མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོང་ཚོ་སྐྱོབ་ཐུབ་བམ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

དབུས་ཕྲུག་ཚེ་རིང་གི་ཟིན་བྲིས་ལས་བཤུས།

བོད་པ་བརྒྱ་སྐོར་ཞིག་གིས་རྒྱ་ནག་གི་ཁེ་ལས་ཚོང་གཉེར་ཁང་ལ་ངོ་རྒོལ་བྱས་པར་བརྟེན་རྒྱ་གཞུང་གིས་ཁོང་ཚོ་བཀར་ཉར་བྱས་འདུག

ལོ་ངོ་གཉིས་ཙམ་གོང་ནས་རྒྱ་ནག་གི་ཁེ་ལས་ཚོང་གཉེར་ཁང་ཞིག་གི་མགོ་སྐོར་བསླུ་བྲིད་འོག་ཚུད་པའི་ནང་ནས་བོད་མི་བརྒྱ་ལྷག་ཙམ་ཞིག ཉེ་སྔོན་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང༌། ཐེན་ཅིང་ནང་འཛོམས་ཏེ་ཚོང་ལས་ཁང་དེར་ངོ་རྒོལ་དང་དངུལ་ཕྱིར་སློག་དགོས་པའི་ལས་འགུལ་སྤེལ་ཡང༌། གཞུང་ཕྱོགས་ནས་གནས་ཚུལ་དེར་ཉན་འཇོག་མ་བྱས་པ་དང༌། ད་དུང་ཚོང་ལས་ཁང་དེ་དང་འབྲེལ་ཡོད་ཀྱི་ལས་ཁུངས་ཁག་ལ་ཁ་པར་བཏང་ཡང་ཚང་མས་འབྲེལ་བ་མེད་པའི་སྐོར་བརྗོད་པ་དང༌། ཁ་པར་གྱི་བརྒྱུད་ལམ་བཀག་པ་སོགས་བྱས་ཏེ་འུ་ཐུག་གི་གནས་ལ་གྱར་ཡོད། ཁྲིམས་རྩོད་པ་ལེན་པར་དངུལ་མང་པོ་མེད་པ། དགུན་ཁ་ཟིན་ཡོད་དུས་གནམ་གཤིས་འཁྱགས་པས་གྱོན་གོས་ཀྱིས་མི་འདང་བ། འཚོ་བའི་ཐད་དཀའ་ངལ་ཡོད་པ། ས་གནས་གཞུང་གིས་དཔལ་འབྱོར་གྱི་རོགས་པ་བྱེད་རྒྱུ་ལྟ་ཅི། མི་དམངས་རྣམས་ཀྱང་གཞུང་ལ་འཇིགས་སྣང་གིས་རོགས་པ་བྱེད་མི་ཐུབ་པ་སོགས་ཚད་ལས་འདས་པའི་དཀའ་སྡུག་མྱོང་བཞིན་ཡོད།

ཁོང་ཚོའི་རེ་བར་གནས་ཚུལ་འདི་བདུན་ཕྲག་གཅིག་གཉིས་ནང་ཐག་ཆོད་པ་དང༌། དེ་མིན་འཛམ་གླིང་མི་དམངས་ཡོངས་ཀྱིས་གོ་ཐོས་སུ་འགྱུར་རྒྱུ་དེ་ཡིན་ཟེར། ཁོང་ཚོས་ཀྱང་གནས་ཚུལ་དེ་ཐག་གཅོད་ཡག་པོ་མ་བྱུང་བར་ས་གནས་དེ་གར་ངོ་རྒོལ་བྱས་ནས་སྡོད་རྒྱུ་ཡིན་ཞེས་ཐག་བཅད་འདུག

སྟབས་མ་ལེགས་པར་བོད་མི་དེ་དག་ལ་ཁ་སང་གཞུང་ཕྱོགས་ཀྱི་གསར་འགྱུར་ཁག་གིས་འདྲི་བརྩད་བྱས་པ་དང༌། དེ་རིང་ཞོགས་པ་སྔ་པོ་ནས་གཞུང་གིས་ཉེན་རྟོག་པ་དང་དམག་མི་མང་པོ་བཏང་སྟེ་བོད་མི་རྣམས་བཀག་ཉར་བྱས་པའི་གནས་ཚུལ་ཐོན་ཡོད། རྒྱ་རིགས་མི་དམངས་ལ་གནས་ཚུལ་དེ་ཚོའི་རིགས་བྱུང་ཚེ་གཞུང་ཕྱོགས་ནས་གཞུང་གི་ས་གནས་འགོ་དཔོན་ཁག་ཀྱང་གནས་དབྱུང་བཏང་བ་དང༌། ལས་གནས་སྤོར་བ་སོགས་བྱུང་ཡོད་ཀྱང་གྲངས་ཉུང་མི་རིགས་ཀྱི་ཐོག་དྲང་བདེན་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཞེས་པ་སོགས་ནུས་མེད་དང་བེད་མེད་རང་རེད༌། གང་ལྟར་ཁོང་ཚོའི་འབོད་སྒྲ་དེ་འཛམ་གླིང་མི་དམངས་དང་རྒྱལ་ཁབ་ཚོས་ཐོས་ཀྱང་སུ་ཞིག་གིས་སྐྱབས་ཐུབ་ཀྱི་རེད་དམ།།

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

ཆུ་ཚོད་ ༡༧ སྔོན་ལ།
ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིས་བོད་ནང་གི་བྱིས་པར་སྲུང་སྐྱོབ་དགོས་པའི་བསྒྲགས་གཏམ་གཏན་འབེབ་གནང་། ༢༠༢༦།༢།༡༡ དྲ་བརྙན་གྱི་པར་བཤུས།
Mobile App

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ཞི་བདེའི་གོམ་བགྲོད་ཀྱིས་བསམ་ཤེས་དང་བྱམས་བརྩེ་བཅས་ཀྱི་ས་བོན་འདེབས་པར་རོགས་རམ་བྱས་ཡོད་པའི་ཐུགས་སྨོན་མཛད་འདུག

ཆུ་ཚོད་ ༡༩ སྔོན་ལ།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

ཆུ་ཚོད་ ༢༣ སྔོན་ལ།
tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

༢༠༢༦/༠༢/༡༡
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

༢༠༢༦/༠༢/༡༡

མཆན། 5

  1. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    སྙིང་རྗེ། ཁོ་ཚོ་ཡང་ང་ཚོ་དང་འདྲ་བར་འཆི་ལམ་ཉག་གཅིག་ལས་རེ་བ་རྟ་རྔ་ཙམ་ཡང་ཡོད་ནི་མ་རེད།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཕམ་ཁའི་བདག་པོ་བོད་པ་ཚང་། ས་ཆེནའདི་སྟེང་གི་བདག་མེད་པ། ལས་ངན་ཅི་ཞིག་གི་རྣམ་སྨིན་ཡིན་གང་ཤེས།

    Reply
  3. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    དངོས་གནས་བོད་མི་དེ་དག་ཕམ་ཁ་རག་རྒྱུ་ཉག་གཅིག་ལས་མེད། དཔེར་ན་རྒྱ་མི་དང་བོད་མི་གཉིས་ཀྱིས་ཕན་ཚུན་འཁྲུགས་པ་ཤཽར་ན་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་བོད་མི་རྣམས་བཙོན་ཁང་དུ་བཅུག་ཀྱང་བྱས་པ་དངོས་སུ་མཐོང་གསལ་རེད། ད་ལྟ་བོད་མི་དེ་དག་ནི་སྔར་ལས་ཀྱང་ཕམ་ཁ་རག་སྲིད་། ས་གནས་རྒྱ་ཡུལ། རྒྱབ་རྟེན་མེད་པ། སྲིད་གཞུང་ལ་ཞུ་ས་མེད་པ། རོགས་པོ་མཁན་ཁྲིམས་རྩོད་པ་དེ་ལ་ཡང་ཡག་པོ་བྱེད་མི་སྲིད།

    Reply
  4. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    ངོ་མ་ཁོ་ཚོ་དཀའ་གི་ཡ། ད་ཅི་དྲག་སོ་སོར་ལུང་པ་མེད་དུས་ཕྱོགས་གང་ས་ནས་དཀའ་ངལ་འཕྲད་ཀྱི་འདུག་ཧུ་ཧུ་ཧུ་ཧུ།

    Reply
  5. བསེ་རུ། says:
    ལོ་ 16 སྔོན།

    བུད་མེད་ཁྲིམས་རྩོད་པ་དབྱངས་ཅན་ལགས་ཀྱིས་དེའི་ཐོག་ཁྲིམས་ལུགས་ལྟར་ཁྲིམས་རྩོད་བྱ་རྒྱ་ཡིན་པའི་གནས་ཚཱུལ་ཞིག་ཀྱང་ཐོས་ཀྱི་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese