མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མ་གཉོམ་སོང་བ་མ་རེད།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ལྡི་ལི་བརྙན་འཕྲིན་ཁང་ལ་སྲིད་འཛིན་ཨོ་བྷ་མ་བོད་དོན་ཐད་ནས་རྒྱ་ནག་གི་ཐོག་གཉོམ་སོང་བ་མ་རེད། ཁོང་གིས་རྣམ་པ་གསར་པ་ཞིག་འདོན་གྱིན་ཡོད་པ་རེད་ཅེས་གསུངས་འདུག

ཕྱི་ཚེས་ ༢༢ ཉིན་༧གོང་ས་མཆོག་གིས་ལྡི་ལིའི་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྐབས་སྲིད་འཛིན་ཨོ་བྷ་མའི་རྒྱ་ནག་གི་གཟིགས་སྐོར་དང་ཁོང་གི་བོད་དོན་གྱི་ལངས་ཕྱོགས་བཅས་ལ་བཀའ་ལན་གནང་ཡོད་པ་རེད། ༧གོང་ས་མཆོག་གིས་གསུངས་དོན། བོད་དོན་གྱི་ཕྱོགས་ནས་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་གི་ཐོག་གཉོམ་སོང་བ་མ་རེད། རྣམ་པ་གསར་པ་ཞིག་བཏོན་པ་རེད། ཅེས་གསུངས་ཡོད།

བོད་པ་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ཐེངས་འདིར་སྲིད་འཛིན་ཨོ་བྷ་མ་མཆོག་པེ་ཅིན་དུ་ཕེབས་དུས་བོད་དོན་དེ་གལ་ཆེན་དོན་ཆེན་དུ་བརྩིས་ནས་གླེང་མ་སོང་བའི་སྐོར་ལ་སྐྱོན་བརྗོད་རིམ་པར་བྱས་དང་བྱེད་བཞིན་ཡོད་པ་རེད།

དེ་བཞིན་དུ་ཉེ་ལམ་༧གོང་ས་མཆོག་ཨ་ཤིན་ཊོན་ཌེ་སེ་ལ་ཕེབས་སྐབས་སྲིད་འཛིན་ཨོ་བྷ་མས་ཁོང་ལ་མཇལ་འཕྲད་མ་གནང་བའི་སྐོར་ལ་ཁོང་གིས། སྲིད་འཛིན་ཨོ་བྷ་མས་ངོས་རང་ལ་ཐུག་འཕྲད་མ་གནང་བ་དེར་ངོས་རང་བློ་ཕམ་བྱུང་མ་སོང་ཞེས་གསུངས་ཡོད་པ་རེད།

ཡང་ཁོང་གིས་ཕྱི་ཚེས་ ༢༤ ཉིན་སྲིད་འཛིན་ཨོ་བྷ་མ་དང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་རྣམ་གཉིས་ཝ་ཤིན་ཊོན་ཌེ་སེ་ནས་མཇལ་འཕྲད་སྐབས་སུ་སྲིད་འཛིན་ཨོ་བྷ་མས་རྒྱ་གར་གྱི་སྲིད་བློན་མཉམ་དུ་བོད་དོན་གླེང་ངེས་པའི་ཡིད་ཆེས་ཡོད་ཅེས་ཀྱང་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༡༨ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༢༠ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

མཆན། 19

  1. ཨ་རུ་ར། says:
    ལོ་ 16 སྔོན།

    ལས་མེད་ལང་ཚོ་རྒྱས་པའི་ཕྱུག་པོ་ཚོ། །དོན་མེད་སྟོང་གཏམ་བཤད་པའི་དཔྱད་ལྡན་ཚོ། །བོད་པའི་ལ་རྒྱ་རྩོད་པའི་དཀྲུགས་ཤིང་ཚོ། །དབྱངས་གསལ་སོ་བཞི་ཤེས་པའི་མཁས་པ་ཚོ། །

    Reply
  2. ཡེ་ཤེས། says:
    ལོ་ 16 སྔོན།

    སྲིད་དོན་པའི་རྩེད་ཆས་སུ་གྱུར་བའི་བོད།

    ཐེངས་འདིར་ཨ་རིའི་སྲིད་འཛིན་ཨོ་བྷ་མཱ་རྒྱ་ནག་གཙོས་པའི་ཨེ་ཤ་ཡའི་ཡུལ་གྲུ་ཁག་ལ་ལྟ་སྐོར་དུ་བསྐྱོད་ཡོད་པ་དང༌། ཨོ་བྷ་མཱ་ཐོག་དང་པོ་རྒྱལ་ས་ཝ་ཤིན་ཀྲོན་ནས་ཉི་ཧོང་ལ་ལམ་དུ་ཆས་སྐབས་ཀྱི་ཉིན་དེར་ང་རང་སྲིད་འཛིན་ཨོ་བྷ་མཱའི་ཕོ་བྲང་དཀར་པོའི་མདུན་དུ་གསར་འགོད་དུ་བསྐྱོད་པ་ཡིན། ཡིན་ན་ཡང་ཉིན་དེར་ཆར་བ་ཤུགས་ཆེན་བབ་པ་དང་རླུང་གཡུག་པ་ལ་བརྟེན་ནས་ངས་རང་ཉིད་ཀྱི་འདོད་པ་ཁེངས་པའི་གསར་འགྱུར་ཞིག་བརྙན་འཕྲིན་བརྒྱུད་རྒྱུད་བསྒྲགས་བྱ་ཐུབ་མ་སོང༌། མིའི་རིགས་འདི་ག་དུས་ཡིན་ན་ཡང ཁ་གཡོར་སའི་རྒྱུ་མཚན་ཞིག་འཚོལ་བར་དགའ་བས་ངས་ཀྱང་ཉིན་དེར་བརྙན་འཕྲིན་གསར་འགྱུར་འདོད་པ་ཁེངས་པ་ཞིག་ཡོང་མ་ཐུབ་པ་དེ་གནམ་གཤིས་ལ་འཁང་ར་བྱས་པ་ཡིན།

    ཨོ་བྷ་མཱ་ཉི་ཧོང་ལ་འཕུར་བའི་ལམ་བར་ནས་བྱང་ཨ་མེ་རི་ཀའི་གྲོང་ཁྱེར་ཨ་ལ་སི་ཁཱ་རུ་གཟིགས་སྐོར་དུ་ཕེབས་ཏེ་དེར་ཡོད་པའི་དམག་མི་དང་མཇལ་འཕྲད་ཀྱིས། སྲིད་འཛིན་གྱིས་དམག་དོན་ཐད་ནས་ཨ་རིའི་གཞུང་གིས་ཨབ་གྷན་ནི་སི་ཐན་ནང་དམག་མི་ཁ་སྣོན་བྱ་དགོས་པ་དེ་གནད་འགག་ཆེ་ཤོས་སུ་ཆགས་ཡོད་པས། ཨབ་གྷན་ནི་སི་ཐན་ནང་དམག་མི་མང་དུ་གཏོང་རྒྱུ་ཐེངས་འདིའི་གཟིགས་སྐོར་སྐབས་དམག་དོན་གྱི་ཐད་ནས་གྲོས་མོལ་བྱ་རྒྱུ་ཡིན་པ་དང༌། མི་མང་གི་རྒྱབ་སྐྱོར་དང་དོ་སྣང་ཡོང་བར་འབད་པ་བྱ་རྒྱུ་ཡིན་པར་བརྗོད་ཡོད་པ་རེད། དེའི་རྗེས་ཉི་ཧོང་ནས་ཉི་ཧོང་གི་སྲིད་བློན་ཡུའུ་ཁའོ་ཧ་ཐོ་ཡ་མཱ་དང་མཉམ་དུ་མཇལ་འཕྲད་ཀྱིས་རྒྱལ་ཁབ་གཉིས་བར་མཉམ་འབྲེལ་བྱ་རྒྱུའི་གྲོས་མོལ་བྱས་ཡོད་པ་དང༌། ཉི་ཧོང་སྲིད་བློན་གྱིས་ཨ་རིའི་གཞུང་གིས་ཨབ་གྷན་ནི་སི་ཐན་ནང་དུ་དམག་མི་མང་དུ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་སྣོན་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད་འདུག

    དེའི་རྗེས་སེན་གྷ་ཕོར་རུ་ཨེ་ཤ་ཡའི་མགོ་ཁྲིད་ཚོ་ཚོགས་ཆེན་ཞིག་འཚོགས་པར་མཉམ་ཞུགས་ཀྱིས། སྐབས་དེར་འབར་མའི་དྲག་པོའི་དམང་དཔུང་གཞུང་གི་མགོ་ཁྲིད་དང་ཟུར་ནས་མཇལ་འཕྲད་ཀྱིས་འབར་མའི་ནང་གི་དམངས་གཙོ་དོན་གཉེར་བ་དང་ནོར་བྷེ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་གྱི་འབར་མའི་གཞུང་གི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་ལྕམ་ཨན་སང་སོན་སྐྱིས་མཆོག་གཙོས་པའི་འབར་མའི་ཆབ་སྲིད་བཙོན་པ་ཚོ་གློད་གྲོལ་ཡོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

    གསར་འགྱུར་རེ་རེ་བཞིན་གོ་ནས་ཡོང་དུས་ཆུ་ཚོད་རེ་རེ་ལ་ཡང་སྡོད་གཟོད་མེད་པར་རྒྱལ་སྤྱིའི་དྲ་རྒྱ་ཁག་ལ་ཡང་སྐོར་བསྐྱར་སྐོར་བྱས། ཡིན་ན་ཡང་ཐེངས་འདིའི་ཨོ་བྷ་མཱ་ཡི་རྐང་རྗེས་སྤར་ས་རེ་རེ་ནས་བློ་ཕམ་རེ་ཁ་སྣོན་བྱ་དགོས་བྱུང༌། ཚེས་ ༡༦ ཉིན་སྲིད་འཛིན་ཨོ་བྷ་མཱ་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནས་གྲོང་སྡེ་ཚོགས་ཁང་ཞིག་ཏུ་ཕེབས་ཏེ་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་ཡོད་པའི་སློབ་ཕྲུག་དང་དགེ་རྒན་མིང་ཅན་འགར་ཐུག་འཕྲད་ཀྱིས་གཏམ་བཤད་བྱས་ཡོད་འདུག ཨོ་བྷ་མཱས། སྟོབས་ཤུགས་ཆེ་བའི་ཨ་རི་དང་རྒྱ་ནག་གཉིས་ཀྱིས་སའི་གོ་ལའི་ཚ་དྲོད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་འགྱུར་བ་གཏོང་བའི་ལས་འགུལ་སྤེལ་ཐུབ་པ་མིག་དཔེ་སྟོན་དགོས་ཞེས་བརྗོད་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་ནི་འཛམ་གླིང་ནང་མཁའ་རླུང་བཙོག་པ་བཟོ་མཁན་ཏེ་དུག་རླངས་ཕྱི་རུ་འདོན་མཁན་ཆེ་ཤོས་དེ་ཡིན། ཨོ་བྷ་མའི་སྲིད་གཞུང་གིས་རྒྱལ་སྤྱིའི་ཚོང་རའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པ་གཙིགས་སུ་འཛིན་རྒྱུ་ཡིན་པ་བསྒྲགས་ཀྱིན་འདུག་ལ། ཨོ་བྷ་མས་ཀྱང་གོ་ལའི་ཚ་དྲོད་དེ་ཉེན་ཁར་གྱུར་ཚུལ་གླེང་སློང་བྱེད་ཀྱིན་འདུག

    རྒྱལ་སྤྱིའི་སྒང་གི་ཚོགས་པ་རིགས་མི་འདྲ་བ་མང་པོ་ཞིག་དང་དཔྱད་བརྗོད་པ་ཚོས་ཐེངས་འདིར་ཨོ་བྷ་མཱར་རེ་བ་ཆེན་པོ་ཅིག་བཅིངས་ཡོད་ལ། ཨོ་བྷ་མཱས་འཛམ་གླིང་འདིའི་ཕྱི་ནང་གང་རུང་དུ་སྨྲེ་སྔགས་དང་འོ་དོད་མེད་པར་ཞི་བདེ་ལྷིང་འཇགས་ཤིག་བསྐྲུན་པར་འབད་པ་བྱ་རྒྱུའི་རེ་བ་བཅིངས་ཡོད། ཨོ་བྷ་མཱས་པེ་ཅིན་ནས་གཏམ་བཤད་རྙིང་པ་ཞིག་གིས་ཐེངས་འདིར་ལྟ་སྐོར་མཇུག་རྫོགས་པར་བྱེད་ལ་འཛམ་གླིང་འདིའི་ཤར་ནུབ་གང་སའི་མི་གྲངས་ཁྲི་སྟོང་མང་པོའི་རེ་བ་སྣང་མེད་བཏང་སོང་བ་མ་ཟད༌། ཆབ་སྲིད་དཔྱད་བརྗོད་པ་ཚོས་ཏེངས་འདིའི་ཨཽ་བྷ་མའི་ལྟ་སྐོར་ནི་གྲུབ་འབྲས་མེད་པ་ཞིག་ཏུ་ངོས་བཟུང་ཡོད། རྒྱུ་མཚན་ཨོ་བྷ་མ྄ཱས་ཐོག་མར་ཨོ་རིའི་ནང་ནས་མི་མང་དང་ཐག་ཉེ་བོ་བཏང་ཏེ་སློབ་གྲྭ་དང་ཚོགསཔ་འདྲ་མིན་མཉམ་དུ་བགྲོ་གླེང་རང་བཞིན་གྱི་ཚོགས་འདུའི་རྣམ་པ་བསྡུ་སྐོང་བྱ་རྒྱུའི་འཆར་གཞི་འཐེན་ཡང༌། རྒྱ་ནག་གཞུང་གིས་ཐོག་དང་པོ་ནས་རྣམ་པ་དེར་འདོད་མོས་དང་ཆོག་མཆན་མེད་པར་གོ་སྒྲིག་ཡོད་ཚད་རྒྱ་ནག་གཞུང་གིས་བྱས་ཡོད་འདུག འདི་ནི་ཁོང་སྲིད་འཛིན་ལ་བསྡད་པའི་ཟླ་དགུའི་རིང་གི་འདོད་ཐོག་ལ་མ་ཡོང་བ་དེ་གཅིག་པུ་ཡིན་པ་རེད།

    ཨོ་བྷ་མའི་གཏམ་བཤད་རྙིང་པ་དེ་ནི་རྒྱ་ནག་གཞུང་ལ་མཚོན་ན་བ་སྤུ་ཙམ་ཡང་སྒུལ་ཐུབ་པ་མ་ཡིན་ཏེ། ཨོ་བྷ་མས་ཚོང་རའི་དཔལ་འབྱོར་ཆེད་དུ་བོད་འདི་ཁོང་གིས་རྒྱ་ནག་ལ་ངོ་སྲུང་བྱེད་དུ་བེད་སྤྱོད་བཏང་ཡོད་པའི་ཚོར་བ་བྱུང་ལ། འཛམ་གླིང་གིསྐད་གྲགས་ཆོད་པའི་ནོར་བྷེ་ཞི་བདེ་གཟེངས་རྟགས་དེ་ཡང་སྲིད་འཛིན་ཨོ་བྷ་མཱས་རིན་ཐང་མེད་པར་བཟོས་ཡོད་པ་རྒྱལ་སྤྱིའི་དཔྱད་བརྗོད་པ་ཚོས་བརྗོད་གྱིན་ཡོད་ལ། ཡང་སྲིད་འཛིན་ཨོ་བྷ་མཱ་ལ་འཛམ་གླིང་གི་ཤར་ནུབ་གང་སར་འགྲོ་བ་མིའི་གདོང་ལེན་བྱེད་བཞིན་པའི་མིའི་གཞི་རྩའི་ཐོབ་ཐང་གི་བཀའ་རྙོག་མང་པོ་སེལ་བར་རེ་བ་དང་ཡིད་ཆེས་བྱེད་དོན་ནི་ཁོང་ཉིད་ཐོག་མར་སྲིད་འཛིན་འོས་གཞིར་ཞུགས་སྐབས། བྱང་ཆ་ལྡན་ལ་ཡིད་སེམས་འགུག་པའི་གཏམ་བཤད་དེ་དག་གི་རེད་ཆེད་རེད་ལ། ཕྱེད་མི་རིགས་ནག་པོ་དང་ཕྱེད་ཁ་ཆེ་ཆོས་ལུགས་ལ་འབྲེལ་བའི་མཱེ་ཤལ་བྷི་རག་ཁཱི་ཨོ་བྷ་མཱ་ཡང་མི་རིགས་དབྱེ་འབྱེད་ཀྱི་སྤྱི་ཚོགས་ཁྲོད་ནས་འཚར་ལོངས་བྱུང་བ་དང༌། ཁོང་གི་མི་རིགས་ཁྲོད་དུ་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ལ་ཕྱག་ལས་གནང་ཏེ་སྐུ་ཚེ་ཕུལ་བའི་རླབས་ཆེན་གྱི་སྐྱེས་བུ་དེ་འདྲ་བྱུང་མྱོང་ཡོད་པ་སོགས་གང་ལྟར་འཛམ་གླིང་མི་མང་གིས་ཁོང་ལ་ཡིད་ཆེས་སྔར་ཡོད་མེད་པ་ཞིག་བྱུང་ཡོད་པ་རེད། ཡང་ཨ་རིའི་སྤྱི་ཚོགས་རང་ལ་མཚོན་ན་ཕོ་བྲང་དཀར་པོའི་ནང་དུ་མི་རིགས་ནག་པོ་ཞིག་སླེབས་པ་ནི་དུས་རབས་སྔོན་མ་དག་གི་མི་སུ་ཡིས་ཀྱང་བློ་ཡིད་ལ་མ་ཤར་ཀྱང༌། དུས་རབས་འདིར་ཨ་རིའི་གཞུང་ནི་རིགས་རུས་ཁྱད་མེད་དང་སྐྱེས་ཁམས་ཁྱད་མེད། ཆོས་ལུགས་ཁྱད་མེད་ཀྱི་ཐོབ་ཐང་གི་ལྟ་ཚུལ་གཅིག་པ་ཡིན་པ་འཛམ་གླིང་མི་མང་ལ་མིག་དཔེ་སྟོན་པ་ཞིག་ཏུ་ཆགས་ཡོད་ཀྱང་ཨོ་བྷ་མཱ་ཁོང་རང་ཉིད་ཀྱིས་ཕྱག་ལས་དང་གཏམ་བཤད་ནི་འགལ་འདུ་ཅན་ཞིག་ཏུ་གྱུར་ཡོད་པ་རེད།

    གང་ལྟར་ཉམས་ཞིབ་པ་མང་པོས་ཨོ་བྷ་མར་ནོར་བྷེ་ཞི་བདེ་གཟེངས་རྟགས་ཕུལ་གཏན་འཁེལ་བ་ལ་རྒྱུ་མཚན་གཉིས་ཡོད་པར་བརྗོད་ལ། ཕྱོགས་གཅིག་ནས་མི་རྣམས་ཀྱིས་་ཨོ་བྷ་མར་འགྲོ་བ་མིའི་ཐོབ་ཐང་གི་བཀའ་རྙོག་དང་དེ་བཞིན་རྡུལ་ཕྲན་མཚོན་ཆ་སོགས་ཚོད་འཛིན་གྱི་ཕྱག་ལས་གནང་བར་རེ་འབོད་མཚོན་པར་བྱེད་བཞིན་དང༌། ཡང་ཕྱོགས་གཞན་ནས་ཨོ་བྷ་མས་ཕྱག་ལས་དེ་ལྟར་མ་གནང་ཐབས་མེད་ལ་བཏང་ཡོད་པ་རེད་ཟེར། ཡིན་ན་ཡང་མི་མང་པོ་ཞིག་གིས་ཨོ་བྷ་མཱར་གཟེངས་རྟགས་དེ་ཕུལ་གཏན་འཁེལ་བར་སྔ་དྲག་རེད་ཟེར་ལ། ཡང་གཟེངས་རྟགས་ཕྱིར་འཐེན་བྱ་དགོས་པར་བརྗོད་མཁན་ཡང་བྱུང་ཡོད།

    གང་ལྟར་ཨོ་བྷ་མཱ་ནི་ཨོ་བྷ་མའི་གཏམ་བཤད་ཁྲོད་ནས་མི་རྣམས་ཀྱི་སྣང་ཡུལ་དུ་གྱུར་བའི་ཨོ་བྷ་མཱ་ཞིག་མིན་པར་ཁོང་ནི་འགྲོ་བ་མིའི་རིགས་ཀྱིས་དངོས་སུ་གདོང་ལེན་བྱེད་བཞིན་པའི་དཀའ་ངལ་ལ་སྣང་མེད་གཏོང་མཁན་ཞིག་ཡིན་པ་མ་ཟད། བོད་མི་རིགས་ཐེངས་འདིར་དེ་ལས་ཀྱང་བློ་ཕམ་ཡིད་སྐྱོའི་གནས་སུ་སྐྱེལ་ཡོད། ཁོས་པེ་ཅིན་ནས་སྐད་གསེང་མཐོ་བོས་ཨ་རིའི་གཞུང་གིས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་ལེན་བྱེད་ཀྱིན་ཡོད། ཅེས་བརྗོད་ཡོད་པ་རེད།

    Reply
  3. ཡེ་ཤེས། says:
    ལོ་ 16 སྔོན།

    ཨོ་བྷ་མ་རྒྱ་ནག་ལ་སོང་དུས་སྐད་ཆ་གཙོ་བོ་བོད་དོན་བཤད་པ་ལ་ཡི་རང་ཡོད།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ད་དུང་མདང་དགོང་དབྱིན་ཇིའི་BBC གསར་འགྱུར་ནང་དུ། ལོ་གཉིས་ཀྱིས་རྗེས་ནས་རྒྱནག་གི་ཚོང་རྫས་ཀྱིས་འཛམ་གླིང་གི་ཨང་དང་པོ་ཟིན་རྒྱུ་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་མགྱོགས་ཚད་ཀྱང་ཨང་དང་པོར་སླེབས་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག ད་བསྡད་ཀིན་བསྡད་ཀིན་བོད་དང་བོད་དོན་ཟེར་ན་འཛམ་བུ་གླིང་འདིར་གླེང་ཐུབ་མཁན་གྱི་ཕྱིའི་རྒྱལ་ཁབ་གཅིག་ཀྱང་མེད་པ་འདྲ་ཆགས་སྲིད་པ། གནམ་ས་གཉིས་ཀྱིས་མཁྱེན། མགོ་ནག་བོད་འདིའི་ལས་འདྲ་བ་ཞིག་བསགས་ཡོད་ན།

    Reply
  5. འོས་ལངས། says:
    ལོ་ 16 སྔོན།

    ཨོ་སྦ་མས་བོད་ཀྱི་གནས་སྟངས་ཤེས་བཞིན་དུ་བོད་དོན་ཐད་ལ་དོན་ཕན་ལྡན་པའི་གླེང་སློང་གང་ཡང་བྱས་མ་སོང་། ད་དུང་དེ་ལས་ལྡོག་སྟེ་གཏམ་བཤད་ཀྱི་ཐོག་མ་ཉིད་ནས་བོད་རྒྱ་ཁོངས་སུ་བཅུག་བྱུང་། ཁ་ཞེ་མི་མཚུངས་པ་དང་གྲུབ་འབྲས་ཐོན་རྒྱུ་མེད་པའི་བོད་རྒྱ་འབྲེལ་མོལ་བསྐྱར་གསོའི་ལས་ནི་དུས་ཚོད་དང་། རྒྱུ་ནོར། བོད་མི་མང་གི་རེ་འདོད་སོགས་བསམ་བཞིན་ཆུད་ཟོས་སུ་གཏོང་གཞིར་འགྱུར་རྒྱུ་ལས་དེ་ལ་དགོས་པ་གཞན་གང་ཡང་མ་མཐོང་། ངའི་རྨོངས་འཆར་ལྟར་ན། ཨོ་སྦ་མ་བོད་དོན་ཕྱོགས་ནས་རྒྱ་ནག་གི་ཐོག་ལ་གཉོམ་སོང་བ་ཧ་ཅང་མངོན་གསལ་རེད་བསམ། དེ་མིན་ན་ཁོ་རང་བོད་ཀྱི་གནད་དོན་གླེང་ཡུལ་གཙོ་བོ་རྒྱ་དཔོན་ཚོའི་འཁྲིས་ལ་དངོས་སུ་སླེབས་ནས་ཀྱང་བོད་རྒྱ་ཁོངས་སུ་བཅུག་པ་དང་། ཡོངས་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ཙམ་ལས་བོད་ཀྱི་གཞི་རྩའི་གནད་དོན་གང་ཡང་གླེང་ཐུབ་མ་སོང་། རྒྱ་ནག་བཙན་དྲགས་པས་ཨོ་སྦ་མ་གཉོམ་སོང་བ་དང་། ཨོ་སྦ་མ་གཉོམ་པས་བོད་དང་བོད་ཀྱི་ཏཱ་ལའི་བླ་མ་གཉིས་ནི་སྲིད་དོན་པ་ཁོ་ཚོའི་རྩེད་ཆས་ལྟ་བུར་སྤྱོད་ཀྱིན་ཡོད་པ་ཡང་ཤུགས་ཀྱིས་གསལ་ཡོང་། ཨོ་སྦ་མ་གཉོམ་པ་མིན་ན་འཛམ་གླིང་ཡོངས་ཁྱབ་ཀྱིས་གུས་བཀུར་ཐོབ་པའི་ཞི་བདེའི་མི་སྣ་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་ཀྱི་དུས་ཚོད་ནར་འགྱངས་བཏང་བ་དང་། རྒྱ་ནག་པེ་ཅིན་ལ་ལྟ་སྐོར་དུ་སླེབས་མཚམས་རང་ནས་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་བྱས་པ། འགག་རྩའི་སར་བོད་ཀྱི་གནད་དོན་གང་ཡང་མ་གླེང་བ། འཆར་ཟླའི་མགོ་སྟོད་ནང་༧གོང་ས་མཆོག་དང་མཇལ་རྒྱུའི་ཁ་དན་ཡོད་པ་དེ་ཡང་ད་ལྟ་གྲགས་མེད་ཚོར་མེད་དུ་གྱུར་པ་བཅས་ནི་ཡོང་དོན་མི་འདུག་བསམ། ཡང་ང་ཚོས་རེ་བའི་སྣེ་མོར་རེ་བ་མཐུད་དེ་ཨོ་སྦ་མས་མི་རིང་བར་རྒྱ་གར་གྱི་སྲིད་བློན་མཉམ་དུ་བོད་དོན་གླེང་ངེས་པའི་རེ་བ་རྒྱག་གི་ཡོད་ཀྱང་། རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་ཇུས་ནི་ང་ཚོར་རྒྱུས་མངའ་ཆེ་ཙམ་ཡོད་པ་ལྟར་ཡིན་རྒྱུ་རེད་བསམ།

    Reply
  6. ཁྲ་གླག་སྤྱང་གསུམ། says:
    ལོ་ 16 སྔོན།

    དངོས་གནས་ཁྱོད་བདེན། ངའི་མིག་འདིས་ཨ་དང་ཝ་ནོར་བ་མ་མཐོང་བ་རེད། ངས་ཌེ་སེ་ཞེས་པ་ལ་འཁྲུལ་ཡོད་དམ་སྙམ་བྱུང་། དགོངས་དག།

    Reply
  7. ཨ་གངས་ཞེན། says:
    ལོ་ 16 སྔོན།

    ཨོ་བྷ་མས་རྒྱ་ནག་ལ་སྐད་ཆ་བཙན་པོ་བཤད་མ་ཐུབ།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དྲ་གྲོསག་ཁྲ་གླག་སྤྱང་གསུམ་གྱིས་གསལ་འགྲེལ་གནང་བར་དངོས་གནས་ཐུགས་རྗེ་ཆེ་ཞུ། གོང་ནས་ཝ་ཤིན་ཊོན་གླེང་དགོས་དོན་དེ་ཝ་ཤིན་ཊོན་ལ་ཨ་ཤིན་ཊོན་བྲིས་འདུག་པ་ལས་བྱུང་བ་རེད། དེ་དང་འབྲེལ་ནས་ཁྱེད་ཀྱིས་D.C.ལ་གསལ་འགྲེལ་གནང་བ་རེད། དངོས་གནས་ཁ་གསལ་གོ་བདེ་བོ་རེད། ཁྱོད་བཟང་ཐལ།

    Reply
  9. ཁྲ་གླག་སྤྱང་གསུམ། says:
    ལོ་ 16 སྔོན།

    ཝ་ཤིན་ཊོན་ཌེ་སེ་ཟེར་ན། washington D.C ཟེར་བ་དེ་རེད། དེ་ནི་ཨ་མེ་རི་ཀའི་རྒྱལ་ས་རེད། ཨ་རིའི་ཤར་ཕྱོགས་སུ་ཡོད། སྤྱིར་ཝ་ཤང་ཊོན་ཟེར་ན། ཨ་རིའི་ནུབ་ཕྱོགས་སུ་ཡོད་པའི་མངའ་སྡེ་ཞིག་གི་མིང་རེད། D.C ཟེར་བའི་ཌེ་ནི་རྫོང་དང། སེ་ནི་ཀོ་ལིན་བྷི་ཡའི་བསྡུས་ཡིག་རེད། བོད་སྐད་ལྟར་ལབ་ན། ཀོ་ལིན་བྷི་ཡ་རྫོང་ངམ་རྫོང་ཀོ་ལན་བྷི་ཡ་ཟེར་བ་རེད།

    Reply
  10. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    ཨོ་བྷ་མས་ཞི་བདེ་གཟིངས་རྟགས་བཞེངས་གྲུབ་ཙམ། རྒྱལ་ཁབ་གཞན་ལ་ཕོག་ཐུག་མ་ཤོར་བ་བྱས་པ་ཡིན་པར་འདྲ།

    Reply
  11. ནད་པ says:
    ལོ་ 16 སྔོན།

    ༸ གོང་ས་མཆོག་གི་ཐུགས་དགོངས་ལྟར་བོད་མི་རིགས་ཀྱི་མདུན་ལམ་ལ་ཁ་ཚ་དགོས་ཐུག་སྐབས་སུ་ཕན་ཐོགས་གཅིག་འབྱུང་རབས་བྱས་ན་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གཞུང་ལ་གང་གསུངས་ཀྱང་འགྲིག་པ་ཞིག་རེད།

    ངས་ཀྱང་དོན་དགོས་དང་མཐུན་པ་ཞིག་ལ་རྗེས་སུ་ཡིད་རངས་ཞུ་བཞིན་ཡོད།

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    རང་མིང་ངོ་མ་བོ་དེའི་འོག་ནས་མཆན་བུ་འདྲ་ཨེ་ཐོབས་ལྟོས་དང་སྐྲག་དགོས་ནི་མ་རེད། ཏཱ་ལའི་བླ་མར་ཅིག་བཤད་ཀོ་ཀི་འདོད་ནས་སྐྲག་ན་ཡང་ནོར་བ་རེད།

    Reply
  13. Bugig says:
    ལོ་ 16 སྔོན།

    ལར་ནས་དྲ་གྲོགས་གཅན་བཟོད་ལགས་ཀྱིས་(ཨོ་བྷ་མ་གཉོམ་སོང་བ་མ་རེད། རྒྱ་ནག་བཙན་སོང་བས་རེད་) ཟེར་བ་དེ་སུ་ལ་ཟེར་གྱི་ཡོད། ཏ་ལའི་བླ་མར་ཟེར་ཡོད་པས། ངོ་མ་སྐྲག་གི་ཀོ།

    Reply
  14. Bugig says:
    ལོ་ 16 སྔོན།

    དྲག་གྲོགས་གཅན་བཟོད་རྒྱམ་ལགས་ཁག་མི་འདུག ལུང་རིགས་རྒྱལ་ཧམ་པ་ཆེ་སའི་བྱུང་ཨ། ད་དུང་ནོར་མེད་མདོག་མདོག ཝ་ཤིན་ཊོན་དང་ཝ་ཤིན་ཊོན་ཌེ་སེ་གཉིས་ལ་ཁྱད་པར་ཡིན་ན་ཆིག་ཡོད་རེད་ཟེར། ཨ་ཤིན་ཊོན་ཌེ་སེ་ཟེར་བ་དེ་ག་རེ་ཟེར་ནི་རེད། གྲོགས་མཆོག་ཧམ་པ་ཆེན་པོ་བྱེད་རྒྱུ་ཡོད་མ་རེད།

    Reply
  15. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཨོ་བྷ་མ་གཉོམ་ནི་ཇེ་ཡིན། སྤྱང་བོ་འཁྲབ་སྟངས་ལ་ནོར་འཁྲུལ་ཞིག་ཤོར་བ་དེ་རེད།

    Reply
  16. གཉན་མདང་ཕོ་ཉ། says:
    ལོ་ 16 སྔོན།

    ཨོ་བྷ་མ་གཉོམ་སོང་བ་མ་རེད།
    བོད་ཀྱིས་ཁོ་ལ་ཕན་ཐོག་མེད་པས་རེད།

    Reply
  17. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དེ་གཉིས་ལ་ཁྱད་པར་ཡོད་ཀི་ནམ་ཡང་ཟེར་གིན་མེད། གསལ་བོ་ཐེངས་གཅིག་བཤད། གཤམ་ནས་ཡར་བརྩིས་པའི་ཐིག་ཕྲེང་བཞི་བའི་ནང་དུ་འདུག
    སྤྱན་གསལ་བོ་མེད་ན་འདིར་དཔར་གློག་གིས་ཁྱེར་ཡོད། གཟིགས་རོགས་གནོངས།
    ༼དེ་བཞིན་དུ་ཉེ་ལམ་༧གོང་ས་མཆོག་ཨ་ཤིན་ཊོན་ཌེ་སེ་ལ་ཕེབས་སྐབས་སྲིད་འཛིན་ཨོ་བྷ་མས་ཁོང་ལ་མཇལ་འཕྲད་མ་གནང་བའི་སྐོར་ལ་ཁོང་གིས། སྲིད་འཛིན་ཨོ་བྷ་མས་ངོས་རང་ལ་ཐུག་འཕྲད་མ་གནང་བ་དེར་ངོས་རང་བློ་ཕམ་བྱུང་མ་སོང་ཞེས་གསུངས་ཡོད་པ་རེད།༽འདི་ཁྱེད་ཚང་གི་ཚིག་ཇི་མ་ཇི་བཞིན་རེད།

    Reply
  18. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཝ་ཤིན་ཊོན་དང་ཝ་ཤིན་ཊོན་ཌེ་སེ་གཉིས་ལ་ཁྱད་པར་ཡོད་ས་རེད།

    Reply
  19. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཨོ་བྷ་མ་གཉོམ་སོང་བ་མ་རེད། རྒྱ་ནག་བཙན་སོང་བས་རེད།
    ཨོ་རེད། ཨ་ཤིན་ཊོན་ཌེ་སེ་ཞེས་བྲིས་འདུག ཝ་ཤིན་ཊོན་ཡིན་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese