མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེར་བྱེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་ཀྱི་རྩོམ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་འགལ་འདུའི་གནད་དོན་འགའ་ཞིག་ལ་བརྟག་ཞིབ།

སྤྱི་ཟུར། སེར་བྱེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས།

ད་རེས་ས་རཱ་མཐོ་སློབ་ནང་བསྐོངས་འཚོགས་གནང་བའི་ལྔ་བཅུའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་མཐོ་རིམ་སློབ་གཉེར་ཁང་གི་མཁས་པའི་བགྲོ་གླེང་ཚགས་འདུའི་ཐོག་ལ་ཞལ་མཇལ་བྱུང་བའི་མཁས་དབང་རྣམ་པ་ཚོར་གུས་བརྩིའི་འཚམས་འདྲི་ཞུ་རྒྱུ་ཡིན། ས་ཐག་རིང་བོ་ནས་དུས་ཚོད་མང་པོ་ཞིག་བློས་གཏོང་བྱས་ནས་ཆེད་དུ་ཚོགས་བཅར་བྱེད་རྒྱུ་བྱུང་བ་དེར་དགའ་ཚོར་ཆེན་པོ་བྱུང་། བོད་ཀྱི་རྩ་དོན་བོད་ཀྱི་ཆོས་དང་རིག་གཞུང་ཐོག་དངོས་སུ་ཕྱག་ལས་གནང་མཁན་མང་པོ་ཞིག་འདིར་ལྷན་འཛོམས་གནང་སྟེ། བོད་ཀྱི་རིག་གཞུང་ཐོག་ཁ་ཡོད་ལག་ཡོད་ཀྱི་བླང་དོར་བཀའ་སློབ་ཟབ་རྒྱས་གནང་མཁན་འགའ་ཞིག་མཇལ་མྱོང་ཙམ་དང་། ལ་ལ་ཞིག་མཚན་གོ་མྱོང་བ་ཙམ་རེད་དེ། ད་རེས་དཀྱིལ་འཁོར་གཅིག་ཏུ་འདུ་འཛོམས་ཐུབ་པ་དེར་ཧ་ཅང་དགའ་བོ་བྱུང་། ངས་དེ་རིང་འདིར་ཞུ་དགོས་རྒྱུ་དེ་གང་ཡིན་ཞེ་ན། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་ལག་ལེན་ཐད་ཀྱི་འགལ་འདུའི་གནད་དོན་འགའ་ཞིག་གི་ཐད་བརྟག་ཞིབ་བྱས་པའི་གནས་ཚུལ་ཁ་ཤས་ཤིག་ཞུ་འདོད་བྱུང་། དེ་ལ་དོན་ཚན་ཁ་ཤས་དབྱེ་ཞིབ་བྱས་ནས་བཤད་རྒྱུ་ཡིན།

དང་པོ། བརྡ་སྤྲོད་རིག་པའི་གལ་ཆེའི་རང་བཞིན།

མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གང་ཞིག་ལ་འཇུག་ན་ཡང་། མིང་ཚིག་གི་བརྡ་སྤྲོད་ཀྱི་དག་ཆ་ལ་བརྟེན་ནས། དངོས་ཤུགས་བསྟན་དོན་གྱི་གནད་འབྱིན་པ་དང་། དོན་གྱི་གོ་བ་ལ་བརྟེན་ནས་ཚིག་གི་དག་ཆ་འདོན་རྒྱུ་འདི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། ཚིག་གི་དག་ཆ་དང་། དོན་གྱི་གོ་བ་གཉིས་ཕུན་སུམ་ཚོགས་པ་ཞིག་ཡོང་བ་ལ། བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་གྱི་གཞུང་ལུགས་ལ་ནང་བྱན་ཆུད་པ་ཙམ་དུ་མ་ཟད་ཉམས་མྱོང་ཅན་གྱི་མཁས་པ་ཚོའི་ལག་ལེན་གྱི་མན་ངག་ལ་ཡང་བརྟན་དགོས་པ་ཡིན། དེ་ཡང་། རྗེ་བཙུན་བྱམས་པའི་མན་ངག་བཞིན། ༧གོང་ས་ལྔ་བ་ཆེན་པོས། ཚིག་དང་དོན་ལ་འཁྲུལ་བ་ཚར་གཅོད་པ་བརྡ་དང་ཚད་མ་ཞེས་དང་། ངེས་དོན་སྨྲ་བའི་དབང་ཕྱུག་པྲ་སྟི་དགེ་བཤེས་རིན་པོ་ཆེ་རིན་ཆེན་དོན་གྲུབ་ཀྱིས། གང་ཞིག་རྟོགས་ན་མཐའ་དག་གསུང་རབ་ལ། །རབ་འབྱམས་ཤེས་རབ་སྣང་བ་ཀུན་སྟེར་ཞིང། །མཐའ་ཡས་མཁས་པ་དགྱེས་པའི་སྲོལ་བཟང་པོ། །གངས་ཅན་བརྡ་སྤྲོད་ཀུན་གྱི་ཕྱི་མོ་མཆོག །སུམ་རྟགས་ཞེས་འདོམས་པར་མཛད་ཅིང། །གངས་ཅན་བརྡ་སྤྲོད་ཀུན་གྱི་ཕྱི་མོ་སུམ་རྟགས་ལྟ་བུ་ལ་མཚོན་ན། སྔོན་བྱོན་བརྡ་སྤྲོད་མཁས་པ་མང་པོས། འབྲུ་འགྲེལ་དང་། སྤྱི་དོན། མཐའ་དཔྱོད་དཔེར་བརྗོད་དང་བཅས་པའི་དཔྱད་གཏམ་སོགས་ཕུལ་དུ་བྱུང་བའི་ལེགས་བཤད་བགྲང་གིས་མི་ལང་བ་བཞུགས་ཤིང་། མགོ་མཚན་དོན་ནས་བཟུང་སྟེ་མཇུག་དགེ་བ་བསྔོ་བའི་བར་དུ་ཆ་ཚང་ཨ་ཅང་ཅང་སྟེ། དོན་ཚན་རེ་རེ་ལ་ཡང་། འཆད་ཐབས་མི་འདྲ་བ་དང་། བཤད་རྒྱུན་མི་མཚུངས་པ། ལག་ལེན་མི་གཅིག་པ་སོགས་བརྗོད་ཀྱིས་མི་ལངས་པ་ཡོད་ཅིང་དེ་དག་གི་ནང་ནས་འཕྲིན་ལས་ཆེ་ཤོས་དང་། ཚད་ལྡན་དུ་ཀུན་གྱིས་ཁས་ལེན་པ་གང་དག་ཡོད་པ་རེད་ཅེ་ན། དེ་ལ་འབྲས་སྤུངས་ཁྲི་བ་བསྟན་པ་བསྟན་འཛིན་གྱིས་བརྩམས་བྲིས་སུམ་རྟགས་རྩ་ཚིག་གི་དཀའ་གནད་གསལ་བྱེད་ཉི་ཟླ་ཟུང་འཇུག་( ༢ ) ལས་གསུངས་དོན། བོད་ཀྱི་བརྡ་སྤྲོད་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྗེ་བཙུན་འཇམ་པའི་དབྱངས་དང་ངོ་བོ་དབྱེར་མ་མཆིས་པ། ཐུ་མི་སམ་བྷོ་ཊས་མཛད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ཞེས་ཡོངས་སུ་གྲགས་པའི་བསྟན་བཅོས་ཆེན་པོ་དེ་ཉིད་ཀྱི་རྣམ་བཤད་ནམ་མཁའི་སྐར་ཚོགས་ལ་འགྲན་བཟོད་པ་མཆིས་ལ། ཁྱད་པར་འཇམ་དབྱངས་མཁྱེན་པའི་གཏེར་གྱིས་རྗེས་སུ་བཟུང་བ་པྲ་སྟི་དགེ་བཤེས་རིན་པོ་ཆེ་རིན་ཆེན་དོན་གྲུབ་དང་། གནས་ལྔ་རིག་པ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ། ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས། དམུ་དགེ་བསམ་གཏན་རྒྱ་མཚོ་མི་འཇིགས་དབྱངས་ཅན་དགའ་བའི་བློ་གྲོས་རྣམས་ཀྱིས་མཛད་པ་ཕུལ་དུ་བྱུང་བའི་ལེགས་བཤད་ཀྱིས། བོད་ཀྱི་ཐུན་མོང་མིན་པའི་བརྡ་སྤྲོད་པའི་བསྟན་བཅོས་འདི་སྙེད་བོད་ཡུལ་ཙམ་དུ་མ་ཟད། རྒྱ་དཀར་ནག་གི་གཙོས་པའི་ཡུལ་གྲུ་དུ་མར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་འདུག་པ་སྤྲོ་བ་མཆོག་ཏུ་བརྟས་ཤིང་། མཁས་མཆོག་རྣམས་ལའང་ཡིད་རབ་ཏུ་དད་ཅེས་དད་གུས་བསྔགས་བརྗོད་མཛད་པའི་མཁས་པ་དེ་དག་གི་བརྡ་སྤྲོད་པའི་བསྟན་བཅོས་དང་གཞུང་ལུགས་དེ་ཚོ་ནི། བརྡ་སྤྲོད་སྨྲ་བ་ཚོས་ཐོས་བསམ་གྱིས་འཇུག་པ་དང་། ཞིབ་འཇུག་གི་རིན་ཐང་ལྡན་པ། བརྡ་སྤྲོད་རིག་པའི་གཞུང་ལུགས་ཚད་ལྡན་དུ་ངོས་འཛིན་བྱེད་བཞིན་པ། བོད་ཕྱི་ནང་གི་བརྡ་སྤྲོད་སྨྲ་བའི་མཁས་པ་ཚོས་ངེས་ཅན་དུ་མཁྱེན་དགོས་པའི་གནད་དོན་ཞིག་ཡིན།

སྤྱིར་སུམ་རྟགས་དག་གསུམ་གྱི་འགྲོ་སྟངས་ཡག་པོ་ཞིག་མེད་ན། བོད་ཀྱི་སྐད་ཡིག་ཐོག་བརྩམས་པའི་གཞུང་ལུགས་གང་ཞིག་གིའང་ཚིག་དོན་གྱི་ཆ་ཡོངས་སུ་རྫོགས་པ་ཁུར་ཏུ་འཁྱེར་བའི་མཁས་པ་ཞིག་དང་། ཡོན་ཏན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་བོད་ཀྱི་མཁས་པ་ཞིག་བྱ་རྒྱུ་ཧ་ཅང་ཁག་པོ་ཡིན། བཀའ་བསྟན་དགོངས་འགྲེལ་དང་བཅས་པའི་གསུང་རབ་གླེགས་བམ་ཁག་དང་། སྔོན་བྱོན་ཆོས་རྒྱལ་ཁག་གི་མཁས་དབང་རིམ་བྱོན་གྱི་གསུང་རྩོམ་པར་སྐྲུན་ཆེད་པར་ཞུ་གཏོང་བ་འམ། ཡང་ན། རང་གིས་རྩོམ་པ་མཛད་པའི་ཚེ་ལག་ལེན་སྐོར། བརྡ་སྤྲོད་ཀྱི་གཞུང་ལུགས་སྤྱི་འགྲོས་དང་བསྟུན་གང་ཐུབ་བྱེད་དགོས་ཤིང་། གཞུང་ལུགས་ནང་ཐག་གཅོད་རང་བཞིན་གྱི་འགྲོ་སྟངས་ལམ་སྟོན་གསལ་ཁ་མེད་རིགས་རྣམས་སྔོན་བྱོན་མཁས་པ་ཚད་ལྡན་དག་གི་མཐོང་མྱོང་བརྒྱུད་པའི་ཕྱག་ལེན་རེ་ལ་གཏན་ཚིགས་དང་ལྡན་པའི་རིགས་པས་ཁུངས་གཏུགས་ཏེ་ལག་ལེན་གནང་རྒྱུ་ནི་ཡོང་སུ་ཁྱབ་ཅིང་གྲགས་པའི་ཕེབས་སྟངས་ཤིག་ཡིན། འོན་ཀྱང་། ཞུ་དག་དང་། རང་རྩོམ་གང་གི་སྐབས་སུའང་། གནད་དོན་གཞན་ཞིག་ཡོད་པ་ནི་དགོས་པ་ཞིག་གམ་ཡང་ན། ལུང་ཚན་དང་ས་གནས་རེ། གཞན་ཆོས་བརྒྱུད་ཁག་གི་ནང་བྱུང་བའི་རང་རང་གི་ཕྱོགས་ཀྱི་མང་པོས་བཀུར་བའི་སློབ་དཔོན་མཁས་པ་གྲགས་ཅན་རེའི་བརྡ་སྤྲོད་ཀྱི་ལག་ལེན་ཐད་མིང་ཚི་དང་ཐོབ་ཐང་། དུས་གསུམ་དང་འབྲེལ་བའི་ཚིག་གྲུབ། མིང་ཚིག་གི་སྔ་རྗེས་ཀྱི་སྡེབ་སྦྱོར་སོགས་ལ་བར་ཁྱད་ཧ་ཅང་ཆེ་བའི་བརྡ་སྤྲོད་ཀྱི་གྲུབ་མཐའ་འམ། འགྲོ་ལུགས་མི་འདྲ་བ་རེ་ཡོད་པས། ལག་ལེན་ཐད་གྲུབ་མཐའ་ཆགས་ཚར་བའི་གནད་དོན་མང་པོ་ཞིག་གཅིག་གྱུར་བཟོ་བའམ། ཡང་ན། འདི་འགྲིག་དང་དེ་མི་ལེགས་ཞེས་བསམ་འཆར་བཏོན་ནས་ཁ་གཅིག་གྲགས་ཀྱིས་ཐག་གཅོད་བྱེད་རྒྱུ་ཡང་ཧ་ཅང་དཀའ་བའི་གནས་ཤིག་ཡིན་པས་ཞུ་དག་པ་རྣམས་ཀྱིསཤིན་ཏུ་གཟབ་དགོས་པའི་གནས་ཤིག་ཡིན།  

གཉིས་པ། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ངོས་འཛིན་དང་དེའི་དགོས་མཁོའི་གནས་བབ།

བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་ལག་ལེན་ཐད་ཀྱི་འགལ་འདུའི་གནས་ལུགས་གླེང་བ་ལ། ཐོག་མར་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་གང་ཡིན་པ་ངོས་འཛིན་བྱ་དགོས་པས། དེ་ལ་དབྱངས་བཞི་དང་། གསལ་བྱེད་སུམ་ཅུར་གཏན་འབེབས་བྱས་པའི་བོད་ཀྱི་ཡི་གེ་ལ་བསྟུན་ཏེ་རྣམ་དབྱེ་དང་། ཕྲད་ཀྱི་སྦྱོར་བ་གཙོ་བོར་རྒྱ་ཆེར་སྟོན་པའི་བརྡ་སྤྲོད་སུམ་ཅུ་པ་དང་། སྔོན་རྗེས་མིང་གསུམ་གྱི་རྟགས་ཀྱི་རྣམ་གཞག་གཙོ་བོར་རྒྱ་ཆེར་སྟོན་པའི་བརྡ་སྤྲོད་རྟགས་འཇུག་དང་། སུམ་ཅུ་པའི་རྣམ་དབྱེ་དང་པོ་ལས་འཕྲོས་པའམ། དེའི་ཟུར་བཀོལ་དག་ཡིག་གི་རྣམ་གཞག་གསུམ་ལ་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཟེར། གཞུང་ལུགས་འདི་བེད་སྤྱོད་བྱེད་མཁན་རྒྱལ་ཁབ་ཀྱི་དབང་དུ་བྱས་ན། བོད་པ་དང་། འབྲུག་པ། རྒྱ་གར། བལ་ཡུལ་བཅས་རྒྱལ་ཁབ་བཞིའི་ནང་དུ་ཁྱབ་ཅིང་། ཉམས་ཞིབ་པ་ཁ་ཤས་ཀྱི་སྡོམ་ཐོ་གཞིར་བཟུང་ན། བོད་ཀྱི་བརྡ་སྤྲོད་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་དེ་འཛམ་གླིང་ནང་མི་གྲངས་བྱེ་བ་དྲུག་ལས་བརྒལ་ཞིང་། བོད་པའི་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་ནང་། བོད་པ་ཡིན་མཁན་བརྒྱ་ཆའི་བཅུ་ཙམ་ཡང་ཟིན་མེད་ཚུལ་བཀོད་འདུག ད་ལྟའི་གནས་སྐབས་ལ་སྟོན་པ་ཤཱཀྱ་ཐུབ་པའི་ནང་ཆོས་སྤྱི་དང་། ཁྱད་པར་དུ་ཐེག་པ་ཆེན་པོའི་སྡེ་སྣོད་ཡོངས་སུ་རྫོགས་པ་དང་། བྱེ་བྲག་ཏུ་གསང་སྔགས་ཀྱི་རྣམ་གཞག་ལུང་དུ་སྟོན་པའི་སྡེ་སྣོད་དེ་དག་བོད་ཀྱི་བརྡ་སྤྲོད་སྐད་ཡིག་ལ་མ་བརྟེན་ན་ཆ་ཚང་བ་ཞིག ཤེས་རྟོགས་དང་། རྒྱུས་ལོན། ཉམས་ཞིབ། ཐོས་བསམ་སྒོམ་སྒྲུབ་གང་བྱ་ནའང་། དཀའ་ལས་ཁག་གི་ཡོད་པ་ནི་ཡོངས་སུ་གྲགས་པ་ཞིག་ཡིན། དེ་བཞིན་དུ་བོད་ཀྱི་རྙིང་མ་དང་། ས་སྐྱ། བཀའ་བརྒྱུད། དགེ་ལུགས། བོན་དང་བཅས་པའི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་གཞི་ལམ་འབྲས་གསུམ་དང་། མན་ངག་ལག་ལེན་དང་བཅས་པ་རྟོགས་དཀའ་ཞིང་། རྟོགས་ན་དོན་ཆེ་བའི་རིག་པའི་གཞུང་ལུགས་དེ་ཚོར་ལྟ་བ་ལ་ཡང་བོད་ཀྱི་བརྡ་སྤྲོད་སྐད་ཡིག་མ་ཤེས་ན། མིག་དང་བྲལ་བའི་ལོང་བས་མཚར་སྡུག་གི་གཟུགས་ལ་ལྟ་བ་བཞིན་ཡོང་ཐབས་མེད་པ་རེད། དེ་ཙམ་དུ་མ་ཟད་བོད་མི་རིགས་ཀྱི་རྒྱལ་རབས་དང་། ལོ་རྒྱུས། ཡུལ་སྲོལ། གོམས་གཤིས། ཚད་མ་དང་། གསོ་བ་རིག་པ། སྐར་རྩིས་དང་དབྱངས་འཆར་སོགས་མདོར་ན། དེ་ཡང་འཛམ་གླིང་ཐོག་བོད་ཀྱི་སྐོར་ཤེས་འདོད་ཡོད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྐབས་འདིར། བོད་ཀྱི་བརྡ་སྤྲོད་སྐད་ཡིག་གི་དགོས་མཁོ་ཡང་རྒྱ་ཇེ་ཆེ་དང་། གཏིང་ཇེ་ཟབ་དུ་འགྲོ་བཞིན་ཡོད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་བ་ཡིན་ན། དུས་རབས་ཉི་ཤུ་བའི་ནང་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་དང་། བཙན་གནོན། རྩ་མེད་བཟོ་བའི་སྲིད་ཇུས་ཀྱི་གནོན་ཤུགས་ལས་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་། བོད་ཀྱི་རིག་གནས་ཁྱོན་ཡོངས་ལ་གོད་ཆག་ཚབས་ཆེན་ཐེབས་ཤིང་། དཔེར་ན། རིག་གནས་གསར་བརྗེའི་སྐབས་བརྡ་སྤྲོད་གཞུང་ལུགས་ལ་བཅོས་བསྒྱུར་བྱེད་ཁུལ་བྱས་ཏེ། རྩོམ་ཡིག་ལ་མཆོད་བརྗོད་བཞག་མི་ཆོག་པ་དང་། མགོ་ཅན་གསུམ་ལས་གཅིག་གིས་ཆོག་པ་དང་། བྱེད་འབྲེལ་ལ་ཕྲད་གི་དང་གིས་ཆོག་པ་དང་། རྒྱན་སྡུད་ལ་ཕྲད། ཡང་། ལྷག་བཅས་ལ། ཏེ། ཚིག་ཕྲད་ལ། ཞིང་། གཅིག་པུ་ལས་བཀོད་མི་ཆོག་པ་བཟོས་པ་ལྟ་བུའི་གོད་ཆག་བྱུང་བ་དང་། བོད་ཀྱི་བརྡ་སྤྲོད་སྐད་ཡིག་ཐོག་ཡོད་པའི་གཟི་འོད་འབར་བའི་གསུང་རྩོམ་མང་པོ་འབྱུང་བཞིའི་ཁ་ཟས་སུ་བསྟབས་པ་སོགས་ཡིད་སྐྱོ་བའི་གནས་ཚུལ་བསམབརྗོད་ལས་འདས་པ་བྱུང་ཡོད། འོན་ཀྱང་། ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པ་ནས་སྲིད་ཇུས་ཅུང་ཟད་ལྷོད་ཡངས་ལྟ་བུས་དཔེ་སྐྲུན་ཁང་གང་འཚམ་ནས་བོད་ཀྱི་གནའ་དཔེ་དཔར་བསྐྲུན་བྱ་བ་མང་པོ་བསྒྲུབས་ཡོད་ནའང་། ཞུ་དག་སྐབས་ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ཏེ་སྣོན་འཕྲིའི་འདྲེ་ལག་བརྐྱངས་པའི་གནས་ཚུལ་ཡང་རབ་དང་རིམ་པ་བྱུང་ཡོད། འདིའི་ཐད་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཐུགས་བློས་མ་བཟོད་པའི་གསུང་སྐད་ཀྱང་ཤོར་མྱོང་། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་རྒྱ་ཆུང་བ་ནས་མེད་པ་བཟོ་ཐབས་བྱས་ཏེ། བོད་ཀྱི་སྐད་ཡིག་རིག་གནས་ལ”སློབ་རའི་རིག་གནས”སམ། “དགོན་གྲྭའི་རིག་གནས”ཞེས་ཟུར་ཟའི་དམའ་འབེབས་ཀྱང་བྱས་དང་བྱེད་བཞིན་ཡོད། རྒྱ་བོད་འབྲུག་གསུམ་གྱིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱང་གནས་ཡུལ་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་། གཞན་དབང་སྟབས་བསྟུན་གྱི་རྦ་རླབས་ནང་ཐིམ་སྟེ། བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པའི་ཁོར་ཡུག་ནི། སློབ་གྲྭ་དང་། དགོན་པ་ཙམ་ཞིག་ཏུ་སོང་། གཞུང་ངོས་ནས་ཀྱང་ལས་བྱེད་ས་མིག་ཐོག་བསྡུ་ལེན་བྱེད་སྐབས་སྐད་ཡིག་གཉིས་རང་རྐྱ་འཕེར་བ་གཙོ་འདོན་བྱས་དང་བྱེད་བཞིན་པ་དང་། དབུས་སའི་གཞུང་གི་ལས་ཁུངས་ཁག་གང་ཡིན་ཀྱང། མི་རིགས་རང་གི་སྐད་བརྡ་དེ་ཉིད་རིམ་པ་གཉིས་པ་དང་། གསུམ་པར་བཞག་པ་དང་། བོད་ཀྱི་སྐད་ཡིག་གལ་ཆེའི་གཏམ་བཤད་མང་ན་ཡང་། དོན་དངོས་ཐོག་བོད་ཀྱི་སྐད་ཡིག་གི་ལས་རིགས་ལ་མཁས་པ་དང་། ཤེས་ཡོན་ཅན་ལ་གཟིགས་ཐང་ཆུང་བ་སོགས་ཀྱི་ཉེར་ལེན་ལ་བརྟེན་ནས། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཀྱི་གསོན་ཤུགས་དང། མཐུ་ནུས་ཀྱང་ཉམས་དམའ་བའམ། ཡ་ང་བ་ཞིག་ཡིན་པའང་མ་གླེང་ཐབས་མེད་ཡིན།

 
གསུམ་པ། ཐ་སྙད་ཀྱི་བརྡ་སྤྲོད་དང་ལག་ལེན་དབར་གྱི་འགལ་འདུ་ལ་ལྟ་བ།

སྤྱིར་བཏང་སྐད་ལ་ཁ་སྐད་དང་། ཡུལ་སྐད། ཕལ་སྐད། གྲོང་སྐད། ཡིག་སྐད། ཆོས་སྐད། བསྟན་བཅོས་ཀྱི་སྐད་སོགས་མི་འདྲ་བ་མང་པོ་ཡོད་ཅིང་། དབུས་གཙང་དང་མདོ་ཁམས་སོགས་ལུང་ཚན་མི་འདྲ་བ་རེར་གཟུགས་གཅིག་པའི་ཡི་གེ་སྦྱོར་ཀློག་སྐབས་སྒྲ་གདངས་མི་འདྲ་བ་རེ་འབྱུང་བཞིན་ཡོད་ཅིང་། སྒྲ་གདངས་མི་འདྲ་བ་དང་། ཕལ་སྐད། སྐད་ཡིག་གཞན་གྱི་ཟུར་ཆག་དང་། ཤུགས་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཐ་སྙད་དང་། མིང་ཚིག་སྦྱོར་ཀློག་སྐབས་ཁྱད་གཞི་དང་ཁྱད་ཆོས་ཨ་ལོག་བརྒྱབ་ནས་ཀློག་ཅིང་འབྲི་བ་དང་། དབུས་དང་ས་གནས། མཐའ་མཚམས་ལ་སོགས་ས་གནས་རིང་ལུགས་ཀྱི་སྐད་བརྡ་སྤྱོད་ཤུགས་ཆེ་བའི་བསྟན་བཅོས་རྩོམ་པ། གནའ་དུས་སུ། (པོ་ཏོ་བ་རིན་ཆེན་གསལ་ནི། འཕན་ཡུལ་སྤྲས་ཀྱི་བྲའོ་ཐང་དུ་(གསུམ་འཕྲེང་ཤང་) སྤྱི་ལོ་ ༡༠༢༧_༡༡༠༥ ལ་གཤེགས། ) དཔེར་ན། དཔེ་ཆོས་རིན་ཆེན་སྤུངས་པ་ལྟ་བུ་ཐ་སྙད་ཕལ་མོ་ཆེ་འཕན་པོའི་ཡུལ་སྐད་ལྟར་བྲིས་འདུག་པས། བརྡ་བཀྲོལ་མེད་ན་གཞུང་དོན་གོ་ཁག་པོ་བྱུང་བ་དང་། ཉེ་ཆར་བོད་ནང་མགོ་ལོག་གི་ཡུལ་སྐད་ལྟར་བྲིས་པའི་ォནགས་ཚང་ཞི་ལུའི་སྐྱིད་སྡུགサཅེས་པ་བཙན་བྱོལ་ནང་ཡིག་སྐད་དུ་བསྒྱུར་དགོས་ཐུག་པ་ལྟ་བུ་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་སྤྱི་སྐད་དང་ལག་ལེན་དབར་འགལ་འདུ་འབྱུང་བཞིན་ཡོད་་དང་། ཕལ་སྐད་ཀྱི་ནུས་པ་ཆ་ཚང་ཡིག་སྐད་ཐོག་བསླེབས་མ་ཐུབ་པའི་དཀའ་ངལ་ཡང་བྱུང་དང་འབྱུང་བཞིན་ཡོད། དཔེར་ན། ༧གོང་ས་༧སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་དང་། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ། གཞན་ཡང་། དེང་སང་གནད་ཡོད་མི་སྣ་ཁག་གི་ཕལ་སྐད་ཐོག་གི་གསུང་བཤད་སྒྲ་བླངས་ཏེ་ཡིག་ཐོག་ཏུ་འབེབས་སྐབས་ས་གནས་ལུང་ཚན་གྱི་སྐད་ལྟ་ཅི་སྨོས། དབུས་སྐད་དུ་གསུངས་པ། དཔེར་ན། ཞེ་དྲག བྱས་ཙང་། ཞེ་བོ་ཅིག བཤད་ཡ། བསྡད་མཁན། བཞག་མཁན་སོགས་དང་། ཨམ་སྐད་ནང་། ཡོད་ཀི མེད་ཀི འདོད་ཀི མི་འདོད་ཀི བསམ་གི ཡོད་ནི་རེད། ཤེས་ནི་རེད། སོགས་དང་། ཁམས་སྐད་ཀྱི་ཡོད་ལེ་རེད། ཡོད་ལེ་མ་རེད། རེད་བྱས་མགུ རེད་བྱས་མི་མགུ་སོགས་བེད་སྤྱོད་བཏང་སྟེ། ཕལ་སྐད་ཡིག་སྐད་དུ་གཅིག་གྱུར་གྱི་བརྡ་དག་དང་། མིང་མཛོད་ཚད་ལྡན་གསར་བཟོ་མ་ཐུབ་པ་དང་། ཁ་སྐད་ཡིག་སྐད་ཀྱི་སྒྲིག་གཞིའི་བརྡ་སྤྲོད་གཞུང་ལུགས་དང་བསྟུན་པའི་ལག་ལེན་རྗེས་ལུས་ཐེབས་པའམ། ཡང་ན། ཡིག་སྐད་བརྡ་དག་གིས་ཁ་སྐད་ཀྱི་ནུས་པ་ཇི་ལྟ་བ་བཞིན་འདོན་མ་ནུས་པས་བསམ་བཞིན་ཕལ་པའི་ཁ་སྐད་དུ་བྲིས་པ་སོགས་ཀྱིས་ཚགས་དེབ་དང་། དྲ་ཚིགས་ཟིན་བྲིས་སོགས་ཀྱི་ནང་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་འགལ་བའི་ཡིག་བྲིས་ཕལ་སྐད་རྒྱུན་འབྱམས་སུ་འགྲོ་བཞིན་པ་འདིས། ང་ཚོ་ལ་ཅི་ཞིག་དྲན་སྐུལ་བྱེད་བཞིན་ཡོད་པ་རེད་ཅེ་ན། ཕལ་སྐད་ཡིག་སྐད་དུ་འབྲི་བའི་བརྡ་དག་གི་རྣམ་གཞག་ཅིག་གསར་བཟོ་དང་། ཁྱབ་སྤེལ་བྱེད་དགོས་པར་སྟོན་བཞིན་ཡོད། དེ་ཡང་རྡོ་རིང་བ་བསོད་ནམས་བསྟན་འཛིན་གྱི་སུམ་རྟགས་འགྲེལ་པ་ཨུཏྤལའི་རྣ་རྒྱན(ཕྱི་ལོ་༡༨༡༠ལོར་བརྩམས)ལས། “མཁས་པ་རྣམས་འཆད་རྩོད་རྩོམ་གསུམ་ལ་འཇུག་སྐབས་དང་། བླུན་པོ་རྣམས་མིང་ཚིག་དོན་གསུམ་གྱི་བྱ་བ་བྱེད་དུས་བརྗོད་བྱའི་དོན་ལ་བསམས་ཏེ། རྗོད་བྱེད་ཀྱི་སྒྲ་དག་པར་སྨྲ་དགོས་ཀྱང་དེང་སང་ནི། མཁས་བླུན་བར་མ་ཕལ་ཆེར་ཡུལ་སྐད་ཁོ་ནའི་གཞན་དབང་དུ་གྱུར་ཏེ། གཙང་པ་རྣམས་སྲས་པོ་ལ་ཧྲས་འོ་ཟེར་བ་དང་། དབུས་པ་རྣམས་བཀྲས་པོ་ཟེར་བ་དང། དེ་མཚུངས་དབུས་གཙང་ཚང་མས་མིག་ལ་སྨིག་ཟེར་བ་སོགས་སྒྲ་མ་དག་པ་མང་པོ་འདུག་པས། དེ་ལྟར་བྱས་ན་ཚིག་སྐྱོན་ཤོར་བས་དོན་ལ་གནོད་པ་འབྱུང་ངེས་ན། སྒྲ་དག་ཅིང་བརྗོད་པ་གསལ་བ་གལ་ཆེའོ་”ཞེས་ལོ་ཉིས་བརྒྱའི་སྔོན་ནས་སྐད་ཡིག་གི་བརྗོད་པ་དག་དགོས་པར་གདམས་པ་དང་། ལོ་ཙཱ་བ་ཆེན་པོ་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོའི་ནང་། “དེས་ན། རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་། ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན། ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་ཁྱེར་ཡང་། ཐམས་ཅད་ཀྱིས་ཀློག་ཐུབ་ཅིང་གོ་ཐུབ་པ་ཡིན། དེ་མིན་དེང་སང་མཐའ་མི་འགའ་ཞིག་གིས་དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་། གླེགས་བམ་བསྡེབས་པ་འདི་རིགས་བརྒྱ་ལ་དར་སོ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱི་བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ་ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་། ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་ཡོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས་བསམ་འཁྱེར་དང་། སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་བ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གིས་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་གོ་མི་ཐུབ་པའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།” ཞེས་ང་ཚོར་ཤ་ཚ་བའི་ཉམས་མྱོང་གི་ལམ་སྟོན་གལ་ཆེན་གནང་ཡོད། ཡང་བོད་ཕྱི་ནང་གང་སར་ཅ་དངོས་མང་པོའི་ཐ་སྙད་ལུང་དུ་སྟོན་པ་ན་གཞན་སྐད་ཀྱི་ཤན་ཤུགས་འགོས་ནས་རྒྱ་དཀར་ནག་སོགས་ཀྱི་ཐ་སྙད་མཉམ་བསྲེས་བྱེད་པ ཐ་ན་བོད་ཡིག་གིས་བྲིས་པའི་ཚགས་དེབ་ཐོག་གི་རྩོམ་ཡིག་བརྒྱ་ཆའི་གྲངས་ཚད་ངེས་ཅན་ཞིག་གཞན་གྱི་སྐད་ཡིག་ནས་ཚུར་བོད་སྐད་དུ་བསྒྱུར་བའི་འགྱུརཡིག་ལྟ་བུའི་ཉམས་ཅན་ཆགས་པས་གོ་དཀའ་བ་ལྟ་བུར་གྱུར་འདུག་པ་འདིས་ང་ཚོ་ལ་ཅི་ཞིག་གསལ་འདེབས་བྱེད་ཀྱི་ཡོད་པ་རེད་ཅེ་ན། རྒྱུན་སྤྱོད་ཉེར་མཁོའི་ཐ་སྙད་ལས་གཞན། ད་དུང་ཆབ་སྲིད་དང་། དཔལ་འབྱོར། ཁྲིམས་སྲོལ་རིག་པ། འཕྲོད་སྟེན། ཚན་རིག འཛུགས་སྐྲུན། སྐྱེས་དངོས་རིག་པ། འཕྲུལ་རིག སེམས་ཁམས་རིག་པ། འབྱུང་བཞི་དང་། སྲོག་ཆགས་རིག་པ། གནམ་གཤིས་དང་། སྐར་རྩིས་རིག་པ་སོགས་ལས་བྱུང་བའི་ཤེས་བྱའི་རྣམ་གྲངས་དག་ལ་ཐ་སྙད་གསར་བཟོ་བྱེད་དགོས་པར་དྲན་སྐུལ་གཏོང་བཞིན་ཡོད། དེ་ཡང་མིང་བརྡ་གསར་བཟོ་སྐབས། རྒྱུ་དང་རྐྱེན། ངོ་བོ་དང་བྱེད་ལས། དབྱིབས་དང་རྣམ་པ། འདྲ་བ་དང་འབྲེལ་བ། མངོན་བརྗོད་སོགས་གང་གི་སྒོ་ནས་མིང་བཏགས་ཀྱང། འཚོ་བའི་ནང་བཀོལ་སྤྱོད་བྱེད་སྐབས་བག་ཆགས་བཟང་ཕྱོགས་སུ་ཐེབས་ཐུབ་པ་དེ་འདྲ་མང་ཙམ་བཟོ་ཐུབ་ན། དེའི་ཚོད་ཀྱིས་མི་རྣམས་ཀྱི་བསམ་པ་དང་སྤྱོད་ལམ་ཁྱེར་ཕྱོགས་ཐད་སྣེ་འཁྲིད་ཡག་པོ་བྱེད་ཐུབ་ངེས་ཡིན། མདོར་ན། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་བསྟུན་ཏེ། ཕལ་སྐད་ཡིག་སྐད་དུ་གཏན་ལ་འབེབས་པའི་མིང་མཛོད་ཅིག་དང་། གསར་ཐོན་ཤེས་བྱའི་མིང་མཛོད་ཚད་ལྡན་ཕུན་སུམ་ཚོགས་པ་གསར་བཟོ་དང། ཁྱབ་སྤེལ་བྱེད་རྒྱུ་ནི་དུས་རབས་ཀྱི་དགོས་མཁོ་གལ་ཆེན་ཞིག་ཆགས་འདུག་སྙམ། ད་དུང་རྒྱུན་སྤྱོད་ཐ་སྙད་ཀྱི་ནང་དུ་གཅིག་གྱུར་མ་བྱུང་བ། དཔེར་ན། འགོ་འཛུགས་དང་། མགོ་འཛུགས། མགྲོན་ཁང་དང་། འགྲོན་ཁང་། བལྟ་སྐོར་དང་། ལྟ་སྐོར། དྭང་བླང་དང་། དང་བླང། དྭོགས་གཅོད་དང་། དོགས་གཅོད། རྭ་བ་དང་། ར་བ། གཞིར་འཛིན་ཏེ་དང་། གཞིར་བཟུང་སྟེ། ཕྱི་ལོ་དང་། སྤྱི་ལོ། སྲུང་གཙི་དང་། སྲུང་བརྩི། རྣམ་བཞག་དང་། རྣམ་གཞག དྷ་རམ་ས་ལ་དང་། རྡ་རམ་ས་ལ་སོགས་ལྟ་བུ་གཅིག་གྱུར་མེད་པའི་བརྡ་དག་གི་ཐ་སྙད་རྣམས་གཅིག་གྱུར་བཟོ་ཐབས་དགོས་རྒྱུ་དང་། མ་མཐའང་རྡ་རམ་ས་ལའི་བཙན་བྱོལ་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་གཞུང་འབྲེལ་ཡིག་ཆ་ཁག་གི་ནང་། རྒྱལ་ཁབ་དང་། སྲིད་འཛིན་དང་སྲིད་བློན། གཞན་ཡང་། གནད་ཡོད་མི་སྣ་ཁག་གི་མིང་བོད་ཡིག་ཐོག་གཅིག་གྱུར་མ་བྱུང་བ་དང་། ལྷག་པར་ཏུ་རྒྱ་ནག་ལྟ་བུའི་རྒྱལ་ཁབ་ཀྱི་ལས་ཁུངས་ཁག་དང་། དེ་དང་འབྲེལ་ཡོད་ཀྱི་མི་སྣའི་གོ་གནས་དང་འབྲེལ་བའི་ཐ་སྙད། ཁྲིམས་ཡིག་ལས་བྱུང་བའི་ཐ་སྙད་གཅིག་གྱུར་ཡོང་ཐབས་ལ་གཞུང་འབྲེལ་དང་། གཞུང་འབྲེལ་མ་ཡིན་པའི་ཚགས་དེབ་རྩོམ་སྒྲིག་པའི་མི་སྣས་ཕྱར་གྲུ་མཉམ་འདེགས་གནང་གལ་ཆེ།

བཞི་པ། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་ཐོབ་ཐང་ལག་ལེན་དབར་གྱི་འགལ་འདུ་ལ་ལྟ་བ།

དཔེ་རྙིང་པར་ཞུས་གཏོང་བའམ། རང་ཉིད་རྩོམ་པ་ལ་འཇུག་སྐབས་བརྡ་སྤྲོད་རིག་པའི་ཐོབ་ཐང་གི་རྣམ་གཞག་ཐད་དཀའ་ངལ་ཕྲད་གཞི་ཆེ་བ་གཅིག་ནི། ད་དྲག་གང་ལ་ཐོབ་མི་ཐོབ་དང་། དེའི་དབང་གིས་མིང་མཐའ་གང་ཞིག་འདྲེན་མི་འདྲེན་ལ་མཁས་པ་དག་ལག་ལེན་ཧ་ཅང་མི་འདྲ་བ་ཞིག་ཡིན།
སྤྱིར་བཏང་ད་དྲག་གི་རྣམ་གཞག་སུམ་ཅུ་པའི་གཞུང་ལས་བསྟན་ནམ་མ་བསྟན་ཞེ་ན། གསལ་བྱེད་སུམ་ཅུ་ལས་རྗེས་འཇུག་གི་ཡི་གེ་བཅུ་དབྱུང་བར་བསྟན་པའི་ཤུགས་ཀྱིས་སམ་ཞར་ལ། རྗེས་འཇུག་ན་ར་ལ་གསུམ་གྱི་མཐར་འཇུག་པའི་ད་དྲག་ཀྱང་བསྟན་པར་གསུངས་ཏེ། བསྟན་འགྱུར་སྣ་ཚོགས (ཅོ༡༡༥ ཤོག་ངོས༣༩༧ ) ལས། བསླབ་པ་ཀུན་གྱི་གཞི་འཛིནད་ཅིང། །ཞེས་འཛིན་ལ་ད་དྲག་ཐོབ་པར་བྱས་འདུག་པས་ད་དྲག་གི་རྣམ་གཞག་སུམ་ཅུ་པའི་རྩ་བའི་དངོས་བསྟན་དུའང་བྱུང་བར་འདོད་དགོས་སོ། །
ད་དྲག་ནི་དུས་མཚམས་འདི་ཙམ་ཞིག་ལ་བསྡུས་ཞེས་གསལ་བར་གསུངས་པ་མི་སྣང་ཡང་། བསྟན་པ་ཕྱི་དར་གྱི་རྗེས་དེ་ནས་རིམ་བཞིན་དཔེ་འབྲི་བཤུས་ཀྱི་སྐབས་སུ་ཡིག་ཚོགས་བསྐྱུངས་ཤིང་ཟོར་ཡང་བའི་ཆེད་དུ་ད་དྲག་བསྡུས་འདུག འོན་ཀྱང་ད་དྲག་དོར་བའི་ཤུལ་གྱི་མིང་ཚིག་ལ་གང་སྦྱོར་རྒྱུའི་རྣམ་དབྱེ་དང་ཚིག་ཕྲད་ལས། སླར་བསྡུའི་ཏོ། ལ་དོན་གྱི་ཏུ། ཨི་ལྡན་གྱི་རྣམ་དབྱེའི་ཕྲད་ཀྱི་དང་ཀྱིས། རྒྱན་སྡུད་ཀྱི་ཀྱང་། ཚིག་ཕྲད་ཀྱི་ཅིང་། ཅེས། ཅེའོ། ཅེ་ན། ཅིག་རྣམས་ད་དྲག་གི་རྗེས་སུ་ཐོབ་པའི་ཕྲད་ཡིན་པས་ད་དྲག་བསྡུས་ན་ཡང་ཐོབ་ཐང་རང་འཇགས་སྦྱོར་དགོས་པ་ནི་སྨོས་མ་དགོས་སོ། །

འོན་ཀྱང་ལག་ལེན་གྱི་སྐབས་སུ་སྡེ་དགེའི་བསྟན་འགྱུར་གླེགས་བམ་༢༡༣ཡོད་པ། (ཕྱི་ལོ་༡༧༣༧ ནས་༡༧༤༤ བར་རྫོགས་པར་བཞེངས།) ཞུས་ཆེན་གནང་མཁན་ལྔ་རིག་སྨྲ་བའི་དབང་པོ་བཙུན་པ་ཚུལ་ཁྲིམས་རིན་ཆེན་(༡༦༩༧_༡༧༧༤)གྱིས་ཞུས་ཆེན་མཛད་པའི་ནང་། ཤིན་ཏུ་ལ་ཤིན་དུ་དང་། ཀུན་ཏུ་ལ་ཀུན་དུ། སོགས་སུ་བྲིས་ཤིང་། ཏོ་དང་ཅིང་སོགས་ན་ར་ལ་གསུམ་ཕལ་ཆེར་ལ་ད་དྲག་ཐོབ་པའི་དབང་དུ་བྱས་ནས་ཐོབ་ཐང་སྦྱར་འདུག་པ་དང་། པེ་ཅིན་དང་སྣར་ཐང་བསྟན་འགྱུར་གླེགས་བམ་ ༢༢༥ ཡོད་པའི་ནང་། ཤིན་ཏུ་དང་ཀུན་ཏུ་སོགས་ད་དྲག་ཐོབ་པའི་དབང་དུ་བྱས་ནས་བྲིས་འདུག་པས་ལག་ལེན་གྱི་བར་ཁྱད་ཆེན་པོ་བྱུང་བ་དང་། སྔོན་བྱོན་བརྡ་སྤྲོད་མཁས་པའི་གཞུང་ལུགས་ནང་། ད་ནི་ན་ར་ལ་གསུམ་དང་། །ཞེས་ཡང་འཇུག་ད་དྲག་དེ་རྗེས་འཇུག་ན་ར་ལ་གསུམ་གྱི་རྗེས་སུ་སྦྱོར་དགོས་པར་གསུངས་ཤིང་། དེ་ཡང་ཞིབ་ཆ་བཏོད་དེ། ངོ་བོ་ཉིད་ཀྱིས་ད་དྲག་ཐོབ་པ་ལས་གཞན། ན་ར་ལ་གསུམ་གྱི་རྗེས་འཇུག་ཅན་འདས་སྐུལ་གང་རུང་ལ་ད་དྲག་སྦྱོར་དགོས་པར་གསུངས། འོན་ཀྱང་། ལག་ལེན་གྱི་ཚེ་ན་མི་འདྲ་བ་བྱུང་བ་དཔེར་ན། རྗེ་རིན་པོ་ཆེའི་གསུང་རྩོམ་གཙང་པར་གྱི་ནང་དུ། ཡིན་ཡང་དང་། ཡིན་ཞེ་ན། ཕྱིར་ཞེ་ན། འགྱུར་ཞེ་ན། མ་འབྲེལ་ཞེ་ན། ཞེས་ད་དྲག་མེད་པའི་དབང་དུ་བྱས་ནས་ཐོབ་ཐང་སྦྱར་འདུག་ཀྱང་། རྒྱལ་ཚབ་དང་མཁས་གྲུབ་ཀྱི་གསུང་རྩོམ་ཁག་གི་ནང་། ཡིན་ཀྱང་། ཡིན་ཅེ་ན། ཕྱིར་ཅེ་ན། མ་འབྲེལ་ཅེ་ན། ཞེས་ན་ར་ལ་གསུམ་གྱི་རྗེས་སུ་ད་དྲག་ཐོབ་པའི་དབང་དུ་བྱས་ནས་ཚིག་ཕྲད་སྦྱར་འདུག སྡེ་དགེའི་བཀའ་འགྱུར་པར་མའི་ནང་། ཡིན་ཞེ་ན། ཕྱིར་ཞེ་ན། ཞེས་སོགས་ད་དྲག་ཐོབ་མེད་པའི་དབང་དུ་བྱས་ནས་བྲིས་འདུག འོན་ཀྱང་། སྐུ་འབུམ་པར་མའི་ནང་། ཕྲད་འགའ་ཞིག་ལ་ད་དྲག་ཐོབ་པ་དང་། འགའ་ཞིག་ལ་མི་ཐོབ་པའི་དབང་དུ་བྱས་ནས་ཐོབ་ཐང་སྦྱར་འདུག་པས་གཅིག་གྱུར་རང་བྱུང་མི་འདུག་པ་སོགས་ཕྱག་ལེན་མི་འདྲ་བར་བྱུང་བ་གསུང་འབུམ་ཁག་ལམཇལ་བས་ཤེས་ནུས་ཤིང། དེ་ཡང་འགའ་ཞིག་གིས། འཁྲུངས་ཡུལ་གྱི་ཁྱད་པར་ལས་ད་མཐའི་གདངས་ལ་ཁྱད་པར་ཡོད་པ་ཡིན་ནམ་ཟེར་ཡང་། རྗེ་རིན་པོ་ཆེའི་ལེགས་བཤད་མཛད་པའི་ཡི་གེ་བ་མང་དུ་ཡོད་ཀྱང་གསུང་གིས་ཟིན་པའང་ཅི་རིགས་སྣང་མོད། གཙོ་བོ་ཡི་གེས་ཐུགས་ཟིན་གྱི་བུ་ཆེན་གསུམ་དུ་གྲགས་པ་སྐུ་ཚེ་སྟོད་དུ་གཡག་སྡེ་བསོད་ནམས་དཔལ་བཟང་། སྐུ་ཚེ་བར་གྱི་ཡི་གེས་ཐུགས་ཀྱི་བུ་ཆེན་སྡོམ་བརྩོན་བསོད་ནམས་བློ་གྲོས། སྐུ་ཚེ་སྨད་དུ་དཀའ་བཞི་པ་རིན་ཆེན་དཔལ་བ་གསུམ་དུ་གྲགས་པ་རྣམས་ཀྱང་མཐའ་གཅིག་ཏུ་འཁྲུངས་ཡུལ་མདོ་སྨད་མིན་ཞིང་། རྗེ་རིན་པོ་ཆེའི་བརྡ་སྤྲོད་ཀྱི་གཞུང་ལུགས་སྦྱང་ས་ཡང་དབུས་གཙང་ཕྱོགས་ཡིན་པ་ནི་རྣམ་ཐར་དག་ལས་ཤེས་ནུས་ཏེ། ལོ་ཆེན་ནམ་བཟང་དང། ས་བཟང་མ་ཏི་པཎ་ཆེན་སོགས་ལས་སྒྲ་དང་སྙན་ངག སྡེབ་སྦྱོར་སོགས་ལ་སྦྱངས་པར་ཡོངས་སུ་གྲགས་པའི་ཕྱིར་རོ། །ད་དྲག་གང་ལ་ཐོབ་དང་མི་ཐོབ་པའི་ཁྱད་པར་ལས། མིང་མཐའ་འདྲེན་ཚུལ་ལ་ཡང་ཁྱད་པར་ཆེན་པོ་འབྱུང་སྟེ། ད་དྲག་ཐོབ་པ་རྣམས་ཀྱིས་མིང་མཐའ་འདྲེན་པ་ན་ཡང་། ད་དྲག་རྗེས་འཇུག་ཕོ་ཡིན་པས་དེས་ཕོ་མཐའ་འདྲེན་དགོས་པས་པ་བ་གཉིས་ལས་པ་འདྲེན་པ་དང་། འདས་སྐུལ་དང་ངོ་བོ་ཉིད་ཀྱིས་ད་དྲག་ཐོབ་པ་མ་ཡིན་པའི་ན་ར་ལ་གསུམ་གྱི་རྗེས་འཇུག་གིས་བ་འདྲེན་པ་ནི་རྟགས་མཚུངས་འདྲེན་པ་ཡིན་པས། པ་བ་དང་། པོ་བོ་འདྲེན་ཚུལ་གྱི་རྣམ་གཞག་འདི་ཡང་མ་གླེང་ཐབས་མེད་ཡིན་ལ། གཞུང་ལུགས་ཀྱི་སྒྲིག་འཛུགས་ལྟར་ན། དཔལ་ཚེ་ཏན་ཞབས་དྲུང་རིན་པོ་ཆེས། སྒྲ་རིག་པའི་བསྟན་བཅོས་ལས། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །ཞེས་དང་། མཁས་དབང་དམུ་དགེ་བསམ་གཏན་གྱི་བརྡ་སྤྲོད་བློ་གསལ་འཇུག་ངོགས་ལས། ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་དང་པོ། །ང་འ་ར་ལ་མཐའ་མེད་མཐར། །བ་དང་བོ་གཉིས་སྦྱོར་བ་སྟེ། །ཞེས་གསུངས་ལ། དེ་དང་མཐུན་པར་དག་ཡིག་ངག་སྒྲོན་ལས། མིང་མཐའི་པ་བའི་དབྱེ་བ་ནི། །ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་དང་ནི། །ང་འ་ར་ལ་མཐའ་མེད་མཐའི། །བ་ཕྱེད་ཝར་འབོད་རྣམས་ལ་བ། །གཞན་ལ་པ་ཉིད་སྦྱར་ཏེ་དཔེར། །ཟག་པ་མེད་པ་ཕན་པ་མཆོག །ཐོབ་པ་དམ་པ་མཁས་པ་རུ། །གྱུར་པ་དང་བ་ལ་དགའ་བ། །མྱུར་བར་མཇལ་བར་སྤྲོས་པ་ལས། །ཞེས་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་དང་། སྐྱོགས་ལོ་ཙཱ་བ་གཉིས་ཀྱི་སློབ་མ་དཔལ་ཁང་ཆོས་མཛད་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོས་ཕྱི་ལོ་ ༡༥༣༨ ལོར་བརྩམས་པའི་དག་ཡིག་གྲགས་ཆེ་བ་དེ་ལས་སྡོམ་ཚིག་གནད་འགག་ཅན་ཞིག་བཟོས་འདུག་པ་ལྟར། མཁས་པ་མང་པོ་ཞིག་གིས་ཕྱག་ལེན་དུ་བསྟར་བཞིན་མཆིས་མོད། འོན་ཀྱང། དབུས་གཙང་ཕྱོགས་ཀྱི་དཔེ་ཆ་མང་པོ་ཞིག་ཏུ། སྟོང་པ། སུམ་ཅུ་པ། ཐར་པ། ཕྱི་རོལ་པ། ཞེས་ང་འ་ར་ལ་རྣམས་ཀྱི་མཐར་པ་སྦྱར་བ་མང་པོ་མཐོང་རྒྱུ་འདུག དེ་ནི་བརྗོད་བདེའི་དབང་གིས་ཡིན་པ་ལས་རྟགས་མཚུངས་མིན་ལ། རྟགས་མཚུངས་དང་བརྗོད་བདེ་གང་ཡིན་ཀྱང་། སྒྲ་མཐུན་ཡིན་ཏེ། མུ་ཏིག་ཕྲེང་མཛེས་ཀྱི་རྟགས་འཇུག་སྐབས། འདིར་སྒྲ་མཐུན་ཞེས་པའི་དོན་རྟགས་མཚུངས་ཁོ་ན་ལ་ཕལ་ཆེར་གྱིས་བཞེད་ཀྱང་། རྣམ་དབྱེ་དང་ཕྲད་སོགས་རྟགས་མཚུངས་ཁོ་ནས་འདྲེན་པར་མ་ངེས་ཤིང་། གཙོ་བོར་བརྗོད་བདེ་བའི་སྒྲ་མཐུན་པ་ཤས་ཆེ་བར་སྣང་ཞེས་གསུངས་པའི་ཕྱིར་རོ། །

དེས་ན། རྩ་བ་མཁན་པོས། མིང་མཐའ་འདྲེན་ཚུལ། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །སོགས་དང་། དེ་ཉིད་རང་གི་སྒྲ་མཐུན་པའི། །ཆོས་དངོས་ལས་དང་བྱེད་པ་དང་། །ཞེས་སོགས་གསུངས་པ་ལྟར་ན། རྗེས་འཇུག་གིས་མིང་མཐའ་འདྲེན་ཚུལ་ལ་རྟགས་མཚུངས་དང་བརྗོད་བདེ་གཉིས་ཀ་ཡོད་ཅིང་། དེ་གཉིས་ཀ་སྒྲ་མཐུན་ཡིན་པར་གསུངས་པས་ན། དབུས་དཔར་མང་པོར་སྟོང་པ། ཐར་པ། སུམ་ཅུ་པ། ཕྱི་རོལ་པ། སོགས་བྲིས་པ་ནི་དབུས་སྐད་ཀྱི་བརྗོད་བདེ་དང་། སྐུ་འབུམ་དཔར་མ་སོགས་སུ། སྟོང་བ། ཐར་བ། སུམ་ཅུ་བ། ཕྱི་རོལ་བ། སོགས་བྲིས་པ་ནི་རྟགས་མཚུངས་དང་། ཨམ་སྐད་ཀྱི་བརྗོད་བདེ་གཉིས་ཀ་ཡིན་པའི་ཕྱིར་ན། དེ་དག་དང་། འདི་མ་དག་ཅེས་ཕྱོགས་གཅིག་དབང་བཙན་པར་བྱས་ནས་ཕྱོགས་གཞན་དེ་སུབ་བཅོས་གཏོང་དགོས་ན། བཀའ་བསྟན་དགོངས་འགྲེལ་དང་བཅས་པའི་གནའ་དཔེ་ཕལ་མོ་ཆེ་བཟོ་བཅོས་བྱེད་དགོས་ཁེལ་ན། སྔོན་གྱི་ཞུ་ཆེན་པ་དག་ལ་མཐོང་ཆུང་ཁྱད་གསོད་དུ་འགྱུར་ཉེན་ཆེ་བས། བཟོ་བཅོས་མ་དགོས་པར་སོར་བཞག་བྱས་ན་ལེགས་ཚོགས་ཆེ་སྙམ། ཞུ་དག་པ་རྣམས་ཀྱིས་ཤེས་དགོས་པའི་གནད་དོན་གཞན་ཞིག་ཡོད་པ་ནི། ཞུ་དག་སྐབས་པར་མ་གང་ཞིག་གཞིར་བཟུང་གིས་ཞུ་དག་བཏང་བའི་མཆན་རྟགས་འགོད་རྒྱུ་གལ་ཆེ། དེ་ཡང་གང་ལ་ཁུངས་བྱེད་སའི་རྩ་བའི་རྩོམ་པ་པོའི་བརྡ་སྤྲོད་ཀྱི་ལག་ལེན་གང་ཡིན་ལྟར་ཞུ་དག་གཏོང་ན་ལས། གཞན་རང་འདོད་དབང་བཙན་པར་བྱས་ནས་སུབ་བཅོས་བྱེད་རྒྱུ་ནི་ཤིན་ཏུ་ནས་མ་གུས་པའི་ལས་ཀ་ཞིག་ཡིན། །

ལྔ་པ། བྱེད་འབྲེལ་གྱི་ཕྲད་སྦྱོར་སྟངས་ལ་ལྟ་བ།

བྱེད་སྒྲ་དང་འབྱུང་ཁུངས་ཀྱི་ཕྲད་སྦྱོར་སྟངས་ཐད་གཞུང་ལུགས་དང་ལག་ལེན་འགལ་འདུ་བྱུང་བ། དཔེར་ན། བོད་མིའི་རང་དབང་ཞེས་པའི་ཚགས་དེབ་ཀྱི་ནང་། བྱེད་སྒྲའི་ཕྲད་བེད་སྤྱོད་ཀྱི་ཚབ་ཏུ་འབྱུང་ཁུངས་ཀྱི་ཕྲད་བེད་སྤྱོད་བཏང་བ། ཤེས་རིག་ལས་ཁུངས་ནས་བཏང་བའི་གནས་ཚུལ། ཁོང་ནས་གསུང་གསལ། ༧གོང་ས་མཆོག་ནས་གསུང་བཤད་གནང་། འགྲོ་གྲོན་སོ་སོ་རང་ཉིད་ནས་བཏང་། ཞེས་བྲིས་འདུག་པ་དང་། དེ་བཞིན་བོད་ལྗོངས་བརྙན་འཕྲིན་ཁང་ནས་བསྒྱུར་བཟོ་བྱས། ལྟ་བུ་དང་། ཡང་དཔེ་དེབ་ཁ་ཤས་ཀྱི་མདུན་ཤོག་ཐོག་གང་ཟག་དེ་དང་འདི་ནས་བརྩམས་ཞེས་འབྱུང་བ་སོགས་མ་དག་རྒྱུན་འབྱམས་ལྟ་བུར་སོང་སྟེ། བརྡ་སྤྲོད་ཀྱི་སྒྲིག་ཁྲིམས་མ་བརྩིས་པ་དང་། གཞན་ཡང་། ད་ལྟའི་བར་དུ་ཞེས་འབྲེལ་སྒྲ་ཡོད་དགོས་སར་འབྲེལ་སྒྲ་མ་བཞག་པར་ད་ལྟ་བར་དུ་ཞེས་དང་། ངོས་འཛིན་ཞུ་བཞིན་ཡོད་ཅེས་པའི་ཚབ་ཏུ་ངོས་འཛིན་ཞུ་གི་ཡོད། ཅེས་དང་། ཟ་བཞིན་ཡོད་དང་ཟ་གིན་ཡོད་ཅེས་པར་ཟ་ཡི་ཡོད་ཅེས་བརྗོད་མི་བདེ་བའི་ཐོབ་ཐང་སྦྱར་བ་དང་། ཡང་། ཁ་སྐད་དུ་འགྲིག་པ་ལྟར་སྣང་ཡང་བརྡ་སྤྲོད་ཀྱི་ཐོབ་ཐང་དང་མི་མཐུན་པ། གནོད་གི་རེད། ཕན་གི་ཡོད། ལབ་གི་འདུག བསམ་གི་ཡོད། དགའ་གི་རེད། བསྐུར་གི་འདུག འགུལ་གི་ཡོད། གནས་གི་ཡོད། ག་ང་ལས་གཞན་པའི་རྗེས་འཇུག་གཞན་བརྒྱད་ཀྱི་རྗེས་སུ་འབྲེལ་སྒྲའི་གི་ཁོ་ན་སྦྱོར་བ་སོགས་མ་དག་རྒྱུན་འབྱམས་སུ་འགྲོ་བ་འདི་དག་ལ་ཉེ་ལམ་༧གོང་་མཆོག་གིས་རྡ་སྟེང་བོད་ཁྱིམ་དུ་བཀའ་སློབ་གནང་སྐབས། ཁ་སྐད་དང་བརྡ་དག་གི་འགྲོ་སྟངས་མ་དག་རྒྱུན་འབྱམས་སུ་འགྲོ་བཞིན་པར་ཐུགས་འཚབ་ཀྱིས་རྩོམ་སྒྲིག་པ་དག་ལ་ཐུགས་སྣང་དགོས་པའི་གསུང་ནན་ཕེབས་སྟས། དོན་གནད་འདི་དག་གི་སྐོར་ལག་པ་འགུལ་ཏེ་རྩོམ་གྱི་ལས་ཀ་བྱེད་མཁན་རྣམས་ཀྱིས་བརྡ་སྤྲོད་ཀྱི་རྣམ་གཞག་ལག་ལེན་དུ་འཁྱོལ་བ་ཞིག་ཅིས་ཀྱང་མཛད་གལ་ཆེ། །

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༤ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 58

  1. གྲྭ་རྒོད says:
    ལོ་ 16 སྔོན།

    བོད་ཕྱི་ནང་གང་དུ་ཡང་ལྟ་བདེ་བའི་དོན་གོ་ལྷ་བས་ཞིག་རེད་བསམ་བྱུང་ཡིན་ཡང་དགོང་དག་ཞུ་དགོས་པ་ཞིག་ལ་ཚིག་མང་བའི་ཀློག་ཐུབ་མ་སོང་དུས་ཚོད་བྱུང་ཚེ་ཞིབ་ཕྲ་ཀློག་འདོད་ཡོད།ཐུགས་རྗེ་ཆེ།

    Reply
  2. གྲྭ་རྒོད says:
    ལོ་ 16 སྔོན།

    འདི་ལྟ་བའི་བསམ་ཚུལ་ལ་རྗེ་སུ་ཡི་རང་བྱེད་འོས་བ་ཞིག་རེད་དེ་དོན་མེད་གི་ཚིག་འཆར་དག་དགོས་མེད་པས་བསམ་བློ་གཏོང་རོགས

    Reply
  3. འགྱུར་མེད says:
    ལོ་ 16 སྔོན།

    དྲ་གྲོགས་རྣམས་པས་དཀའ་ལས་མ་འཛེམ་པར་སོོའི་བསམ་ཚུལ་གང་མང་བྱུང་བ་ལ་གུས་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གིན་ཡོད་ལ་སླར་ཡང་མུ་མཐུད་དེ་ཕེབས་རྒྱུ་ཡོད་པར་དང་དོན་འབྲས་ཡག་པོ་ཞིག་ཡོངས་བར་སྨོན།་ རང་གིས་འབོད་པ་བྱས་ནས་ལྟ་ཀློག་བྱ་རྒྱུ་ཡིན་ དགོངས་འཇལ་འཚལ།

    Reply
  4. བཀྲ་ཤིས། says:
    ལོ་ 16 སྔོན།

    ཧ་ཅང་མང་པོ་ཡོད་པ་སོང་ཙང། ཆ་ཚང་ཀློག་ཐུབ་མ་སོང་། འོན་ཀྱང་དུས་ཚོད་བྱུང་ན་ཞིབ་ཕྲ་ཀློག་འདོད་དང་དེ་ལ་བགྲོ་གླེང་བྱེད་འདོད་ཡོད་ཐུགས་རྗེ་ཆེ།

    Reply
  5. གངས་ཅན། says:
    ལོ་ 16 སྔོན།

    སྤྱི་ཚོགས་དེ་གཞུང་ལུགས་ནང་ཚུར་སྡུད་ཐབས་མ་བྱས་པར་ཕར་སྤྱི་ཚོགས་བསྟུན་ཏེ་རང་སྣང་གང་དྲན་བྱས་ན་བོད་ཀྱི་ཡི་གེ་ཡི་ཚིག་དོན་གཉིས་ཀ་འཆོིོལ་མི་འགྲོ་འམ། དེ་ནི་རིག་གཞུང་ལ་འགན་མ་འཁུར་བའི་བསམ་ཚུལ་ཞིག་རེད།་དེ་ལྟར་བྱས་ན་སྔོན་བྱོནྨཁས་པ་རྣམས་ལ་མི་ཁྲེལ་ལམ། ཨ་ལགས་བསེ་ཚང་གིས། ཧུའེ་རིགས་ལྟ་བུར་མཚོན་ན་ཡུལ་ཕྱོགས་གཞན་དུ་མི་རབས་དུ་མར་གཞིས་ཆགས་ནས་ལོ་ངོ་བརྒྱ་སོང་ཡང་གཞན་དུ་འགྱུར་རྒྱུ་མ་རེད། དེ་ནི་ཁོ་ཚོ་མི་རིགས་ཀྱི་ཐུན་མིན་ཡུལ་སྲོལ་གོམས་གཤིས་ཀྱིས་བསྡུས་ཏེ་རྒྱུན་རིང་དུ་གནས་ཐུབ་ངེས་རེད། འོན་ཀྱང་རང་རེ་བོད་ལྟ་བུར་མཚོན་ན་ཡུལ་སྲོལ་ཙམ་གྱིས་ཡུན་རིང་དུ་བསྡུ་ཐུབ་རྒྱུ་མ་རེད། གལ་ཏེ་སྐད་དང་ཡི་གེ་གཙོ་བོར་གྱུར་པའི་རང་གི་རིག་གནས་ཉམས་ཚེ་རང་ལ་རང་རྐྱ་ཐུབ་ཅིང་ཐུན་མིན་གོམས་སྲོལ་ཞིག་མེད་པས་མི་རིང་བར་མི་རིགས་གཞན་ལ་རྒྱ་མཚོར་ཁངས་སིམ་པ་བཞིན་དུ་འགྱུར་རྒྱུ་ལས་འོས་མེད་ཁོ་ཐག་ཡིན། ཞེས་གསུངས་ཡོད།

    Reply
  6. གངས་ཅན། says:
    ལོ་ 16 སྔོན།

    སྤྱི་ཚོགས་དེ་གཞུང་ལུགས་ནང་ཚུར་སྡུད་ཐབས་མ་བྱས་པར་ཕར་སྤྱི་ཚོགས་བསྟུན་ཏེ་རང་སྣང་གང་དྲན་བྱས་ན་བོད་ཀྱི་ཡི་གེ་ཡི་ཚིག་དོན་གཉིས་ཀ་འཆོིོལ་མི་འགྲོ་འམ། དེ་ནི་རིག་གཞུང་ལ་འགན་མ་འཁུར་བའི་བསམ་ཚུལ་ཞིག་རེད།་དེ་ལྟར་བྱས་ན་སྔོན་བྱོནྨཁས་པ་རྣམས་ལ་མི་ཁྲེལ་ལམ། བསེ་ཚང་གིས། ཧུའེ་རིགས་ལྟ་བུར་མཚོན་ན་ཡུལ་ཕྱོགས་གཞན་དུ་མི་རབས་དུ་མར་གཞིས་ཆགས་ནས་ལོ་ངོ་བརྒྱ་སོང་ཡང་གཞན་དུ་འགྱུར་རྒྱུ་མ་རེད། དེ་ནི་ཁོ་ཚོ་མི་རིགས་ཀྱི་ཐུན་མིན་ཡུལ་སྲོལ་གོམས་གཤིས་ཀྱིས་བསྡུས་ཏེ་རྒྱུན་རིང་དུ་གནས་ཐུབ་ངེས་རེད། འོན་ཀྱང་རང་རེ་བོད་ལྟ་བུར་མཚོན་ན་ཡུལ་སྲོལ་ཙམ་གྱིས་ཡུན་རིང་དུ་བསྡུ་ཐུབ་རྒྱུ་མ་རེད། གལ་ཏེ་སྐད་དང་ཡི་གེ་གཙོ་བོར་གྱུར་པའི་རང་གི་རིག་གནས་ཉམས་ཚེ་རང་ལ་རང་རྐྱ་ཐུབ་ཅིང་ཐུན་མིན་གོམས་སྲོལ་ཞིག་མེད་པས་མི་རིང་བར་མི་རིགས་གཞན་ལ་རྒྱ་མཚོར་ཁངས་སིམ་པ་བཞིན་དུ་འགྱུར་རྒྱུ་ལས་འོས་མེད་ཁོ་ཐག་ཡིན།

    Reply
  7. གསར་བརྗེ་སྐྱབས། says:
    ལོ་ 16 སྔོན།

    རོང་བ་བློ་བཟང་སྙན་གྲགས་ལགས་ཀྱི་རྩོམ་རིང་བོ་འདི་ལ་བསམ་ཚུལ་མང་པོ་ཞིག་དགོས་པར་མི་འདོད། གཞུང་ལུགས་རང་སྟེང་ནས་བཤད་ན་ཁོང་ལ་གནས་ལུགས་ཡོད་ཀི སྤྱི་ཚོགས་སམ་བོད་པ་མི་རེ་ངོ་རེའི་ངོས་ནས་བཤད་ན་གནས་ལུགས་གང་ཡང་མཐོང་གི་མི་འདུག གང་ལྟར་བོད་ཡིག་ཟེར་དུས་ངྷ་སའི་སྲང་ལམ་གྱི་བག་ལེབ་དང་ལང་ཧྥིན་བཙོང་མཁན་ཚོའི་རང་གི་ངག་ན་གང་ཡོད་ལག་ནས་འབྲི་ཐུབ་པ་ཞིག་བྱུང་ན་ད་གཟོད་ཡར་རྒྱས་དང་ཚགས་ཚུབ། སྤྱི་ཚོགས་དང་མཐུན་པ་ཞིག་རེད། ཡི་གེ་ཟེར་ན་དེ་འདྲ་ཞིག་ལ་གོ་དགོས་པར་འདོད་ཀི་ཡོད།

    Reply
  8. རྭ་ལོ། says:
    ལོ་ 16 སྔོན།

    སྐྱོན་ཆ་འདི་དག་བཟོ་མཁན་ངོ་མ་ནི་མཁས་པ་ཚོ་རེད། མང་ཚོགས་ཀྱི་ཁ་ཐོག་ལྕེ་ཐོག་ན་ཡོད་པ་དག་འབྲི་མ་ཤེས་པར་གང་བྱུང་དུ་བྲིས་ཤིང་། འགྲེལ་མི་འདྲ་བ་བྲིས་ཏེ་རང་རང་གི་སྙན་གྲགས་གསོ་བ། མཁས་པ་ཕན་ཚུན་གྱི་བར་ཕྲག་དོག་དང་འགྲན་བརྩོད་བྱས་པ་བརྒྱུད་བོད་ཀྱི་སྐད་ཡིག་འདི་ལ་གོད་ཆག་མང་དུ་བྱུང་བ་རེད། ད་སྐབས་ཀྱང་མཁས་པ་ཚོས་ཅིག་ཅིག་གི་ལུགས་དང་ཉིག་ཉིག་གི་གཞུང་ཟེར་བཞིན་མཁྲེགས་འཛིན་དང་ཕྱོགས་རིས་ཀྱི་སྐད་ཆ་བཤད་བཞིན་འདུག

    བོད་ཡིག་འདི་ཅི་ཙམ་ཞིག་རང་གི་སྐད་ལ་ཐག་ཉེ་རུ་མི་གཏོང་བར། ཐག་ཇེ་རིང་དུ་གཏོང་བ་སོགས་ཀྱི་དབང་གིས་དེང་སྐབས་བོད་ཡིག་འབྲི་མཁན་ཕལ་མོ་ཆེའི་སྨྱུ་གུར་སྐྱོན་ཤོར་བ་ལྟ་བུའི་དཀའ་ངལ་འདི་རིགས་འབྱུང་གིན་ཡོད་པ་རེད།

    ཚང་མས་མཁས་བཤད་མི་གནང་བར། ལག་ལེན་ལ་འདེབས་ཐུབ་པའི་སྐད་ཆ་བཤད་རོགས། བོད་སྐད་འདི་ངག་ནས་ཆུ་བཞུར་བཞུར་དུ་བཤད་སྐབས་ཡིག་ཐོག་ལའང་ཆུ་བཞུར་བཞུར་དུ་འབྲི་ཐུབ་པ། བྲིས་པ་དེ་ཀློག་དུས་སླར་ཡང་རྣ་ནང་དུ་ཆུ་བཞུར་བ་ལྟར་འཛུལ་རྒྱུ་གོ་རྒྱུ་ཡོད་པ་ཞིག་བྱུང་ན་ཡག་གི་རེད། དེ་མ་གཏོགས་ཁ་ནས་བཤད་དུས་སྒྲ་གཞན་ཞིག་དང་ལག་ནས་འབྲི་དུས་གཟུགས་གཞན་པ་ཞིག་མངོན་དགོས་པ་འདི་དག་ནི་ང་ཚོའི་དཀའ་ངལ་དང་བོད་ཡིག་གི་སྐྱོན་ཆ་ཆེ་ཤོས་དེ་རེད།

    Reply
  9. ཡེ་ཤེས། says:
    ལོ་ 16 སྔོན།

    བཀྲ་ཤེས་བདེ་ལེགས་ཤོག

    Reply
  10. ཡེ་ཤེས། says:
    ལོ་ 16 སྔོན།

    ད་གྲགས་ཀྱི་ད་ལན་ཆོག་ན་ད་ཡི་ཐོབ་ཏང་ལན་ཆོག་པའི་ཕྱིར།

    Reply
  11. སྐར་མ། says:
    ལོ་ 16 སྔོན།

    མདང་དགོང་བཙན་བྱོལ་བོད་གཞུང་གི་བརྙན་འཕྲིན་ལེ་ཚན་ལ་བལྟས་པ་ཡིན། གཞུང་ཞབས་ལས་བྱེད་ཅིག་གིས་སྐད་ཆ་རིང་པོ་ཞིག་བཤད་སོང་། ཁོའི་སྐད་ཆའི་ནང་དུ་ཡང་དང་བསྐྱར་དུ་བསླེབས་པའི་བཤད་སྟངས་ཤིག་ནི་༼གང་ལྟར་མང་ལྟར་༽ཞེས་པ་འདི་རེད། བརྒྱུད་ལམ་ཁག་ཏུ་སྐད་ཆ་བཤད་དུས་དངོས་གནས་སྐད་ཆ་དག་མོ་དང་གསལ་བོ། གནད་དུ་འཁེལ་བ། མདོར་བསྡུས་པ་ཞིག་དགོས་རྒྱུ་ནི་ཇི་འདྲའི་གལ་ཆེན་ཞིག་རེད་ཨང་སྙམ་པ་བྱུང་།

    Reply
  12. ཡེ་ཤེས says:
    ལོ་ 16 སྔོན།

    གྲོགས་པོ་བཀྲ་ཤེས་པདེ་ལེགས།

    Reply
  13. ཁ་བ་སྐམ་པོ། says:
    ལོ་ 16 སྔོན།

    སྐུ་ཞབས་ལོང་རིགས་རྒྱལ་ལགས་དེ་འདྲ་བའི་དྲ་ཚིགས་ཞིག་བཟོ་ཐུབ་ན་ངོ་མ་དགེ་མཚན་ཤིན་ཏུ་ཆེ།

    Reply
  14. ཁ་བ་སྐམ་པོ། says:
    ལོ་ 16 སྔོན།

    སྐུ་ཞབས་ལོང་རིགས་རྒྱལ་ལགས་དེ་འདྲ་བའི་དྲ་ཚིགས་ཞིག་བཟོ་ཐུབ་ན་ངོ་མ་དགེ་མཚན་ཤིན་ཏུ་ཆེ།

    Reply
  15. ཁ་བ་སྐམ་པོ། says:
    ལོ་ 16 སྔོན།

    སྐུ་ཞབས་ལོང་རིགས་རྒྱལ་ལགས་དེ་འདྲ་བའི་དྲ་ཚིགས་ཞིག་བཟོ་ཐུབ་ན་ངོ་མ་དགེ་མཚན་ཤིན་ཏུ་ཆེ།

    Reply
  16. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ལུང་རིགས་ལགས། རོང་པོ་བློ་བཟང་སྙན་གྲགས་ཀྱིས་། (ཉམས་ཞིབ་པ་ཁ་ཤས་ཀྱི་སྡོམ་ཐོར་གཞིགས་ན། བོད་ཀྱི་བརྡ་སྤྲོད་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་དེ་འཛམ་གླིང་ནང་མི་གྲངས་བྱེ་བ་དྲུག་ལས་བརྒལ་ཞིང་། བོད་པའི་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་ནང་། བོད་པ་ཡིན་མཁན་བརྒྱ་ཆའི་བཅུ་ཙམ་ཡང་ཟིན་གྱི་མེད་ཚུལ་)གྱི་སྐད་ཆ་འདིའི་ཁུངས་དེ་ཟམ་གདོང་རིན་པོ་ཆེ་ནས་ཡོང་བ་མིན་འགྲོ་བསམ། གང་གིས་ཞེ་ན། ཕྱི་ལོ་༡༩༩༠ལོར་ལྦ་ཎ་མཐོ་སློབ་ཏུ་ཟམ་གདོང་རིན་པོ་ཆེ་མཆོག་གིས་”བོད་ཀྱི་སྐད་ཡིག་འཇིག་རྟེན་སྤྱི་ཡོངས་ལ་གལ་གནད་ཆེ་བའི་སྐོར་”གླེང་བ་དེའི་ནང་དུ། ཁོང་ནས་ (ཉམས་ཞིབ་ཀྱི་ཆེད་དུ་སློབ་སྦྱོང་བྱེད་མཁན་གྱི་རིགས་ཀྱིས་འཛམ་གླིང་ཡོངས་ལ་ཁྱབ་ཡོད་པ་རེད། རྒྱ་གར་ནང་ལ་མཐོ་སློབ་བཅུ་བཞི་ཙམ་གྱི་ནང་དུ་བོད་པའི་སྐད་ཡིག་སློབ་སྦྱོང་བྱེད་པའི་སྡེ་ཚན་ཡོད་པ་རེད། དེ་མིན་པའི་སྡེ་ཚན་མང་པོ་ཡོད་པ་རེད། ནུབ་ཕྱོགས་དང་ལྷོ་ཤར་ཨེ་ཤེ་ཡའི་ནང་དུ་ཡང་མཐོ་སློབ་བརྒྱ་ཕྲག་བརྒལ་བའི་ནང་བོད་ཡིག་སློབ་སྦྱོང་བྱེད་པའི་སྡེ་ཚན་ཚུགས་ཡོད་རེད། མདོར་བསྡུས་ན་མི་རིགས་ཀྱི་ཆ་ནས་བོད་པ་ཡིན་མཁན་གྱི་གྲངས་འབོར་གྱིས་བོད་པའི་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་གྱི་བརྒྱ་ཆ་བཅུ་ཙམ་ཡང་ཟིན་གྱི་ཡོད་པ་མ་རེད་ཅེས་བཤད་ཡོད་པ་རེད། དེ་བྱས་དུས་བོད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་དེ་བྱེ་བ་དྲུག་བརྒལ་འགྲོ་གི་ཡོད་རེད། དེ་འདྲ་ལ་སོང་གྲངས་འབོར་ཁོ་རང་གི་ཆ་ནས་ཀྱང་བོད་པའི་སྐད་ཡིག་བོད་པ་ལ་ཇི་ཙམ་གལ་ཆེ་བ་དེ་ལས་མང་བ་ཞིག་འཇིག་རྟེན་གྱི་མི་གཞན་དག་ལ་གལ་ཆེ་བ་ཡིན་པ་ཡང་ར་འཕྲོད་ཀྱི་ཡོད་པ་རེད། )ཞེས་གསུངས་འདུག ཉམས་ཞིབ་པ་དེ་དག་གི་ཞིབ་འཇུག་གི་སྐོར་ལ་ཟམ་གདོང་རིན་པོ་ཆེ་ལ་ཏན་ཏན་ཅིག་གསུངས་རྒྱུ་ཡོད་ཀྱི་རེད་བསམ་གི

    གཞན། བརྡ་སྤྲོད་ཀྱི་སྐོར་ལ་ནི། དགེ་འདུན་རབ་གསལ་གྱིས། (བོད་ཀྱི་ད་ཡོད་བརྡ་སྤྲོད་ཀྱི་རྩ་འགྲེལ་ཡོངས་རྫོགས་པ་འཁྱེར་ཡོང་ན་ཡང་། བོད་ཀྱི་སྐད་ཡིག་གི་བརྡ་སྤྲོད་གཞུང་ལུགས་སྤྱིའི་ཆ་ནས་སུམ་ཆ་གཅིག་མ་གཏོགས་མེད་པས་རེད་)ཟེར་བའི་གཏམ་འདི་ལ་གོ་རྒྱུ་ངེས་ཅན་ཞིག་ཡོད་གི་འདོད། དེ་ཙམ་ཞུ།

    Reply
  17. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ཨོ། ད་རུང་བཤད་རྒྱུ་ཞིག་ལ། ངའི་ཁ་རྩོག་ར་བསམ་པ་བཟང་། འདི་སེམས་ལ་ཟུངས།

    Reply
  18. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ཆར་པ་ཟེར་ན་འདོད་པས་ཆར་པ་ཕྲིས་མོ། ཆར་བ་ཟེར་ན་འདོད་པས་ཆར་བ་ཕྲིས་མོ། བ་ཡིག་ཀློག་དུས་ཁ་གདངས་ན་འདོད་པས་ཁ་གདོངས་མོ། བ་ཡིག་ཀློག་དུས་ཁ་གདངས་ན་མི་འདོད་པ་ཚོས་ཁ་ཚུམས་མོ། གཅིན་སྐྱག་གཏོང་སྟངས་འདྲ་བོ་རེད། ལངས་ནས་གཅིན་སྐྱག་གཏོང་ན་འདོད་པ་ཚོས་ལངས་ནས་ཐོངས་། ཙོག་ནས་གཏོང་ན་འདོད་ནི་ཚོས་ཙོག་ནས་ཐོངས། གང་ལྟར་བཏང་དང་ན་དེ་རེད་མོ། འཇིག་རྟེན་མི་སྐྱ་ཞིག་ཡིན་ན་ཡང་དེ་བཞིན། རང་གི་ཆུང་མར་སྤྱོད་ན་འདོད་དུས་གཡས་གཡོན་བདུན་རྒྱབ་གང་ནས་སྤྱད་ཀྱང་འདོད་པ་ཚིམ་ཚར་བའི་རྗེས་སུ་གཅིག་པ་རེད་མོ། དག་ཡིག་སུམ་རྟགས་ཟེར་བ་འདི་ཡང་ལག་ལེན་བྱེད་དུས་རང་རང་གི་འདོད་པ་བཞིན་བྱོས་མོ། བོད་ཡིག་འདི་ཁྱོའི་ཆུང་མ་ཡིན་ན་ཁྱོས་ཡིན་ལ་མིན་ལ་བྱས་བསྡད་ན་རྒྱ་ཡིག་གིས་མདུན་ནས་རྒྱོ། དབྱིན་ཡིག་གིས་རྒྱབ་ནས་རྒྱོ་སྟེ་ཁྱོད་རང་གི་འདོད་པ་དེ་སླེབས་དུས་རང་གི་སྙིང་ཉེ་བའི་བོད་ཡིག་གི་ཆུང་མ་འདི་ཉལ་སར་ལྷུང་བསྡད་ཡོད་ནི་རེད། ད་གོ་སོང་ང་། མྱི་སྐོར་ཞིག་ལ་བཤད་སྟངས་འདི་འདྲ་མ་བྱས་ན་གོ་ནི་མ་རེད།

    Reply
  19. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    བརྡ་དག་ལ་གསར་བརྗེ་བྱེད་དགོས་ན་གསར་བརྗེ་བྱོས་མོ། སུ་ལ་སྐྲག་གི་ཡོད། རྒྱ་ནག་རྒྱལ་ཁབ་གསར་བ་བཙུགས་རྗེས་མའོ་ཡིས་རྒྱ་ཡིག་སྟོང་ཕྲག་མང་པོའི་རྐང་ལག་གཏུབས་ནས་འགྲོ་བདེ་འདུག་བདེ་བྱས་པ་རེད། ཡག་པོ་རེད། ཅང་ཅེ་ཧྲིས་ཀླད་རྙིང་ཁུར་ནས་རྒྱ་ཡིག་ར་བཞི་རྐང་གསུམ་མགོ་གཉིས་ལག་པ་བདུན་ཅན་དེ་ཚོ་ཐེ་ཝན་དུ་ད་དུང་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད། ཡི་གེ་ལ་གསར་བརྗེ་བྱེད་ན་མའོ་ཡི་བྱེད་སྟངས་ལྟ་བུའི་གཅིག་ཆོད་ཅིག་མེད་ན་འགྲིག་གི་མ་རེད། ཡར་ལ་ཕོག་ཨེ་འགྲོ མར་ལ་གནོད་ཨེ་འགྲོ་བསམས་ནས་བསྡད་ན་ཉི་མ་གཅིག་ཀ་ཁ་སུམ་ཅུས་མི་འདངས་པར་ཀ་ཁ་སུམ་བརྒྱ་དགོས་པའི་དུས་ཚོད་ཅིག་ཀྱང་མི་ཡོང་བའི་ངེས་པ་ཡོད་ནི་མ་རེད། དེའི་ཕྱིར་དང་པོ་ནས་ཆུ་མ་ཡོང་གོང་གི་རགས་བྱས་ཏེ་ཀ་ཁ་སུམ་ཅུ་བོ་འབྲེག་གཏུབས་གཅོད་གསུམ་སྔ་སེ་ནས་བྱོས་མོ།

    Reply
  20. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    གཅིག་གིས་མར་བཤད་ཀི་རེད།

    Reply
  21. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    དང་པོར་སྦྱོངས། དེ་ནས་མི་ཤེས་ན་དག་གསར་རེ་རིག་གསར་སྐབས་ཀྱི་མའོ་ཡི་རྩོམ་དེབ་དམར་པོ་དེ་ཇི་བཞིན་སྔས་མགོར་བཞག་ནས་ཉོལ་སྡོད། ག་རེ་བྱས་ནས་ག་གི་ན་ནས་མང་པོ་ཞིག་རྗོད་བཞིན་ཡོད། དུས་ཚོད་འཕྲོ་རླག་ཏུ་མ་གཏོངས། རྩོམ་ཟེར་ནོ་གཅིན་གཏོང་གཏོང་བྱོས་མོ། སྔོན་གྱི་བརྡ་དག་མཁན་པོ་དེ་ཚོ་ཡང་དེ་རིང་གི་ང་ཚོ་བཞིན་རེད། གཅིག་གིས་ཡར་བཤད་ན་གཅིག་གིས་ཡར་བཤད་ཀི་རེད། དེ་ནས་འདོད་ཚུལ་མི་མཐུན་པ་བྱུང་བ་རེད། དཔེར་ན་གྲུབ་མཐའ་ལྟ་བུ་རེད། ཀ་ཁ་སུམ་ཅུས་ཚུར་ཁ་ནི་གྲག་མི་ཤེས། ཕར་ནི་ག་ཚོད་བཏགས་བཏགས་རེད། གང་ལྟར་སེམས་ལ་ཤར་ཚད་དང་ལག་ལ་ཡོང་ཚད་རེ་ཕྲིས་དང་ཅིག་ལ་བསླེབ་འགྲོ་གི་རེད། ཡ་ད་དེ་བྱོས།

    Reply
  22. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བོད་མི་རེའི་ལག་ན་ཕྲེང་བ་རེ། །བོད་མི་རེའི་ངག་ན་གི་སྒྲ་རེ། །

    གི་སྒྲའི་སྐོར་གླེང་ནས་ཡུན་རིང་ཕྱིན་སོང་། གི་སྒྲ་བརྩད་ཀྱིན་དུ་ཀླད་པ་ཇེ་རྙོག་རེད། ཐ་ན་མདོ་དབུས་ཁམས་གསུམ་གྱི་བོད་མི་ཚོའི་ངག་ན་གཅིག་གྱུར་ཏུ་ཡོད་པའི་ཐུན་མོང་གི་གི་སྒྲ་དེའང་མ་དག་པར་བཤད་དེ་སུམ་རྟགས་དག་གསུམ་གྱི་ལྕགས་རའི་ནང་བཅུག་ནས་དམར་གསོད་བྱས་སོང་། དེང་གི་སྐད་བརྡ་རིག་པའི་ཕ་རོལ་ཏུ་བརྒལ་ཏེ་གནའ་བོའི་བརྡ་སྤྲོད་རིག་པའི་ལྕགས་རའི་ནང་བཅུག་དུས་གཞི་ནས་བོད་མི་ཚོའི་ལྕེ་གཅོད་ཀྱིན་པའི་ཚོར་སྣང་ཞིག་ཀྱང་བྱུང་།

    གི་སྒྲ་ལ་དོན་དངོས་ཀྱི་ཞིབ་འཇུག་བྱེད་མ་ཐུབ་པ། གི་སྒྲ་བཤད་པ་ཙམ་གྱིས་གུ་དོགས་པོ་དང་གོ་བ་ལོག་པ། གི་སྒྲའི་ཁྱབ་རྒྱ་དང་ནུས་པ་མ་ཤེས་པ། གི་སྒྲ་ནི་བརྡ་སྤྲོད་ཀྱི་ནང་ནས་ལུང་དུ་མ་བསྟན་སྟབས་མེད་པར་གཞིར་བཞག་ནས་མ་ཡིན་པར་སྨྲ་བ་སོགས་དེང་སྐབས་གི་སྒྲ་ལ་ཁྱད་གསོད་བྱེད་པ་དང་། རང་གི་སྐད་ཡིག་གི་རྐང་ངོ་མར་གྱུར་བ་གང་དེར་དོ་སྣང་བྱེད་མ་ཐུབ་པའི་དཀའ་ངལ་ཞིག་མུ་མཐུད་ནས་ལྷག་འདུག ༼སང་ཉིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱང་སྲིང་ལ་ཉན་རོགས། ཡིག་སྐད་མ་ཡིན་པར་ཡུལ་ལུང་སོ་སོའི་ཁ་སྐད་ཀྱི་ནང་ནས་གི་སྒྲ་སྒྲོག་གི་རེད། གི་སྒྲ་གཙོ་བོར་བཞག་ནས་གསར་འགྱུར་སྙན་སྒྲོན་ཞུ་གི་རེད། བོད་ཆོལ་ཁ་གསུམ་གྱི་བོད་མི་ཚོས་ཉན་གི་རེད། གོ་གི་རེད།༽

    བོད་སྐད་གཅིག་གྱུར་བྱེད་མ་ཐུབ་པར་འ་ཆད་ཨུ་ཐུག་གི་གནས་སུ་གྱར་བའི་སྐབས་འདིར་ཡང་བོད་མིའི་སྐད་རིགས་ཀྱི་སྲུབ་བཟུང་ལྟ་བུའི་གི་སྒྲ་འདི་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་སོང་། ཁོང་ཚོའི་ཁ་གཡར་ས་ནི་འབྲེལ་སྒྲ་རེད། འབྲེལ་སྒྲ་དང་གི་སྒྲའི་ཁྱད་པར་ཙམ་ཡང་མ་ཤེས་པར། གི་སྒྲ་ནི་བྱ་བའི་སྔ་ཕྱི་སྦྲེལ་བའི་སྒྲ་རེད་ཅེས་གསུང་གིན་འདུག དེས་ན་ཚིག་ཕྲད་ཅེས་པ་འདིའི་གོ་དོན་ཇི་ལྟར་འགྲེལ་དགོས་སམ། གལ་སྲིད་བྱ་ཚིག་གི་སྔ་ཕྱི་སྦྲེལ་དགོས་ཀྱང་བྱ་བའི་སྔ་ཕྱི་དེ་བྱེད་སྒྲས་སྦྲེལ་བ་མ་གཏོགས་འབྲེལ་སྒྲས་སྦྲེལ་དགོས་ཨེ་ཡོད།

    སྔོན་མ་ང་རང་སློབ་འབྲིང་ན་ཡོད་དུས་དགེ་རྒན་གྱིས་གི་སྒྲ་ནི་བྱ་བའི་རྣམ་པ་སྟོན་པའི་སྒྲ་ཙམ་དུ་མ་གཏོགས། འབྲེལ་སྒྲའི་གི་སྒྲ་དང་གཅིག་པ་ཡིན་སྐོོར་ཞིག་གསུང་མ་བྱུང་། གང་ལྟར་གྲོགས་པོ་ཚོས་ད་རེབ་དཔྱིས་ཕྱིན་པ་ཞིག་གླེང་རོགས།

    གི་སྒྲ་དང་མཉམ་དུ་ཀྱིན་དང་གྱིན་འབྲི་བཞིན་པ་འདིར་ཡང་ཞོར་དུ་གཞིགས་རོགས། དུས་ཀྱི་དབང་གིས་གི་སྒྲ་དང་གིན་སྒྲའི་ཁྱད་པར་ཡང་དབྱེ་རོགས། ༼དབུས་པའི་འབྲི་སྟངས་ཀྱི་ཡི་སྒྲ་ལ་བཤད་རྒྱུ་ཅི་ཡོད།༽

    Reply
  23. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ཕྱོགས་ཞེན་མེད་ཅིང་ངང་རྒྱུད་འཇམ་པས་མཁས་པའི་དབང་པོ་ཁོང་ནི་དཔག་བསམ་ལྗོན་པ་ལྟ་བུ་ཞིག་རེད། བོད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་གང་ལའང་མཁྱེན་རྒྱ་ཆེ་ཞིང་གཏིང་མཐའ་མི་མངོན་པའི་མཐའ་ཡས་རྒྱ་མཚོ་ལྟ་བུའང་ཁོང་རེད། འོན་ཀྱང་ལྡོག་ཏུ་མེད་པའི་ཡུལ་དུས་ཀྱིས་འཕོ་འགྱུར་སྣ་ཚོགས་དང་ས་མཐར་ལྷུང་བའི་གཞན་དབང་སྟབས་སྟུན་གྱིས་འཚོ་བའི་གོ་རིམ་བརྒྱུད་མྱོང་བས་དགའ་སྐྱོ་ཟུང་འབྲེལ་གྱི་གཏམ་རྒྱུད་མང་པོ་ཞིག་ཀྱང་མཁས་དབང་ཁོང་ལ་གསུངས་རྒྱུ་ཡོད། མཁས་དབང་ཁོང་ཆོས་སྲིད་གང་ལའང་མཁྱེན་རྒྱ་ཆེ་ཞིང་ལྷག་པར་དུ་བོད་ཀྱི་རྩ་དོན་དང་འབྱུང་འགྱུར་བོད་ཀྱི་ཁ་ཕྱོགས་སོགས་ལ་ཡང་ཐུགས་འཁུར་ཆེ་བཞེས་གནང་མཁན་ཞིག་ཀྱང་ཡིན། ངའི་རྒན་ལགས། སྐྱབས་སུ་མཆིའོ།།།།

    Reply
  24. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ༼ཉམས་ཞིབ་པ་ཁ་ཤས་ཀྱི་སྡོམ་ཐོ་གཞིར་བཟུང་ན། བོད་ཀྱི་བརྡ་སྤྲོད་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་དེ་འཛམ་གླིང་ནང་མི་གྲངས་བྱེ་བ་དྲུག་ལས་བརྒལ་ཞིང་། བོད་པའི་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་ནང་། བོད་པ་ཡིན་མཁན་བརྒྱ་ཆའི་བཅུ་ཙམ་ཡང་ཟིན་མེད་ཚུལ་བཀོད་འདུག༽ ཉམས་ཞིབ་པ་འདི་དག་གི་ཞིབ་འཇུག་དེ་དག་མཐོང་འདོད་ནས་ཤི་ལ་ཁལ་ཅིག་རེད།

    Reply
  25. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཁ་ཉིན་ཨ་ཁུ་བློ་བཟང་སྙན་གྲགས་མཉམ་དུ་ལྡི་ལི་ནས་ངྷ་སར་ཡོང་བའི་བར་དེེར་ཁོང་གིས་ལམ་སྟོན་མང་པོ་ཞིག་གནང་བྱུང་། གཅོ་བོ་དེ་སྔོན་བྱོན་མཁས་པ་དག་གི་ལུགས་གང་ཡིན་པ་དེ་གསལ་བོར་ཤེས་དགོས་པའི་སྐོར་དང་། དེ་བཞིན་དུ་སྔོན་བྱོན་མཁས་པ་དག་ལའང་བཞེད་ཚུལ་མི་འདྲ་བ་ཡོད་སྟབས་གང་དང་གང་གི་ལུགས་ཡིན་པ་གསལ་བོར་འགོད་རྒྱུ་དང་། སོ་སོས་ཅི་འདོད་དུ་མ་འབྲི་རོགས་ཞེས་པ་དེ་རེད། ཁོང་གི་གསུང་དེས་བློ་སྐྱེད་ཧ་ལས་པ་བྱུང་སོང་།

    དེ་ནས་ཁོང་གིས་ང་ལ་སྲུང་བརྩི་དང་སྲུང་གཙིའི་སྐོར་ནས་ཀྱང་བཀའ་འདྲི་གནང་བྱུང་། ལན་ཅིག་འབུལ་ཁུལ་བྱས་ཀྱང་གསལ་བོ་རང་བྱུང་ཡོད་མེད་མ་ཤེས། དེ་རིང་གི་རྩོམ་ཡིག་ནང་དུ་སྲུང་གཙིའི་སྐོར་བཀོད་འདུག་སྟབས། ལན་སྟབས་བདེ་ཞིག་འབུལ་རྒྱུ་ཡང་གལ་ཆེན་དོན་ཆེན་ཡིན་བསམ་ནས་མཆན་འདི་བྲིས་པ་ཡིན།

    སྤྱིར་སྲུང་བརྩི་ཞེས་པ་འདི་དེང་སྐབས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་སྟབས་བོད་པ་ཚོར་མཚོན་ན་འདི་ནོར་འདུག་ལབ་ན་ཕལ་ཆེར་ལབ་མཁན་དེ་ཉེས་ཅན་པ་མི་ཆགས་པའི་ངེས་པའང་མེད། གང་ལྟར་ང་ལ་མཚོན་ན་འདི་ནི་ད་གཟོད་ནོར་བ་རྒྱུན་འབྱམས་ཞེས་པ་དེ་མིན་འགྲོ་སྙམ་ཡོད། གཙིའི་གོ་དོན་ནི་ངས་བལྟས་ན་ནི་དག་ཡིག་གསར་སྒྲིག་གི་ནང་བཀོད་པ་ལྟར་དག་པར་འདོད། གང་ཡིན་ཅེ་ན། སྒྲིག་ལམ་གཙི་བ་དང་སྒྲིག་ལམ་སྲུང་བ་གཉིས་ནི་རྩ་བའི་ཆ་ནས་དོན་གཅིག་རེད། ཆག་དང་འཇིག་གཉིས་གོ་དོན་འདྲ་བའི་ཆ་ནས་གཉིས་ཀ་མཉམ་དུ་སྒྲིལ་ཏེ་ཆག་འཇིག་ཅེས་པའི་མིང་ཚིག་ཅིག་གྲུབ་པ་དང་འདྲ་བོ་རེད། མིང་འདིའི་རིགས་ཇི་ལྟར་གྲུབ་མིན་ནི་ཨ་ལགས་དམུ་དགེ་ཚང་གི་ཕྱག་དཔེ་ལ་གཟིགས་ན་ད་གཟོད་ཅུང་གསལ་ཁ་ཡོང་གི་རེད་སྙམ། ཡིན་ཡང་། སྲུང་བ་དང་བརྩི་བ་གཉིས་ལ་དེ་ཙམ་གྱི་འབྲེལ་བ་ཡོད་པ་མ་རེད། ད་དུང་ཁྲིམས་ཐོག་ལ་ཁྱེར་ན་ཚིག་འདི་གཉིས་ཀྱི་གོ་དོན་ཁ་ཁར་གྱེས་སླ་བོ་ཆགས་གི་རེད།

    Reply
  26. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ནས་སྒྲ་ནི་དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཁྲོད་བྱེད་སྒྲ་དྲུག་པ་དེ་ཆགས་ཡོད་པ་རེད། སྔོན་ཆད་ཨ་ལགས་དམུ་དགེ་ཚང་གིས་ནས་སྒྲ་ཡི་སྐོར་ནས་བཀའ་བཀྱོན་ཞིག་གནང་ཡོད། ཁོང་གིས་དེང་སྐབས་བྱེད་སྒྲའི་ཚབ་ཏུ་འབྱུང་ཁུངས་ཀྱི་ནས་སྒྲ་སྤྱད་དེ། ཅིག་ཅིག་ནས་བྲིས། ཉིག་ཉིག་ནས་བསྐུར། ཞེས་པ་སོགས་མ་དག་པ་འབྲི་མཁན་མང་དུ་འབྱུང་བཞིན་པར་གསུངས་སོང་།

    Reply
  27. དགེ་འདུན་རབ་གསལ། says:
    ལོ་ 16 སྔོན།

    དེ་རིང་རྩོམ་ཡིག་འདི་མཐོང་མ་ཐག་མཆན་ཞིག་འབྲི་དགོས་བསམས་ནས་སེམས་ལ་འཚབ་ཤ་ཞིག་སླེབས་ཐལ། ཐོག་མཪ་བློ་སྙན་ལ་བཀྲ་ཤིས་བདེ་ལེགས་ཤིག་ཞུ་འདོད་བྱུང་། མ་མཇལ་ཡུན་རིང་ཁར་དགེ་བཤེས་མཚན་རྟགས་ཀྱང་བཞེས་པ་ཐོས་ནས་སྙིང་དགའ།
    སྐད་ཡིག་གི་ཐད་མིང་རྐྱང་གཅིག་གྱུར་ཡོང་ཐབས་གསུངས་པ་དེ་དག་ནི་དེ་དེ་བཞིན་ནོ་ཞེས་ཞུ་རྒྱུ་ལས་མི་འདུག
    དེ་མིན་བཀའ་བསྟན་གསུང་འབུམ་དང་བཅས་པ་ལུང་དྲངས་ནས་བོད་ཀྱི་སྐད་ཡིག་འདི་ལ་ཕུན་སུམ་ཇེ་ཚོགས་སུ་གནང་བཞེད་པ་ནི། ཕལ་ཆེར་རང་ལྟ་མཆོག་འཛིན་གྱི་ཨུ་ཚུགས་ཤིག་ལས་ཅི་ཡང་མི་འོང་བ་རེད་དྲན། འདིའི་རྒྱུ་མཚན་ནི། བོད་ཀྱི་ད་ཡོད་བརྡ་སྤྲོད་ཀྱི་རྩ་འགྲེལ་ཡོངས་སུ་རྫོགས་པ་འཁྱེར་ཡོང་ན་ཡང་། བོད་ཀྱི་སྐད་ཡིག་གི་བརྡ་སྤྲོད་གཞུང་ལུགས་སྤྱིའི་ཆ་ནས་སུམ་ཆ་གཅིག་མ་གཏོགས་མེད་པས་རེད། དེ་ནི་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ད་ཡོད་རྣམས་ཆ་མི་ཚང་བ་དང་ཁ་འཐོར་ཞིག་ཡིན་པས་རེད། དཔེ་མཚོན་ཞིག་བཞག་ན། ཀྱང་འང་ཡང་རྒྱན་སྡུད་རེད་ཅེས་བཀྲལ་ཡོད་པ་རེད་ལ། དེ་མཚུངས་ཀྱི་འཇུག་པ་ལ་ཡང་དོན་གྱི་འཇུག་ཚུལ་དང་སྒྲའི་འཇུག་ཚུལ་སོགས་བཀོད་ཡོད། འོན་ཀྱང་། དངོས་སུ་ལག་ལེན་སྐབས་ བྱེད་པ་པོ་དང་བྱ་བའི་ཡུལ། བྱ་ཚིག ལ་དོན་གྱི་ཕྲད། བྱེད་འབྲེལ་གྱི་ཕྲད་སོགས་ཀྱི་རྗེས་སུ་སྦྱར་སྐབས་སྦྱོར་ལུགས་འདི་ཡིན་ཞེས་གསལ་ཁ་མེད་པ་རེད། འདི་ནི་དཔེ་མཚོན་རང་ཡིན། དེས་ན་ཆ་མི་ཚང་བ་ཞིག་ལ་ཆ་ཚང་འདུག་ཅེས་ཨུ་ཚུགས་བྱས་ནས་ཅི་ཕན།
    དེ་ཙམ་ཡིན་ནོ།།

    Reply
  28. བློ་གྲོས་རྣམ་རྒྱལ། says:
    ལོ་ 16 སྔོན།

    ༼རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་༽ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་ཞིག་གི་ནང་ཀྲོ་མ་ཀྲོ་ལ་ལྡུམ་སྒོང་ཞེས་བྲིས་འདུག་གསལ་པོར་དྲན་བྱུང་། དེ་ཕལ་ཆེར་གསར་བཟོ་བྱས་པ་ཞིག་མིན་ནམ་བསམ། གཞན་བོད་ཀྱི་སྨན་གཞུང་ནང་ངོས་འཛིན་གྱི་མིང་ཞིག་ཡོད་དུ་ཆུག་ཀྱང་། ད་བར་ངོ་འཕྲོད་བྱུང་པ་ཞིག་ཧ་ལམ་མེད་ཚོད་ཡིན་སྙམ།

    Reply
  29. chokri nyima says:
    ལོ་ 16 སྔོན།

    འོང་ལངས་ལགས།
    ཚིག་གི་དག་ཆ་གཅིག་ཀྱང་མ་ནོར་བ་འབྲི་མ་ཐུབ་ན་མི་དེས་དོན་མི་གོ་གསུངས་པ་ཡིན་ན་ཅང་ཟད་ཐལ་དྲག་པ་མིན་འགྲོ་བསམ་གྱིས་འདུག
    ཁྱེད་ལ་རྩོད་པ་རྒྱག་འདོད་ཡོད་ན་གནས་ལུགས་ལྡན་པའི་སྐད་ཆ་དང་དངོས་སྟོབས་རིག་སྒྲུབ་བྱེད་ཡོད་ཁུར་ནས་ཕེབས་ཤོག

    དེ་མིན་ཉེར་རིང་ཆགས་སྡང་གིས་གཏམ་བཤད་རྫིག་པོ་རེ་སྤེལ་ཡང་ཕན་ཐོག་ཅི་མེད་དོ།

    Reply
  30. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོས་ད་རེབ་ཨ་ཁུ་བློ་བཟང་སྙན་གྲགས་ལགས་ཀྱི་དགོངས་ཚུལ་འདི་གཞིར་བཟུང་ནས་རང་རང་གི་བསམ་ཚུལ་གང་ཡིན་དང་། ཁུངས་ལུང་ཅི་ཡོད་ཀྱི་ཕྱོགས་ནས་གླེང་རྒྱུ་གལ་ཆེན་པོ་རེད། ཁོང་ལ་མཚོན་ན་ཁྲིད་རྒྱུན་ཆ་ཚང་བ་ཡོད་མཁན་དང་། ཉེ་རབས་ཀྱི་མཁས་དབང་དག་གི་ཞབས་ལ་གཏུགས་ནས་བོད་ཀྱི་སྐད་ཡིག་གི་བརྡ་དག་ཕྱོགས་ལ་ཤིན་ཏུ་ནས་ཐུགས་རྒྱུས་ཡོད་མཁན་ཞིག་རེད།

    གལ་སྲིད་གོ་སྐབས་བྱུང་ན་ང་ཚོས་ཨ་ཁུ་བློ་བཟང་སྙན་གྲགས་ལགས་ལ་དྲ་གྲོགས་ཚོའི་དོགས་གཅོད་སྐོར་ལ་ལན་འདེབས་རེ་གནང་རྒྱུའི་འབོད་སྐུལ་ཡང་ཞུ་ཆོག་གི་རེད།

    ད་རེེས་དང་ད་རེབ་གཉིས་ཀྱི་ཕྱོགས་ནས་གང་དག་མིན་ཡང་རྣམ་པ་ཚོས་དཔྱད་རོགས། གོ་དོན་ངོ་མ་ནི་༼ད་ཐེངས་༽ ཞེས་པ་དེ་རེད།

    Reply
  31. chokri nyima says:
    ལོ་ 16 སྔོན།

    tomato་་་་་་་་་་་་་་་་་་་་་་་་ལྡུམ་སྒོང།
    cauliflower་་་་་་་་་་་་་་་མེ་ཚལ་དཀར་པོ།
    eggplant་་་་་་་་་་་་་་་་་་་་རྡོ་ལུ་མ།
    papaya་་་་་་་་་་་་་་་་་་་་་་་སེ་ཡབ།
    orange་་་་་་་་་་་་་་་་་་་་་་་རྒྱ་སིལ།
    banana་་་་་་་་་་་་་་་་་་་་་་ངང་ལག སྐྱེ་སྟོང
    ཞེས་པ་འདིའི་རིགས་ནི་ང་རང་ཚོའི་བོད་ཡིག་སྣུམ་ཟད་མར་མེ་བཞིན་དུ་བཏང་རྐྱེན་གྱི་ཐ་སྙད་རྣམས་རེད་དོ།

    Reply
  32. chokri nyima says:
    ལོ་ 16 སྔོན།

    ཤ་ཕྲག་རུས་གསུམ་ལགས།
    molden tibetan dictionary་ནང་དུ་འདུག

    Reply
  33. འོས་ལངས། says:
    ལོ་ 16 སྔོན།

    རོང་བོ་བློ་བཟང་སྙན་གྲགས་ཀྱི་རྩོམ་དེ་ཧ་ཅང་ཡིད་ལ་འཐད་པ་ཞིག་བྱུང་སོང་། དེ་ནི་བོད་ཀྱི་རིག་གནས་ལ་རྒྱུས་མངའ་ཆེ་བའི་དཔང་རྟགས་གསལ་པོ་ཞིག་རེད། བོད་ཀྱི་རིག་གནས་ཀྱི་ཆུ་ཚད་མཐོན་པོ་དགོས་མཁན་ཞིག་གི་ངོས་ནས་ཐོག་མར་བོད་ཀྱི་བརྡ་སྤྲོད་ཀྱི་ཕྱི་མོ་སུམ་རྟགས་དག་གསུམ་གྱི་དགོངས་དོན་དཔྱིས་ཕྱིན་པ་ཞིག་གམ། ཡང་ན་གང་ལ་གང་འཚམས་ཤིག་ངེས་པར་དུ་སྦྱོང་དགོས་པ་ནི་གནད་ཀྱི་དོན་པོ་རེད། དེ་མིན་ང་ཚོས་རྒྱུན་དུ་མཐོང་བཞིན་པའི་ཡིག་ནོར་གྱི་ཚོགས་ཀྱིས་མ་འོངས་པར་བོད་ཀྱི་རིག་གནས་ལ་ཤན་ཞུགས་ངན་པ་ཐེབས་ཉེན་ཆེ་བར་འདོད།

    Reply
  34. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཆོས་ཀྱི་ཉི་མ་ལགས། བོད་ཀྱི་སྨན་གཞུང་གང་ཞིག་དུ་ཀྲ་མ་ཀྲོ་ལ། བོད་མིང་སྔ་མོ་ནས་ཡོད་རབས་འདུག དེ་ནི་བོད་ཀྱི་སྨན་གཞུང་ཤེས་མཁན་ཞིག་ལ་དེའི་བསྐོར་ཞིག་འདྲི་ས་ཡོད་ན་ཞིབ་དུ་འདྲི་རོགས་གནོང་། ངས་ཀྱང་ཉེ་སྔོན་ཀྲ་མ་ཀྲོའི་མིང་ལ་བོད་མིང་གིས་བླ་མ་སྨན་ཐང་ཟེར་ནས་འབོད་ཀྱི་ཡོད་པ་རེད་ཅེས་བཤད་མྱོང་ཡོད་ལ། དེའི་ནུས་པ་ཁྲག་ལ་ཕན་པ་སོགས་མང་བོ་ཞིག་བོད་ཀྱི་སྨན་གཞུང་དུ་ཡོད་རབས་ངས་སྔོན་ཆད་སྤུན་ཟླ་ཞིག་གི་ཁ་ནས་གསལ་བོ་ཞིག་གོ་བ་ཡིན། རེད་དེ། ད་ལྟ་དྲན་ངོས་སུ་མི་འདུག་པ་ནི། སྤུན་ཟླ་སུ་ཞིག་གིས་གསུངས་མིན་དེ་ང་རང་གི་དྲན་གྱི་མི་འདུག་ལགས། ལྡུམ་སྒོང་ཟེར་བ་ཞིག་དེ་རིང་མ་གཏོགས་གོ་མ་སོང་ལགས། ཡིན་ན་ཐ་སྙད་དེ་གང་ནས་གསར་བཟོ་བྱས་མིན་སོགས་གསལ་འགྲེལ་ཞིག་རྒྱག་རོགས་ཞུ།

    Reply
  35. chokri nyima says:
    ལོ་ 16 སྔོན།

    ཨེ་ལྷོ་ཕྲུག་སྣ་བོ་ཆེན་ག་ན་ཡོད་གནས་དོན་འདིར་གཅིག་གསུངས་དང།

    Reply
  36. chokri nyima says:
    ལོ་ 16 སྔོན།

    གྲོ་མ་གྲོ་ལ་ལྡུམ་སྒོང་ཞེས་འབོད་ན་བོད་མི་ཚོས་མདོ་རྒྱུད་གཙུག་ལག་རྒྱ་མཚོ་ལྟར་བུ་འདིའི་དོན་གོ་སླ་བ་དང་གྲོ་མ་གྲོ་ཞེས་འབོད་ན་གོ་མི་སླ་བའི་རྒྱུ་མཚོན་ཇི་གསུངས་ཀྱིས་ཡོད་དམ།

    Reply
  37. chokri nyima says:
    ལོ་ 16 སྔོན།

    ད་རུང་གཟབ་དགོས་པ་ཞིག་ལ་དེང་སང་མི་མང་པོས་མཁས་མདོག་དང་སེམས་ཤུགས་ཡོད་མདོག་བྱེད་ནས་ཐ་སྙད་གསར་བཟོ་སྐབས་སུ་དོན་གཅིག་ལ་ཐ་སྙད་མི་འདྲ་བ་བརྡ་སྦྱར་ངེས་པའི་མ་འོང་ཐ་སྙད་སོ་སོར་གཅིག་གྱུར་མི་ཡོང་བ་ནི་མངོན་སུམ་གྱིས་གྲུབ་ཐུབ།

    དོན་གཅིག་ལ་ཐ་སྙད་མི་འདྲ་བ་མང་པོ་འབོད་ན་མཁས་དབང་དགེ་ཆོས་ཀྱིས་གསུངས་པ་བཞིན་རེད་དོ།

    Reply
  38. chokri nyima says:
    ལོ་ 16 སྔོན།

    གང་ལ་གང་འདོད་དེ་ལ་དེ་སྟོན་པ། སྟོན་པ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ་ཞེས་གསུངས་པ་བཞིན་ཐ་སྙད་གསར་པ་སྟོན་འབེབས་བྱེད་དུས་གཙོ་བོ་རྒྱལ་ཁབ་༣༨་ནང་དུ་ཡོད་པའི་བོད་མི་ལ་བརྟེན་ནས་སྟོན་འབེབས་ན་བཟང་དེ་མིན་ཚིག་སྐོམ་ཁ་ལ་བྱང་མཁས་པ་ཁ་ཅིག་ལ་བརྟེན་ནས་སྟོན་འབེབས་བྱ་མི་རུང་ཞུ་རྒྱུ་ཡིན།

    Reply
  39. chokri nyima says:
    ལོ་ 16 སྔོན།

    རྒྱལ་ཁབ་༣༨་ནང་དུ་ཁ་ཐོར་རུ་གནས་པའི་བོད་མི་རྣམས་ཀྱིས་ཁ་ནས་འབོད་དུས་གྲོ་མ་གྲོ་དང་ལག་པས་འབྲི་དུས་ལྡུམ་སྒོང་ཞེས་འདིས་རྐྱེན་བྱེད་ནས་བོད་ཡིག་དང་བོད་མི་བར་ཐག་རིང་དུ་སོང་བ་ཞིག་རེད།
    གྲོ་མ་གྲོ་ཞེས་པ་དེ་ཕྱི་གླིང་པའི་སྐད་དེ་འདོད་པ་དང་ལྡུམ་སྒོང་ཞེས་པ་དེ་བོད་རང་སྐད་དུ་འདོད་པ་དེ་ནི་མི་རུང་སྟེ། གྲོ་མ་གྲོ་ཞེས་པའི་ཐ་སྙད་འདི་བོད་སྐད་འདོད་རུང་བས་ཕྱིར། གལ་སྲིད་འཛམ་གླིང་ཅ་དངོས་གསར་པ་རྣམས་ལ་འདི་འདྲ་མིང་ལྷག་རེ་འདོགས་ནས་ཁྱབ་ཆེ་བའི་དངོས་མིང་རྒྱབ་ལ་སྐྱུར་ནས་མིང་ལྷག་གི་ཐོག་ནས་བོད་ཡིག་བེད་སྤྱོད་བྱེད་པས་ལུགས་ངན་འདིས་རྐྱེན་གྱིས་བོད་ཕྱི་ནང་གཉིས་གོ་བརྡ་འཕྲད་མི་ཐུབ་པ་དང། གྲོ་མ་གྲོ་ཟ་ཤེས་མཁན་རྟོགས་མཁན་རྣམས་ལ་ལྡུམ་སྒོང་ཞེས་འབོད་དུས་དོན་མི་གོ་བ་དང། ཤེས་རྟོགས་མྱོང་གིས་གྲུབ་པའི་ཅ་དངོས་རྣམས་བོད་ཡིག་གིས་ཐོག་ནས་བོད་མི་ལ་གོ་བརྡ་མི་འཕྲད་དུས་མདོ་རྒྱུད་གཙུག་ལག་རྒྱ་མཚོ་ལྟར་བུ་འདིའི་གོ་དོན་སུ་ཡིས་རྟོགས་ཐུབ་བམ།

    Reply
  40. chokri nyima says:
    ལོ་ 16 སྔོན།

    དེ་ཡང་མིང་བརྡ་གསར་བཟོ་སྐབས། རྒྱུ་དང་རྐྱེན། ངོ་བོ་དང་བྱེད་ལས། དབྱིབས་དང་རྣམ་པ། འདྲ་བ་དང་འབྲེལ་བ། མངོན་བརྗོད་སོགས་གང་གི་སྒོ་ནས་མིང་བཏགས་ཀྱང། འཚོ་བའི་ནང་བཀོལ་སྤྱོད་བྱེད་སྐབས་བག་ཆགས་བཟང་ཕྱོགས་སུ་ཐེབས་ཐུབ་པ་དེ་འདྲ་མང་ཙམ་བཟོ་ཐུབ་ན། ཞེས་སྐུ་ཉིད་ནས་གསུངས་པ་དེར་བསམ་ཚུལ་ཞིག་ཞུ་འདོད་བྱུང།
    དཔེ་ན་གྲོ་མ་གྲོ་ཞེས་པའི་ཐ་སྙད་ཀྱི་དོད་ལ་ལྡུམ་སྒོང་ཞེས་པ་འདི་རྒྱུ་ལྡུམ་བུ་དང་དབྱིགས་སྒོང་ང་ལྟར་བུ་ཡིན་པས་རྒྱུ་མཚོན་དུ་བྱས་ནས་བཏགས་པ་ཞིག་རེད།
    ཡིན་ཡང་གྲོ་མ་གྲོ་ཞེས་པའི་ཐ་སྙད་འདི་འཛམ་གླིང་སྤྱི་ལ་ཁྱབ་ཆེ་བ་དང་བཙན་བྱོལ་བོད་མི་མང་གི་ཁ་ལ་གོམས་ཤུགས་ཆེ་བའི་ཐ་སྙད་ཞིག་རེད།

    Reply
  41. chokri nyima says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས་ལྷ་རབས་པ་བློ་བཟང་སྙན་གྲགས་ལགས།

    Reply
  42. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    མཚོ་ཚང་བཀྲ་ཤིས་ལགས། ཉིད་ཀྱི་བསམ་ཚུལ་དེ་ཧ་ལས་པི་ཡག་པོ་རེད། ང་ཚོས་ཀྱང་བསམ་བློ་གཏོང་བཞིན་པ་ཡིན། ༼ངའི་གསར་འགྱུར།༽ ཞེས་པའི་ལེ་ཚན་ཞིག་གོ་སྒྲིག་བྱེད་དགོས་བསམ་བསྡད་ཡོད། གསར་འགྱུར་དེ་ནི་འཛམ་གླིང་གི་ས་ཆ་གང་སར་ཡོད་པའི་བོད་རིགས་སུས་ཀྱང་རང་རང་ས་ཆ་ནས་བྱུང་བའི་ཉིན་རེའི་གསར་འགྱུར་རྣམས་སྤེལ་ཐུབ་པ་ཞིག་ལ་བསམ་བློ་གཏོང་གིན་ཡོད། ཡིན་ཡང་། ལག་རྩལ་བ་གནས་སྐབས་འདིར་བསྡད་མེད་སྟབས་ལས་ཀ་མང་པོ་ཞིག་ད་དུང་ལྷག་བསྡད་ཡོད།

    Reply
  43. ཟླ་བ་གཞོན་ནུ། says:
    ལོ་ 16 སྔོན།

    དུས་བབ་ཚང་གི་གི་སྒྲ་དེ་ལ་ཅུང་མཉམ་འཇོག་དགོས་པར་འདོད།
    ཞུ་གི་ཡོད། ཟ་གི་ཡོད། འགྲོ་གི་ཡོད། ལྟ་བུ་རྣམས་ལ་ནི་ཞུ་བཞིན་ཡོད། ཟ་བཞིན་ཡོད།
    འགྲོ་བཞིན་ཡོད་ཅེས་བྲིས་ན་ཡག་ཤོས་སུ་མཐོང་ངོ༌།།

    Reply
  44. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    དུས་བབ་རྩོམ་སྒྲིག་པ་ལགས། ཕྲན་གྱི་རེ་བར་ཁྱེད་ཅག་ནས་ གསར་འགྱུར་ཚིག་གཅིག་མའི་ས་དམིགས་ཤིག་བཟོ་རོགས་གནང་ གང་ལགས་ཟེར་ན་སྐབས་རེ་ང་ཚོ་མང་པོ་ཞིག་ལ་དུས་ཚོད་ཀྱིས་རྐྱེན་པས་གསར་རྒྱུར་རིང་པོ་དག་ཀློག་ཐུབ་ཀྱི་མི་འདུག ཕྲན་གྱི་རེ་བ་འདི་སྣང་མེད་དུ་མི་འཇོག་པ་མཁྱེན། ཐུགས་རྗེ་ཆེ།

    Reply
  45. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས། ཉིད་ཀྱིས་གསལ་བཤད་དུས་ཐོག་དུ་གནང་བ་དེར་བཀའ་དྲིན་ཆེ་ལགས། རེད་དེ། དབྱིན་ཡིག་མི་ཤེས་མཁན་གྱི་བོད་མི་ད་དུང་ཡང་། བརྒྱ་ཆའི་དགུ་བཅུ་ཡིན་ཟེར་ན་མ་འགྲིག་པ་མེད་དུས། དེ་ཙམ་གྱིས་བདེན་པར་ངོས་འཛིན་བྱེད་དཀའ་བ་ཞིག་མ་རེད་དམ་ལགས། གང་ལྟར། ཉིད་ཀྱིས་ལྗགས་ལན་དུས་ཐོག་དུ་གནང་བ་དེར་སེམས་གཏིང་ནས་དགའ་སོང་ལགས།

    Reply
  46. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས། བོད་རང་གི་སྐད་ཡིག་གི་ལམ་ནས་འགྲེལ་བཤད་རྒྱག་ལོས་ཀྱང་ཐུབ། ཡིན་ཡང་། དེང་སྐབས་འདི་ལྟའི་ནད་ཡམས་ཤིག་ག་ང་གང་དུ་ཁྱབ་ཡོད་སྟབས་ང་ལའང་དེ་འགོས་པ་རེད། རྗེས་ཕྱོགས་གཟབ་གང་ཐུབ་བྱ་ངེས་ཡིན།

    གོང་གི་དབྱིན་ཚིག་དེ་ནི་ཚང་མས་ནོར་མི་སྲིད་མོད། མགྲོན་ཁང་དང་འགྲུལ་ཁང་གཉིས་ནི་ཕལ་ཆེ་བས་ནོར་བསྡད་པའི་རྐྱེན་གྱིས་དབྱིན་ཚིག་དེ་ཡང་འདིར་མི་འདྲེན་ཀ་མེད་ལས་ཀ་ཐུག་པ་ཡིན།

    Reply
  47. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས། ང་ཚོས་ག་དུས་ཡིན་ཡང་མིང་ཚིག་ཞིག་གི་རྒྱབ་བརྟེན་འཁུར་ནས་འོང་དུས་དབྱིན་ཚིག་གི་རྒྱབ་བརྟེན་བྱེད་དགོས་དོན་དེ་གང་ཡིན་ནམ། འུ་ཅག་གིས་སྐད་ཡིག་འདིས་ས་རྒྱ་ཞིག་ཆོད་ཀྱི་མེད་པ་རེད་དམ་ལགས། ང་ཚོ་རང་གི་སྐད་ཀྱི་སྟེང་ནས་འགྲེལ་བཤད་ཞིབ་མོ་ཞིག་བྱེད་ས་མི་འགྲོ་བ་ཡིན་ནམ་ལགས།

    Reply
  48. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    མགྲོན་པོ་དང་འགྲུལ་བ་གཉིས་ཀྱི་དབྱེ་བ་མ་ཕྱེ་བར་དེང་སྐབས་འགྲུལ་ཁང་ལའང་མགྲོན་ཁང་ཞེས་མིང་བཏགས་པ་རེད། འགྲོན་ཁང་ཞེས་པ་དེ་ཡང་འགྲུལ་ཁང་ལྟར་འགྲོ་འོང་བྱེད་མཁན་དག་གི་གནས་ཚང་གཡར་སའི་ཁང་བ་ཞིག་ལ་གོ་ན་ནི་འགྲིག་པར་འདོད། དེང་སྐབས་ཀྱི་ Guest House ལྟ་བུ་རེད། འོན་ཀྱང་མགྲོན་ཁང་གི་དོན་ཡིན་ཚེ་གོ་དོན་ནོར་མེད་འགྲོ་བསམ།

    Reply
  49. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ལྷོ་ཕྲུག་སྣ་བོ་ཆེ་ལགས། ཉིད་ཀྱི་དགོངས་ཚུལ་ལྟར་རྩོམ་ཡིག་དེ་དག་རག་ཐབས་ལ་འབད་བརྩོན་བྱ་ངེས་ཡིན། གོང་གི་རྩོམ་ཡིག་འདི་ནི་ཉིན་ཤས་གོང་ང་རང་སེར་བྱེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ལགས་དང་མཉམ་དུ་ལྡི་ལི་ནས་ངྷ་སར་ཡོང་བའི་སྐབས་ཁོང་གིས་དུས་བབ་གསར་ཁང་ལ་སྤྲོད་རྒྱུའི་ཁས་ལེན་གནང་བ་ལྟར་འདིར་བཀོད་པ་ཡིན། མཚན་མོ་དེར་སྤྱི་སྤྱོད་རླངས་འཁོར་ནང་ནས་ལམ་ཐག་རིང་བོ་ཞིག་བཅད་ནས་ཡོང་སྐབས་ཁོང་གིས་ང་ལ་གནད་དོན་དི་དག་གི་སྐོར་ནས་དགོངས་ཚུལ་མང་པོ་ཞིག་གསུངས་བྱུང་།

    ཚོགས་ཞུགས་གནང་མ་ཐུབ་ཀྱང་དྲ་གྲོགས་ཚོས་དྲ་ཐོག་ནས་གནད་དོན་འདི་དག་གི་སྟེང་ལ་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད་པའི་རེ་བ་ཡོད།

    Reply
  50. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཐེངས་འདིའི་བགྲོ་གླེང་ལ་ཕེབས་པའི་མཁས་པ་གཞན་དག་གི་དཔྱད་རྩོམ་རྣམས་ཀྱང་འབྲེལ་ཡོད་ལ་འདྲི་བརྩད་ཀྱིས་འདི་ལྟར་ཚགས་ཐོག་ཏུ་འགོད་ཐུབ་ཚེ་དགེ་མཚན་ཆེ་བ་སྙམ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese