མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལྷོ་ཊེ་རོལ་དུ་ཆིབས་སྒྱུར་བསྐྱངས་པ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ཐེངས་ ༥ པ་དེ་ཕྱི་ཚེས་ ༡༨ ཉིན་ནས་ཉིན་གཉིས་རིང་རོམ་ནས་འཚོགས་བཞིན་ཡོད་ལ། ༧གོང་ས་མཆོག་ཚོགས་ཆེན་དེའི་སྟེང་ཕེབས་ཏེ་གསུང་བཤད་གནང་རྒྱུ་རེད།

ཚེས་ ༡༦ ཉིན་སྐུ་སྒེར་ཡིག་ཚང་གི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེའི་ཞོགས་པར་༧གོང་ས་མཆོག་ཨི་ཊ་ལིའི་ལྷོ་ཊེ་རོལ་རང་སྐྱོང་ཁུལ་དུ་ཞབས་སོར་བཀོད་ཡོད་ལ། རང་སྐྱོང་ས་ཁུལ་དེའི་སྲིད་འཛིན་ལོ་སེ་ཌུན་ཝལ་ཌེར་ Luis Durnwalder མཆོག་གིས་བྷོལ་ཛ་ནོ་གནམ་ཐང་ནས་ཕེབས་བསུ་ཞུས་ཡོད་པ་དང་། ས་གནས་མང་ཚོགས་དང་ཡུལ་དེར་གནས་སྡོད་བོད་པ་རྣམས་ཀྱི་གཟབ་རྒྱས་ཕེབས་བསུ་ཞུས་ཡོད་པ་རེད། ཚེས་ ༡༧ ཉིན་༧གོང་ས་མཆོག་གིས་སྲིད་འཛིན་ལོ་སེ་ཌུན་ཝལ་ཌེར་དང་ལྷོ་ཊེ་རོལ་གཞུང་འཛིན་མི་སྣ་རྣམས་ལ་མཇལ་འཕྲད་གནང་ཡོད་པ་རེད། ཉིན་དེའི་ཉིན་རྒྱབ་ཊི་ར་ཊོ་རང་སྐྱོང་མངའ་སྡེ་ཡི་སྲིད་འཛིན་ལོ་རེན་ཛོ་ངྷེ་ལི་ Lorenzo Dellai མཆོག་གི་གདན་ཞུ་ལྟར་ཊི་རེན་ཊོ་ཁྲོ་རང་སྐྱོང་མངའ་ཁུལ་དུ་གཟིགས་སྐོར་ལ་ཕེབས་རྒྱུ་རེད་འདུག

ཊི་རེན་ཊོ་རུ་༧གོང་ས་མཆོག་གིས་ཚོགས་འདུ་ཞིག་གི་སྟེང་གཏམ་བཤད་གནང་རྒྱུ་ཡིན་ལ། ཚོགས་འདུའི་བརྗོད་གཞི་ནི་མངའ་སྡེའི་རང་སྐྱོང་གཞུང་དང་རིག་གཞུང་གི་ངོ་རྟགས། མི་རིགས་མཉམ་གནས་ཀྱི་ཉམས་མྱོང་བཅས་ཀྱིས་བོད་ལ་བསྡུར་བ་ཞེས་པ་དེ་ཡིན་འདུག གོང་གི་རང་སྐྱོང་མངའ་སྡེ་དེ་གཉིས་ཀྱི་སྲིད་འཛིན་རྣམ་གཉིས་ཀྱིས་ཀྱང་ཚོགས་འདུ་དེའི་སྟེང་གཏམ་བཤད་གནང་རྒྱུ་རེད། ཚོགས་འདུ་འདི་ནི་ཊི་རེན་ཊོ་རང་སྐྱོང་མངའ་སྡེ་གཞུང་དང་ཊི་རེན་ཊོ་གཙུག་ལག་སློབ་ཆེན་གྱི་ཚན་རིག་སྡེ་ཚན། བྷོལ་ཛ་ནོ་རུ་ཡོད་པའི་ཡུ་རོབ་ཆེད་ལས་སྡེ་ཁག་བཅས་མཉམ་འབྲེལ་གྱིས་གོ་སྒྲིག་བྱས་པ་ཞིག་ཡིན་འདུག

༧གོང་ས་མཆོག་ལ་ནི་ལྷོ་ཊི་རོལ་རང་སྐྱོང་མངའ་སྡེ་གཞུང་དང་ཊི་རེན་ཊོ་རང་སྐྱོང་གཞུང་གཉིས་ཀྱིས་གདན་ཞུ་གནང་ཡོད་པ་དང་། ཨི་ཊ་ལིའི་བྱང་ཕྱོགས་ཀྱི་རང་སྐྱོང་མངའ་སྡེ་འདི་གཉིས་ལ་དམིགས་བསལ་གྱི་གནས་བབ་ཅིག་ཡོད་འདུག ཕྱི་ཚེས་ ༡༧ ཉིན་༧གོང་ས་མཆོག་ཨི་ཊ་ལི་ཡི་རྒྱལ་ས་རོམ་ལ་ཕེབས་ཡོད་པ་རེད།

ཚེས་ ༡༨ ཉིན་༧གོང་ས་མཆོག་རོམ་དུ་འཚོགས་བཞིན་པའི་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ཐེངས་ ༥ པའི་སྟེང་ཆིབས་སྒྱུར་གྱིས་གསུང་བཤད་གནང་རྒྱུ་རེད། ཚོགས་ཆེན་འདིའི་སྟེང་ལ་རྒྱལ་ཁབ་ ༢༨ ནས་ཕེབས་པའི་གྲོས་ཚོགས་འཐུས་མི་ ༡༠༠ ལྷག་མཉམ་ཞུགས་གནང་ཡོད་པ་རེད། ཉིན་གཉིས་རིང་གི་ཚོགས་འདུ་འདི་ནི་ཨི་ཊ་ལི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའ་གོ་སྒྲིག་འོག ཨི་ཊ་ལི་ཡི་གྲོས་ཚོགས་འོག་མའི་ཚོགས་ཁང་ནང་འཚོགས་རྒྱུ་རེད། ཨི་ཊ་ལིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ གྷན་ཧྥུ་རན་ཁོ་ ཧྥི་ནི་ Gianfranco Fini མཆོག་གིས་༧གོང་ས་མཆོག་ལ་གྲོས་ཚོགས་འོག་མའི་ཚོགས་ཁང་ནང་དུ་ཕེབས་བསུ་དང་བཅས་མཇལ་འཕྲད་གནང་རྒྱུ་རེད། ཚོགས་གཙོ་དང་རོམ་གྲོང་ཁྱེར་སྤྱི་ཁྱབ་པ་GianniAlemanno རྣམ་གཉིས་ཀྱིས་ཀྱང་ཚོགས་ཆེན་དེའི་སྟེང་གཏམ་བཤད་གནང་རྒྱུ་རེད།

ལོ་འདིའི་ཕྱི་ཟླ་ ༢ པ་སྟེ། ༧གོང་ས་མཆོག་ཐེངས་སྔོན་མར་ཨི་ཊ་ལིར་ཕེབས་སྐབས་གྲོང་ཁྱེར་སྤྱི་ཁྱབ་པ་མཆོག་གིས་༧གོང་ས་མཆོག་ལ་རོམ་གྲོང་ཁྱེར་གྱི་མི་སེར་ཕྱག་རྟགས་དེ་༧གོང་ས་མཆོག་ལ་ཕུལ་ཡོད་པ་རེད།

ཕྱི་ཚེས་ ༡༩ ཉིན་༧གོང་ས་མཆོག་ཕྱིར་ལྡི་ལིར་ཆིབས་སྒྱུར་གནང་རྒྱུ་རེད། པར་མཁོ་སྤྲོད་གནང་མཁན་ནི་བོད་གཞུང་གི་སུད་སིའི་སྐུ་ཚབ་དོན་གཅོད་པ་འཆི་མེད་ཆོས་སྐྱབས་ལ་ལགས་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༡༠ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese