མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བཞི།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན

།

བཞི།

བློ་བཟང་སྒོ་ནང་དུ་ཡར་འཛུལ་མ་ཐག གྲྭ་བ་དེས་འཛུམ་འདང་དང་བཅས་དེ། ཡ་ཨ་རོགས། དེ་རིང་སློབ་མ་བྱས་དེ་སྐྱིད་པོ་བྱུང་སོང་ངམ་ཟེར་ནས་དྲིས་དུས། བློ་བཟང་གིས་དགོད་ཞོར་དུ་དངོས་ནས་སྐྱིད་པོ་བྱུང་ཟེར་ན་མི་ཤེས་ཀྱང་། ཚ་གེ་ཚུ་གེ་འདྲ་ཞིག་ཆགས་སོང་། འཛིན་གྲྭའི་ནང་དུ་མི་ཡང་མི་ཉུང་བ་ཞིག་འདུག་ལ། ཕྱི་གླིང་བ་དགེ་རྒན་དང་བླང་བྱེད་མཁན་ཡང་བཅུ་ལྷག་ཞིག་འདུག་ཟེར་ཞོར་དུ་ལག་གི་འབྲི་དེབ་དང་སྨྱུ་གུ་གྲྭ་བ་དེའི་འདུག་སའི་ཟུར་དུ་བཞག་ནས། ད་ནུབ་ཚལ་ཞིག་སྐོལ་ཟེར་ནས་ལག་པ་འཁྲུ་རུ་ཕྱིན།

བློ་བཟང་དང་ཁོ་གཉིས་ཀྱིས་ནུབ་ཚལ་འཐུང་ཞོར་དུ། བློ་བཟང་གིས་དེ་རིང་ང་ལ་འཛིན་གྲྭའི་ནང་དུ་དགེ་རྒན་དང་བླང་བ་ཞིག་གིས་ཁོ་རང་གིས་ང་རང་སྒེར་ལ་ནང་ནས་དབྱིན་ཡིག་འཁྲིད་དགོས་ན་འཁྲིད་ཟེར་ན། ཁྱེད་རང་གིས་བལྟས་ན་ག་འདྲ་འདུག ངས་འདི་རུ་འཁྲིད་དེ་འོང་ན་འགྲིག་གི་རེད་དམ་ཟེར་ནས་དྲི་བ་གཉིས་ལྷན་གཅིག་དུ་དྲིས་དུས། གྲྭ་བ་དེས་རང་གི་ཁ་ནང་གི་ཟ་མ་མུད་ཞོར་དུ། ཨོ་དེ་ནི་གཏམ་བཟང་ཞིག་རེད། འདི་ནས་དབྱིན་ཡིག་སྤྱོང་མཁན་མི་ཉུང་བ་ཞིག་གིས་སྒེར་ལ་དབྱིན་ཡིག་དགེ་རྒན་བཙལ་ཡང་ལས་སླ་བོ་རྙེད་ཀྱི་ཡོད་པ་མ་རེད། ཁྱེད་རང་དངོས་ནས་མི་ལམ་འགྲོ་ཅན་ཞིག་རེད། འདི་རུ་འཁྲིད་དེ་ཡོང་ན་འགྲིག་དང་འགྲིག ཁྱེད་རང་གིས་ག་དུས་འཁྲིད་དེ་འོང་ན་འགྲིག་གི་རེད་ཅེས་གསུངས་དུས། བློ་བཟང་གི་གདོང་ལ་འཛུམ་ཞིག་བླངས་ཞོར་དུ། ད་དུང་། བཀང་འཐུང་ཟེར་ཞོར་དུ་ལག་པ་གྲྭ་བ་དེའི་ཕྱོགས་སུ་བསྲིངས།

གྲྭ་བ་དེས་ཡ་ཡ་ དངོས་ནས་ཞིམ་པོ་ཞིག་བསྐོལ་འདུག་ཟེར་ནས་ལག་ནང་གི་ལྕགས་ཕོར་བློ་བཟང་ལ་སྟེར་ཞོར་དུ། ང་རང་སང་ཉིན་གྲོང་ཆོག་དུ་འགྲོ་རྒྱུ་ཡིན། གཅིག་བྱས་ན་ནང་ཉིན་ཡང་གྲོང་ཆོག་ལ་འགྲོ་དགོས་ཀྱི་ཡོད། སང་ཉིན་རང་གིས་ཉིན་གོང་ཁ་ལག་རང་ཉིད་གཅིག་བུར་འགྲིག་ནི་ཞིག་བཟོས་པ་ཡིན་ན་འགྲིག་གི་རེད། དབྱིན་ཡིག་དགེ་རྒན་དེ་གང་ནས་རེད་འདུག་ཟེར། བློ་བཟང་གིས་ཨ་རི་ནས་ཡོང་བའི་སློབ་ཕྲུག་ཞིག་ཡིན་པ་འདྲ། ཁོ་རང་བོད་པ་ལ་དགའ་བོ་ཡོད་ཟེར་བཞིན་འདུག་ཞེས་ལན་སྤྲད། གྲྭ་བ་དེས་ཨ་རི་ནས་ཡིན་ན་བཟང་གི ཤུ་རེ་བྱོས་དེ་སྤྱོང་། ཨ་རི་བ་དེ་ཚོ་དབྱིན་སྐད་ཀྱི་སྐད་གདངས་ཡག་པོ་ཡོད་པ་རེད་ཟེར་ནས་ངས་མི་མང་བོའི་ཁ་ནས་གོ་མྱོང་།

ཕྱིར་ཉིན་བློ་བཟང་སྔ་བོ་ནས་བླངས་དེ་རང་གི་བློ་འཛིན་བྱས་པའི་དབྱིན་ཡིག་གི་མིང་ཚིག་དེ་དག་ལ་བསྐྱར་སྤྱོང་བྱས། གྲྭ་བ་དེ་གྲོང་ཆོག་དུ་ཕྱིན་སྟབས། ཉིན་གུང་ཁོ་རང་གིས་རྩམ་པ་ཞིག་ཟས་དེ་འགྲིག་ནི་བྱས་དེ་བསྡད། བློ་བཟང་གིས་གྲྭ་བ་ཁོང་ལ་སྐད་ཆ་ཞིག་མ་དྲིས་པ་ཡིན་ན་ང་རང་འདི་ལྟར་མུ་མཐུད་དུ་བསྡད་པ་ཡིན་ན། ཁོ་རང་ལ་ཡང་དཀའ་ངལ་སྤྲོད་སྲིད་པ་རེད། དོ་ནུབ་ཁོ་རང་ལ་འཚོ་བའི་དཀའ་ངལ་ཡོད་མེད་བསྐོར་ལ་སྐད་ཆ་ཞིག་འདྲི་དགོས་སྙམ་ཞོར་དུ་ཕྱི་དྲོའི་འཛིན་གྲྭ་ལ་ཕྱིན། འཛིན་གྲྭའི་ནང་དུ་ཁ་སང་ལས་སློབ་མ་མང་དུ་ཕྱིན་ཡོད་པ་མ་ཟད། དབྱིན་དགེ་དང་བླང་བ་ཡང་མང་དུ་ཕྱིན་འདུག་པ་མ་ཟད། བུད་མེད་གསར་མོ་ཁ་ཤས་ཤིག་སླེབས་ཡོད་པ་དེ་དག་གི་འཁྲིས་སུ་ཕོ་གསར་རེ་གཉིས་ཤིག་སྔ་ས་ནས་སླེབས་འདུག་པ་དང་། གྲྭ་བ་རེ་ཟུང་ཞིག་ཡོད་པ་དེ་དག་གིས་ཀྱང་དེ་དག་ལ་སྐད་ཆ་འདྲ་བཤད་པའི་གོ་སྐབས་གང་རེག་བྱེད་ཀྱི་ཡོད་ན་ཡང་། བློ་བཟང་གིས་མར་ཁུ་ལགས་ཀྱི་གམ་ནས་ཁ་སང་གི་མིང་ཚིག་དག་བསྐྱར་འདོན་རེ་བྱེད་ཀྱིན་ཡོད་པ་དང་། ཞོར་དུ་ཁོ་རང་ལ་སང་ཉིན་ཁྱེད་རང་དུས་ཚོད་ག་ཚོད་ཅིག་ལ་ཁོམ་པོ་ཡོད་ཟེར་ནས་དྲིས། མར་ཁུ་ཡིས། ང་རང་སང་ཉིན་ཕལ་ཆེར་ཉིན་གང་བོར་ཁོམ་བསྡད་ཡོད། ཁྱེད་རང་དུས་ཚོད་ག་དུས་ཤིག་ལ་བདེ་བོ་ཡོད་ན་དེ་དུས་འུ་གཉིས་རླངས་འཁོར་འབབ་ཚིགས་སུ་ཐུག་ཆོག དེ་ནས་ཁྱེད་རང་ཡོད་སར་སོང་ན་འགྲིག་གི་རེད་ཅེས་བཤད་དུས། བློ་བཟང་གིས་ལགས་སོ། དེ་ན་སང་ཉིན་དུས་ཚོད་དང་བོ་ཏག་ཏག་ལ་ང་རང་རླངས་འཁོར་འབབ་ཚིགས་ལ་ཡོང་ངེས་ཡིན།

བློ་བཟང་འཛིན་གྲྭ་གྲོལ་ནས་ནང་དུ་འབྱོར་དུས། གྲྭ་བ་དེ་ད་དུང་སླེབས་མེད་ཀྱང་། ཁོ་རང་ལ་ལྡེ་མིག་ཞིག་གྲྭ་བ་དེས་སྤྲད་ཡོད་སྟབས། ཁོ་རང་ནང་དུ་མ་སླེབས་ཀྱང་། ཁོ་རང་ལ་སེམས་འཁྲལ་མེད། བློ་བཟང་ནང་དུ་འབྱོར་ནས་ཆུ་ཚོད་གཅིག་ཙམ་ཞིག་གི་རྗེས་སུ་གྲྭ་བ་དེ་གྲྭ་བ་གཞན་ཞིག་དང་འགྲོག་ནས་སླེབས། དེ་དུས་བློ་བཟང་གིས་ཁྱེད་གཉིས་ཀྱིས་ནུབ་ཚལ་ཨེ་འཐུང་ཟེར་ནས་དྲིས་དུས། གྲྭ་བ་དེས་ང་རང་ལ་འཐུང་ས་མི་འདུག གྲོང་ཆོག་གི་ཁ་ལག་དངོས་ནས་ཡག་པོ་འདུག ཁྱོས་ནུབ་ཚལ་འཐུང་ཡོད་རྒྱུ་མ་རེད་ཟེར་ནས་ཁོ་རང་གི་གྲོགས་པོ་གྲྭ་བ་དེ་ལ་བཤད་དུས། གྲྭ་བ་དེས་ ཡ་ཡ་རེད། དེས་ན་ཉུང་ཉུང་ཞིག་བླུགས་རོགས་ཟེར་ནས་བློ་བཟང་ལ་བཤད། བློ་བཟང་གིས་ལྕགས་ཕོར་གཅིག་བཟུང་དེ་སྒོ་ཕྱི་ལ་འཁྲུ་རུ་ཕྱིན། བློ་བཟང་གིས་ལྕགས་ཕོར་འཁྲུ་ཞོར་དུ། ཡ་་ དོ་ནུབ་ངེད་གཉིས་ཀྱིས་ཁ་བརྡ་བྱེད་ཐུབ་རྒྱུ་མ་རེད་སྙམ་ཞོར་དུ་ལག་ནང་དུ་ལྕགས་ཕོར་གཡུག་བཞིན་གཡུག་བཞིན་ཕྱིར་ནང་དུ་འཛུལ།

ཁོང་ཚོ་གསུམ་གྱིས་གྲྭ་སའི་གནས་ཚུལ་དང་རང་རང་གི་དགའ་ཕྱོགས་སོགས་སྐད་ཆ་ཡར་མར་མང་བོ་ཞིག་གླེང་དེ་ཡུན་རིང་ཞིག་འགོར་རྗེས། གྲྭ་བ་དེས་ད་ཉལ་ན་མ་གཏོགས་སང་ཉིན་ངེད་གཉིས་ཀ་གྲོང་ཆོག་ལ་སྔ་བོ་ནས་འགྲོ་དགོས་ཀྱི་ཡོད་པ་རེད། ས་འདི་ནས་གྲོང་ཆོག་པ་ནི་གླ་བ་ལྟ་བུ་ཞིག་ཡིན་ནི་རེད། རང་རང་སྤྱིན་བདག་གི་སྒོ་འགྲམ་སྙེགས་ནས་ཕར་འགྲོ་དགོས་པ་ལས། བོད་ནང་གི་གྲོང་ཆོག་པ་ལྟར་ཨ་ཁུ་ཚོ་ཟེར་ནས་བསུ་རུ་ཡོང་མཁན་ཡོད་ནི་མ་རེད་ཟེར་ཞོར་དུ་ཆབ་གསང་བྱེད་དུ་སྒོ་འབུད། བློ་བཟང་གིས་སྐད་ཆ་དེ་གོ་དུས། སེམས་སུ་ས་ཆ་འདི་ནས་གྲྭ་བའི་སྒང་ལ་ལྟ་སྟངས་ཡག་པོ་མེད་པ་འདྲ། དེས་ན་ཁོང་ཚོས་གྲྭ་བ་ཚོ་གྲོང་ཆོག་ལ་སྐད་བཏང་དེ་གང་བྱེད་ཀྱི་ཡོད་དམ་བསམ་ཞོར་དུ་རང་གི་ཉལ་ས་བཟོས།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 6

  1. sha tak ri sim says:
    ལོ་ 16 སྔོན།

    སྐར་ཁྲི་བཙན་ལགས། ཁྱེད་རང་དེ་འདྲའི་བྲེལ་བ་ཆེ་བ་ལ། ངས་རང་གི་གྲོགས་པོ་བློ་བཟང་འདིའི་སྐྱིད་སྡུག་གང་མྱོང་དག་སྤུན་ཟླ་དག་ལ་ངོ་སྤྲོད་ཅིག་བྱེད་འདོད་ཀྱི་ཤུ་རེ་བྱེད་ཀྱི་ཡོད་དུས། ཁྱོས་ང་ལ་རེམ་རེམ་ཟེར་ནས་བྲེལ་བ་སློང་གི་འདུག ད་སྐུ་ཉིད་ཀྱི་རེ་འདོད་དེ་མགྱོགས་པོ་ཞིག་འགྲུབ་ཁག་ས་རེད།

    བོད་ཀྱི་སྤག་སྤག་ལགས་ཀྱིས་སྐུལ་ལྕགས་གནང་བ་ཐུགས་རྗེ་ཆེ་ལགས། ཤུ་རེ་བྱེད་ཀི་ཡིན།

    དབུས་ཕྲུག་ཚེ་རིང་ལགས། ཀློག་དུ་ཕེབས་པ་ཐུགས་རྗེ་ཆེ། བསྟོད་བསྔགས་དེ་ནི་ང་ལ་འབབ་ནི་མ་རེད། བློ་བཟང་ལ་འབབ་པ་ཞིག་ཡིན་ན། འུ་ཅག་གིས་བློ་བཟང་ལ་ཀློག་ཡ།

    གཉན་འདང་ཕོ་ཉ་ལགས། སྐུ་ཉིད་བརྗོད་གཞི་ལ་དག་ལ་འཛུབ་མོ་བཙུགས་དེ་སྤུན་ཟླ་དག་ལ་ངོ་སྤྲོད་བྱས་པ་ཐུགས་རྗེ་ལ། གང་མགྱོགས་མགྱོགས་ཤིག་ཚར་དུ་འཇུག་རྒྱུ་དེ་ནི་ང་རང་ལ་ཡང་དུས་ཚོད་ལྷོད་ལྷོད་ཅིག་མི་འདུག་ན། གང་ཐུབ་ཀྱིས་འབྲི་བཞིན་ཡོད་པས་ཁུལ་ཡིན་ལགས།

    Reply
  2. tashi gonpo says:
    ལོ་ 16 སྔོན།

    ལེ་ཚན་འདིའི་ནང་རིན་ཐང་ཅན་གྱི་བརྗོད་གཞི་འདུག
    ༡ འཛིན་གྲྭའི་ནང་ནས་གྲྭ་བ་དང་ཕོ་གསར་ཚོས་སྐད་ཆ་བཤད་སྟངས་དང་
    ༢ རྡ་སའི་ཞབས་བརྟན་གྱི་གནས་བབ་མཚོན་པ་བྱས་འདུག
    ༣ ཁོའི་སྤྱོད་བཟང་གི་གཞན་སེམས་འདིས་མི་རིགས་ཤིག་གི་བཟང་སྤྱོད་མཚོན་པ་སོགས་ཡག་པོ་མཐོང་བྱུང་།
    ད་རུང་མུ་འཐུད་ནས་གང་འགྱོགས་འགོད་རོགས་དང་།
    མི་ཞིག་གི་མི་ཚེ་བཅད་སྟངས་ལ་མི་གཞན་གྱི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་རྒྱུ་ནི་སློབ་སྦྱོང་གལ་ཆེན་ཞིག་རེད་འདོད།

    Reply
  3. Kongthup says:
    ལོ་ 16 སྔོན།

    ཝ་ཡེ། ཚེ་རིང་། དམྱལ་བ་བོ་རིག་རྒྱུ་མེད་ནས་ཉིན་གྲངས་མང་པོར་འགོར་སོང་། ཐུག་འདོད་ཆེ། ཁ་པར་ཐོངས་ཤོག ཁ་བླ་ཇ་ཁང་ནས་ཇ་འཐུང་།

    Reply
  4. tsering says:
    ལོ་ 16 སྔོན།

    བཀླགས་ཟིན་ཡག་པོ་འདུག

    Reply
  5. Kongthup says:
    ལོ་ 16 སྔོན།

    སྐུ་ཞབས་བོད་ཤ་ཁྲག་རུས་གསུམ་གྱི་དངོས་སྒྲུང་འདིས་རང་གི་འདུན་ལམ་ཐོག་གཅོད་ཀྱི་ཆོད་སེམས་མ་རྒྱས་པའི་སྐབས་ནས་གྲྭ་བ་དམར་འཇོང་འཇོང་རེ་ཕ་མ་ཚོས་བཟོས་པ་ཁོང་ཚོ་འཚར་ལོངས་བྱུང་ཟིན་སྐབས་ལམ་ཁ་གང་དུ་ཕྱོགས་མིན་ཐད་ཝ་སྨུག་ལོང་ནང་ལ་འགྲོ་བ་ལྟར་གྱི་གནས་ཚུལ་ཞིག་མཚོན་ཐུབ་པས། མུ་འབྲི་གནང་ན་ལེགས་པོ་འདུག ཐུགས་རྗེ་ཆེ།

    Reply
  6. Baichung says:
    ལོ་ 16 སྔོན།

    ཐུགས་རྗེས་གཟིགས་ཁྱོས་འདི་མགྱོགས་པོར་རྔ་མ་ཕུད་དང་ན་མི་ཆོག་ག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese