མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟུར་ཉན་པའི་གཏམ། སེར་སྨད་བློ་དགའ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

གྲོས་ཚོགས་ཀྱི་ཟུར་ཉན་དུ་བཅར་བའི་མྱོང་ཚོར།
ངའི་མིག་གིས་མཐོང་པ་དེ་ངའི་དཔང་རྟགས་ཡིན།

རིས་མེད་དགོན་སྡེ་ཁག་གི་ཟབ་སྦྱོང་ཚོགས་འདུ་མཇུག་སྒྲིལ་རྗེས།སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པར་ཟུར་ཉན་དུ་བཅར་རྒྱུའི་ཆ་ཤས་བླངས་པ་ཡིན།བླ་ན་མེད་པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་རའི་ནང་སླེབས་མ་ཐག་སྤོབས་པ་དང་སེམས་ཤུགས་རང་བཞིན་གྱིས་འཕེལ་བྱུང་ལ། བརྗིད་ཉམས་དོད་པོ་ཞིག་ཀྱང་འདུག འོན་ཀྱང་ཉིན་ཤས་ཀྱི་རྗེས་སུ་རིམ་གྱིས་ཐོག་མའི་སྣང་ཚོད་ལས་ཁྱོན་ཡོངས་སུ་བརྒལ་ཏེ། བགོད་བྲོ་བའི་ལྟད་མོ་དང་། ཡིད་མི་ཆེས་པའི་གནས་ཚུལ་རབ་དང་རིམ་པ་ཤ་སྟག་བྱུང་བ་ནི། བགྲང་གིས་མི་ལངས་ལ་བསམ་པས་ཀྱང་མི་ཆོད། གཅིག་བྱས་ན་མང་ཚོགས་ཀྱིས་རོབ་ཙམ་མཁྱེན་གྱི་ཡོད་རུང་། ངོ་མ་ངོ་མའི་གནས་ཚུལ་ནི་གྲོས་ཚོགས་ཀྱི་ར་བར་མ་སླེབས་ཚེ། ལས་སླ་པོར་ཤེས་རྒྱུ་ཞིག་གཏན་ནས་མ་རེད། ལར་ནས་མང་ཚོགས་ཀྱིས་མཁྱེན་རྟོགས་ཡོང་ཆེད་གཟུགས་མཐོང་བརྙན་འཕྲིན་གྱི་བརྒྱུད་ལམ་ཁག་གཉིས་འདུག་མོད། ཁོང་རྣམ་པས་བརྙན་པར་དེའི་ཁ་ཕྱོགས་ལ་བལྟས་ནས་བཞུགས་སྟངས་དང་རྣམ་འགྱུར་གཟི་བརྗིད་ཅན་དེ་འདྲ་མང་པོ་སྟོན་རྒྱུ་འདུག་ལ། ཡང་ཁ་ཤས་ཀྱིས་གོ་སྐབས་དེ་བརྒྱུད་གཉིད་ཡང་ཧ་ཅང་སྐྱིད་པོ་ཁུག་རྒྱུའི་དུས་ཚོད་ལས་སླ་པོའི་ངང་དམ་འཛིན་བྱེད་པའི་བློ་རྩལ་སྟོན་ཐུབ་ཅིང་། འདུག་མཁས་པ་རི་བོང་རྡོ་རྫུས་ཀྱིས་སྨྲ་མཁས་པ་ནེ་གཙོའི་ཟློས་གར་དང་དབང་སྒྱུར་ནི་ཉུང་ཉུང་རྩ་བ་ནས་རེད་མི་འདུག གཞི་རྩའི་ཆར་སེམས་ཤུགས་ཆགས་དགོས་པ་མི་འདུག་སྟེ། སྤྱི་ཚོགས་ཤེས་བྱ་དང་ཆབ་སྲིད། ལོས་རྒྱུས་དང་ཕྱི་ནང་གི་སྐད་ཡིག་སོགས་ཡིད་འཕྲོག་བསྔགས་བརྗོད་འོས་པ་ནི་སྤྱི་འཐུས་བཅུ་གཉིས་ཙམ་རེད། ཕྱོགས་གཞན་ཞིག་ནས་བརྒྱ་ཆ་བརྒྱ་ཐམ་པ་ཤེས་ཡོན་གྱིས་ཕོངས་ནས་ཡོད་ན་དེ་ཡང་བཟློག་ཕྱོགས་ནས་རེ་བ་དང་ལྟ་སོ་ཞིག་ཡོད་པ་རེད་དེ། མཁས་པའི་ནང་ནས་མཁས་པ་དང་དཔའ་བོའི་ནང་ནས་དཔའ་བོ་ཐོན་དགོས་པ་ནི་དངོས་ཡོད་ཀྱི་གནས་ལུགས་ཤིག་ཡིན་པ་མ་གཏོགས། ཤེས་འཇོན་གཉིས་ལྡན་གྱི་བཀའ་བློན་རྣམ་པར་ཁག་ཉེས་དང་སྐྱོན་བརྗོད། སྐྱོན་བཙག་ཐུབ་པ་ཙམ་ལས་སྐྱོན་སངས་གི་ལེགས་ཆ་སྣ་གཅིག་ཀྱང་འཛུབ་སྟོན་བྱེད་རྒྱུ་མེད་པ་ནི་སོ་སོའི་མཐོང་སྣང་སོ་སོས་ཚད་འཛིན་ཆེ་དྲག་པའི་སྐྱོན་ཡིན་པ་ཞེ་དྲག་གསལ་པོ་རེད། བོད་ཀྱི་སྲོག་རྩར་ངོས་འཛིན་ཡོད་པའི་ཤེས་ཡོན་སྲིད་ཇུས་དང་གཞི་རིམ་རིག་གནས་སྐོར་བགྲོ་གླེང་གང་རྒྱས་ཡོང་ན་བསམ་པའི་ངང་སྒུག་གི་རེ་བ་དང་། སེམས་ཁུངས་ཀྱི་ཡིད་ཆེས་བརྟན་པོ་ཡོད་རུང་། མཐོང་ཐོས་ཀྱི་བརྒྱུད་ལམ་དུ་དེ་ལྟ་བུའི་གནས་ཚུལ་འདོད་པ་ཁེངས་པ་ཞིག་གང་ཡང་མ་བྱུང་། སྐབས་འདིའི་གྲོས་འཆར་གྱི་ཡིག་ཆ་ཨང་༣༤་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཉམས་ཞིབ་དང་བོད་ཀྱི་གནས་བབ་ཐད་ཧ་ཅང་གལ་འགངས་ཆེ་ལ་རྣག་ཐོག་བརྩགས་འཁེལ་གྱི་དོན་སྙིང་ལྡན་ཡང་། དེའི་ཐོག་བསམ་ཚུལ་དང་སྐད་ཆ་བཤད་ཚེ་བུད་མེད་སྤྱི་འཐུས་ཚོ།བླ་ལྟག་རྒྱབ་ནས་ཁྱེར་སོང་བའི་ངང་ཚུལ་ནི་ཧ་ལས་པའི་གསལ་པོ་རེད། དེའི་སྐོར་སྐད་ཆ་བཤད་མཁན་བུད་མེད་གཅིག་ཁོ་ན་ཡོད་པ་ནི། སྤྱི་འཐུས་སྒྲོན་དཀར་ལྷ་མོ་རེད་ལ།མོས་མིག་སྤུ་ཟིམ་ཟིམ་ངང་གཏམ་བཤད་རེ་གཉིས་བྱེད་པ་ལྟར་ན། སྤྱི་སེམས་དང་ཆོས་སེམས་ཆེ་མདོག་འདུག་ཀྱང་གོ་རྒྱུ་ཡོད་པའི་གནད་དོན་སྣ་གཅིག་ཀྱང་མེད་པ་མ་ཟད། ལྷག་པར་དུ་མཐོང་ཚོད་བྱས་ན་རྒྱ་ནག་དང་རྒྱ་དཀར་ནག། རྒྱ་བོད་བར་གྱི་གནད་དོན་སྐོར་ཧ་ལམ་གོ་མྱོང་ཐོས་མྱོང་གང་ཡང་མེད་པ་ལྟ་བུ་རེད་འདུག ཕྱོགས་གཞན་གྱི་མཐོང་ཚུལ་ཡོང་སྲིད་ཀྱང་།ཁོ་བོ་ནི་རྒྱུན་དུ་བུད་མེད་ཀྱི་ཁྲོད་སྤྱི་ཚོགས་ནང་ལས་ཀ་བྱེད་མཁན་དང་ནུས་པ་ཐོན་མཁན་མང་པོ་ཡོང་རེ་བྱེད་ཀྱི་ཡོད་ཅིང་། དེ་ལ་དཔག་པའི་ཐོབ་ཐང་གི་སྐོར་ཡིན་ནའང་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱེད་མཁན་ཞིག་ཡིན་། སྤྱིར་ཏང་ཐོབ་ཐང་རྩོད་མཁན་ཞིག་གི་ངོས་ནས་བཤད་ན་གང་རྩོད་པའི་ཐོབ་ཐང་དེ་དང་དེར་སོ་སོས་ལག་ལེན་ཐུབ་མིན་གྱི་བསམ་བློ་ཞིག་སྔོན་ནས་ངེས་པར་གཏོང་དགོས་པ་ཆགས་ཡོད།ཁ་བཤད་ཆུ་ཡི་ལྦུ་བ།།ལག་ལེན་གསར་གྱི་ཐིགས་པ། ཟེར་བ་བཞིན་དོན་དངོས་ཐོག་ཁ་བཤད་ལ་ཉི་མ་ཤར་བ་ལས།བྱ་བ་ཇི་ཙམ་སྒྲུབ་ཐུབ་མིན་དེ་ཐག་པས་འཁྱིག་ཚོད་དང་ཨ་ཕོས་ཁྱོག་ཚོད་ཡིན་རུང་། ལག་ལེན་ལ་མུན་པ་མ་རིབ་པ་ཞིག་དགོས་རྒྱུ་དང་དེའི་སྐོར་གྱི་གཞི་རྩའི་གནད་དོན་ནི། བུ་ཕར་བསྟོད་མི་དགོས་དགྲ་ཡིས་བསྟོད། བུ་མོ་མས་བསྟོད་མི་དགོས་གནས་ཀྱིས་བསྟོད་ཅེས་པའི་ཤེས་བྱ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད།

ཡང་ཚབས་ཆེ་ཡང་ཆེས་ཀྱི་གནས་ཚུལ་གཅིག་གླེང་ན།གྲོས་ཚོགས་ཀྱི་དཀྱིལ་འཁོར་དེའི་ནང་སྤྱི་འཐུས་སོ་སོས་བརྗིད་ཉམས་དང་ནུས་རྩལ་ལྡན་པའི་གསུང་བཤད་གནང་གྲུབ་རྗེས་སྤྱི་འཐུས་གཞན་གྱི་བཀའ་མོལ་ལ་མཐོང་ཆེན་དང་ཉན་འཇོག་བྱེད་མཁན་དཀོན་པོ་འདུག་པས་མ་ཚད་།རེ་ཟུང་གིས་ཕ་རོལ་པོས་གནད་དོན་གང་བཤད་ལ་མི་ལྟ་བར་ཉེས་སྐྱོན་ཁོ་ན་བྲུས་ནས་བཞུགས་ཀྱི་འདུག ཁེ་ཕན་གྱི་ཕྱོགས་སུ་ངེས་པ་སྐྱེས་རྒྱུའི་ཚབ་ཏུ་ཟློག་ཕྱོགས་ནས་གོ་བ་སྐྱེས་སླ་པོ་འདུག་པས་དེའི་ཕུགས་ཀྱི་སྒེར་འཁོན་སོགས་གང་དང་གང་ལ་ཐུག་ཡོད་མེད་ཤེས་དཀའ་བ་ཞིག་རེད། འདི་ལྟབུའི་གནས་ཚུལ་གྱི་ཐོག་ནས་མཐོང་ཐུབ་པ་ཞིག་ལ།ཤེས་བྱ་ཡོད་མེད་ཀྱི་ཕྱོགས་ཁག་གཉིས་མཐོང་རྒྱ་ཆེ་ཆུང་གིས་ཆབ་སྲིད་ཀྱི་བསམ་བློ་གང་ཐད་ནས་ཁ་འཐོར་དགུ་འཐོར་ཏུ་ཕྱིན་ཡོད་པ་གསལ་པོ་ཆགས་པ་དང་ཆབས་ཅིག དོ་ཟླར་ལངས་པའི་དམིགས་ཡུལ་ཁག་ཕྱོགས་སོ་སོ་ནས་གོམ་ཁ་མདུན་སྐྱོད་བྱེད་པའི་ཆེད་དུ་འཇུ་ས་གང་རག་བྱེད་པ་ཞིག་ལ་མི་རྣམས་གཅིག་གྱུར་གྱི་མྱོང་ཚོར་བྱུང་ཡོད་པ་རེད། ད་དུང་གྲོས་ཚོགས་ཀྱི་ར་བའི་ནང་དུ་གཉིད་ཤོར་བ་དང་གཟིམ་ཁུག་པའི་གསར་འགྱུར་མི་ཉུང་བ་ཞིག་ཡོད་པ་ནི་ཧ་ཅང་གི་ཚབས་ཆེན་གྱི་གནས་ཚུལ་ཞིག་རེད། དེ་ཡང་གཉིད་ཤོར་བ་མང་ཤོས་ནི་གྲྭ་པའི་སྤྱི་འཐུས་ཚོ་ཡིན་པ་དང་དེའི་ནང་ནས་བཀུར་འོས་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་མཆོག་ལ་ཆ་བཞག་ན་གཉིད་ཁུག་པ་དང་གཟིམ་ཤོར་བ་གཉིས་ཀའི་བརྒྱ་དམའ་པོ་མིན་སྟེ། དཔེར་ན་ཚེས་༡༨་ཉིན་གྱི་སྔ་དྲོའི་སྤྱི་འཐུས་སྒེར་གྱི་གྲོས་འཆར་། ཡིག་ཆ་ཨང་༣༤་པར་རྒྱབ་སྐྱོར་གྱིས་གསུང་བཤད་བླ་མེད་པ་ཞིག་གནང་སོང་ཡང་སྐབས་དེར་གཉིད་ཁུག་པའི་དུས་ཚོད་ནི་སྐར་མ་༡༦་དང་སྐར་ཆ་༢༧་ཙམ་ཡིན་པ་ལྟབུ་རེད། འོན་ཀྱང་གཟུགས་མཐོང་བརྙན་པར་གྱི་ཁ་ཕྱོགས་ལ་བལྟས་ནས་བྱེད་སྟངས་དང་རྣམ་འགྱུར་བཅོས་མ་སྟོན་པ། གཉིད་ཁོལ་བ་དང་སྣང་མེད་དུ་འདུག་པ།གད་མོ་ཤོར་བ་སོགས་མང་ཤོས་ནི་མི་སྐྱའི་སྤྱི་འཐུས་ཚོ་ཡིན་པ་མ་གཏོགས་གྲྭ་པ་ཚོ་ནི་ཁ་རུ་ཁར་ཐུག་རང་རེད། ཉེ་ལམ་འགྲོ་གྲོན་ཉུང་ཤས་ཤིག་གིས་སྤྱི་འཐུས་གྲོས་ཚོགས་ལ་འཐོར་ལུང་འཐོར་ཏུ་གྱུར་པ་དེས་བོད་པ་ཚོ་དཔལ་འབྱོར་གྱིས་ག་ཚོད་བྱིན་གྱི་བརླབབ་ཡོད་མེད་ཀྱི་བདེན་དཔང་དང་འགྲེལ་བཤད་ཅིག་བྱས་པ་རེད། ངོས་གཅིག་ནས་བལྟས་ཚེ་གྲོས་ཚོགས་ཀྱི་གྲུབ་ཆ་མ་ལོང་པར་གྲོས་ཚོགས་འཚོགས་མ་ཐུབ་པ་དེ་གནད་འགག་ཆེན་པོ་དེ་ཙམ་ཞིག་མ་རེད།དཔེར་ན་སྤྱི་ཚེས་༡༠་ཉིན་གྱི་ཕྱི་དྲོ་ཆོུད་༤་པའི་ཐོག་གྲོས་ཚོགས་ཀྱི་ལམ་ལུགས་ལྟར།མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་ཚོགས་འདུའི་གྲུབ་ཆ་མ་ཚང་བའི་ལས་རིམ་རྣམ་བཞག་སྟོན་གནང་བ་དང་ཆབས་ཅིག ལས་རིམ་རྣམ་བཞག་དེ་ཚོགས་གཙོས་དང་ལེན་གནང་སྟེ། ཚོགས་འདུ་གྲོལ་ཡོད་པ་རེད། དེའི་གནད་དོན་གང་ལ་ཐུག་མིན་སུས་ཀྱང་མི་ཤེས་པའི་ཐོག་དེའི་ལས་རིམ་རྣམ་བཞག་ལ་སྤྱི་འཐུས་བྱིངས་དང་ཚོགས་གཙོས་ཀྱང་གཞི་ནས་དོ་སྣང་དང་གྲངས་ཀ་རྒྱབ་དགོས་པ། ཚོགས་དྲུང་གིས་ཀྱང་ཚ་གི་ཚིག་གི་དང་ཡར་རྒྱུག་མར་རྒྱུག་མང་པོ་བྱེད་དགོས་བྱུང་ཡོད་པ་རེད། གང་ལྟར་མཐའ་མར་གྲུབ་ཆ་མ་ཚང་བའི་ཐོག་གྲོལ་ཡོད་པ་རེད། གཅིག་བྱས་ན་སྤྱི་འཐུས་སོ་སོ་དགའ་ཉེ་བློ་དཀར་དང་ཐུག་འཕྲད་ཀྱིས་གསོལ་ཚིགས་སྟབས་བདེ་ཡིས་ལ་ཁྲིད་ལུང་ཁྲིད་ཀྱིས་འཐུས་ཤོར་དེ་ཚོད་ཤོར་ཡོད་སྙམ། དེ་ཚོའི་ཐོག་ནས་ཤེས་པ་ཞིག་ལ་འགྲོ་གྲོན་གྱིས་སྤྱི་འཐུས་གྲོལ་བའི་རྙོག་དྲ་ཙམ་མ་ཡིན་པའི་ལས་དོན་མང་པོ་ཞིག་གི་ཐོག་ཚགས་ཚུད་པོ་མེད་པ་དང་འཐུས་ཤོར་ཆེན་པོ་ཞིག་འགྲོ་བཞིན་ཡོད་པར་གསལ་པོ་རྟོགས་ཐུབ་ཀྱི་འདུག།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༣༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 31

  1. གངས་གླག says:
    ལོ་ 16 སྔོན།

    དྲ་གྲོགས་ཐོག་རྒོད་ལགས། སྤྱི་བཏང་ནས་ང་རང་ནི་མདོ་སྟོད་ཀྱི་མི་ཞིག་མིན་ནའང་། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་དང་གཅིག གནད་དོན་འདི་རིགས་ནི་བོད་སྤྱིའི་མ་འོངས་ལས་དབང་ལ་ཐད་ཀར་འབྲེལ་བ་ཡོད་པ་ཡིན་པ་སོགས་རྒྱུ་མཚན་འདི་གཉིས་ལ་བརྟེན། མཚམས་འདིར་ངས་ཁ་བཙུམ་ནས་བསྡད་པ་ཡིན་ན། ཅུང་མ་འགྲིག་པ་སྣང་། དེ་ཡང་ཁྱེད་ཀྱིས་བཀའ་ཟུར་འཇུ་ཆེན་ལ་སྐྱོན་བརྗོད་དང་ཁུངས་མེད་ཀྱིས་སྐད་ཆ་རྫོབ་ཆེན་མང་པོ་བཤད་པ་དེ་ནི་ཁྱེད་ལ་འཁྲིམས་གཏུག་གི་འགན་དབང་ཡོད་པ་ཞིག་རེད་ལ། མདོ་སྟོད་མི་དམངས་ནང་ཁུལ་དང་གྲོས་ཚོགས་རྭ་བ་ལ་མི་དགོས་པའི་དཀྲོག་གཏམ་དང་སེམས་ཁམས་ལ་ཕོག་གཏུག་ཐེབས་པའི་དཀྲུག་ཤིང་གིས་སྐད་ཆ་རྐྱང་ཡིན་པས་ཁ་ལ་བདག་པོ་བརྒྱོབ་ན་ཡག་པོ་ཡོད་རེད། ཡང་མིན་ན། སོ་སོའི་དངོས་མིང་བེད་སྤྱད་བཏང་ནས་ཁུངས་བསྐྱལ་ར་སྤྲོད་བྱེད་ན་ལེགས་སྙམ། ང་ཚོས་གྲོས་ཚོགས་ཀྱི་གཟུགས་མཐོང་རླུང་འཕྲིན་གཟིགས་ན། ནོར་འཁྲུལ་ཆེ་ཤོས་སུ་ལ་ཡོད་མེད་ཐག་བཅད་ནས་བཤད་ཐུབ་པ་ཞིག་མི་འདུག་ཨཱ་་་་་
    གནད་དོན་འདི་དང་ཁྲོད་ངས་མདོ་སྟོད་མི་དམངས་ལ་ཞུ་རྒྱུ་ཞིག་ནི། དེང་སྐབས་འདིར་མི་མང་པོས། སྒོས་སུ་རྒྱ་མིའི་སོར་མའང་རྒྱུགས་ཁྱི་དེ་ཚོས་ཐབས་ལམ་འདྲ་མིན་བཙལ་ཏེ་བོད་མི་ནང་ཁུལ་ལ་དཀྲུག་ཤིང་རྒྱག་གང་ཐུབ་བྱེད་ཀྱིན་ཡོད་པས་དེ་དག་ལ་ཐུགས་གཟབ་གནང་པ་ལས་མིའི་ཇུས་འོག་ལ་ཚུད་ཏུ་འཇུག་མི་རུང་། སོ་སོའི་རྣམ་དཔྱོད་ནས་ཁུངས་ལྡན་གྱིས་རང་ཚུགས་ཐུབ་པ་དགོས་གལ་ཆེ་སྙམ།
    ད་ལྟའི་ཆར་བོད་མི་ཚོས་པུང་པ་མཉམ་གཤིགས་ཀྱིས་ནོར་འཁྲུལ་ལ་ཡོར་བསྲང་བྱེད་པ་ལས་ནོར་འཁྲུལ་དེ་ཉིད་ཇེ་ཆེར་གཏང་མི་རུང་།

    Reply
  2. ཐོག་རྒོད། says:
    ལོ་ 16 སྔོན།

    བློ་དགས་བཤད་པ་དེ་དག་ཁོང་རང་གིས་གང་མཐོང་བ་དེ་ཕལ་ཆེར་བྲིས་ཡོད་ས་རེད།
    ང་ཚོས་བརྙན་འཕྲིན་ནང་མཐོང་བ་དང་བློ་དགའ་ལགས་ཀྱིས་དངོས་སུ་མཐོང་བ་གཉིས་ལ་ཁྱད་པར་ཡོད་པ་རེད།ཕལ་ཆེ་བ་དེ་ག་རང་ཡིན་ས་རེད།

    བློ་དགའ་ལགས་ཀྱིས་ཟླ་༩ཚེས་༡༨དང་༡༩ཙམ་ལ་བྲིས་པ་དེ་ཚོ་བདེན་པ་རང་རེད།དེ་ལ་བལྟས་ན་ཁོང་ལ་གཞི་ཆེན་ཕྱོགས་ཀྱི་དྲི་མ་ཁ་གི་མི་འདུག་པ་འདྲ།

    གཞི་ཆེན་གྱི་དྲི་མ་ཁ་ན་དེ་ནས་ཚར་བ་རང་རེད།

    འོན་ཀྱང་ཁོང་གིས་༼ གྲྭ་པ་ཚོ་ནི་ཁ་རུ་ཁར་ཐུག་རང་རེད།༽ ཅེས་བཤད་པ་དེ་ཏག་ཏག་ཅིག་བསྡད་ཡོད་པ་མ་རེད།གྲོས་ཚོགས་ནང་གི་གྲྭ་བ་ཆ་ཚང་དེ་འདྲ་མིན་པ་ང་ལ་གསལ་པོ་ཆ་རྒྱུས་ཆ་ཚང་ཡོད་མཁན་ཞིག་གིས་གསུངས་སོང།
    གང་ལྟར་གྲོས་ཚོགས་ནང་ད་དུང་གཞི་ཆེན་སྐུ་ངོས་ཀྱི་ཤུགས་རྐྱེན་ཞིག་བསྡད་ཡོད་འདུག།དེ་ནི་ཉེ་སྔོན་ཕྱི་ལ་བྲོས་འགྲོ་མཁན་དེ་ཚོའི་གྲས་རེད་འདུག།དེ་འདྲ་རྐྱང་བྱས་བསྡད་ན་བོད་སྤྱི་དང་མདོ་སྟོད་མི་མང་ལ་འགྲིག་གི་མེད་པ་ཤེས་དགོས་ངེས་ཡིན།
    གཞི་ཆེན་སྐུ་ངོས་ཀྱིས་གནའ་ནས་མི་མངོན་པའི་སྒོ་ནས་ཚོགས་པ་༡༣སོགས་ལ་ལག་འབྲེལ་དང་ལམ་སྟོན་བྱས་རབས་དེ་ཚོ་གོ་སོང་ངམ????????????????????????????

    གཞི་ཆེན་ཐུབ་བསྟན་གྱིས་གཡོ་བྱུས་འདྲ་མིན་འོག་༡༩༩༤ལོར་ལི་ཐང་ཨ་ཐར་བེད་སྤྱོད་ཀྱིས་ཐེ་ཝན་བོད་སོག་ལས་ཁུངས་དང་མདོ་སྟོད་ཆུ་བཞི་སྒང་དྲུག་ཟེར་བའི་བར་གསང་བའི་གྲོས་ཆོད་བཞག་པ་ཧ་གོ་སོང་ངམ?????????????????????????????????
    དེ་ལ་བརྟེན་༧གོང་ས་སྐྱབས་མགོན་ཆེན་པོས་ཐུགས་ཕམ་གནང་བ་ཤེས་སོང་ངམ?????????????????????????????????????????????????????????
    ཨ་ཐར་སོགས་ཀྱིས་ལས་ཀ་དེར་ང་ཚོ་མདོ་སྟོད་རྒྱ་ཆེ་མང་ཚོགས་ཀྱིས་ནམ་ཡང་ངོས་ལེན་ཞུ་ཐབས་མེད།དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།དེར་བརྟེན་ཨ་ཐར་སོགས་ཆུ་སྒང་རྒྱུན་ལས་རྣམས་ཀྱིས་དགོངས་པ་ཞུ་དགོས་ཞེས་པར་ཨ་ཐར་ཅན་སོགས་ཀྱིས་གཞི་ཆེན་གྱི་ལམ་སྟོན་ལྟར་དགོངས་པ་མ་ཞུས་པར་འཁྲག་འཛིན་བྱས་པ་ཧ་མ་གོའམ??????????????????????
    དེར་བརྟེན་མཐར་མདོ་སྟོད་མི་མང་གིས་བཞུགས་སྒར་རྡ་རམ་ས་ལའི་ད་ལྟའི་ཆུ་སྒང་གསར་བ་དེ་ཚོ་གསར་འཛུགས་བསྐྱངས་པ་ཤེས་སོང་ངམ??????????????????????
    དེ་མ་ཐག་དོལ་རྒྱལ་ཚོགས་པ་དང།ཆུ་སྒང་རྙིང་པ།ཀརྨ་ཞྭ་དམར་པའི་ཕྱོགས་བཅས་མཉམ་འབྲེལ་གྱིས་གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་ཚོགས་སར་ཆེད་དུ་ལྷན་ཚོགས་བསྐྱངས་སར་དོལ་རྒྱལ་ལྷ་ཚད་ལྡན་ཡིན་པ་ཁོ་ཚོ་གསུམ་གྱིས་ངོས་ལེན་དང།ཞ་དམར་ཀརྨ་པ་ཀརྨ་པའི་ཡང་སྤྲུལ་ཚད་ལྡན་ཡིན་པ་ཁོང་ཚོ་གསུམ་གྱིས་ངོས་ལེན་དང།དྷི་ལི་ཆུ་སྒང་རྙིང་པ་དེ་མདོ་སྟོད་དབུས་རྒྱུན་ལས་ཁང་དག་མ་ཡིན་པར་ངོས་འཛིན་གཅིག་གྱུར་བྱེད་པར་ཁོང་ཚོ་གསུམ་གྱིས་མནའ་སྐྱེལ་དམ་བཅའ་དང།གྲོས་ཆོད་བཞག་པ་ཧ་གོ་སོང་ངམ????????????????????????????????
    སླར་ཡང་མི་མང་གིས་བཀའ་ཁྲི་འོས་བསྡུ་རན་པ་ན་གཞི་ཆེན་སྐུ་ངོས་ཀྱིས་ཁོང་རང་ཉིད་ལ་བཀའ་ཁྲིའི་འོས་ཤོག་ཐོབ་རེའི་སྤྱི་ཚོགས་ནང་ངོ་སོ་ཆེན་པོ་ཡོང་ཐབས་དམིགས་ཨ་ཐར་ཅན་སོགས་༧གོང་ས་མཆོག་གི་སྐུ་མདུན་ཁྲིད་དགོངས་དག་ཞུ་བཅུག་པ་ཤེས་སོང་ངམ????????????????????????????
    དེ་བཞིན་སྐུ་ངོས་གཞི་ཆེན་གྱིས་ཆུ་སྒང་གསར་རྙིང་ནང་འགྲིགས་ཡོང་ཐབས་བྱེད་དགོས་ཡོད་ཅེས་དོན་ལ་ཆུ་སྒང་གསར་བ་རྩིས་མེད་དང་ཆུ་སྒང་རྙིང་པ་རང་འཇགས་ཡོངས་ཐབས་འབད་འབད་དུང་དུང་གང་མང་བྱས་རབས་གོ་སོང་ངམ???????????????????????????????
    མཐར་གཞི་ཆེན་སྐུ་ངོས་ཀྱིས་དེའི་སྔོན་ནས་ཁོང་རང་ཉིད་ཀྱིས་ཕྱོགས་གཏོགས་ཡིན་པའི་ཁྲིམས་དཔོན་ཆེ་བ་བྱ་དུར་བཟང་པོར་ཁོག་ཞུགས་ཀྱིས་མདོ་སྟོད་ཆུ་སྒང་གསར་བ་ཁྲིམས་ཀྱི་མིང་ཐོག་ནས་ག་འདྲ་བྱས་ནག་པོ་བཟོས་སོང།ཧ་གོ་ཡོད་དམ?????????????????
    དེ་རྗེས་གཞི་ཆེན་གྱི་ཨབ་ཕྲུག་ཀརྨ་ཆོས་འཕེལ་སྤྱི་འཐུས་ཚོགས་གཙོ་ཚབ་བྱེད་བཞིན་པའི་གོ་སྐབས་དེ་དམ་འཛིན་གྱིས་རྡ་རམ་ས་ལའི་མདོ་སྟོད་དབུས་ཆུ་སྒང་རྒྱུན་ལས་ཁང་དེ་བོད་གཞུང་གིས་ངོས་ལེན་མེད་པའི་གྲོས་ཆོད་བཞག་པ་དེ་ཡང་གཞི་ཆེན་སྐུ་ངོས་ཀྱིས་ཆོ་འཕྲུལ་ཡིན་པ་བ་རེད་དམ???????????????????????????????????
    བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་བྱས་རྗེས་འདྲན་ཟླ་མེད་པ་དང།༧གོང་ས་མཆོག་དང་བོད་གཞུང་གི་ཅི་གསུངས་བཀའ་བསྒྲུབ་ཞུ་མཁན་བཞུགས་སྒར་རྡ་རམ་ས་ལའི་དབུས་མདོ་སྟོད་ཆུ་སྒང་རྒྱུན་ལས་ཁང་དེ་གཞི་ཆེན་ཐུབ་བསྟན་གྱིས་གཡོ་འཕྲུལ་ཁོ་ནས་ཡང་ཡང་ནག་པོ་ནག་རྐྱང་བཟོས་པ་དེ་ང་ཚོ་མདོ་སྟོད་ཁམས་པ་ལ་ཐུབ་ཚོད་བཏང་བ་མིན་ན་ག་རེའི་རེད།
    དངོས་གནས་ང་ཚོ་མདོ་སྟོད་རྒྱ་ཆེ་མང་ཚོགས་ཀྱིས་ནད་ཁྱོག་ས་རེད་དམ།??????????????????????
    དེ་ལ་བརྟེན་ང་ཚོ་མདོ་སྟོད་མི་མང་ནང་ཁུལ་ད་ལྟ་ཆུ་སྒང་གསར་རྙིང་གཉིས་ཆགས་ཏེ་ནང་མ་འཆམས་པར་ད་ལྟ་ཡང་མི་མང་གིས་སེམས་གཏིང་ན་སྡུག་བསྔལ་ཚད་མེད་མྱོང་བཞིན་པ་དེ་ཚང་མ་གཞི་ཆེན་སྐུ་ངོས་ཀྱིས་བཟོས་པ་རེད།དངོས་གནས་ཡིན།དེ་ཚོ་ཚང་མ་མདོ་སྟོད་མང་ཚོགས་ཀྱིས་ཡག་པོ་ཤེས་དགོས་ངེས་རང་རེད།

    Reply
  3. ལི་ཐང་བཤད་སྒྲུབ says:
    ལོ་ 16 སྔོན།

    སྐུ་ཞབས་སེར་སྨད་བློ་དགའ་ལགས་ཀྱི་དྲང་བདེན་གྱི་ལམ་ནས་དགོང་ཚུལ་གསུངས་པ་བཀའ་དྲིན་ཆེ་ཞུ་

    Reply
  4. གངས་གླག says:
    ལོ་ 16 སྔོན།

    དྲ་གྲོགས་བཀྲ་ཤིས་ལགས། བོད་པ་ཞིག་ཡིན་པའི་ཆ་ནས་བཟང་སྤྱོད་ཀྱི་དྲི་མ་ཏོག་ཙམ་དགོས་པ་ནི་༧གོང་ས་མཆོག་གིས་རྣམ་ཀུན་ང་ཚོར་བཀའ་བསླབ་ལམ་སྟོན་གནང་མུས་རེད་མོད། འོན་ཀྱང་ང་ཚོ་བོད་པ་ཕལ་ཆེ་ལ་ཆུ་དང་ཉ་མོ་ལྟར་བྲལ་ཐབས་མེད་པའི་གོམ་གཤིས་ཤིག་ཡོད་པ་ནི་སོ་སོས་ཏོག་ཙམ་ཤེས་དུས་མི་གཞན་ལ་དམའ་འབེབས་དང་མཐོངཆུང་སོགས་གཏང་སྲོལ་ཡོད་པ་དེ་རེད། དྲ་དཔོན་གྱིས་ཡིག་ནོར་ཤོར་པ་མཐོང་རྗེས་བཅོས་ན་འགྲིག་གི་རེད། དེ་ལ་ཐ་ཤལ་གྱི་ཚིག་དེ་ལྟར་གསུངས་དགོས་དོན་རྩ་བ་ནས་མ་མཐོང་།

    Reply
  5. ནད་པ says:
    ལོ་ 16 སྔོན།

    ཟུར་ཉན་པའི་དགོངས་ཚུལ་ཡག་པོ་འདུག སྤྱིར་བོད་རིགས་ཞིག་ལ་མཚོན་ན་ཡ་རབས་དང་སྤྱོད་བཟང་ཟེར་བ་དེ་སྔར་ནས་ད་བར་རྒྱུན་ཆགས་སུ་ཡོད་སྟབས་སྤྱིའི་ཆ་ནས་བོད་པ་ཟེར་བ་དེ་མི་གཤིས་བཟང་པོ་ཞིག་ཏུ་བརྩི་བཞིན་ཡོད་པ་རེད།

    དེར་བརྟེན་ཟ་སྟངས་དང་། སྡོད་སྟངས། བྱེད་སྟངས། འགྲོ་སྟངས་སོགས་ཕ་མས་ཕྲུ་གུ་ཚོར་གོམས་འདྲིས་དང་བག་ཆགས་བཟང་པོ་འཇོག་རྒྱུར་རྟག་ཏུ་ཁ་ཏ་བསླབ་བྱ་གནང་གི་ཡོད་པ་རེད།

    སོང་ཙང་། ཟ་སྟངས་འགྲོ་སྟངས་སྡོད་སྟངས་གསུམ། །དྲིན་ཅན་ཕ་མའི་བསླབ་གསོ་ཡིན། །ཞེས་བཤད་སྲོལ་ཡོད་པ་རེད་མོད་ད་ལྟའི་སྤྱི་འཐུས་ཁ་ཤས་ཤིག་གིས་གྲོས་ཚོགས་ནང་གཉིད་ཉལ་སྟངས་དང་། ། ཁ་ནང་གང་བྱུང་ཟ་བ། སྐད་ཆ་མི་ཉན་པ། དགོད་ཆུང་རྒྱག་པ། ཚིག་རྩུབ་ཤོད་པ་སོསག་ལ་གཞིགས་ན་ཟ་སྟངས་དང་འགྲོ་སྟངས་སྡོད་སྟངས་སོགས་ཀྱི་ཐད་ལ་དྲིན་ཅན་ཕ་མའི་བསླབ་གསོ་མ་རག་ལྟ་བུ་ཞིག་འདུག

    Reply
  6. བཀྲ་ཤིས། says:
    ལོ་ 16 སྔོན།

    གོང་དུ་ཟིན་བྲིས་པ་མང་པོ་ཞིག་གིས་སེར་སྨད་བློ་དགའ་ལགས་སུ་སྐྱོན་བརྗོད་མང་པོ་བྱས་འདུག་ཏེ་རྒྱུ་མཚན་ལྡན་པའི་སྐད་ཆ་སྣ་གཅིག་ཀྱང་མི་འདུག གང་ཡིན་ཞེས་ན་ཡོད་ཚད་ལ་བསམ་བློ་མ་གཏང་བ་དེ་དང་། བསམ་ཚད་ཞལ་ནས་མ་་ཐོན་པ་སོགས་སྐྱོན་དུ་འགྲོ་མིན་དེ་སྐབས་དང་དུས་ལ་བསྟུན་ནས་བཤད་དགོས་པ་ལས། དྲན་ཚད་ཡིག་ཐོག་ཏུ་བཀོད་པ་ལ་ངལ་བ་བྱས་ཀྱང་གྲུབ་འབྲས་མེད་ན་ཅི་ཞིག་བྱ། ལྷག་པར་དུ་ལྷན་རྒྱས་མཚོས་སེར་སྨད་བློ་དགས་གང་བཤད་པ་དེ་ལ་ལེགས་ཉེས་ཀྱི་རྣམ་དབྱེ་འབྱེད་དགོས་པ་ལས། གང་མ་གླེང་པ་དེ་ཁོང་གི་སྐྱོན་དུ་ལྟ་བ་དེ་ཁོ་བོ་དགོད་བྲོ་བའི་གནས་ཞིག་ཅི་ལ་མིན།

    Reply
  7. བཀྲ་ཤིས། says:
    ལོ་ 16 སྔོན།

    དྲ་དཔོན་ལགས། ཡིག་ནོར་མང་པོ་འདུག བསམ་བློ་ཡག་པོ་ཐོངས། མ་ཤེས་པ་ཡིན་ན་ཡག་པོ་སྦྱོངས། ཡིག་ནོར་མང་བས་རྐྱེན་ཀྱིས་བརྗོད་བྱ་གང་ཡིན་ཤེས་མ་སོང་།

    Reply
  8. དྲ་དཔོན་ says:
    ལོ་ 16 སྔོན།

    ད་དེང་སང་དངོས་གནས་མི་འགའ་རེའི་ཧམ་པ་རི་རྩམ་བཤད་ན་བདེན་པ་གཡག་ཙམ་ཐོབ་པའི་རེ་བ་བྱེད་བཞིན་འདུག་་་་་་་་་་་་དོན་དངོས་གནས་ཚུལ་ཆུང་ཆུངཞིག་ཏེ་ཧེན་སྒོར་ཁྲི་གཉིས་གསུམ་ཞིག་གི་དོན་ལ་འཆོ་ཁའི་ནད་གཞི་ཞིག་ཁོག་ལ་ཉར་ནས་གང་ཟག་སྒེར་ལ་དམིགས་ཏེ་འཆོ་ཁ་དང་ངོ་ཤེས་དཔུང་སྒྲིག་གྱི་རྣམས་པ་གསལ་པོ་ཡོད་པའི་ཐོག་སྤྱི་མཐུས་མི་གྲངས་བཅུ་བཞིའི་ས་རྟགས་མཁོད་པའི་་གྲོས་འཆར་ལྟོན་པ་ལས་བྱུང་བའི་གནས་སྟངས་ཐབས་སྡུག་འདི་ནི་་་་་་་་་་་ནམ་ཡང་ཁོང་རྣམས་པས་བུ་ལོན་འཇལ་ཐུབ་པའི་ལས་ངན་ཞིག་ག་ལ་ཡིན་་་་་་་་འདི་ནི་་་༧་རྒྱལ་བ་དོན་གྱི་བདག་པོའི་བཀའ་དགོང་དང་འགལ་ལ་་་གཞི་བྱེས་བོད་མིའི་མངོས་འདོད་དང་མི་མཐུན་པའི་དཔའ་ཉམས་ཞིག་རེད་་་་་་དེ་ཡང་གྲོས་འཆར་འདི་འདྲ་ཞིག་ལྟོན་དགོན་དོན་ནི་་དེ་སྔོན་དབུས་གཙང་གྱི་ཁོངས་ནས་ཡིན་པའི་སྤྱི་མཐུས་ཞིག་ཨ་རེའི་ལ་གནས་སྤོས་བྱེད་སྐབས་ཁོང་ལ་ལམ་འགྲོས་བཏང་མ་སོང་ཅེས་རྒྱུ་མཚན་འདི་ཙམ་ལས་མི་འདུག་་་་་་གསལ་བཤད་འདི་ནི་དབུས་གཙང་གི་ཁོངས་ནས་ཡིན་པ་་་་་་ས་སྐྱའི་སྤྱི་མཐུས་པདྨ་འབྱུང་གནས་ལགས་ཀྱི་སྐད་ངག་མཐོ་པོའི་སྟིང་ཁོང་རང་ཧ་ལམ་་ས་སྐྱ་གོང་མིའི་སྐུ་ཚབ་ཡིན་པའི་བཟོ་འདྲ་ཞིག་ལྟོན་ནས་སོ་སོའི་གནས་བབ་ལ་མི་བསམ་པར་ཕྱོགས་ཞེན་ལམ་ནས་གསལ་བཤད་དེའིི་འཇུག་ཏུ་ང་རང་གྲོས་འཆར་དེར་རྒྱབ་སྐྱོར་ཡོད་ཅེས་བཤད་སོང་་་་་་་དངོས་འབྲེལ་ས་སྐྱའི་ཆོས་སྒར་ལ་ཤེས་འགྱོན་གཉིས་ལྡན་གྱི་གྲ་བ་དང་བླ་མ་མཁན་པོ་མིང་འཛིན་པ་མེད་པ་རེད་པས་་་་་་་་མི་སྐྱ་ཕྱོགས་ཞེན་ཅན་འདི་འདྲ་ཞིག་ས་སྐྱའི་སྤྱི་མཐུས་སུ་བཏང་དགོས་དོན་ཅི་ཡིན་མི་ཤེས་་་་ཡིན་ཡང་དཔལ་ས་སྐྱ་པའི་བླ་གྲ་འདུས་མང་ནས་གནས་ཚུལ་འདི་ནི་མ་འོངས་སྐབས་བཅོ་ལྔ་པའི་འོས་ཕན་གྱི་བྱེད་ཕྱོགས་ལ་བསམ་ཞིག་གནང་བདེ་བ་ཞིག་ཀྱང་རེད་་་་་་མ་གཞི་ངས་གྲོས་འཆར་འདི་ལ་དགག་སྒྲུབ་གནང་མཁན་ཚང་མར་སྐྱོན་བརྗོད་བྱེད་འདོད་མེད་དེའི་རྒྱུ་མཚན་ནི་ཁོང་རྣམས་པ་ལ་ཐུགས་ཁག་མེད་པའི་གནས་ཚུལ་ཞིག་འདུག་་་་་་་སྲིད་དོན་པ་ཞིག་ཡིན་ན་ག་དུས་ཡིན་ཁོས་དམིགས་ཡུལ་དང་རེ་བ་གང་ཞིག་ཡིན་ན་ལས་སྒྱུ་འབྲས་ཟེར་བ་དེ་ཆ་ཅན་དང་པོ་ལ་བཞག་གྱི་མ་རེད་་་་་་་་་་དེ་འདྲ་སོང་གཙང་ང་རང་འཚོའི་སྤྱི་ཚོགས་ནང་སོ་སོ་བོད་རིགས་ཞིག་ཡིན་པའི་ཆ་ནས་གོང་གཤིས་ལ་ཡང་ལས་སྒྱུ་འབྲས་ལ་བསམ་ཞིག་གང་ཐུབ་གནང་མཁན་ཞིག་ལ་རྟེན་་་ད་བར་ཀྲུང་དབྱངས་སྲིད་གཞུང་གི་ནུས་ཤུགས་འཐད་པའི་མཐོ་སྤྱི་མཐུས་ནས་མི་རེ་གཉིས་ཞིག་གི་ལྷག་བསམ་གི་མདོང་སྤགས་ལ་ཡིད་བཅོལ་ཏེ་དགོས་མེད་གྱི་བརྩོད་རྙོག་མང་པོ་བཟོ་དང་བཟོ་བཞིན་ཡོད་པ་ལས་འདི་ནི་གསལ་ཤོས་ཞིག་རེད་་་་་དངོས་འབྲེལ་བྱེད་ན་མི་གཅིག་གི་ལམ་འགྲོན་གྱི་གནད་དོན་འདི་ལ་དཔུངས་སྒྲིག་དེ་འདྲ་བྱེད་དགོས་དོན་མ་མཐོང

    Reply
  9. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    སྐུ་ཞབས་སེར་སྨད་བློ་དགས་ཚོན་མདོག་ལས་སྤུས་ཚད་མཐོང་མི་འདུག་ལ། མཐོང་བ་དེ་ཡང་ཅུང་ཕྱོགས་སུ་ལྷུང་བའི་ཚོར་སྣང་བྱུང་།
    ཟིན་བྲིས་ལ་སྤྱིར་མིང་འདོགས་མཛད་པ་ནང་བཞིན་གྱི་དོན་ཅི་ཡང་མི་འདུག ལོས་ཀྱང་ཡིན་ཏེ་ཉིན་ཤས་ལ་ཟུར་ཉན་དུ་བཅར་བ་ཙམ་གྱིས་དོན་དངོས་རྟོགས་དཀའ་བ་ཡིན། རྒྱུ་མཚན་ནི་ལོ་བཅུ་ཕྲག་འགོར་བའི་ནད་ཡམས་རྙིང་པ་ཞིག་ཡིན་པས་སོ།།

    Reply
  10. སྦྲ་དཔལ་ལྡན། says:
    ལོ་ 16 སྔོན།

    ཨོ་ད་དེ་འདྲ་ཡིན་རྒྱུ་རེད།

    Reply
  11. kunsal says:
    ལོ་ 16 སྔོན།

    བློ་དགའ་ལགས་ཀྱིས་གྲོས་ཚོགས་སུ་ཟུར་ཉན་ལ་ཕེབས་པའི་གཟིགས་ཚུལ་བྲིས་པ་དེར་སྐྱོན་བརྗོད་མ་གཏོགས་ལེགས་ཆ་གཅིག་ཀྱང་མ་མཐོང་། སྐྱོན་བརྗོད་དེ་ཡང་དྲང་ཐིག་གི་མདའ་མོ་བདེན་དཔང་གི་འབེན་ལ་མ་བརྒྱབ་པར་དྲི་ངན་ས་གཡོགས་བྱེད་སྟངས་འདིས་ཁྱེད་ཀྱི་བཞེངས་ཕྱོགས་དེ་ཡང་བོད་རྒྱལ་ཁབ་དང་མི་རིགས་ལ་ཤ་ཚ་ཡོད་མཁན་ཞིག་ཨེ་ཡིན་སྙམ། ང་ཚོ་བོད་རིགས་སུ་གཏོགས་ཚད་ཀྱིས་ལས་བྱས་ཚད་དང་གཏམ་བཤད་ཚད་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཕན་ཐབས་ཁོ་ན་གནང་དགོས་པ་ནི་བོད་མི་མི་རེ་ངོ་རེར་འཁྲི་བའི་འོས་འགན་ཡིན། གལ་ཏེ་སྤྱི་དོན་ལ་ཕན་མ་ཐོགས་ཀྱང་གནོད་པའི་རིགས་དངོས་ཤུགས་བརྒྱུད་གསུམ་ནས་མ་གནང་རོགས་གནང་།

    Reply
  12. རྣོ། says:
    ལོ་ 16 སྔོན།

    དེ་འདྲ་ཞིག་རེད། ད་ག་རེ་བྱེད། གཅིག་བཤད་ན་ཁ་ལོགས་དང་གཉིས་བཤད་ན་ཚིག་ལོགས་རྐྱང་རྐྱང་རེད། བློ་དགའ་འདི་ཡག་པོ་འདུག།

    Reply
  13. ཉི་ཟླའི་མགྲོན་བདག says:
    ལོ་ 16 སྔོན།

    བླ་རྒན་གྲ་ཚིགས་ནང་ལ་ཞོག་དང་ལེགས་ཉེས་ལེགས་པར་འབྱེད་ཆོག་མ་ཟད་ཁྱེད་རང་ཁ་བཤད་སྟོང་བ་ཡིན་མིན་གསལ་བོ་བཟོ་ངེས་ཡིན།ཞེན་ཁོག་སྤངས་ནས་གྲ་ཚིགས་ནང་ལ་ཡོང་དགོས་བ་གལ་ཆེན་པོ་རེད།

    Reply
  14. མཛེས་གླིང་པ says:
    ལོ་ 16 སྔོན།

    བླ་དགའནས བློ་དགའ་ལ་བཅོས

    Reply
  15. མཛེས་གླིང་པ says:
    ལོ་ 16 སྔོན།

    བླ་དགའ་ཟེར་བ་འདི་གོ་བ་མེད་པའི་རྩོམ་་འཆལ་རྐྱང་སྤེལ་མཁན་ཞིག་རེད ད་ཐེངས་ཁོ་གྲོས་ཚོགས་ནང་མཛེས་མ་འགྲན་བསྡུར་གྱི་བརྒྱ་ཆ་སྤྲོད་མཁན་འགྲོ་བ་ལྟ་བུ་ཞིག་ལས་མ་མཐོང་། ཁ་སང་ཁོས་བང་ཆེན་ནང་དུ་གྲོས་ཚོགས་གོང་འོག་གཉིས་བཟོ་དགོས་ཚུལ་བྲིས་འདུག དེ་ནི་གྲོས་ཚོགས་རྐུབ་སྟེགས་མང་ན་ཁོ་རང་ལ་ཡང་འཐུས་མི་ཐོབ་འོང་སྙམ་པ་རེད། དེའི་ཕྱིར་ཤེས་འཇོན་གཉིས་སྟོང་གི་མི་ཀླད་འདི་ཚོ་ནམ་ཡང་གྲོས་ཚོགས་ནང་སླེབས་བཅུག་མི་ཉན འཇོན་མདོག་མགོ་རིང་ཁྱེད་ནམ་ཡང་་་་་་་་་་་་་་་་་་་་་་

    Reply
  16. གཉན་མདང་ཕོ་ཉ། says:
    ལོ་ 16 སྔོན།

    ཕྱོགས་མ་ཚང་བའི་འབྲི་སྟངས་ཤིག་མཐོང་སོང་།
    མི་སྣ་འགའ་རེ་ཞིབ་འབྲི་དང་
    ཡང་དེ་དུས་གྲོས་ཚོགས་ནང་གི་མི་སྣ་འཁྲུགས་ཤོས་འགའ་ནི་གླེང་སློང་ཙམ་ཡང་བྱས་མི་འདུག
    དེར་བརྟེན་དེ་ཙམ་ཡིད་ལ་འཐད་པོ་ཞིག་མ་རེད་ཡ

    Reply
  17. གངས་གླག says:
    ལོ་ 16 སྔོན།

    ཡ་ཡ། བློ་དགའ་ལགས། ཁྱེད་ཀྱིས་གསུངས་པ་ཚང་མ་ཡིད་ཆེས་འཕེལ་པ་ཞིག་མིན་ནའང་། སེམས་ཤུགས་ཀྱིས་བྲིས་པ་དེར་རྗེས་སུ་ཡི་རངས་ཡོད།

    Reply
  18. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    སྨྲ་མཁས་པ་སྐྱ་ཀ་ཁྲ་མོས།། དོན་མི་ཤེས་སྒོ་ང་ལམ་ཐོག་བཞག

    Reply
  19. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ངའི་གྲོགས་པོ་ཇ་འཐུང་རོགས་དང་ལབ་རྒྱག་རོགས་བློ་དགས་ཟིན་བྲིས་གསར་པ་བྲིས་་པ་བཟང་གི འོན་ཀྱང་ལེགས་ཉེས་ཀྱི་ཐད་དུ་ལག་པ་འཆང་མི་ཐུབ་ཀི མཐོ་ན་ཨ་ཁུའི་མགོ་དང་དམའ་ན་ཨ་ཁུའི་རྟ་ལ་ཕོགས་སྲིད་པས་རེ་ཞིག་ཏིང་སྙོམས་སུ་བཞག་པ་ཡིན།

    Reply
  20. ཉི་ཟླའི་མགྲོན་བདག says:
    ལོ་ 16 སྔོན།

    འདི་འདྲིའི་ཕྱོགས་ཞེན་རྒྱང་རྒྱང་གི་སྐད་ཆ་ཤོད་དང་མདོ་སྟོད་སྤྱི་མཐུས་ལ་མགྱོགས་པོ་བཞག་ཡོང་འ།ད་བླ་རྒན་མགོ་ཁྲག་འདི་ཚོ་ཤུ་ན་བཟང་གི་མ་གཏོགས་བོད་མི་རིགས་ཀྱི་འཐབ་རྩོད་ཕར་ཞོག་ཕྱོགས་ཞེན་ཁོ་ནས་ཏན་ཏན་ལྷག་རྒྱུ་རེད།ང་ཚོས་གཞོན་སྐྱེས་ཚོས་ཁུར་གསར་བ་ཞིག་བླངས་ནས་ལམ་ཁ་གསར་བ་ཞིག་ཏུ་གོམ་པ་ངེས་པར་དུ་སྤོ་དགོས་བའི་དུས་ལ་བབས་འདུག།

    Reply
  21. རུ་དམ་ལུང་གི་བུ། says:
    ལོ་ 16 སྔོན།

    གང་ལྟར་ཡང་སྤྱི་ཡོངས་ཀྱིས་ཐུགས་བསམ་ལེགས་པོ་ཞིག་བཏང་དགོས་གི

    Reply
  22. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    བློ་དགས་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ
    སྒྲོན་དཀར་ལྷ་མོའི་མིག་སྤུ་ཟིམ་ཟིམ་བྱེད་སྟངས་འབྲི་བ་ལས་༼ཡིད་མི་ཆེས་པའི་གནས་ཙུལ་རབ་དང་རིམ་པ་ཤ་སྟག་བྱུང་༽ཅེས་བ་གང་ཇི་ལྟར་བྱུང་མིན་དེ་རྒྱས་བར་བྲིས་ན་ཕན་ཆེ

    Reply
  23. མདའ་ཚན་ཚེ་རིང་། says:
    ལོ་ 16 སྔོན།

    ཡ་ཡ། ཕལ་ཆེར་དེ་འདྲ་མིན་འགྲོ། ཐུགས་རྗེ་ཆེ།

    Reply
  24. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    མདའ་ཚན་ཚེ་རིང་ལགས། ང་ནི་ལག་པ་འཆིང་རྒྱུ་མ་བྱུང་། ཕལ་ཆེར་མཆན་འགོད་སྟངས་ནོར་བ་ཡིན་པའི་ཡིད་ཆེས་ 99% ཡོད།

    Reply
  25. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    སུ་ཞིག་གིས་གང་ཞིག་བཤད་ཀྱི་ཡོད་མེད་དེ་ནི་བདེན་པ་ཡིན་མིན་དེ་ནི་གཙོ་བོ་མིན་ཡང་། སུ་ཞིག་གིས་གང་ཞིག་བྱེད་ཐུབ་ཀྱི་ཡོད་མེད་དེ་ནི་བདེན་པ་ར་སྤྲོད་ཅིག་ཡིན་པ་རེད།

    Reply
  26. མདའ་ཚན་ཚེ་རིང་། says:
    ལོ་ 16 སྔོན།

    དུས་བབ་དྲ་དཔོན་ལགས། མཆན་གཅིག་བཏབས་ཡོད་མོད།དྲ་ཐོག་ཏུ་མི་མངོན་པ་ག་རེ་ཡིན་ན།

    Reply
  27. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    ཁྱོ་མེད་པའི་གཏམ་རང་རེད།

    Reply
  28. གནམ་ལྕགས། says:
    ལོ་ 16 སྔོན།

    བསམ་ཚུལ་ཟེར་ན་ཅང་མེད་ཀི་ གང་ལྟར་ལས་མ་དག་པའི་གང་ཟག་ཅིག་ལོས་ཡིན་འདོད་སོང༌། ཅུང་དབུ་གཡོན་མེད་འགྲོ་བསམ་པའང་དྲན་སོང༌། སྤྱི་བསྡོམས་ལྟ་བུའི་སྐད་ཆ་གང་ཡང་མེད་པར་སེམས་ལ་གང་ཤར་བཤད་འདུག འདི་ལ་ལགས་སོ་ཟེར་ཁག་པོ་འདུག

    Reply
  29. བསེ་རུ། says:
    ལོ་ 16 སྔོན།

    ང་ཡིས་མཐོང་བའི་ཡིག་ནོར།
    མ་དག་པ། དག་པ།
    བགོད་བྲོ། དགོད་བྲོ།
    བཟློག་ཕྱོགས། ལྡོག་ཕྱོགས།
    ལོས་རྒྱུས། ལོ་རྒྱུས།
    རྣག་ཐོག་བརྩགས་འཁེལ། རྣག་ཐོག་བཙགས་འཁེལ།
    བྱིན་གྱི་བརླབབ་ཡོད། བྱིས་གྱིས་བརླབས་ཡོད།
    ནེ་གཙོའི། ནེ་ཙོའི།
    འཛུབ་སྟོན། མཛུབ་སྟོན།
    སྒྲོན་དཀར། སྒྲོལ་དཀར།
    མུན་པ་མ་རིབ་པ། མུན་པ་རུབ་པ།

    གོང་གི་ཡིག་ནོར་ཁག་རྩོམ་སྒྲིག་པ་དང་གསར་འགོད་པས་རྩོམ་ཡིག་བསྐུར་བ་པོས་བསྐུར་བ་བཞིན་རང་སོར་བཞག་པའི་ཚོར་སྣང་ཞིག་ཀྱང་སྐྱེ་གིན་འདུག འདི་ཞུ་དག་ཚར་གཅིག་གནང་ཡོད་ན། ཡིག་ནོར་འདི་རིགས་ཐོན་མི་སྲིད་པ་ཞིག་རེད་སྙམ།།

    Reply
  30. གནམ་ལྕགས། says:
    ལོ་ 16 སྔོན།

    ༞༊༾ ༞ ྿࿊ ༆ ྆࿌ ྆྿࿋

    Reply
  31. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    མཐོང་ཚུལ་གསལ་པོ་དང་ཞིབ་ཆ་གང་ཙམ་ཡོད་པ་ཞིག་བྲིས་འདུག

    ད་གྲོས་ཚོགས་འདིར་གསར་བརྗེ་ཞིག་གནང་སྟེ་གནས་ཚད་སྤར་རན་འདུག་པ་གསལ་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese