མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བཅུ་བཞི།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

བཅུ་བཞི།


བློ་བཟང་གིས་ཁོ་རང་གི་ལས་རོགས་དང་ལས་རོགས་མ་ཉི་མ་ལྷ་སྒྲོན་གཉིས་སོང་ཤུལ་དུ། ཟ་ཁང་ནང་གཙང་མ་མཁྱོགས་པོ་བཟོ་ཞོར་དུ། སང་ཉིན་ངས་ཉི་མ་ལྷ་སྒྲོན་བསྐྱལ་སྲིད་དུས་སྙམ་བཞིན། རང་ཉིད་གཅིག་བུར་ཁེར་དགོད་ཅིག་ཤོར།

ཉི་མ་ལྷ་སྒྲོན་ནི་ཤོག་རྩེད་བྱེད་རྒྱུར་དངོས་ནས་དགའ་བོ་ཡོད་ལ། དེ་བས་ཀྱང་བུད་མེད་ཁ་སངས་པོ་ཞིག་ཡིན་སྟབས། བློ་བཟང་དང་ཁོང་ཚོ་གསུམ་དངོས་ནས་ལས་སླ་བོར་འདྲིས་ཤིང་གོམ་པར་གྱུར། ཁོང་ཚོས་ཤོག་རྩེད་རེ་རྩེ་ནས་སུ་ཐེངས་གསུམ་ལ་ཕམ་སོང་བ་ཡིན་ན་འཁྲིས་ཀྱི་ཚོང་ཁང་ནང་ནས་ཧིན་སྒོར་ཉི་ཤུའི་གོང་ཚད་ཅན་གྱི་འགྱིག་ཤོག་ནང་གི་ཞོ་ཁོག་བསྲེག་མ་ཉོ་དགོས་ཀྱི་ཡོད།

མཚམས་རེར་དངོས་ནས་ཉི་མ་ལྷ་སྒྲོན་ཕམ་ཡང་། བློ་བཟང་གིས་བསམ་ཤེས་ཀྱི་ཚུལ་དུ་ད་རེབ་གཡུགས་ཤོག བུད་མེད་ཅིག་ལ་ཕོ་གསར་གཉིས་ཀྱི་གཉོས་བཅོས་བྱས་ན་ག་ལ་འགྲིག་ཟེར་ནས་དགོད་ཞོར་དུ་ཉོ་རུ་མ་བཅུགས། དེ་དུས་ཁོས་ལས་རོགས་ཀྱིས་ཐེངས་རྗེས་མ་ནས་སུ་ཕམ་ཡང་ངོ་གསོ་མེད། དམངས་གཙོའི་ལུང་བ་རུ་བུ་དང་བུད་མེད་འདྲ་མཉམ་ཡིན་པ་མི་ཤེས་ཀི་ཟེར་ཞོར་དུ་དགོད་ཞོར་དུ་བཤད།

ཉི་མ་ལྷ་སྒྲོན་ཅུང་ངོ་གནོང་བའི་ཚུལ་གྱིས། ག་བ་ག་བ་དེ་འདྲ་བྱེད་དགོས་པ་མ་རེད། ང་འགྲོ་ནས་ཉོ་ཡོང་ཟེར་ནས་ཡར་བླངས་རྩིས་བྱས་དུས། བློ་བཟང་གིས་ཉི་མ་ལྷ་སྒྲོན་གྱིས་ལག་མགོ་ནས་འཇུས་དེ་ད་རེབས་གཡུགས་ཤོག་ཟེར་ནས་འགྲོ་རུ་མ་བཅུགས།

ཁོང་ཚོ་གསུམ་དེ་ལྟར་རྩེད་མོ་བརྒྱུད་དེ་ངོ་ཤེས་ནས་ནང་ཚག་ལྟ་བུར་གྱུར་སོང་བ་མ་ཟད། བློ་བཟང་དང་ཉི་མ་ལྷ་སྒྲོན་གཉིས་ལ་དམིགས་་བསལ་གྱིས་འགྲེལ་བ་ལྟ་བུ་ཞིག་ཀྱང་ཆགས་བཞིན་ཡོད། དེ་ནི་ཉི་མ་ལྷ་སྒྲོན་གྱིས་བློ་བཟང་ལ་སང་ཉིན་ནས་ཁྱེད་ཀྱིས་ང་རང་ནང་དུ་བསྐྱེལ་རོགས་ཟེར་བ་ནས་བྱུང་བ་ཞིག་ཡིན།

གང་ལྟར། བློ་བཟང་གི་ལས་རོགས་དེ་ནི་དངོས་ནས་ཕོ་གསར་བརྫིག་པོ་ཞིག་ཡོད་ལ། སྐད་ཆ་ཡར་མར་བཅོ་བརྒྱད་བཤད་རྒྱུར་དེ་འདྲའི་གོམ་མེད་ན་ཡང་། ཁ་ཁོག་གཏན་ནས་མེད་མཁན་ཞིག་ཡིན།

ཉིན་ཞིག་བློ་བཟང་གིས་ཉི་མ་ལྷ་སྒྲོན་ལ་རང་ཉིད་མགར་བ་ཞིག་གི་ཁྱིམ་ནས་སྐྱེ་ཚུལ་བཤད་དུས། ཉི་མ་ལྷ་སྒྲོན་གྱིས་དོག་སྣང་མེད་པར་དེ་ཡིན་ན་གང་རེད། དེ་ལ་དངོས་ནས་ཧང་སངས་དགོན་དོན་མི་འདུག་ཟེར་ན་ཡང་། གཞུག་དེར་དངོས་ནས་ཁྱེད་རང་མགར་བའི་ཁྱིམ་ཚང་ཞིག་ནས་ཡིན་ནམ་ཟེར་ནས་དྲིས།

བློ་བཟང་གིས་ལྷ་སའི་ཁུལ་ནས་མགར་བ་ལ་རིགས་ངན་དུ་བརྩི་སྲོལ་ཡོད་པ་སྔ་ས་ནས་ཤེས་སྟབས། ཉི་མ་ལྷ་སྒྲོན་ལ་ཉམ་ཚོད་བརྟག་ཕྱིར་དུ་དེ་ལྟར་བཤད་པ་ལས་དངོས་ནས་བཤད་ན་ཁོ་རང་ནི་མགར་བའི་ཁྱིམ་ཚང་ཞིག་གི་གཏན་ནས་མིན།

ཡིན། ཡིན། རེད་དེ། ང་རང་ཆུང་དུས་སུ་ཕ་མ་དག་གི་རེ་བ་ལྟར་དགོན་པ་རུ་བསྐྱལ་སྟབས། མགར་བའི་ལས་ཀ་བྱེད་དགོས་བྱུང་ཡོད་པ་མ་རེད་ཅེས་བཤད།

ཉི་མ་ལྷ་སྒྲོན་གྱིས། ཨ་ལེ་དེ་འདྲ་རེད། དེས་ནས་ཁྱེད་ཚོས་ས་ཁུལ་ནས་མགར་བ་ཡིན་ན་ཡང་། གྲྭ་བ་བྱེད་ཆོག་གི་ཡོད་པ་རེད་དམ་ཟེར་ནས་སླར་ཡང་དྲི་བ་ཞིག་དྲིས།

བློ་བཟང་གིས། མི་སུ་ཡིན་ཡང་གྲྭ་བ་བྱེད་རྒྱུར་བཀག་འགོག་མེད་པ་རེད་ཅེས་ལན་འདེབས་ཞོར་དུ། འདི་ལྟར་སླར་ཡང་ཉི་མ་ལྷ་སྒྲོན་ལ་སྐད་ཆ་ཞིག་དྲིས། ལྷ་ས་ནས་མགར་བའི་རིགས་ལ་བཙོག་པར་ལྟ་བ་དེའི་ལུགས་སྲོལ་དེ་ནི་དེང་སང་ད་ལྟ་ཡང་གནས་ཡོད་པ་རེད་དམ་ཞེས་བཤད།

ཉི་མ་ལྷ་སྒྲོན་གྱིས། དེང་སང་གཏན་ནས་མེད་པ་རེད་ཟེར་ནས་བཤད་དཀའ་ཡང་། སྔོན་ཆད་ལས་ཉུང་དུ་ཕྱིན་ཡོད་པ་རེད། འོན་ཀྱང་། ང་རང་ལ་ཡང་སྔོན་ཆད་བོད་དུ་ཡོད་དུས་དེའི་བསྐོར་ལ་རྣམ་དོག་ཡོད་པ་དེ་འདྲ་ཡིན་ལ། མི་དེ་འདྲའི་རིགས་ལ་འབྲེལ་བ་གཏན་ནས་བྱུང་མྱོང་མེད་ཅེས་ལན་བཏབ།

བློ་བཟང་གིས། དེ་མ་ཡིན་པའི་ཁྱེད་རང་མི་གཞན་གྱི་སྟེང་དུ་ལྟ་སྲོལ་མི་ལེགས་པའི་བསྐོར་དེ་འདྲ་བྱུང་མྱོང་ཡོད་དམ་ཟེར་ནས་དྲིས།

ཉི་མ་ལྷ་སྒྲོན་གྱིས་ཁྱེད་རང་གི་སེམས་སུ་དོག་པ་མ་སྐྱེ་ཨ། ང་རང་ཆུང་དུས་ནས་རང་གི་ཕ་མ་དག་གིས་ཨ་མདོའི་ཕོ་གསར་དག་ནི་ཁྲེལ་གཞུང་མེད་པ་དང་། བུད་མེད་དག་ལ་བཅར་བརྡུང་བྱེད་མཁན། རང་གི་ཆུང་མ་ལ་བརྩེ་བ་མེད་མཁན་ལྟ་བུ་ཞིག་དུ་བཤད་སོང་བ་ལྟར། ངས་ཀྱང་ཉིན་མ་དེ་རིང་གི་བར་དུ་ཨ་མདོའི་ཕོ་གསར་ཞིག་ལ་འབྲེལ་བ་བྱེད་རྒྱུ་དེ་ནི་ལས་སླ་བོ་ཞིག་གཏན་ནས་མིན་པ་དང་། ཨ་མདོའི་ཕོ་གསར་ཞིག་རང་གི་མི་ཚེ་ནང་དུ་གྲོགས་པོ་ཞིག་ཆགས་འགྲོ་བ་སོགས་རྨི་ལམ་དུའང་འཁོར་མྱོང་མེད་ཟེར་ནས་བཤད།

བློ་བཟང་གིས་དེ་དུས། དགོད་ཞོར་དུ། དེས་ན་ཁྱེད་རང་གིས་ད་ལྟ་ང་རང་ངོ་ཤེས་སོང་བ་རེད། ད་ཡིན་ན་ཁྱེད་རང་གིས་གཟབ་གཟབ་དགོས་ཀྱི་ཡོད་པ་རེད། དངོས་ནས་ཁྱེད་རང་གི་ཕ་མ་དག་གིས་ཁྱེད་རང་ལ་སློབ་གསོ་ཡག་པོ་ཞིག་བརྒྱབ་འདུག་ཞེས་ཀུ་རེ་བསྒྲགས་ནས་བཤད།

ཉི་མ་ལྷ་སྒྲོན་གྱིས་བློ་བཟང་ལ་ཁུ་བཙུར་གྱིས་ཤུགས་ཆུང་ཙམ་གཞུ་ཞོར་དུ། དེ་འདྲ་ཞིག་གང་ང་གང་། ཁྱེད་རང་དང་ངོ་ཤེས་པ་ནས་བཟུང་། ངེད་ཀྱིས་རང་གི་ཕ་མ་དག་གིས་རྒྱུས་ལོན་མེད་པའི་སྐད་ཆ་དེ་དག་ལ་སེམས་གཏིང་ནས་འགྱུར་བ་ཕྱིན་སོང་བ་མ་ཟད། ཨ་མདོའི་ཕོ་གསར་དག་ནི་དངོས་ནས་ལས་ཀ་བྱེད་ཐུབ་མཁན། ཁ་རུ་ཁ་ཐུག མཐོ་དམར་མི་བྱེད་མཁན་ལྟ་བུ་ཞིག་དུ་མཐོང་སོང་བ་མ་ཟད། ང་རང་གིས་ཁྱེད་རང་བརྒྱུད་དེ་ངོ་ཤེས་པའི་ཨ་མདོའི་ཕོ་གསར་དེ་དག་ཚང་མ་ཡང་དེ་འདྲའི་ཁ་སངས་མོ་དང་ཕོ་ཉམས་དོད་པོ་རྐྱང་རྐྱང་རེད་འདུག་ཟེར་ནས་བློ་བཟང་ལ་ངོ་བསྟོད་ལུང་བ་བཀང་བྱས།

བློ་བཟང་གིས་སེམས་ནང་དུ་རྨི་ལམ་ཞིག་རྨིས་ཞོར་དུ། ཉི་མ་ལྷ་སྒྲོན། ཁྱེད་རང་ལ་དྲི་བ་ཞིག་འདྲི་རྒྱུ་ཡོད་མོད། དྲིས་ན་འཚམས་པོ་ཡིན་མིན་མི་ཤེས་ཀི དྲིས་ཆོག་མིན་ཐད་དུ་ལན་ཞིག་སྤྲོད་རོགས་ཞུ་ཟེར་ནས་ཉི་མ་ལྷ་སྒྲོན་ལ་བཤད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 10

  1. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཚང་མས་སེམས་གཏམ་དང་སྐད་བསྐུར། སྐུལ་ལྕགས་ཚང་མ་བདག་གི་སེམས་སུ་བཟུང་ཡོད། མུ་མཐུད་དུ་བརྙད་འཕྲིན་ཟློས་གར་ལྟ་བུའི་བློ་བཟང་གི་གཏམ་རྒྱུད་ཀློག་དུ་ཕེབས་ཤོག

    Reply
  2. l.yonten says:
    ལོ་ 16 སྔོན།

    དྲ་གྲོགས་ཤ་ཁྲག་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ། སྒྲུང་གཏམ་རིང་པོ་ཞིག་འབྲི་བཞིན་ཡོད་ཙམ་ཁོམ་པ་ཉུང་ཉུང་ཡིན་ས་རེད། གལ་སྲིད་དུས་ཚོད་སྟོང་པ་འདྲ་བྱུང་ན་གྲོགས་པོ་ངའི་ཟིན་བྲིས་སུ་གཟིགས་བསྐོར་ཕེབས་རྒྱུ་མ་བརྗེད་ལོ།

    Reply
  3. free sopu says:
    ལོ་ 16 སྔོན།

    བཀླགས་ཟིན།

    Reply
  4. durkbey says:
    ལོ་ 16 སྔོན།

    གྲོགས་པོ། བར་སྐབས་དོན་མེད་ཀྱི་ལས་དོན་ཆུང་ཚག་གི་བར་ནས་ཟིན་བྲིས་སུ་ཞུགས་མ་ཐུབ།་ ཁྱེད་རང་དུས་འདིར་བསྟན་པ་ཡང་དར་ཡིན་པའི་འཚམས་འདྲི་ཞུ།

    Reply
  5. gangdra says:
    ལོ་ 16 སྔོན།

    ཤ་ཁྲག་ལཊ།
    སྒྲུང་རྩོམ་བཀླཊ་ཟིན།
    ཁྱོད་ཀྱིས་ཞེ་ལྷོད་ནས་ད་དུང་སྒྲུང་རྩོམ་འབྲི་བཞིན་ཡོད་དམ།

    Reply
  6. དགོ་རྭ says:
    ལོ་ 16 སྔོན།

    ཟ་ཁང་ནང་གཙང་མ་མཁྱོགས་པོ་བཟོ་བཞིན་ཞེས་པའི་དོན་དག་གོ་མ་སོང་།

    Reply
  7. དགོ་རྭ says:
    ལོ་ 16 སྔོན།

    ཨུ་ཚུགས་ཅན་གྱི་བསྟོད་པ་འཐེན་གིན་ཡོད།

    Reply
  8. samkhar says:
    ལོ་ 16 སྔོན།

    མི་སྣའི་སེམས་ཁམས་དང་གཟུགས་རིས་ཞིབ་འབྲིིའི་ཐད་དོ་སྣང་དགོས་པར་མཐོང་ཞིང་།
    སྒྲུང་གི་ནང་དོན་ནས་ཕྱོགས་མང་པོ་ཞིག་གི་གནས་ཚཱུལ་ཐོན་ཐུབ་པ་བྱུང་ན། ཁྱེད་ཀྱི་སྒྲུང་དེ་སྒྲུང་རིང་ཞིག་མ་ཆགས་ཀྱང་། སྒྲུང་རིང་གི་རྣམ་པ་ཞིག་ཏུ་བསྒྲབ་ཀྱི་རེད་སྙམ།།

    Reply
  9. sogyal says:
    ལོ་ 16 སྔོན།

    ཁྱེད་ཀྱིས་སྒྲུང་གི་འགྱུར་བ་འགོད་སྟངས་དང་། སྐད་ཆའི་སྒྱུ་རྩལ་གཉིས་ལ་དམ་འཛིན་དགོས་པ་དང་། ལྷག་པར་རང་སྟེང་ནས་གསལ་ཐུབ་པའི་དོན་དངོས་རིགས་པ་ཐད་ཀར་འགྲེལ་བརྗོད་མེད་པར་བྱས་ན་ལེགས་པར་མཐོང་། ཤིན་ཏུ་ལེགས་པོ་འདུག

    Reply
  10. kkalsang says:
    ལོ་ 16 སྔོན།

    ཨ་རོགས་ཤ་ཁྲག་ལགས།ད་ཐེངས་ཡིན་ན་སྒྲུང་རིང་ཞིག་གི་མགོ་བཟུང་ནས་རྔ་མ་མི་རྙེད་པར་གྱུར་འདུག་གཞེ་དྲག་ཉོག་གི་མ་འཇུགསྐད་ཆའི་ཐད་ནས་ལྷོད་རྒྱུ་མང་དྲག་པའི་སྣང་བ་ཞིག་འདུགགལ་སྲིད་ད་དུང་རིང་མོ་ཞིག་འབྲི་རྒྱུ་ཡིན་ན།རྣམ་རིག་ཇེ་གྲིམ་དུ་གཏོང་རྒྱུ་གལ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese