མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆིབས་སྒྱུར་གྲ་སྒྲིག་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

མི་འགྱངས་པར་༧གོང་ས་མཆོག་མོན་རྟ་དབང་ལ་ཕེབས་འཆར་ཐད། རྒྱ་གཞུང་གིས་ངོ་རྒོལ་བྱེད་ཀྱིན་ཡོད་མེད་ལ་མ་བལྟས་པར། བཙན་བྱོལ་བོད་གཞུང་གིས་སྔ་ས་ནས་གྲ་སྒྲིག་བྱས་ཡོད་པ་མ་ཟད། རྒྱ་གར་གཞུང་ངོས་ནས་ཀྱང་རྒྱབ་སྐྱོར་རྒྱུན་འཁྱོངས་བྱེད་ཀྱིན་ཡོད།

 

འབྱུང་འགྱུར་ཕྱི་ཟླ་ ༡༡ པའི་ཚེས་ ༨ ནས་ ༡༥ བར་བདུན་ཕྲག་གཅིག་རིང་༧གོང་ས་མཆོག་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་མོན་རྟ་དབང་ལ་ཆིབས་སྒྱུར་གནང་འཆར་ཡོད་པ་དེའི་ཐད། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཟའ་ལྷག་པའི་ཉིན་རྒྱ་གར་ཧིན་རྡུའི་དུས་བབ་ HindustanTime  གསར་ཤོག་གི་དྲི་བའི་ལན་དུ། ༧གོང་ས་མཆོག་གི་ཐེངས་འདིའི་ཨ་རུ་ན་ཅལ་གྱི་གཟིགས་སྐོར་དེར་འགྱུར་བ་གང་ཡང་མེད་སྐོར་དང་། ཡུལ་དེའི་མི་མང་ཚོའི་ངོས་ནས་ཀྱང་༧གོང་ས་མཆོག་ལ་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད་ཚུལ་གསུངས་འདུག གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཐེངས་འདིར་ཏཱ་ལའི་བླ་མ་ཨ་རུ་ན་ཅལ་དུ་འཚམས་གཟིགས་ལ་ཕེབས་འཆར་ཡོད་པ་དེར་རྒྱ་ནག་གཞུང་ཕྱོགས་ནས་ཐ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད། འདི་ནི་ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བ་ཞིག་རེད་ཅེས་བརྗོད་འདུག

 

འོན་ཀྱང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གོང་གི་རྒྱ་ནག་གི་སྐྱོན་བརྗོད་དེར་ལན་འདེབས་གནང་དོན། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གིས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱིན་ཡོད་མེད་ཐད་ངེས་ཤེས་གསལ་བོ་དགོས། བོད་མི་དམངས་ཀྱིས་རྩོད་ལེན་བྱེད་བཞིན་པ་ནི་རང་བཙན་མིན། ང་ཚོེར་དགོས་པ་ནི་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ངོ་བོ་ཞིག་རག་རྒྱུ་དེ་རེད་ཅེས་གསུངས་འདུག གནད་དོན་འདིའི་ཐད་རྒྱ་གར་ཕྱི་སྲིད་ལྷན་ཁང་ནས་ཀྱང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་རྒྱུན་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་གིན་ཡོད་སྟབས། ཨ་རུ་ན་ཅལ་གཙོས་པའི་རྒྱ་གར་གྱི་ས་ཁུལ་གང་ཞིག་ཏུ་ཕེབས་ཀྱང་། རང་དབང་གིས་ཕེབས་སྐྱོད་བྱ་ཆོག་པ་རེད། ཅེས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 8

  1. མེ་རུ་རྩེ། says:
    ལོ་ 16 སྔོན།

    ཨ་ཧཱ། ༧གོང་ས་མཆོག་ལ་དེ་འདྲའི་འོ་རྒྱལ་ལ། འདས་མ་འོངས་ད་ལྟ་གསུམ་ཀར་གཟིགས་དགོས་ཙང་། འོ་རྒྱལ་རེད། དཀོན་མཆོག་མཁྱེན།

    Reply
  2. ངག་དབང་། says:
    ལོ་ 16 སྔོན།

    ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས།

    Reply
  3. རྒྱང་རིང་ནས། says:
    ལོ་ 16 སྔོན།

    ངས་བལྟ་ན་༧གོང་ས་མཆཽག་མོན་རྟ་དབང་དུ་ད་ཐེན་མ་ཕེབས་ན་བསམ་གྱི་
    འདུག་ གང་ཡིན་ཞེ་ན རྒྱ་དཀར་ནག་གཉིས་ས་མཚམས་ལ་རྩོད་རྙོགས་བྱེད་གྱིན་ཡོད་པས་རྒྱ་གར་གྱིས་ཆབ་སྲིད་ཀྱི་ལག་ཆ་བཟོ་ངེས་རེད་ལ་རྒྱ་ནག་གིས་མིང་ངན་ཞིག་བཏགས་ཏེ་གསལ་བསྒྲགས་ཞིག་ཀྱང་བཟོ་ངེས་རེད་ལྟོས་ཨ།།

    Reply
  4. གནས་ཚང་། says:
    ལོ་ 16 སྔོན།

    གཅན་བཟོད་རྒྱམ་ལགས་ཀྱིས་ལེགས་བཤད་ཅིག་གསུང་སོང་། མོས་མཐུན་ཡོད།

    Reply
  5. བསེ་རུ། says:
    ལོ་ 16 སྔོན།

    འཇིག་རྟེན་དབང་ཕྱུག་འཕགས་མཆོག་པད་དཀར་འཆང་།།
    བྱམས་བརྩེ་ལྷག་བསམ་རབ་དཀར་བདུད་རྩིའི་རྒྱུན།།
    མོན་ཡུལ་རྟ་དབང་འཁོར་འབངས་ས་གཞི་ཆེར།།
    ཞི་བདེའི་ལྗང་མྱུག་འབུས་པར་ཅིས་མི་འབེབ།།

    Reply
  6. བློ་བཟང་དར་རྒྱས་འོད་ཡུག་པ། says:
    ལོ་ 16 སྔོན།

    རྒྱ་ནག་དཔོན་ངན་དེ་ཚོས་ག་དུས་ཡིན་ཀྱང་སྡུག་སྐད་རེད།་་་་དཔོན་ངན་དེ་རིགས་ཀྱི་བྱེད་བབ་ལ་བལྟས་ན་རྒྱ་ནག་མི་མང་ཉིན་གཅིག་སྐྱག་པ་བཟའ་རུ་བཅུག་རྒྱུ་རང་རེད།

    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་ཅིང་ཐུགས་བཞེས་ལྷུན་གྲུབ་ཡོང་བའི་སྨོན་ལམ་ཡང་ཡང་བྱེད།

    Reply
  7. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་གི་མཛད་འཕྲིན་ལེགས་འགྲུབ་ཡོང་བའི་སྨོན་འདུན།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་”ངོ་བོ་”ཞིག་རག་རྒྱུ་དེ་ཡིན་ཟེར། ཡང་རྒྱ་ནག་ནང་འགྱུར་བ་ཞིག་མ་སོང་ན་ང་ཚོར་བྱེད་རྒྱུ་ཅང་ཡོད་པ་མ་རེད་ཟེར། ཡང་རྒྱ་ནག་ནང་ལ་འགྱུར་ཞིག་འགྲོ་རྒྱུར་སྒུག་རྒྱུ་ལས་གཞན་བྱེད་ཐབས་ཅང་ཡོད་པ་མ་རེད། ད་ངའི་མི་ཚེས་ཀྱིས་ཀྱང་ལྕོགས་ས་མ་རེད། སང་ཉིན་ད་ཚེ་ཕྱི་མར་འགྲོ་གི་ཡིན། བསྡད་ཀི་བསྡད་ཀི་མཐོང་རྒྱུ་ཐོས་རྒྱུ་ཇེ་མང་ཇེ་མང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese