་དམ།།

    Reply
  20. གནམ་ལྕགས། says:
    ལོ་ 17 སྔོན།

    གང་ལྟར་གཞོན་ནུ་ཚོགས་པས་གོ་སྒྲིག་གནང་བའི་ལག་སྤོལ་འགྲན་བསྡུར་གྱི་མཐའ་མའི་རྟིང་རྩོད་འགྲན་བསྡུར་དེ་བཀྲ་ཤིས་པ་ཞིག་བྱུང་མ་སོང།་དེ་ནི་ཤན་འབྱེད་པ་ཞིག་གིས་བཟོས་པའི་རྙོག་དྲ་བརྒྱུད་མཇུག་ནས་ཀྱང་ད་ལྟ་མངའ་རིས་སྤྱི་མཐུན་ཚོགས་གཙོ་རེད་ཟེར་བའི་བཀྲ་མ་ཤིས་པ་དེས།་འགྲན་པའི་དུས་ཚོས་ཁག་བཞིར་བགོས་ཡོད་ལ།ཁག་རེ་ལ་སྐར་མ་བཅུ་གཉིས་ཡིན་ཡང་།མཐའ་མའི་ཁག་དེར་སྐར་མ་བཅོ་ལྔ་ལོན་དུས་ད་དུང་ཤུགས་རིས་བརྒྱབ་མ་སོང་ལ།གོ་པལ་པུར་གྱིས་གཅིག་བླུག་རྗེས་གཞི་ནས་ཤུགས་རིས་བརྒྱབ་སོང་།དངོས་གནས་བཤད་ན་གཞོན་ནུ་ཚོགས་པའི་ནང་ན་འདི་འདྲའི་བཀྲ་མ་ཤིས་པ་འགའ་ཡོད་པས།ལས་ཀ་ཚང་མ་ལམ་ལོངས་ཡོང་གི་མེད་པ་རེད།་འདི་འདྲ་རྐྱང་བྱས་པའི་ཉེར་ལེན་གྱིས་མང་ཚོགས་ལའང་ལྟ་སྟངས་ངན་པ་ཡོང་གི་ཡོད།འདི་ནི་ཕྱོགས་རིས་མིན།གལ་སྲིད་ཁུངས་བཅལ་དགོས་ཀྱང་ངས་དགའ་བསུ་ཞུ་རྒྱུ་ཡིན།རྒྱལ་བ་རིན་པོ་ཆེའི་སྐུ་སྲུང་རེད་ཟེར་བའི་ཤན་འབྱེད་པ་དེས་ཀྱང་རང་གི་གནས་བབ་ལ་བསམ་བློ་མི་གཏོང་བར་མང་ཚོགས་ལ་རྙོག་དྲ་བཟོས་སོང་ང་།དེ་ནི་ཞབས་འདྲེན་རེད།་ཅོལ་ཆུང་རེད།

    Reply
  21. བོད་པ་ཚང་། says:
    ལོ་ 17 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྩོམ་རིག་འགྲན་བསྡུར་དང་། སློབ་ཡོན་རོགས་སྐྱོར། རིགས་གཅིག་རྐང་འཛིན་གསོ་སྐྱོང་། ༢༠༡༡ ལོའི་བཀའ་ཁྲི་དང་སྤྱི་འཐུས་གཉིས་ཀྱི་ཐད་མི་དམངས་ལ་གོ་རྟོགས་སྤེལ་རྒྱུ་བཅས་ཀྱི་ལས་གཞི་མང་པོ་གྲ་སྒྲིག་ཡོད་ཚུལ་གསུངས་པ་དགའ་པོ་བྱུང་། དེ་ལྟར་ལག་བསྟར་དུ་འཁྱོལ་བའི་རེ་འདུན་ཤིན་ཏུ་ཆེ། འོན་ཀྱང་གཞོན་ལྷན་གྱི་རྩ་ཚིག་ཏུ་༸སྐྱབས་མགོན་རིན་པོ་ཆེའི་བཀའ་གསུངས་ཤར་བསྐྱོད་ཅེས་འཁོད་ཀྱང་། ༸མགོན་པོ་གང་གི་རླབས་ཆེན་དགོངས་པ་ལས་ལྷག་ཙམ་ཡོད་མདོག་གི་རང་བཙན་རྩོད་ལེན་བྱེད་པ་ནི། ཆིག་སྒྲིལ་གྱི་ནུས་པར་ཉམས་དམས་འགྲོ་བ་ལས། དགེ་མཚན་དེ་ཙམ་མ་མཐོང་། ཡང་དོལ་རྒྱལ་ཚོགས་པར་ཁ་གཏད་གཅོག་རྒྱུ་ཞེས་འཁོད་ཀྱང་། དེ་དག་ལ་ཁ་ཡ་མ་བྱས་པ་དགའ་སྙམ།

    Reply
  22. ཨ་ལ་ལ says:
    ལོ་ 17 སྔོན།

    བསེ་རུས་བཤད་པ་ལ་གནད་འགག་འདུག བོད་དང་བོད་སྐད་ལ་འགྲོ་སྟངས་མེད་པ་ཞིག་གང་ནས་ཡིན།ངེས་པར་དུ་གཟབ་དགོས་ཀྱི་འདུག

    Reply
  23. བསེ་རུ། says:
    ལོ་ 17 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་གང་ཟག་ཅིག་ཡིན་པའི་དབང་དུ་བཏང་ན་དགུང་ལོ་40སོན་ཞེས་འགོད་རུང་ཡང་། དེ་ནི་ཚོགས་སྡེ་ཞིག་ཡིན་སྟབས་དེར་དགུང་ལོ་ཞེས་སྦྱོར་སྟངས་འདི་ཇི་འདྲའི་དགོད་བྲོ་བ་ཞིག་ཏུ་མཐོང་གི་མི་འདུག་གམ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese