མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་ཆེད་དུ་བོད་སྐྱོབ་པ། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༠༩/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་གླེང་སྐབས། པེ་ཅིན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཟང་ཕྱོགས་སུ་འཕེལ་དགོས་ན། ངྷ་སའི་བཙན་བྱོལ་བོད་གཞུང་གི་བསྟི་གནས་ཁག་སྒོ་རྒྱག་དགོས་པར་བཤད།

རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་གླེང་སྐབས་སུ། རྒྱ་ནག་གིས་རྒྱ་གར་ལ་གནད་དོན་ཆེན་པོ་བཞི་དང་ལས་འཆར་ཆེན་པོ་གཅིག་གི་ཐོག་ནས་ཚུར་རྒོལ་བྱས་ཡོད་ལ། རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་བདག་དབང་དང་། ཏཱ་ལའི་བླ་མ་མཆོག་གི་ཆིབས་སྒྱུར་རང་དབང་ཙམ་མ་གཏོགས་གླེང་ཐུབ་མི་འདུག

རྒྱ་ནག་གིས་བཤད་དོན། ཨ་རུ་ན་ཅལ་མངའ་སྡེ་ནི་རྒྱ་གར་གྱིས་བཙན་བཟུང་བྱས་བསྡད་པའི་རྒྱ་ནག་གི་ས་ཁུལ་ཞིག་ཡིན་པ་དང་། ཉེ་ཆར་རྒྱ་ནག་གིས་བོད་ནང་གི་ཡུལ་སྐོར་བ་རྣམས་ལ་བོད་ཀྱི་ས་ཁུལ་ངོ་སྤྲོད་བྱེད་སྐབས། བོད་ཀྱི་འདབས་འབྲེལ་རྒྱལ་ཁབ་དག་ནི་རྒྱ་གར་དང་བལ་ཡུལ། འབར་མ། ཀཤཱི་སྨིར་ས་ཁུལ་བཅས་ཡིན་པར་བཤད་དེ། དོན་དུ་ཀཤཱི་སྨིར་མངའ་སྡེ་ཡང་རྒྱ་གར་ལས་ཐ་དད་ཀྱི་ལུང་པ་ཞིག་ལ་ངོས་འཛིན་བྱས་ཡོད། གནད་དོན་གཞན་ཞིག་ནི། རྒྱ་ནག་གིས་བལ་ཡུལ་དང་རྒྱ་གར་གཉིས་བར་གྱི་རྒྱལ་མཚམས་དེར་ཡང་སྟངས་འཛིན་ནམ་པོ་བྱེད་དགོས་པར་བཤད་ལ། རྒྱལ་མཚམས་མ་བསྡམས་ན་བོད་མི་ཁ་བྲལ་བ་དག་རྒྱ་གར་ནས་བལ་ཡུལ་དུ་འཛུལ་ཏེ་རྒྱ་རྒོལ་གྱི་ཆབ་སྲིད་ལས་འགུལ་སྤེལ་བར་བཤད། རྒྱ་གར་གྱི་གསར་ལམ་ཁག་ཏུ་བསླེབས་པ་ལྟར་ན། རྒྱ་ནག་གིས་མཐའ་མ་དེར་རྒྱ་གར་ལ་ངྷ་རམ་ས་ལར་ཆགས་པའི་ཏཱ་ལའི་བླ་མའི་བསྟི་གནས་འདི་སྒོ་མ་བརྒྱབ་ཚེ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་འདི་བཟང་ཕྱོགས་སུ་འཕེལ་མི་ཐུབ་པའི་དཀའ་ངལ་ཡང་བགྲང་འདུག ཐེངས་འདིའི་ས་མཚམས་རྩོད་གླེང་སྐབས་རྒྱ་ནག་གིས་ཚུར་གླེང་བའི་གནད་དོན་རྣམས་ནི་འདི་དག་ཡིན།

དེ་བཞིན་རྒྱ་གར་བྱང་ཤར་མངའ་སྡེ་ཡི་བདག་དབང་རྩོད་བཞིན་པའི་སྐབས་འདིར། རྒྱ་ནག་གིས་བོད་ས་ཁུལ་ནས་ཡར་ཀླུང་གཙང་བོའི་བརྒྱུད་དུ་ཆུ་མཛོད་བརྒྱབ་རྒྱུ་དང་། དོན་དུ་ཡར་ཀླུང་གཙང་བོའི་ཁ་བསྒྱུར་ཏེ་ལྷོ་ཨེ་ཤ་ཡའི་ནང་འབབ་པའི་གཙང་བོ་དེ་རྒྱ་ནག་གི་པེ་ཅིན་དང་ཐེན་ཅིན། ཧེ་ནན། ཧེ་པེ་བཅས་སུ་འདྲེན་རྒྱུའི་འཆར་གཞི་འདིང་གི་ཡོད་འདུག་ལ། ལས་འཆར་འདི་དང་འབྲེལ་ནས་མི་འབོར་དུང་ཕྱུར་ ༣ གཞིས་སྤོ་བྱ་དགོས་ཚུལ་ཡང་གླེང་ཡོད། ཡར་ཀླུང་གཙང་བོའི་ཁ་བསྒྱུར་ཚེ་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་སོགས་སུ་སྐྱེ་ཁམས་ཁོར་ཡུག་གི་དཀའ་རྙོག་ཆེན་པོ་ཞིག་འཕྲད་རྒྱུ་ཡིན་པར་རྒྱ་གར་གྱིས་སེམས་འཚབ་བྱེད་ཀྱིན་ཡོད།

འདི་ལྟར་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་ནས་ལྷོ་ཨེ་ཤ་ཡའི་ནང་དུ་ལག་པ་རྐྱོང་གིན་ཡོད་ལ། ས་བབ་དང་ཆུ་བབ་ཀྱི་ཐད་ནས་ཁ་དབང་ཇེ་བཙན་དང་། རིམ་བཞིན་རྒྱ་གར་ཡུལ་ཁམས་ཆེན་པོ་འདིར་དཀའ་རྙོག་གི་མགོ་འཛུགས་ཀྱིན་ཡོད་ལ། ད་ནི་ལོ་ཤས་གོང་ནས་༼རྒྱ་གར་གྱི་བདེ་འཇགས་ཆེད་དུ་བོད་སྐྱོབ་རོགས་༽ཞེས་པའི་འབོད་ཚིག་དེ་དོན་ཐོག་ལ་འབབ་གིན་ཡོད་སྟབས། རྒྱ་གར་ཡུལ་ཁམས་ཀུན་ལ་གནས་སྟངས་འདིའི་གོ་རྟོགས་སྤེལ་རྒྱུ་ནི་དུས་ལ་བབ་པའི་ལས་འགུལ་ཞིག་ཡིན་པར་འདོད།།

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༡༣ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༦ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 8

  1. chokri nyima says:
    ལོ་ 17 སྔོན།

    དྲ་གྲོགས་ཅོ་རྟམལགས།

    རྒྱ་དོགས་པའི་མ་འཕོངས་ཡར་རྒྱས་ཕྱིན། བོད་རེ་བའི་མ་འཕུངས་བདེན་མཐའ་རྩོད། རེ་དོགས་གཉིས་ཀྱི་བར་ན་གནས་དགོས་པ་ནི་ང་རང་ཚོའི་ལས་དབང་རེད།

    Reply
  2. ཅོ་རྟམ། says:
    ལོ་ 17 སྔོན།

    ང་ཚོས་གཟབ་གཟབ་མ་བྱས་ན་ཡང་བསྐྱར་རྒྱ་གར་གྱིས་བོད་དོན་དེ་ཚོང་དོན་དུ་བེད་སྤྱོད་བྱེད་ཉེན་ཆེ། གལ་སྲིད་རྒྱ་གར་གྱི་དྲག་པོའི་ལེན་འདེབས་ཏོག་ཙམ་མ་བྱས་ན་རྒྱ་ནག་བཤད་པ་བཞིན་ང་ཚོའི་བཙན་བྱོལ་གཞུང་དེ་ལ་སྐྱོན་བྱུང་མི་སྲིད་པ་མ་རེད།

    Reply
  3. ཅོ་རྟམ། says:
    ལོ་ 17 སྔོན།

    རྒྱ་དོགས་པས་འཕོེངས་དང་བོད་རེ་བས་འཕོངས། རེ་དོགས་གཉིས་ཀྱི་བར་ནས་ཁེ་ཕན་ཞིག་ལོན་རྒྱུ་ཁག་པོ་རེད། རྒྱ་གར་གྱིས་ད་ལྟ་གཞི་ནས་བོད་དེ་གལ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་པ་རེད་མོད། འོན་ཀྱང་འགོར་དྲག་པ་རེད། གཙོ་བོ་ནེ་རོ་ནས་ནོར་བ་རེད། ༦༢ལོའི་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་རྗེས་ནས་རྒྱ་གར་གྱི་དམག་དཔོན་ཞིག་གི་བྲིས་བའི་དེབ་ཅིག་གི་ཁ་བྱང་དུ་སུ་ནི་༦༢ལོའི་ལག་དམར་ཡིན་ཞེས་པ་ཞིག་ཡོད་པ་དེ་རྒྱ་ཡིག་དུ་བསྒྱུར་བ་དེར་དམག་དཔོན་དེས་ནེ་རོ་ནི་དེའི་སྐབས་ཀྱི་ལག་དམར་དུ་ངོས་འཛིན་བྱས་འདུག་པ་དེ་བདེན་པ་རེད་འདུག

    Reply
  4. chokri nyima says:
    ལོ་ 17 སྔོན།

    ཤ་ཁྲག་གཅིག་པའི་དྲ་གྲོགས་ལྷུན་རྒྱས་ལགས། འཇིག་རྟེན་ཁ་རྒྱུན་ལ། སྤྱང་གིས་འཕར་བ་བསད་ན་ལུག་ཕྲུག་སྐྱིད། འཕར་བའི་སྤྱང་ཀི་བསད་ན་ལུག་རྫི་སྐྱིད། ང་ལ་དགོས་པ་ནི་སྤྱང་དང་འཕར་བ་དམག་འཐབ་ཡིན། ངའི་རེ་བ་ནི་སྤྱང་དང་འཕར་བ་དམག་འཐབ་རྗེས་སུ་གཡང་དཀར་ལུག་གི་གོ་སྐབས་ཡིན།་་་་་་མགྱོགས་ཤོག་མགྱོགས་ཤོག་ངའི་རེ་བ་དེ་མགྱོགས་ཤོག

    Reply
  5. བསེ་རུ། says:
    ལོ་ 17 སྔོན།

    ནད་པ་ལགས།
    འདི་ལྟར་གནས་ལུགས་ལྡན་པའི་གཏམ་ཞིག་འདིར་གསུངས་པར་བཀའ་དྲིན་ཆེ།
    ང་ཚོ་ཡང་དྲ་བའི་ནང་ཚུད་ཚུད་པ་རེད།
    ད་ཇི་ལྟར་བྱས་ཏེ་ཐར་ཐབས་བྱེད་དགོས་སམ།

    རྒྱ་གཞུང་གིས་མེ་འཁོར་ལྕགས་ལམ་གྱི་བཟོ་སྐྲུན་གྱི་འཆར་གཞིའི་དམིགས་ཡུལ་གཅིག་པུས་ང་ཧང་སངས་དགོས་པ་ཞིག་བཟོས་སོང་། བོད་དུ་བཙན་འཛུལ་དེ་ཆིག་སྟོང་དགུ་བརྒྱ་བཞི་བཅུ་ཞེ་དགུ་ནས་མགོ་འཛུགས་བྱས་ཡོད་ལ། དེའི་རྗེས་ཀྱི་ལོ་བཅུ་གྲངས་ཀྱི་རྗེས་སུ་རྒྱ་མིས་བོད་དུ་ལྕགས་ལམ་བཟོ་སྐྲུན་གྱི་འཆར་བསྒྲིགས་ཟིན་འདུག དེ་ནི་དམག་དོན་གྱི་སྲིད་བྱུས་དང་འབྲེལ་བ་ཆེ་བ་ཞིག་ལས། དཔལ་འབྱོར་ཡར་རྒྱས་ཀྱི་སྲིད་བྱུས་ལ་དེ་ཙམ་འབྲེལ་མེད་པ་ཞིག་མཐོང་བྱུང་།།

    Reply
  6. ནད་པ says:
    ལོ་ 17 སྔོན།

    བསེ་རུ་ལགས། མོ་ཙེ་ཏུང་གིས་དགོངས་པ་ལྟར་ན་སྤྱི་ཚོགས་རིང་ལུགས་དང་དམངས་གཙོ་རིང་ལུགས་གཉིས་ནི་མེ་ཆུ་ལྟར་འགལ་ཟླ་ཡིན་སྟབས་འཛམ་གླིང་འདིའི་སྟེང་ཡང་ན་གཅིག་གསོན་དགོས་ཡང་ན་གཅིག་ཤོས་ཤི་དགོས་ཟེར།

    གླིང་ཆེན་ཨེ་ཡེ་ཤེ་ཡའི་ནང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ནི་རྒྱ་དཀར་ནག་ཡིན་སྟབས་རྒྱ་གར་ལ་ཕམ་པར་རྒྱག་དགོས། རྒྱ་གར་ལ་དམག་རྒྱག་དྲངས་རྒྱུར་བོད་དེ་ཟམ་པ་ལྟ་བུ་ཆགས་ཡོད་པས་ལོ་ལྔ་བཅུའི་ནང་བོད་ལ་བཙན་འཛུལ་བྱས་ཏེ་དམག་དོན་གྱི་ས་ཚིགས་དང་གྲ་སྒྲིག་གལ་ཆེར་བཟུང་དགོས།

    ས་མཚམས་བར་གྱི་ཆིངས་ཡིག་ལ་བརྙས་འདོགས་ཞིག་བྱས་ཏེ་མཐར་རྒྱ་གར་ལ་དམག་བརྒྱབ་ཏེ་དབང་བསྒྱུར་བྱེད་རྒྱུ་དང་དེ་མིན་བལ་ཡུལ་དང་འབྲུག་སོགས་ཆུང་ཙག་རྒྱལ་ཁབ་དག་རང་བཞིན་གྱིས་དབང་དུ་བསྡུ་ཐུབ་རྒྱུར་ཐེ་ཚོམ་མེད་ཟེར།

    དེ་ནས་ལོ་བརྒྱའི་དམག་དོན་གྱི་སྟབས་ཤུགས་མིའི་ནུས་ཤུགས་ཇེ་ཆེར་བཏང་ཏེ་མཐོ་སྒང་བོད་དང་རྒྱ་གར་གྱི་གཉིས་ས་ཐོག་ནས་དམག་དོན་གྱི་ས་ཚིགས་གལ་ཆེ་ཞིག་གི་གྲ་སྒྲིག་མཐུད་ཚང་བྱུང་རྗེས་སུ་དམངས་གཙོ་རིང་ལུགས་སམ་ཨ་རི་བཙན་རྒྱལ་རིང་ལུགས་ལ་དམག་དྲངས་དགོས་ལ་དེ་དུས་མི་དུང་ཕྱུར་གཉིས་ཀྱི་ཚེ་སྲོག་བློས་བཏང་བྱེད་དགོས་ལ་མཐར་འཛམ་གླིང་འདི་སྟེང་དུ་སྟོབས་ཆེན་རྒྱ་ནག་དམར་ཤོག་ལ་རྒྱལ་ཁ་འཐོབ་ངེས་ཡིན་ཚུལ་བཤད་ཡོད།

    ད་ཆ་མའོ་ཙེ་ཏུང་གི་དགོངས་པ་དངོས་དེར་མངོན་འགྱུར་ཡོང་ཆེད་ལག་བསྟར་བྱེད་མགོ་རྩོམ་བཞིན་ཡོད། ཏྭ་ལའི་བླ་མ་དང་། ཨ་རི། ཡོ་རབ། རྒྱ་གར་སོགས་ཀྱིས་དུས་རབས་ཉེར་གཅིག་འདི་འཛམ་གླིང་ཞི་བདེའི་དུས་རབས་གཅིག་ལ་ཐུགས་རེ་གནང་བཞིན་ཡོད་ཀྱང་། མའོ་ཡིས་གཙོས་པའི་དམར་ཤོག་གི་མགོ་འཁྲིད་ཚོས་དམག་དོན་དང་མཚོན་ཆའི་སྟབས་ཤུགས་ཀྱི་དུས་རབས་གཅིག་ལ་བརྩི་བཞིན་ཡོད།
    ལོ་གཅིག་གཉིས་ཀྱི་སྔོན་ནས་འབྲུག་གི་ས་ཆའི་རྒྱ་ཁྱོན་ཀི་ལོ་མི་ཊར་ ༢༥༠ ཙམ་ཧམ་བཟུང་བྱས་ཟིན་ལ་ཉེ་དུས་འབྲུག་པའི་དམག་མིས་བོད་མི་ཁ་ཤས་ཤིག་ས་མཚམས་བརྒལ་བར་བརྙས་ཏེ་བསད་འདུག་པས་རྒྱ་མིའི་དམག་མི་སླེབས་ཏེ་རོ་རྩིས་སྤྲད་དགོས་ཚུལ་བརྗོད་དེ་མི་རེར་སྒོར་འབུམ་ལྔ་ཕྱིར་སློག་བྱེད་རྒྱུ་འབྲུག་གཞུང་ནས་བཤད་ཀྱང་ད་ལྟ་དངུལ་གྱི་སྐད་ཆ་མེད། རོ་རྩིས་སྤྲོད་དགོས་ཚུལ་སོགས་བརྗོད་དེ་འབྲུག་གི་སྲིད་བློན་རྒྱ་གར་ལ་སྐྱབས་བཅོལ་རོགས་རམས་ཞུས་འདུག

    ལོ་ཤས་སྔོན་ནས་བལ་ཡུལ་ནང་རྒྱ་མིའི་དབང་ཤུགས་སླེབས་ནས་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱང་སྒོ་བརྒྱབ་ཟིན་ལ་བལ་ཡུལ་རྒྱལ་ཁབ་ལ་བདེ་འཇགས་གཏན་ལྷིངས་མེད་པ་བཟོས་ཟིན།

    ད་ལྟ་ཀ་ཤིར་མིར་དང་། ཏ་དབང་། འབྲས་ལྗོངས། ལ་དགས་སོགས་རྒྱ་གར་བྱང་ཤར་ས་ཁུལ་དུ་རྩོད་རྙོག་རབ་དང་རིམ་པ་སློང་བཞིན་ཡོད། ཡང་ན་རྒྱ་ནག་གིས་གང་བཤད་པ་གཞིར་བཟུང་ལྟར་རྒྱ་གར་དང་། འབྲུག བལ་ཡུལ། པ་ཀེ་སི་ཐེན་བཅས་ཀྱིས་བློས་བཏང་ཆེན་པོ་གཅིག་བྱེད་དགོས་ཡང་ན་དམག་འཁྲུག་གཅིག་རྒྱག་དགོས་པ་ལས་དེ་མིན་གྱི་འཐབ་ཤེས་འདྲ་མེད་པ་མངོན་གསལ་ཡིན།

    Reply
  7. བསེ་རུ། says:
    ལོ་ 17 སྔོན།

    ཉིན་ཞིག་ང་ཚོ་བཙན་བྱོལ་བ་ཚོ་རྒྱ་གར་ནས་ཕྱིར་བུད་གཏོང་དགོས་རེད་ཅེས་ཆ་རྐྱེན་འདོན་སྲིད་པ་རེད། ང་ཚོ་བོད་པ་ཉམ་ཆུང་ཙམ་མ་ཟད། རྒྱ་གར་དང་བལ་ཡུལ་སོགས་འདབས་འབྲེལ་རྒྱལ་ཁབ་ཁག་ཀྱང་ཉིན་ཞིག་ཧམ་ཟོས་བྱ་སེམས་འདིང་བཞིན་མེད་དམ།།

    Reply
  8. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    རྒྱ་ནག་གི་ཧམ་པ་འདི་གང་ལ་བསྐྱལ་དགོས། མ་འོངས་བ་རྒྱ་ནག་གིས་ཤར་ཕྱོགས་རྒྱལ་ཁབ་མང་ཤས་ཁོང་ཚོའི་མངའ་ཁོངས་ཡིན་ཚུལ་བཤད་ཉེན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese