བདུན་ཕྲག་སྔོན་མའི་ནང་བཀའ་བརྒྱུད་ཁོར་ཡུག་ཚོགས་ཆེན་སྐབས་གཉིས་པ་དང་བསྟུན་ནས་འདི་ག་བོད་ཀྱི་དུས་བབ་གསར་ཁང་གིས་དཔལ་རྒྱལ་བ་ཀརྨ་པ་ཚང་ལ་བོད་དང་ཧི་མ་ལ་ཡ། འཛམ་གླིང་གི་ཁོར་ཡུག་གི་དཀའ་རྙོག་དང་གདོང་ལེན་བྱ་ཕྱོགས་བཅས་ཀྱི་ཐད་བཅར་འདྲི་ཞུས་པ་ཡིན་ལ། བཅར་འདྲི་དེ་ཚགས་པར་སྟེང་སྔ་དུམ་དང་ཕྱི་དུམ་གཉིས་སུ་བཅད་ནས་སྤེལ་གིན་ཡོད་པ་ལྟར། དུམ་བུ་སྔ་མ་དེ་གཤམ་དུ་བཀོད་ཡོད།
དུས་བབ། རིན་པོ་ཆེས་བར་ལམ་ཞིག་ནས་ད་སྐབས་ཁོར་ཡུག་གི་གནད་དོན་ལས་ལྷག་པའི་ཚབས་ཆེ་བ་ཞིག་མི་འདུག་ཅེས་གསུང་གི་ཡོད་པ་རེད། དེ་བཞིན་འདིའི་ཐད་དངོས་སུ་གྲོས་བསྡུར་གྱི་མགོ་བརྩམས་ཡོད་པ་རེད། བོད་ཀྱི་སྔོན་བྱོན་སྐྱེས་ཆེན་དག་གིས་ཀྱང་སྣོད་བཅུད་གཉིས་ཀའི་ཐད་ལྟ་གྲུབ་དང་ལག་ལེན་གཉིས་ཀའི་ཐད་ནས་སྲུང་སྐྱོབ་ཀྱི་ནུས་པ་ཐོན་ཡོད་པ་རེད། ཡིན་ཡང་། དེང་སྐབས་ཁོར་ཡུག་གི་ཉེན་ཚབས་དེ་འཛམ་གླིང་རང་བཞིན་དུ་ཆགས་བཞིན་པའི་སྐབས་སུ། དངོས་སུ་གནད་དོན་འདི་གླེང་སྟེ་ཕེབས་མཁན་གྱི་བླ་ཆེན་ནི་རིན་པོ་ཆེ་ཐོག་མ་རེད། རིན་པོ་ཆེར་འདིའི་ཕྱོགས་ཀྱི་ཐུགས་སྣང་དེ་ཇི་ལྟར་བྱུང་སོང་ངམ།
རྒྱལ་བ་ཀརྨ་པ། ཁོར་ཡུག་གི་གནད་དོན་དེ་དུས་རབས་ཉི་ཤུ་རྩ་གཅིག་པའི་གནད་དོན་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པ་རེད། ང་རང་ཡིན་ནའང་དུས་རྒྱུན་དུ་འཛམ་གླིང་སྟེང་གི་མི་མང་པོ་ཞིག་ལ་འབྲེལ་བ་ཡོང་བསྡད་ཀྱིན་ཡོད་པ་རེད། འཛམ་གླིང་སྤྱིའི་དོན་ལ་སེམས་འཁུར་ཡོད་མཁན་དང་གོ་རྟོགས་ཡོད་མཁན་དེ་འདྲའང་གང་ལ་གང་འཚལ་ལ་ཐུག་ཡོང་གི་འདུག ཁོང་ཚོ་བརྒྱུད་ནས་འཛམ་གླིང་གི་ཁོར་ཡུག་གི་གནས་སྟངས་གང་འདྲ་ཆགས་གིན་ཡོད་མེད་དེ་ཚོའི་ཐོག་ལ་གང་འཚམ་ཞིག་མྱོང་ཚོར་བྱུང་། དེའི་ནང་ནས་གཙོ་བོ་ང་རང་གི་ཚོར་བ་ཡོང་ས་དང་། མགོ་བཙུགས་དེ་བོད་ཆགས་བསྡད་ཡོད་པ་རེད་བསམ་གི་འདུག གང་ཡིན་ཟེར་ན། དཔེར་ན། ཨབ་རི་ཀའི་ལུང་པ་ལ་ཁོར་ཡུག་གི་གནད་དོན་ཆེན་པོ་ཆགས་བསྡད་ཡོད་པ་རེད་ཅེས་ལབ་པ་ཡིན་ན་སྤྱིའི་ཆ་ནས་སེམས་ཁུར་ཡོང་སྲིད་གི་རེད་དེ། ལམ་སེང་བྱེད་ཐུབ་པ་གང་ཡང་ཡོད་པ་མ་རེད། ཡིན་ཡང་། བོད་ཅེས་བཤད་ཡོང་དུས་ང་རང་ཡིན་ནའང་བོད་ཀྱི་མི་རིགས་སུ་གཏོགས་པ་དང་བོད་ཀྱི་བླ་ཆེན་གྱི་མིང་འཁུར་མཁན་ཞིག་ཡིན་པའི་ཆ་ནས་འགན་ཁུར་ཡོད་བསྡད་པ་ཞིག་དང་། སེམས་ཅན་ལ་ཤུགས་རྐྱེན་ཐེབས་བསྡད་མཁན་ཞིག་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་དེང་སང་གི་བོད་ཀྱི་ཁོར་ཡུག་སྤྱིར་བཏང་ཉམ་ཆག་ལ་ཕྱིན་པ་དང་། དེའི་ནང་ནས་འཛམ་གླིང་གི་ཚ་དྲོད་འཕར་བ་ལ་བརྟེན་ནས་བོད་ནང་གི་འཁྱགས་རོམ་དང་གངས་རི་དེ་ཚོ་ཞུ་བའི་ཚད་མྱུར་ཏུ་ཕྱིན་པ་དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོ་བོད་པ་ཚང་མར་བློ་འཚབ་སྐྱེས་དགོས་པ་ཞིག་དང་། དེ་ཙམ་དུ་མ་ཟད་ཨེ་ཤ་ཡའི་ཆུ་གཙོ་གྲས་དེ་ཚོ་བོད་ནས་མར་བཞུར་གིན་ཡོད་དུས་ཙམ་ལ་ཨེ་ཤ་ཡའི་རྒྱ་ཆེ་མི་རྣམས་ཀྱང་སེམས་ཁུར་སྐྱེས་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་ངའི་དོ་སྣང་ཡོང་རྐྱེན་འདི་འདྲ་བོ་ཞིག་རེད།
དུས་བབ། སྤྱིར་ཁོར་ཡུག་གི་ཐད་ལ་རིན་པོ་ཆེའི་ལྟ་གྲུབ་ཀྱི་གཞི་བཅོལ་ས་དེ་ང་ཚོ་བོད་ཀྱི་ནང་ཆོས་དང་སྲོལ་རྒྱུན་རིག་གཞུང་ཡིན་ནམ། དེང་རབས་ཚན་རིག་གི་ཤེས་བྱ་ཡིན།
རྒྱལ་བ་ཀརྨ་པ། ང་རང་ངོས་ནས་ཕྱོགས་གཉིས་ཀར་ལྟ་གིན་ཡོད། གང་ཡིན་ཟེར་ན། ཚན་རིག་ཟེར་བ་དེ་གཙོ་བོ་དངོས་ཡོད་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱེད་པ་དང་། དངོས་ཡོད་ཀྱི་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ་དེའི་གྲུབ་འབྲས་དེ་མི་རྣམས་ལ་གསལ་བཤད་བྱེད་ཀྱིན་ཡོད་དུས་ང་ཚོས་སྣང་ཆུང་ཁྱད་གསོད་བྱེད་ཐུབ་པ་མེད་པ་ཞིག་རེད། ཆོས་ཕྱོགས་ཀྱི་ངོས་ནས་བཤད་པ་དེ་ཚོ་ཡང་སྤྱིར་བཏང་ཆོས་དང་རང་བྱུང་ཁམས་གཉིས་ཀྱི་འབྲེལ་བ་དེ་ཞེ་དྲག་གི་ཟབ་མོ་ཡོད་པ་དང་། ཆོས་ཀྱི་ནང་བཤད་བསྡད་པའི་འགྲོ་བ་ཐམས་ཅད་ཀུན་མཉམ་ཡིན་པ་དང་། དེ་བཞིན་ལས་འབྲས་ལ་ཕྲ་ཞིབ་ཀྱི་དབྱེ་བ་མང་པོ་ཕྱེ་བསྡད་པ་དང་། དགེ་སྡིག་སྤངས་བླང་གི་ཚུལ་ཁྲིམས་སྲུང་དགོས་པ་དེ་ཚོ་ཚང་མ་གསལ་བོ་ཡོད་ལ། མི་དང་མི། མི་དང་འགྲོ་བ་གཞན། མི་དང་ཁོར་ཡུག་ཐམས་ཅད་ཀྱི་བར་དུ་མེད་དུ་མི་རུང་བའི་འབྲེལ་བ་ཆགས་པའི་ཐབས་ལམ་དང་གཞི་རྟེན་བཟང་པོ་ཞིག་རེད་ཅེས་ང་རང་གིས་དྲན་གིན་ཡོད། དེ་འདྲ་ཡིན་དུས་ཕྱོགས་གཉིས་ཀར་དོ་སྣང་བྱེད་པ་དང་ཆབས་ཅིག་ཏུ། ཆོས་ཕྱོགས་ནས་བཤད་པ་ཡིན་ན་དུས་སྙིགས་མ། སྙིགས་མ་ལྔ་བདོ་ཡི་དུས་ལ་བསླེབས་བསྡད་པ་ཞིག་ལ་ང་ཚོས་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། སྙིགས་མ་ཟེར་དུས་ལེགས་པའི་ཆ་ཉུང་དུ་ཕྱིན། མི་ལེགས་པའི་ཆ་མང་དུ་ཕྱིན་པ། ཁོར་ཡུག་གི་ཆ་ནས་བསམ་པ་ཡིན་ནའང་རེད། མིའི་སེམས་ཁམས་ཀྱི་ཆ་ནས་ཡིན་ནའང་རེད། གང་ཅིའི་ཆ་ནས་ཡིན་ནའང་སྙིགས་མ་ཅན་དང་དྲི་མ་ཅན་དེ་འདྲའི་ཆ་མང་དུ་འཕེལ་བཞིན་པར་ཆོས་ཕྱོགས་ནས་ངོས་འཛིན་བྱེད་བཞིན་ཡོད་པ་རེད། དེ་བཞིན་ཚན་རིག་པའི་ཆ་ནས་བཤད་པ་ཡིན་ནའང་འཛམ་གླིང་འདི་བཟོ་གྲྭ་དང་འཕྲུལ་འཁོར་གྱི་རིགས། རྡུལ་ཕྲན་གྱིས་ཁྱབ་བསྡད་ཡོད་པ། དེ་བཞིན་མིའི་སེམས་ཁམས་ཀྱང་འདོད་པའི་རྗེས་སུ་འབྲངས། ལྷག་པར་དུ་འཕྲུལ་ཆས་ཡར་རྒྱས་སུ་ཕྱིན་པ་ལ་བརྟེན་ནས་མིའི་སེམས་ཁམས་ལ་ཞི་བདེ་མེད་པ་དང་། ག་དུས་ཡིན་ནའང་འདུ་འཛི་དང་གནོན་ཤུགས་མང་པོའི་ནང་དུ་སེམས་ཁམས་ཀྱི་ཞི་བདེ་བརླག་འགྲོ་གིན་ཡོད་པར་བཤད་ཀྱིན་ཡོད་པ་རེད། དེ་འདྲ་ཡིན་དུས་འདི་དག་སྙོམས་སྒྲིག་ཡོང་བའི་ཆེད་དུ་ཕྱོགས་གཉིས་ཀར་ཁྱད་མེད་ཀྱི་ཐོག་ནས་དོ་སྣང་བྱེད་ཀྱིན་ཡོད།
དུས་བབ། ཐེངས་འདིར་བཀའ་བརྒྱུད་པའི་ཁོར་ཡུག་ཚོགས་ཆེན་ཐེངས་གཉིས་པ་དེ་འཚོགས་པ་རེད། ཚོགས་འདུ་འདིའི་ངོ་བོ་དང་མ་འོངས་པའི་ལས་གཞིའི་སྐོར་ཅིག་གསུངས་རོགས།
རྒྱལ་བ་ཀརྨ་པ། ད་རེབ་ཀྱི་ཚོགས་འདུ་ཐེངས་གཉིས་པ་འདི་ནི་ལོ་སྔོན་མར་ཝཱ་ར་ཎ་སིར་ཚོགས་འདུ་ཐེངས་དང་པོ་ཚུགས་པའི་རྗེས་གནོན་ལྟ་བུར། དགོན་པ་ཚོ་ནས་ཚོགས་འདུ་ཐེངས་དང་པོ་ནས་བཟུང་ད་བར་གྱི་ཟླ་བ་དྲུག་གི་རིང་ལ་ཁོར་ཡུག་གི་ཐོག་ལ་ལས་དོན་ག་རེ་སྤེལ་ཡོད་པ་དང་། གྲུབ་འབྲས་ག་རེ་ཐོན་ཡོད་མེད་ལ་ང་ཚོས་ཞིབ་འཇུག་བྱེད་པ། དེ་བཞིན་ང་ཚོས་ཁོར་ཡུག་གི་ཐོག་ལ་གོམ་པ་རིམ་སྤོ་ལྟ་བུ་བྱས་ནས་མུ་མཐུད་དེ་མི་ཚང་མར་ཁོར་ཡུག་གི་ལས་འཆར་འདིའི་ཐོག་གོ་རྟོགས་དང་ཤུགས་རྐྱེན་ཐེབས་པ། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་དྲ་གནས་གསར་དུ་བཟོ་བ་དང་། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་པ་གསར་དུ་འཛུགས་པ་བཅས་དམིགས་ཡུལ་གཙོ་བོར་བཟུང་སྟེ་བགྲོ་གླེང་བྱེད་ཀྱིན་ཡོད།
༤། རིན་པོ་ཆེའི་དགོངས་འཆར་ལྟར་ད་ལོར་ཌར་མ་ལྕགས་ར་ཆོས་ཚོགས་ཀྱི་ངོས་ནས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པའི་བྱ་ཐབས་ ༡༠༨ ཅན་ཞིག་བཏོན་འདུག འདིའི་སྐོར་ཅིག་གསུང་རོགས།
རྒྱལ་བ་ཀརྨ་པ། སྤྱིར་བཏང་དོན་ཚན་བརྒྱ་རྩ་བརྒྱད་ཅན་དེ་ལོ་སྔོན་མར་ཝཱ་ར་ཎ་སིར་ཚོགས་འདུ་འཚོགས་སྐབས་དགོན་པ་ཁག་ལ་ངས་མར་རང་གི་བསམ་ཚུལ་བཤད་པ་དེ་འདྲ་ཞིག་རེད། གཙོ་བོ་དེ་ཧི་མ་ལ་ཡའི་རི་བརྒྱུད་ལ་ཡོད་པ་དང་བོད་ཀྱི་ས་ཐོག་ལ་ཡོད་པའི་གྲྭ་བཙུན་གྱི་དགོན་སྡེ་ཁག་ལ་ཕན་ཐོགས་ཡོང་བ་དང་། གཅིག་བྱས་ན་སྤྱི་ཚོགས་ལའང་ཕན་ཐོགས་ཡོང་བའི་རེ་བ་བྱས་ཡོད། ཡིན་ཡང་འཛམ་གླིང་སྤྱི་ཁྱབ་ཀྱི་རང་བཞིན་ཡོད་པ་མ་རེད། གང་ཡིན་ཅེ་ན། དེའི་ནང་གི་ཁ་ཤས་ཧི་མ་ལ་ཡའི་རི་བརྒྱུད་དང་བོད་ས་ཐོག་ལ་མ་གཏོགས་ལག་བསྟར་བྱེད་མི་ཐུབ་པ་དེ་འདྲའང་མང་པོ་ཡོད་པ་རེད། ང་ཚོའི་དམིགས་ཡུལ་འཛིན་ས་གཙོ་བོ་དེ་ཧི་མ་ལ་ཡ་དང་བོད་ཀྱི་ས་ཐོག་ལ་ཡོད་པའི་གྲྭ་བཙུན་གྱི་དགོན་སྡེ་ཁག་ཡིན།
དུས་བབ། དོན་ཚན་འདི་དག་རིན་པོ་ཆེས་གསུངས་པ་ལྟར་གཙོ་བོ་དགོན་པ་དང་དགེ་འདུན་པས་ཁོར་ཡུག་སྲུང་སྐྱོབ་བྱ་ཕྱོགས་ཤིག་གཙོ་འདོན་གནང་འདུག ཡིན་ཡང་། མཇུག་དེར་གཞོན་སྐྱེས་ཚོར་ཁོར་ཡུག་གི་ཐོག་ཟབ་སྦྱོང་སྤྲོད་པ་དང་། སྤྱི་ཚོགས་སྟེང་ལས་སྒོ་སྤེལ་བ་དེ་འདྲ་ཞིག་འདུག འདིའི་སྐོར་གང་འདྲ་ཡིན་ནམ།
རྒྱལ་བ་ཀརྨ་པ། གཙོ་བོ་དགོན་སྡེ་གྲྭ་ཚང་དེ་ཚོ་ང་རང་གི་བསམ་པར་དད་ལྡན་མང་ཚོགས་ཚོས་དད་པ་བྱ་ཡུལ་དང་། བསམ་བློའི་བརྒྱུད་སྐུལ་བ་ལྟ་བུ་ཞིག་ཆགས་ཡོད་པ་རེད། དེ་འདྲ་ཡིན་དུས་ཁོང་ཚོས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཐད་བག་ཆགས་བཟང་པོ་དང་གོ་རྟོགས་བཟང་པོ་ཞིག་ཡོད་ན་དགོན་པ་གྲྭ་ཚང་དེ་དང་འབྲེལ་བའི་སྤྱི་ཚོགས་དང་མང་ཚོགས་ལ་ཤུགས་རྐྱེན་ཐེབས་ཐུབ་གི་རེད་བསམ་གི་འདུག ད་རེབ་ང་ཚོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འཆར་དེ་མགོ་བཙུགས་གྲབ་འདྲ་བོ་ཞིག་ཡིན་སྟབས་རྒྱ་ཁྱབ་རང་བཞིན་དང་རྒྱ་ཆེན་པོའི་ཐོག་ནས་མང་ཚོགས་དང་སྤྱི་ཚོགས་ནང་ལོགས་ལ་ཁོར་ཡུག་དང་འབྲེལ་བའི་ལས་འཆར་དང་ཤེས་ཡོན་སྤེལ་རེས་དེ་འདྲ་བྱུང་ཐུབ་ཡོད་པ་མ་རེད། ཡིན་ཡང་མ་འོངས་པའི་འཆར་གཞིའི་ནང་དུ་བོད་པའི་སྤྱི་ཚོགས་ཙམ་མ་ཡིན་པར་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མང་ཚོགས་ཚོའི་ཁྲོད་དུ་དགོན་པ་སོ་སོས་ནུས་པ་གང་ཡོད་ཀྱིས་ཁོར་ཡུག་དང་འབྲེལ་བའི་གོ་རྟོགས་སྤེལ་བ་དང་། ཤེས་ཡོན་སྤེལ་བ། དེ་བཞིན་སྤྱི་ཚོགས་སྟེང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་ཁག་དང་མཉམ་ལས་བྱས་ཏེ། ནུས་པ་ཐོན་པའི་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བཞག་སྤེལ་རྒྱུའི་རེ་བ་བྱེད་ཀྱིན་ཡོད།
དུས་བབ། དེང་སྐབས་རང་བྱུང་ཁམས་ཀྱི་གནོད་འཚེ་དག་གིས་ལོ་རྒྱུས་ཀྱི་ཟིན་ཐོ་གཏོར་ནས་ཡོང་གི་ཡོད་པ་རེད། དཔེར་ན། སི་ཁྲོན་ས་ཡོམ་དང་ཐའེ་ཝན་གྱི་དྲག་ཆར་རླུང་ནག གྷུ་ཇ་ར་ཊིའི་ས་ཡོམ། ལྷོ་ཤར་ཨེ་ཤ་ཡའི་མཚོ་གཏིང་གི་ས་ཡོམ་ལྟ་བུ་རེད། ཁ་སང་དེ་རིང་མུ་མཐུད་ནས་གདོང་ལེན་བྱེད་བཞིན་པར་མཚོན་ན། ཉིན་ཤས་གོང་གི་ཨིན་ཌོ་ནེ་ཤི་ཡའི་ས་ཡོམ། ཧི་མ་ལ་ཡི་རི་བརྒྱུད་ཀྱི་ས་ཡོམ། ས་མོ་ཡ་གླིང་ཕྲན་གྱི་མཚོ་མཐིལ་གྱི་ས་ཡོམ། རྒྱ་གར་ལྷོ་ཕྱོགས་ཀྱི་ཆུ་ལོག ཁ་ལེ་ཧྥོར་ནེ་ཡའི་རང་བྱུང་མེ་སྐྱོན་སོགས་རེད། འདི་དག་གི་འབྱུང་རྐྱེན་གྱི་སྐོར་ལ་དགོངས་ཚུལ་གང་ཡོད་དམ།
རྒྱལ་བ་ཀརྨ་པ། འདི་དག་གི་འབྱུང་རྐྱེན་ཚང་མ་གནམ་གཤིས་ཀྱི་འགྱུར་བ་དང་། ཁོར་ཡུག་གི་གནད་དོན་དང་འབྲེལ་བ་ཡོད་པ་རེད་ཅེས་ཐག་གཅོད་དཀའ་བ་རེད་བསམ་གི་འདུག སྤྱིར་བཏང་གིས་ས་ཡོམ་བརྒྱག་པ་འདི་ཚོར་རང་སྟེང་གི་རྒྱུ་མཚན་རེ་ཡོད་རྒྱུ་རེད་བསམ་གི་འདུག ཡིན་ཡང་། ས་ཡོམ་དང་ཆུ་ལོག་གི་ཉེན་ཚབས་ཆེན་པོ་དེ་འདྲ་བྱུང་ཡོང་དུས། གལ་སྲིད་ང་ཚོ་མི་རྣམས་ཁོར་ཡུག་དང་འཆམ་མཐུན་ཡག་པོ་ཡོད་པ་ཡིན་ན་ཁོར་ཡུག་གིས་གནོད་འཚེ་ཕོག་པའི་ཤུགས་ཚད་ཉུང་བ་ཡོང་གི་རེད་བསམ་གྱི་འདུག ང་ཚོས་ཤིང་ནགས་ཚོད་མེད་དུ་གཅོད་པ་སོགས་མིའི་འཚོ་གནས་ཀྱི་ཡར་རྒྱས་གོང་འཕེལ་གྱི་ཆེད་དུ་ཁོར་ཡུག་ལ་བསམ་བློ་མ་བཏང་བར་བྱ་བཞག་མང་པོ་ཞིག་སྤེལ་བའི་རྒྱུ་མཚན་ལ་བརྟེན་ནས་ཁོར་ཡུག་གི་གནོད་འཚེ་ཡོང་སྐབས་གནོད་འཚེ་ཆེ་བ་ཡོང་བ་དང་། ང་ཚོའི་ངོས་ནས་བསམ་བློའི་གྲ་སྒྲིག་གང་ཡང་མེད་པས་གནོད་འཚེ་ཆེ་བ་ཡོང་བ་དེ་འདྲ་རེད། དཔེར་ན། ད་ལོའི་ཐའེ་ཝན་ལྷོ་ཕྱོགས་སུ་ཐའེ་ཧྥུན་གྱི་གནོད་འཚེ་ཡོང་བ་དེའང་ཕྱོགས་གཅིག་ནས་ཁོང་ཚོས་ནམ་རྒྱུན་ཤིང་སྡོང་མང་པོ་གཅོད་ཀྱིན་ཡོད་པ་རེད་ཟེར། ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་མ་བྱས་པའི་སྐྱོན་གྱིས་ས་ཡོམ་རྒྱག་དུས་ཀྱང་ཤུགས་ཆེན་པོ་རྒྱག་པ་དང་། གྲོང་ཚོ་རེ་རེ་བྱས་ནས་སའི་འོག་ལ་མནན་འགྲོ་བ་དེ་འདྲ་གནས་ཚུལ་མང་པོ་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ཁོར་ཡུག་ལ་འབྲེལ་བ་ཡོད་ཞིག་རེད།
རོགས་སྐྱོར་གནང་བ།
༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག། འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་སྒུ་གྲོང་སྡེ་དང། རོང་པོ་ སྐར་མདའ་ འབྲོག་མདའ་ ཁྲི་འདུ་ ནང་ཆེན་བཅས། ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན། དཔལ་ལྡན་དགོན་ར་ཉག་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག། ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས། དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད། ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག། ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད། སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན། ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད། འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ། ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན། གྲོ་འབྲས་རྒྱ་མ་༡༢༠༠༠ ཅ༹མ་པ་རྒྱ་མ་༡༥༠༠ མར་རྒྱ་མ་༡༠༠༠ ཐུག་པ་ཤོག་སྒམ་༡༠༠༠ ཉལ་ཆས་༣༠༠༠ གྱོན་ཆས་༢༥༠༠ རས་གུར་༡༠༠ དེ་མིན་ཟས་རིགས་འདྲ་མིནདང་ ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠ གནང་ཡོད། བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག། དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད། ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར། གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན། སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན། རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད། ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།
རྒྱལ་བ་ཀརྨ་པ་མཆོག་གིས་འཁོར་ཡུག་སྲུང་སྐྱོབ་ཐོག་ཏུ་སེམས་འཁུར་ཙམ་མ་ཟད་དངོས་སུ་ལས་འགུལ་སྤེལ་ཡོད། ཀཾ་ཚང་གི་དགོན་ཁག་སུམ་ཅུ་ལྷག་གི་ནང་དུ་འགྲོ་སོང་བཏང་ནས་ལས་འགུལ་ཐེངས་མང་སྤེལ་ཡོད། སྒང་ཐོག་བོད་གཞུང་སློབ་གྲྭ་སོགས་སུའང་རོགས་རམ་གནང་ཡོད། གཞན་ཡང་བཀའ་བརྒྱུད་སྨོན་ལམ་སོགས་སུ་གཙང་སྦྲ་སྡེ་ཚན་བཙུག་པ་དང་། དགོན་ཁག་སོགས་སུ་ཉི་གློག་དང་འཐུང་ཆུ་སོགས་ལ་འགྲོ་སོང་མི་ཉུང་བ་བཏང་འདུག ཆོས་ལུགས་གཞན་པ་ཁག་ལ་ཁོང་གི་བཀའ་སློབ་འགྲོ་ས་དང་ཞལ་ལ་ཉན་མཁན་ཡོད་རྒྱུ་མ་རེད་དྲན་གྱི་ཡོད། མི་ཁག་ཅིག་གིས་གནས་ཚུལ་དེ་དག་མ་ཤེས་པར་ཡོད་རྒྱུ་རེད་བསམ།
བཙན་པོ་ཞུ་བ་དེར་གསལ་བཤད་དུ། ཁྱོད་ཀྱིས་རྒྱལ་བ་རིན་པོ་ཆེ་ཡི་མཚན་དྲངས་ཡོང་ནས་གང་བཤད་རྩིས་ཡིན་ནམ། རྒྱལ་བ་སྐུ་ཕྲེང་འདི་ཙམ་དུ་མ་ཟད། སྐུ་ཕྲེང་བཅུ་གསུམ་པ་ཚང་གིས་ཀྱང་རི་རྒྱ་ཀླུང་རྒྱ་ཡི་བཀའ་རྩ་བསྒྲགས་པ་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་ལ་ཕྱག་རྗེས་ཆེན་པོ་བཞག་ཡོད་པ་རེད། ཡིན་ཡང་། ངས་ནི་ཁ་སང་དེ་རིང་གི་གནས་སྟངས་ཤིག་གླེང་ཡོད།
རྒྱལ་བ་རིན་པོ་ཆེ་ཚང་གིས་དུས་ནས་དུས་སུ་ཁོར་ཡུག་གི་གནད་དོན་གསུང་གིན་ཡོད་པ་རེད། ཡིན་ཡང་། ཁ་སང་དེ་རིང་བོད་ཀྱི་བླ་ཆེན་རྣམ་པའི་ཁྲོད་ལས་འགུལ་རང་བཞིན་གྱི་ཕྱག་ལས་རྩོམ་མཁན་ནི་རྒྱལ་བ་ཀརྨ་པ་ཚང་ཡིན་པར་ངོས་འཛིན་བྱས་ཏེ་དྲི་བ་དེ་བཀོད་ཡོད།
གཤམ་གྱི་དྲི་བ་འདིའི་ཚིག་ཟིན་མ་ལུས་པར་བལྟས་ནས་བསམ་ཚུལ་སྤེལ་རོགས། ལམ་སེང་ནད་རྙིང་ཞིག་འཕར་བ་ལྟར་སྐད་ཆ་མ་བཤད་ན་ལེགས་གི་རེད།
༼བོད་ཀྱི་སྔོན་བྱོན་སྐྱེས་ཆེན་དག་གིས་ཀྱང་སྣོད་བཅུད་གཉིས་ཀའི་ཐད་ལྟ་གྲུབ་དང་ལག་ལེན་གཉིས་ཀའི་ཐད་ནས་སྲུང་སྐྱོབ་ཀྱི་ནུས་པ་ཐོན་ཡོད་པ་རེད། ཡིན་ཡང་། དེང་སྐབས་ཁོར་ཡུག་གི་ཉེན་ཚབས་དེ་འཛམ་གླིང་རང་བཞིན་དུ་ཆགས་བཞིན་པའི་སྐབས་སུ། དངོས་སུ་གནད་དོན་འདི་གླེང་སྟེ་ཕེབས་མཁན་གྱི་བླ་ཆེན་ནི་རིན་པོ་ཆེ་ཐོག་མ་རེད། རིན་པོ་ཆེར་འདིའི་ཕྱོགས་ཀྱི་ཐུགས་སྣང་དེ་ཇི་ལྟར་བྱུང་སོང་ངམ།༽
འཁོར་ཡུག་སྲུང་སྐྲོབ་ཀྱིི་ཐོག་ལ་དངོས་སུ་ལས་འགུལ་སྤེལ་བཞིན་པ་འདི་རོག་རམ་ཞིག་མ་ཡིན་ནམ།
ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་ཕྱོགས་ལ་ཐུགས་ཁུར་ཆེན་པོ་ཡོད་ན་ཞལ་གསུངས་སྙན་པོ་ཙམ་མ་ཡིན་པར། དོན་དངོས་ཐོག་ནས་རོགས་རམ་ཞིག་དགོས་པ་འདྲ།
ཐོག་མ་རེད་ལ་་་་་་་ཐོག་མ་མ་རེད་ ལ་བཅོས
ཕྱོགས་ཞེན་ཡིན་ནམ།
དེང་སྐབས་ཁོར་ཡུག་གི་ཉེན་ཚབས་དེ་འཛམ་གླིང་རང་བཞིན་དུ་ཆགས་བཞིན་པའི་སྐབས་སུ། དངོས་སུ་གནད་དོན་འདི་གླེང་སྟེ་ཕེབས་མཁན་གྱི་བླ་ཆེན་ནི་རིན་པོ་ཆེ་ཐོག་མ་རེད། ་ཟེར་།ཁོང་གོར་ཡུག་ལ་གསུང་གླེང་གནང་མཁན་ཐོག་མ་རེད།
༧་གོང་ས་མཆོག་གིས་ལོ་དགུ་བཅུའི་ནང་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་གསུང་བཤད་ཤུགས་ཆེན་གནང་བ་གང་ཞིག་་་་ཁོང་བླ་ཆེན་ཡིན་པའི་ཕྱིར་།
སེམས་ངོ་རང་ལ་མ་འཕྲོད་འཛམ་གླིང་མི།།
ཨག་གསར་དུས་ཐུང་འཕྲུལ་ཆས་ཐོབ་ཕྱིར་དུ།།
མི་རབས་ཕྱི་མའི་བདེན་འཇག་མ་ཐེགས་པར།།
རང་བྱང་ཁམས་ཀྱི་ངོ་ལོག་ཇི་ལྟར་ལྡོག།
ཕྱི་ནང་སྣོད་བཅུད་རྟེན་འབྱུང་ལེགས་བསམ་ན།།
འཛམ་གླིང་སྐད་ཅིག་འཇིག་པར་བྱེད་པ་པོ།།
མི་ཡི་འདོད་རྔམ་ཆེན་པོ་དེ་ཡིན་པས།།
ཁོར་ཡུག་སྦགས་བཙོག་ལ་སོགས་དེ་ལས་བྱུང་།།