མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཛངས་མ་བསྟན་འཛིན་ཆོས་འཛོམས་ཀྱི་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

རེག་དུག་ནད་ཚས་བོད་རིགས་གཞོན་སྐྱེས་མང་པོ་གྲོངས་བཞིན་ཡོད། བོད་རང་བཙན་ཐོག་ལ་དཔའ་བོ་དཔའ་མོ་བྱས་ཏེ་གྲོངས་རྒྱུའི་ཚབ་ཏུ་ནད་ཚ་སྡུག་ཅག་དེ་འདྲ་ཞིག་གིས་གྲོངས་པ་ཡིན་ན་ཕངས་པོ་ཞེ་དྲག་རེད། དེར་བརྟེན། ངས་ལག་པ་ཐལ་མོ་སྦྱར་ཏེ་འབོད་སྐུལ་ཞུ་རྒྱུ་ཞིག་ལ། ང་རང་ཚུད་པའི་གཞོན་སྐྱེས་ཚང་མས་ནད་ཚ་འདི་སྔོན་འགོག་ལ་ཐབས་ཤེས་གནང་རྒྱུ་དང་། སོ་སོ་ཡང་སྨན་ཁང་དུ་ཕེབས་ཏེ་བརྟག་དཔྱད་མཐིལ་ཕྱིན་གནང་རོགས་ཞུ་རྒྱུ་ཡིན་ཟེར། 

 

ཕྱི་ཟླ་ ༡༢ པའི་ཚེས་ ༡ ཉིན་ནི་འཛམ་གླིང་རེག་དུག་གི་ཉིན་མོ་ཡིན་སྟབས། དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་བཞུགས་སྒར་ངྷ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་དུ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་གདམ་ག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག རེག་དུག་གི་ཉིན་མོ་སྲུང་གཙིའི་ལས་འགུལ་ཞིག་སྤེལ་ཡོད། སྐབས་དེར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཚབ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་འཕྲོད་བསྟེན་བཀའ་བློན་མཆོག་གི་གསུང་འཕྲིན་སྒྲོག་སྦྱོང་གནང་དོན། དེ་རིང་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་གཙི་ཞུ་བ་དང་བསྟུན་ཏེ། རེག་དུག་སྔོན་འགོག་གི་ཐབས་ལམ་ངོ་སྤྲོད་ཞུ་རྒྱུ་གལ་གནད་དུ་མཐོང་། ནད་ཚ་དེ་ཁྱབ་གདལ་དུ་འགྲོ་བའི་བརྒྱུད་ལམ་གཙོ་བོ་གསུམ་ནི། ཛ་དྲག་ནད་མནར་གྱིས་གཤག་བཅོས་སྐབས། ཁྲག་ཚབ་དགོས་རིགས་ལ་རེག་དུག་གི་ནད་གཞི་ཡོད་པ་དང་། མྱོས་རྫས་ལང་ཤོར་རིགས་ཀྱི་རྩ་ཁབ་བརྒྱུད་དེ་འགོས་པ། གཙོ་ཆེ་ཤོས་འཁྲིག་སྤྱོད་ཀྱི་ལམ་ནས་ཡོང་གིན་ཡོད། འགོས་ལམ་གཙོ་བོ་དེ་དག་ཤེས་པའི་ཐོག་ནས་སྔོན་འགོག་གི་ཐབས་ལམ་བསྟེན་རྒྱུ་ཧ་ཅང་གལ་ཆེ་ཞིང་། ཛ་དྲག་གིས་ཁྲག་ཚབ་དགོས་རིགས་ཚོས་ནང་མི་གཉེན་འབྲེལ་དང་རྒྱུས་ཡོད་ནད་གཞི་མེད་པའི་ཁྲག་སྦྱིན་རག་ཐབས་བྱ་རྒྱུ་དང་། མྱོས་རྫས་ལང་ཤོར་རིགས་ཀྱིས་རྩ་ཁབ་མཉམ་སྤྱོད་མི་བྱ་རྒྱུ། ཁྱོ་ཤུག་མཉམ་སྡོད་རིགས་ཀྱིས་གཞན་དང་འཁྲིག་སྤྱོད་སྤང་རྒྱུ་དང་། གཉེན་སྒྲིག་མ་ཟིན་པ་དག་གིས་འགྱིག་ཤུབས་བེད་སྤྱོད་བྱ་རྒྱུ་བཅས་ནི་གལ་གནད་ཆེན་པོ་ཡིན། སྔོན་འགོག་གི་ཐབས་ལམ་དེ་དག་ལ་བརྩོན་པ་བྱས་ན་རང་དོན་རང་གཅེས་ཡིན་སྟབས་ཀུན་གྱིས་དགོངས་འཇགས་གནང་དགོས། ཞེས་དང་།

 

རེག་དུག་དེ་གོང་གི་བརྒྱུད་ལམ་དེ་དག་ལས་གཞན། སྤྱི་ཚོགས་ནང་འཚོ་བ་མཉམ་སྤྱོད་བྱེད་པ་ཙམ་གྱིས་མི་འགོ་སྟབས། ནད་པ་དང་ནད་པའི་ནང་མི་སོགས་དང་འཚོ་བ་མཉམ་སྤྱོད་དང་། ཕན་ཚུན་རོགས་ཕན་གནང་རྒྱུ་སྤྱི་ཚོགས་ཀྱི་འཁུར་དུ་བབ་པའི་ལས་འགན་ཡིན་ལ། ཆོས་དང་འཇིག་རྟེན་གཉིས་ཐད་ནས་བསམ་ཤེས་བྱས་ཏེ། ནད་པ་སོ་སོས་ཀྱང་ཀྱང་གཞན་ལ་མ་འགོས་པའི་འགན་འཁུར་ལན་དགོས་པ་ཡིན། དེ་བཞིན། འཕྲོད་བསྟེན་སྨན་ཁང་ཁག་གིས་རྒྱ་གར་གཞུང་གི་གཉན་ནད་རེག་དུག་ལྟེ་གནས་ཁག་ནས་སྨན་དུས་ཐོག་ཏུ་ཞུ་ཐུབ་ན། ནད་གཞི་སྡུག་ཏུ་མི་འགྲོ་བ་མ་ཟད། ལུས་སྟོབས་མ་ཤོར་བར་ཇི་སྲིད་འཚོ་བའི་བར་འཚོ་གནས་ཐུབ་ཀྱིན་ཡོད། དེ་བཞིན་བོད་གཞུང་སྨན་རྩིས་ཁང་ལ་འབྲེལ་བ་གནང་ན། བོད་སྨན་གྱི་ལམ་ནས་ཀྱང་ཕན་ཐོགས་གང་འཚམ་ཡོང་གིན་ཡོད་པ་རེད། ཅེས་སྒྲོག་སྦྱོང་གནང་སོང་ལ། དེ་དང་ལྷན་དུ་ཁོང་གི་བསམ་ཚུལ་བརྗོད་དོན། སྔར་ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ནས་བཟུང་ང་ཚོ་འཕྲོད་བསྟེན་ལས་ཁུངས་ནས་རིན་མེད་བརྟག་དཔྱད་གནང་བའི་ཁྲོད། མི་མང་ཆིག་ཁྲི་བཞི་སྟོང་ ༡༤༠༠༠ ཙམ་མཉམ་ཞུགས་བྱས་འདུག དེའི་ནང་རེག་དུག་གི་ནད་ཚ་ཡོད་མཁན་བཅོ་ལྔ་བཅུ་དྲུག་ཙམ་ལས་བྱུང་མེད། འོན་ཀྱང་། ཚང་མས་སྔོན་འགོག་ཐད་ཡིད་གཟབ་གནང་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

 

དེའི་རྗེས་དམིགས་བསལ་སྐུ་མགྲོན་ ༢༠༠༩ ལོའི་མཛངས་མ་བསྟན་འཛིན་ཆོས་འཛོམས་ལགས་ཀྱིས་གསུངས་བཤད་གནང་དོན། དེ་རིང་བུ་མོ་ངར་རེག་དུག་ནད་ཚའི་ཐོག་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་གནང་བར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་གདམ་ག་ཚོགས་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་དེང་སྐབས་མི་ཚང་མ་ཤེས་ཡོན་ཅན་ཆགས་ཡོད་སྟབས། རེག་དུག་ནད་ཚའི་སྐོར་གང་འཚམ་ཤེས་ཀྱིན་ཡོད་པ་རེད། འོན་ཀྱང་། རེག་དུག་ནད་ཚའི་གནས་སྟངས་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། བོད་པ་ཚོར་མཚོན་ན། ངོ་ཚ་སྨིན་པོ་དང་འཕྲོད་བསྟེན་ལ་དོ་སྣང་མེད་སྟབས། སྨན་ཁང་ལ་ཕྱིན་ཏེ་བརྟག་དཔྱད་གཏོང་མཁན་ཉུང་ཉུང་རེད། དེ་བཞིན། འཁྲིག་སྤྱོད་ཀྱི་སྐབས་སུ་འགྱིག་ཤུབས་བེད་སྤྱོད་མ་བྱས་ན། ཕན་ཚུན་ལ་ནད་ཚ་དེ་འགོས་ཁྱབ་ཀྱི་ཉེན་ཁ་ཆེན་པོ་ཆགས་ཡོད། དེ་ལ་ཚང་མས་དོ་སྣང་ཡག་པོ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། གཞོན་སྐྱེས་ཚོ་ངེས་པར་དུ་སྨན་ཁང་ལ་བརྟག་དཔྱད་གཏོང་གི་ཕེབས་རོགས། དེ་ལ་ངོ་ཚ་དགོས་པ་གང་ཡང་ཡོད་པ་མ་རེད་སྙམ། གལ་སྲིད་ནད་དེ་ཡོད་པ་ཡིན་ན་སོ་སོ་གཅིག་པུ་ཙམ་དུ་མ་ཟད་གཞན་ལའང་འགོ་རྒྱུའི་ཉེན་ཁ་ཡོད། ཅེས་གསུངས་བྱུང་།

 

ཁོ་མོས་མུ་མཐུད་དོན། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ། རེག་དུག་གི་ནད་པ་ཚོ་དང་མཉམ་དུ་སྐད་ཆ་བཤད་པ་དང་ཞལ་ལག་ཟ་བ། ཕན་ཚུན་ལག་པ་གཏོང་བ་བཅས་ཀྱིས་ནད་ཚ་དེ་འགོས་ཁྱབ་འགྲོ་གི་མ་རེད། དེར་བརྟེན། རེག་དུག་ནད་པ་ཚོར་མཐོང་ཆུང་དང་འཕྱ་སྨོད། འཛེམ་ཟོན། ཁེར་རྐྱང་དུ་འཕུད་པ་སོགས་མ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཁོང་ཚོ་དང་འཚོ་བ་མཉམ་སྤྱོད་དང་སེམས་གསོ་རོགས་ཕན་གནང་གལ་ཆེ། གཞོན་སྐྱེས་ཚོས་གནས་སྐབས་ཀྱི་ཕོ་མོའི་ལུས་འབྲེལ་གྱི་བདེ་བ་ཙམ་ལ་ཆགས་ཏེ། འགྱིག་ཤུབས་བེད་སྤྱོད་མི་གཏོང་བར་ལུས་འབྲེལ་མང་པོ་བྱེད་ཀྱིན་ཡོད། ཁོང་ཚོར་རྗེས་མ་རེག་དུག་གི་ནད་ཚ་ཕོག་སྐབས། ནད་མནར་དང་སེམས་སྡུག་ལས་གང་ཡང་ལྷག་མེད། རེག་དུག་ནད་ཚས་རྐྱེན་བྱས་ཏེ་བོད་རིགས་གཞོན་སྐྱེས་མང་པོ་གྲོངས་བཞིན་ཡོད། བོད་རང་བཙན་ཐོག་ལ་དཔའ་བོ་དཔའ་མོ་བྱས་ཏེ་གྲོངས་རྒྱུའི་ཚབ་ཏུ་ནད་ཚ་སྡུག་ཅག་དེ་འདྲ་ཞིག་གིས་གྲོངས་པ་ཡིན་ན་ཕངས་པོ་ཞེ་དྲག་རེད། དེར་བརྟེན། ངས་ལག་པ་ཐལ་མོ་སྦྱར་ཏེ་འབོད་སྐུལ་ཞུ་རྒྱུ་ཞིག་ལ། ང་རང་ཚུད་པའི་གཞོན་སྐྱེས་ཚང་མས་ནད་ཚ་འདི་སྔོན་འགོག་ལ་ཐབས་ཤེས་གནང་རྒྱུ་དང་། སོ་སོ་ཡང་སྨན་ཁང་དུ་ཕེབས་ཏེ་བརྟག་དཔྱད་མཐིལ་ཕྱིན་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

 

མཇུག་མཐར་གསར་འགོད་པས་ལས་འགུལ་ནང་ཞུགས་མཁན་འཇམ་དབྱངས་ཤེས་རབ་ཞུ་བར་བཅར་འདྲི་ཞུས་པར་ཁོང་གིས་བརྗོད་དོན། ངའི་མིང་ལ་འཇམ་དབྱངས་ཤེས་རབ་ཟེར་གྱིན་ཡོད། ལོ་མང་པོའི་གོང་ནས་ངྷ་རམ་ས་ལར་བསྡད་ཡོད་པ་ཞིག་ཡིན། བོད་པའི་སྤྱི་ཚོགས་ནང་ལས་འགུལ་འདི་ལྟ་བུ་ཧ་ཅང་གལ་ཆེན་པོ་ཞིག་རེད་སྙམ་སྟེ་ཡོང་བ་ཡིན། འོན་ཀྱང་། དེ་རིང་འདིར་ལས་འགུལ་ནང་ཞུགས་མཁན་མི་ཉུང་ཤས་ཤིག་ལས་མི་འདུག མང་པོ་ཞིག་གིས་ནད་ཚ་འདི་དེ་འདྲའི་ཛ་དྲག་ཅིག་ཡིན་པ་ཤེས་ཀྱིན་ཡོད་པ་མ་རེད། ངྷ་རམ་ས་ལ་ཁུལ་དུ་རེག་དུག་གི་ནད་ཚ་ཕོག་ཡོད་པའི་བོད་རིགས་ཕོ་གཞོན་མོ་གཞོན་མང་པོ་ཡོད་པ་རེད། ངས་ངོ་ཤེས་པའི་ནང་དུ་རེག་དུག་གི་ནད་ཚ་ཅན་ལྔ་དྲུག་ཅིག་ཡོད། ཁོང་ཚོ་དེ་རིང་འདིར་ཡོང་མི་འདུག སོ་སོའི་ཁྱིམ་དུ་ཡུབ་ནས་བསྡད་ཡོད་པ་རེད། ང་ལ་ཁྱིམ་མཚེས་ནོར་བུ་ཞུ་བ་ཞིག་ཡོད། ཁོང་སྔོན་མ་བོད་ནས་ཡོང་བ་རེད། རྗེས་སུ་རྒྱ་གར་ལྡི་ལི་ནས་ཡུན་རིང་བསྡད་མྱོང་བའི་བུ་མོ་ཞིག་དང་ཁ་ཐུག་ཅིང་། རྗེས་སུ་ཁོང་བཟའ་མི་གཉིས་ཀར་རེག་དུག་གི་ནད་ཚ་ཕོག་ཅིང་། སྐྱེས་དམན་སྔར་ལོ་གྲོངས་སོང་ལ། ཁོང་ད་ལྟ་ནད་མནར་འོག་བསྡད་ཡོད་པ་རེད། ད་དུང་དེ་དང་དེ་ལྟ་བུ་མང་པོ་ཡོད་པ་རེད། ཅེས་ཡིད་ཆད་དང་བཅས་བརྗོད་བྱུང་།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 32

  1. དུང་མཚོ་སྐྱིད། says:
    ལོ་ 15 སྔོན།

    མངོན་ནས་བོད་ཀྱི་འཛངས་མ་ཟེར་བ་དེ་འདྲ་ས་མི་འདུག

    Reply
  2. རྒྱང་རིང་ནས། says:
    ལོ་ 15 སྔོན།

    ལས་འགུལ་ལ་ཡིད་རང་ཡོད་ མིང་ཙམ་དང་དཔལ་འབྱོར་སོགས་ལ་མ་བལྟ་བ་བརྒྱུན་སྐྱོང་ཡོད་པ་མཁྱེེེན།

    Reply
  3. ཨ་ཁུ་རྫ་རྒྱ says:
    ལོ་ 15 སྔོན།

    དགོངས་ཚུལ་ཡག་པོ་འདུག

    Reply
  4. ཨ་ཁུ་རྫ་རྒྱ says:
    ལོ་ 15 སྔོན།

    མཛངས་མ་བསྟན་འཛིན་ཆོས་འཛོམས་ཁྱོད་ཀྱིས་བོད་ཀྱི་གཞོན་སྐྱེས་ཚོར་འབོད་སྐུལ་ཞུས་པ་དེ་བཟང་པོ་འདུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཁྱེད་རང་ལ་དེའི་ཕྱོགས་ལ་དངོས་སུ་ལག་ལེན་ཐུབ་པ་ག་རེ་ཡོད་གསུངས་ན་ཡག་པོ་འདུག

    Reply
  5. གྲགས་པ་རྒྱ་མཚོ། says:
    ལོ་ 15 སྔོན།

    མཛེས་མ་ལགས་སུ་ཞུ་བསྐུལ། བོད་རིགས་རྣམས་ལ་བོད་སྐད་གཙང་མ་ཡོང་བའི་ལས་འགུལ་སྤེལ་རོགས་ཞུ།

    Reply
  6. ཨ་རུ་ར། says:
    ལོ་ 15 སྔོན།

    སྐུ་ངོའི་བཀའ་སློབ་ལས།
    ༼འཕྲོད་བསྟེན་སྨན་ཁང་ཁག་གིས་རྒྱ་གར་གཞུང་གི་གཉན་ནད་རེག་དུག་ལྟེ་གནས་ཁག་ནས་སྨན་དུས་ཐོག་ཏུ་ཞུ་ཐུབ་ན། ནད་གཞི་སྡུག་ཏུ་མི་འགྲོ་བ་མ་ཟད། ལུས་སྟོབས་མ་ཤོར་བར་ཇི་སྲིད་འཚོ་བའི་བར་འཚོ་གནས་ཐུབ་ཀྱིན་ཡོད། དེ་བཞིན་བོད་གཞུང་སྨན་རྩིས་ཁང་ལ་འབྲེལ་བ་གནང་ན། བོད་སྨན་གྱི་ལམ་ནས་ཀྱང་ཕན་ཐོགས་གང་འཚམ་ཡོང་གིན་ཡོད་པ་རེད། ཅེས་སྒྲོག་སྦྱོང་གནང་སོང་།༽
    དེང་སང་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་ཁང་ག་གེ་མོ་དེ་ཚོ་ཡང་བོད་གཞུང་སྨན་ཁང་ལས་ལྷག་པའི་མཐོང་ཆེན་གནང་གི་ཡོད་པ་རེད། རྒྱུན་དུ་ཁ་ནས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོ་དགོས་ལུགས་མཎི་བགྲང་བ་ལྟར་གསུང་གི་ཡོད་ཀྱང་། དོན་དངོས་སུ་སོ་སོའི་རིག་གཞུང་ལ་དོན་སྣང་དང་མཐོང་ག་ཚོད་ཅིག་ཡོད་མེད་འདིར་གསར་བོ་མཐོང་ཐུབ།

    Reply
  7. ཨ་རུ་ར། says:
    ལོ་ 15 སྔོན།

    དེ་མིན་རེ་བསྐུལ་ཞུ་རྒྱུ་ཞིག་ལ། འཕྲོད་བསྟེན་ལས་ཁུངས་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལ་དམིགས་བསལ་གྱི་དོན་སྣང་དང་། བོད་མི་གནས་སྡོད་གཞི་སྒར་ཁག་ཏུ་འཕྲོད་བསྟེན་དང་འབྲེལ་བའི་ཟས་སྤྱོད་སྤང་བླང་གི་སློབ་སྟོན་བོད་ཀྱི་གསོ་བ་རིག་པའི་གཞུང་ལྟར་གནང་ཐུབ་ན། སོ་སོའི་རིག་གཞུང་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོ་བྱེད་རྒྱུ་དགེ་ཕན་ཡོད་པ་མ་ཟད། ནད་གཞི་ཆེ་ཆུང་ག་འདྲ་ཞིག་ཡིན་ཀྱང་ཕར་དེད་ན་ཟས་དང་སྤྱོད་ལམ་མི་མཐུན་བསྟེན་པ་ལས་འབྱུང་གི་ཡོད་པའི་སྐོར་སོ་སོའི་སྐད་ཡིག་ཐོག་ནས་སློབ་སྟོན་གནང་ན་ཁ་གསལ་བ་དང་གོ་བདེ་བ་ཡོང་གི་རེད།
    རེག་དུས་ནད་གཞི་ལ་བོད་སྨན་དང་རྒྱ་སྨན་གྱི་ཕན་ཐོགས་ཡོད་མེད་གཅིག་མཚུངས་ཡིན།
    སྐུ་ངོ་ལགས་ཕྱི་ལུགས་སྨན་ལ་མཐོང་ཆེན་དང་བོད་སྨན་ལ་མཐོང་ཆུང་བྱེད་རྒྱུ་ནི་ཤིན་ཏུ་ནས་མི་འོས་པ་ཞིག་ཏུ་མཐོང་།

    Reply
  8. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    ཁོ་བོས་བཤད་པ་གནད་དུ་ཁེལ་ཡོད་པ་འདྲ།

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ཕར་ལ་རྒྱ་རྒན་མ་ཟེར་གོང་ནས་ཚུར་ལ་ལངས་སྐྱག་ཟེར་བ་འདི་ཅིས་ཉེས་པ་ཡིན་ནམ། དེང་སང་རྒྱུ་བདག་ལས་རྐུན་མ་དབང་བཙན་དུས་ཤིག་ལ་སླེབས་ཡོད་པ་ཨེ་ཡིན་ནམ།
    ནམ་རྒྱུན་རྗེས་འདེད་འདྲ་ཞིག་མ་གཏོང་ལགས། གཏིང་ན་སྐྱག་མ་མང་པོ་ཡོད་པ་རེད། སྐྱག་པ་ས་ཁར་ཤོང་ཚེ་དྲི་ངན་གང་སར་ཁྱབ་འགྲོ་གི་རེད། དེ་ལས་ཁ་ཁུ་སུམ་མེར་བཞག་ན་མ་རེད་པས།

    Reply
  10. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    ངོ་མ་མཛངས་མ་བསྟན་འཛིན་ཆོས་འཛོམས་སྙིང་རྗེ་རུ་འགྲོ་འདུག་བ། བབབ།

    Reply
  11. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    དྲྭ་གྲོགས་སེམས་བཟང་ལགས་ཀྱིས་གསུང་པ་བདེན། སྤྱི་ཚོགས་ནང་ལས་ཀ་གང་ཐུབ་ཅི་ཐུབ་གནང་མཁན་ཚོར་སྐྱོན་བརྗོད་བྱེད་མཁན་འདི་ཚོ་ག་དུས་ཡིན་ན་འདི་འདྲ་རེད། མི་ལ་སྐྱོན་བརྗོད་རྐྱང་ལས་སོ་སོས་འཇོན་པ་དང་ལས་ཀ་བྱས་པ་སྣ་གཅིག་ཀྱང་འདི་ཚོར་ཡོད་མ་རེད།
    མཛེས་མ་བསྟན་འཛིན་ཆོས་འཛོམས་ལ་ཕྲག་དོག་ལང་པ་ལས་གཞན་ཅི།

    Reply
  12. སེམས་བཟང་། says:
    ལོ་ 15 སྔོན།

    དྲྭ་གྲོགས་རྣམ་པ། མཛངས་མ་བསྟན་འཛིན་ཆོས་འཛོམས་ལ། སྡུག་རིགས་སྡུག་ཚད་ལབ་མ་འདུག །སྙིང་རྗེ། མོ་རང་གིས་ཀྱང་བོད་སྤྱི་པའི་མིང་ཞིག་ཁུར་ནས། བོད་སྤྱི་པའི་ལས་ཀ་རྣམས་བྱེད་བཞིན་ཡོད་པ་རེད། མ་གཞིའི་ང་ཚོའི་སྤྱི་ཚོགས་འདི་ཡག་པོ་རེད་མི་འདུག །ལས་ཀ་བྱེད་མཁན་རྣམས་ལ། ག་དུས་ཡིན་ནའང་སྡུག་ཅག་རང་ལབ་ཀྱི་འདུག །དེ་ཡག་པོ་མ་རེད། རྗེས་མ་སྤྱི་དོན་བྱེད་པ་ལ་ཞེད་སྣང་སྐྱེ་དགོས་པའི་གནས་སྟངས་ཆགས་ཀྱི་རེེད།

    Reply
  13. གྲགས་པ་རྒྱ་མཚོ། says:
    ལོ་ 15 སྔོན།

    གངས་ཅན་བོད་ལ་ལྟས་ངན་སྣ་དགུ་འཁོར།

    ཨ་ཕའི་ལུས་ལ་སྐྱོ་བའི་ནད་ཡམས་རྒོད།།
    ཨ་མའི་ངག་སྒོ་ཕྱི་རོལ་མཚོན་གྱིས་བཅད།།
    བུ་དང་ཚ་བོས་ངུ་སྐད་འདོན་པའི་དུས།།
    གངས་ཅན་བོད་ལ་ལྟས་ངན་སྣ་དགུ་འཁོར།།

    ཨ་ཅེ་མཛེས་མའི་ལང་ཚོ་གཞན་ལ་བཙོངས།།
    ཨ་ཁུ་བཙུན་པའི་རླུང་རྟ་ཐང་ལ་ལྷུང་།།
    ཨ་ལགས་རྫུན་མ་རྡུལ་བཞིན་འཚུབ་པའི་དུས།།
    གངས་ཅན་བོད་ལ་ལྟས་ངན་སྣ་དགུ་འཁོར།།

    ཕྱི་སྡོད་བོད་མིས་དབྱིན་སྐད་ཁོ་ན་སྦྱངས།།
    ནང་མི་སྤུན་ཟླས་རྒྱ་སྐད་འདྲེས་མ་བཤད།།
    ར་མིན་ལུག་མིན་འཚོ་བའི་གནས་སྟངས་འོག།
    གངས་ཅན་བོད་ལ་ལྟས་ངན་སྣ་དགུ་འཁོར།།

    མཁས་པ་རེ་འགས་གྲུབ་མཐའི་ཕྱོགས་རིས་འཛིན།།
    ཕོ་གསར་ལ་ལས་གསར་རྙིང་ལྟ་བ་རྩོད།།
    ནང་དམེའི་མཚོན་ཆ་དབྱིངས་ལ་བསྐོར་བའི་དུས།།
    གངས་ཅན་བོད་ལ་ལྟས་ངན་སྣ་དགུ་འཁོར།།

    བླ་མ་དཔོན་པོའི་སེམས་བསྐྱེད་རྒྱ་ལ་ཕྱོགས།།
    རྒྱ་ནག་ཚོང་བས་བོད་ལ་མགོ་སྐོར་བཏང་།།
    བདེན་པའི་མིག་ཟུང་རྫུན་གྱིས་གཡོགས་པའི་དུས།།
    གངས་ཅན་བོད་ལ་ལྟས་ངན་སྣ་དགུ་འཁོར།།

    བཙུན་པའི་ངེས་འབྱུང་ཟང་ཟིང་ནོར་གྱིས་བཅོམ།།
    སློབ་མའི་སེམས་པ་མུ་སྟེགས་ལྟ་བས་བསྒྱུར།།
    དམན་ལ་ཞེན་པའི་བསླུ་བྲིད་ཟབ་མོ་འདིས།།
    གངས་ཅན་བོད་ལ་ལྟས་ངན་སྣ་དགུ་འཁོར།།

    དགོན་པའི་མིང་བྱང་ལྗོངས་རྒྱུའི་ཞིང་ལ་བསྒྱུར།།
    ཕྱོགས་ལྷུང་ལྟ་བས་མི་རིགས་ལས་དོན་བསྐྱངས།།
    སྤྲུལ་སྐུའི་ཆོ་ལོ་སྒོར་ཀྱིས་ཉོ་བའི་དུས།།
    གངས་ཅན་བོད་ལ་ལྟས་ངན་སྣ་དགུ་འཁོར།།

    བཙུན་པའི་ཉེས་སྐྱོན་གླེང་དུས་འཛུམ་ཤིག་ཤིག།
    ཡང་དག་ཆོས་ལ་རྒོལ་དུས་གྲིམ་རིག་རིག།
    ལྟ་ངན་སྨྲ་བའི་དཔུང་ཚོགས་ཆེར་རྒྱས་བས།།
    གངས་ཅན་བོད་ལ་ལྟས་ངན་སྣ་དགུ་འཁོར།།

    ལུག་རྫི་བུ་མོས་འུར་ཆ་རྒྱང་ལ་དོར།།
    མི་ཆེན་དཔོན་པོས་སྐྱེ་ཁུངས་གཏིང་ནས་བརྗེད།།
    སློབ་གསོའི་ཐབས་ལམ་ཆང་གིས་འཚོལ་བའི་དུས།།
    གངས་ཅན་བོད་ལ་ལྟས་ངན་སྣ་དགུ་འཁོར།།

    གླུ་བ་གླུ་མས་ཆོས་ཀྱི་བསླབ་བྱ་བརྒྱབ།།
    ཆང་འཐུང་སྨྱོན་པས་མི་རིགས་ལ་རྒྱ་གླེང་།།
    བུ་དང་ཆུང་མ་རྒྱན་ལ་འཛུགས་པའི་དུས།།
    གངས་ཅན་བོད་ལ་ལྟས་ངན་སྣ་དགུ་འཁོར།།

    ༢༠༠༩ལོའི་ཟླ་༨པའི་ཚེས་༩ལ།
    བོད་ཀྱི་དྲྭ་རྒྱ་ལས་བཤུས།

    Reply
  14. ཨ་རུ་ར། says:
    ལོ་ 15 སྔོན།

    ཆོས་བྱེད་སར་མི་འདུག ཆོས་དོག་བྱེད་སར་འགྲོ
    དགེ་སློང་ཞིག་གི་སྲུང་བྱ་སྲུང་རྒྱུ་ཕར་ཞོག དགེ་ཚུལ་ཞིག་གི་སྲུང་བྱ་བླང་འདས་སོ་དྲུག་ཙམ་ཡང་སྲུང་ཐུབ་ཀྱི་མི་འདུག་ན་ཡང་། ད་དུང་ཁ་ནས་དགེ་བཤེས་ཀྱི་མཚན་འཁྱེར་བ་དེ་མི་འོས་པའོ།།

    Reply
  15. བྱམས་རྒྱལ། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས། ཁྱེད་ཀྱིས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱི་གསུངས་པ་ལྟར་གསར་འགྱུར ལ་དག་བཅོས་བྱས་སོང་བས་ང་ཀློག་མཁན་ལ་སེམས་འགུལ་ཐེབས་བྱུང་ལ་བསམ་ཚུལ་འདོན་ལེན་གྱི་ཁོར་ཡུག་ཀྱང་རྒྱ་ཆེ་རུ་སོང་བས་སྣང་བ་ཞིག་སྟེར། ནོར་བ་ནི་ནམ་ཡང་སྲིད་བའི་རང་བཞིན་ཞིག་རེད་ལ་དེ་བས་ནོར་བསྲང་ནི་ཤེས་ཡོན་ངོ་མ་ཞིག་རེད་།

    Reply
  16. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ཨ་ཧོ། ངས་ད་ལྟ་Tibet TV Online སྟེ་བོད་ཀྱི་དྲ་བརྙན་གསར་འགྱུར་ཞེས་པ་དེར་ལྟ་བཞིན་ཡོད། འཛམ་གླིང་ཨེཌ་ཙི་ཉིན་མོ་སྲུང་བརྩི་བྱེད་དུ་ཡོང་མཁན་གྱི་བོད་ཕྲུག་འདི་ཚོས་བོད་ཕྱེད་ཀ་དང་དབྱིན་སྐད་ཕྱེད་ཀ་རེས་བོད་མི་གཞོན་སྐྱེས་ཚོར། མད་སད་ཇི་ཡིན་ན་ཅིག་སྤད་ཡ་ཡིན་ཟེར། ད་དུང་བོད་སྐད་ཚིག་ཁྱར་ཁྱོར་འགའ་བཤད་རྗེས་དབྱིན་ཀྱང་ཁྱར་ཁྱོར་རེ་ལས་ཤོད་ཀྱི་མི་འདུག ང་དངོས་ཁོ་ཆད་ཐལ།
    ད་དུང་བོད་ཀྱི་མཛངས་མ་ཡིན་ན་དེ་ཡང་སླེབས་འདུག སྐད་ཆ་འདི་འདྲ་ཞིག་ལས་མི་ཛོད་ཀྱང་”བོད་ཀྱི་མཛངས་མ་”ཆགས་ཐུབ་པ་ཨ་རེ་མཚར། སེམས་གཏིང་ནས་སྙིང་ལང་ཡོང་གི ད་མི་ལྟ། ཉལ་གི་ཡིན།

    Reply
  17. ཨ་རིག་གླེན་རྒན། says:
    ལོ་ 15 སྔོན།

    སྨོན་ལམ་མཐར་ཕྱིན་ལགས་ད་ཀྱང་མ་གསུང་རོགས།
    ཁྱེད་ཀྱི་གདོང་རས་ངོ་མ་དེ་མཐོང་ཟིན།
    རབས་ཡིན་ན་ཕྱིར་བོད་དུ་ལོག་ཕེབས་རོགས་སྐུ་མཁྱེན།

    Reply
  18. འབྲོག་ཁྱི། says:
    ལོ་ 15 སྔོན།

    དངོས་གནས་ང་ཚོའི་སྤྱི་ཚོགས་ནང་དུ་རེག་དུག་ན་ཚ་འདི་མེད་པ་འགྲོ་རྒྱུ་ཡི་འཚབ་ཏུ་ལོ་རེ་ནས་ལོ་རེར་མང་དུ་འགྲོ་ཡི་ཡོདཔ་ནི་གསལ་པོ་རེད། སོང་ཙམ་ཆེས་ཉན་ཚབ་ཆེ་བའི་ན་ཚ་འདི་ང་ཚོས་སྣང་ཆུང་དུ་ཤོར་ན་ང་ཚོ་རྩ་མེད་བཟོ་བའི་འབར་རྫས་ཤིག་ཏུ་འགྱུར་རྒྱུ་པར་དཔྱོད་ལྡན་ཞིག་ཡིན་ན་རྟོག་སླ་བའི་གནས་རེད། འོ་ན་འདི་ལྟར་བུའི་ན་ཚ་ཚབ་ཆེན་འདི་མེད་པར་བཏང་ཐབས་ལ་ཐབས་ལམ་ག་རེ་ཡོད་མེད་ལ་དཔྱིད་ན་ཐབས་ལམ་ཆེན་པོ་གཉིས་ཡོད་མཐོང་གི་འདུག། དང་པོ་མ་འོང་པར་ན་ཚ་དེ་གསར་དུ་མི་ཡོང་ཆེད་ན་ཚ་སྔོན་འགོག་བྱེད་དགོས་པ་དང་ན་ཚ་ཕོག་བྱིན་པའི་རིགས་ལ་སྨན་བཅོས་ཀྱི་སྒོ་ནས་བདག་སྐྱོངས་བྱེད་དགོས། དང་པོ་ན་ཚ་དེ་སྔོན་འགོག་བྱེད་ཚུལ་ནི་འཕྲོད་རྟེན་གྱི་ཁོངས་ནས་མི་མང་ལ་ན་ཚ་འབྱུང་རྐྱེན་གང་དང་གང་ཡིན་མིན་དག་ངོ་སྤྲོད་གནད་སྨིན་བྱེད་རྒྱུ་དང་དེ་བྱུང་བྱིན་པའི་རྗེས་སུ་མི་རེ་ངོ་རེས་རང་ཉིད་ཉན་ཁ་དེ་ལས་ངེས་པར་དུ་ཡོལ་ཐུབ་ཐབས་བྱེད་དགོས། གཉིས་པ་བྱུང་བྱིན་པའི་ནད་པ་རྣམས་ལ་མཐོང་ཆུང་དང་ཆེད་གསོད་རྩ་བ་ནས་བྱེད་མི་རུང་བ་མ་ཟད་ཤ་ཚ་དང་སྙིང་ཉེ་བའི་ངང་ནས་རོགས་འདེགས་བྱེད་ཐུབ་པ་བྱེད་དགོས་རྒྱུ་དང་ལྷག་པར་དུ་གཞུང་གི་ངོས་ནས་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཐུབ་པ་བྱ་དགོས། ནད་པའི་ངོས་ནས་ཀྱང་ཡིབ་གང་ཐུབ་བྱས་ནས་མ་བཞུགས་པ་དཔེར་ནཉེ་ཆར་དང་བླང་གི་མདུན་ལ་སླེབ་པའ་ིབུ་ནོར་བུ་ནང་བཞིན་སྤྱི་ཚོགས་ཀྱི་མདུན་ལ་ལངས་ཐུབ་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག།

    Reply
  19. ཨ་ལ་ལ says:
    ལོ་ 15 སྔོན།

    མཛངས་མའི་ཤ་འཇམ་དྲགས་ནས་མིན་འགྲོ།

    Reply
  20. གྲགས་པ་རྒྱ་མཚོ། says:
    ལོ་ 15 སྔོན།

    དུས་རྒྱུན་བོད་སྐད་གཙང་མར་ར་སྐད་ལུག་སྐད་ཀྱི་ན་ཚ་འགོས་འདུག་དང་། མི་འདུག་བརྟག་དཔྱད་གནང་རོགས་ཞུ་རྒྱུ་ཡིན།

    Reply
  21. འཁོར་ཡུག། says:
    ལོ་ 15 སྔོན།

    དྲ་གྲོགས་མགྲིན་པ་ཟབ་མོ་ལགས། མཛངས་མ་མཉམ་ཆུང་དེའི་བཞིན་གདོན་
    དམར་ཁོག་ཁོག་དེ་ལ་དེ་འདྲ་མ་ཟེར་དང༌། དེ་ནི་ཁོ་མོ་དང་པར་པས་ལེན་པ་མ་རེད། སྟོད་གོས་དམར་པོ་དེས་ལེན་པ་རེད། ཧ། ཧ། སྐུ་རྩེ་ཡིན་ད། གང་ལྟར་ཡང་མཛངས་མ་ཆོས་མཛོམས་ཀྱི་གཏམ་བཤད་ལ་བསྔགས་བརྗོད་ཡོད། དེང་དུས་ན་གཞོན་མ་ཚོའི་གྲས་ལ་དེ་འདྲ་ཤོད་ཐུབ་ཁན་ཁག་པོ་འདུག་ག་ འུ་ཅག་བོད་པ་ཚོ་ངོ་ཚ་སྨིན་པོ་ཡོད་ཙང་ཡིན་ལེ་རེད།

    Reply
  22. མགྲིན་པ་ཟབ་མོ། says:
    ལོ་ 15 སྔོན།

    མཛངས་མ་བསྟན་འཛིན་ཆོས་འཛོམས་ལགས་ཀྱི་འབོད་སྐུལ་དང་ལས་འགུལ་ལ་རྒྱབ་སྐྱོར་ཡོད། ཡིན་ཡང་། པར་ལེན་སྟངས་ཤིག་གིས་མ་འགྲིག་པ་མིན་ཚེ། ངོ་གདོང་གི་དཀར་རྩི་དེ་ཅུང་མང་དྲགས་པའི་རྣམ་པ་མཐོང་གི་འདུག དོན་མེད་ཇུས་གཏོགས་རེད་དེ་མོ་རང་ལའང་བོད་ཅེས་པའི་མིང་དང་འབྲེལ་བའི་གོ་བབ་ཅིག་ཡོད་པའི་དབང་གིས་ཇུས་གཏོགས་བྱས་པ་ཡིན།

    Reply
  23. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    མཛང་མ་བསྟན་འཛིན་ཆོས་འཛོམས་ཀྱིས་འབོད་སྐུལ་དེ་ལ་ཡི་རང་ཡོད། རྗེས་མར་བཙན་བྱོལ་སྤྱི་ཚོགས་ནང་དུ་བསྲེ་སྐད་མ་གཏོགས་བོད་སྐད་གཙང་མ་རྒྱག་མི་ནུས་པའི་ནད་ངན་ཞིག་བྱུང་དང་འབྱུང་བཞིན་པ་དེ་ལ་འབོད་སྐུལ་རེ་གནང་ན་གལ་ཆེ་བར་འདོད། མ་འོངས་བར་ལུས་ཐོག་ཏུ་ཟིན་པའི་ད་ལྟའི་ན་ཚས་བོད་པའི་ཚེ་སྲོག་འཕྲོག་ངེས་པ་ནང་བཞིན། རང་སྐད་གཙང་མའི་ནང་དུ་བསྲེ་སྐད་་ཀྱི་རེག་དུག་ཕུག་པ་དེས་ཀྱང་མི་རིགས་འདི་རྩ་མེད་བཟོ་པའི་ཉེན་ཁ་ཡོད་པ་མཐོང་ན་ལེགས་པར་སེམས།

    Reply
  24. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    བཀུར་འོས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གསུངས་པ་ལྟར་དག་བཅོས་བྱས་ཡོད། མཛུབ་སྟོན་དང་ལྷན་དུ་འཁང་ར་བྱས་པ་དེར་དང་ལེན་བྱས་པ་ཡིན་ལ། འབྱུང་འགྱུར་ཡང་ལམ་སྟོན་ཞུ་བཞིན་ཡོད།

    Reply
  25. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    ཞན་ཆ་གླེང་དེ་ཡར་རྒྱས་ལ་གོམ་པ་སྤོ་རྒྱུ་གལ་ཆེན་ནང་ནས་འགེངས་ཆེན་རེད། དྲྭ་གྲོགས་ཚང་མིའི་མི་རིགས་ཞིག་གི་རྩ་དོན་བསམ་ནས་ཐུགས་ཁུར་གནང་རྒྱུས་རེ་བ་བཅངས་ཡོད་ལགས། ལྷན་དུ་འཚམས་འདྲི་ཡང་ཡོད་ཨ།

    Reply
  26. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས། ཁྱེད་ཀྱི་གསར་འགྱུར་དུ་《སྐབས་དེར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཞོ་སར་བསོད་ནམས་ཕུན་ཚོགས་ལགས་ཀྱིས་འཕྲོད་བསྟེན་བཀའ་བློན་མཆོག་གི་གསུང་འཕྲིན་སྒྲོག་སྦྱོང་གནང་དོན།》 ཞེས་བཀོད་འདུག་པས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་སུ་ད་ལྟ་དྲུང་ཆེ་ཡོད་མ་རེད། ཁ་སང་འཕྲོད་བསྟེན་བཀའ་བློན་གྱི་གསུང་འཕྲིན་སྒྲོག་སྦྱོང་གནང་མཁན་དེ་འཕྲོད་བསྟེན་དྲུང་ཆེ་ལས་ཚབ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་རེད། སྐབས་འདིའི་གསར་འགོད་པས་ཁོང་གི་གོ་གནས་གསལ་པོ་ཤེས་རྟོགས་ཐུབ་མི་འདུག་པ་མ་ཟད། ཁོང་གི་མཚན་ཀྱང་ནོར་བ་འདི་ནི་ཐུགས་སྣང་མ་གནང་བའི་སྐྱོན་གནད་ཅིག་ཏུ་མཐོང་། ད་ལྟའི་འཕྲོད་བསྟེན་དྲུང་ཚབ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་རྡ་ས་ས་གནས་འགོ་འཛིན་མི་ལོ་དྲུག་ཙམ་རིང་གནང་བ་ཞིག་ཡིན་པས་དུས་བབ་རྩོམ་རྩོམ་སྒྲིག་པ་དང་གསར་འགོད་པ་སོགས་ཀྱིས་ཁོང་གི་མཚན་ནོར་མི་སྲིད་པ་ཞིག་ཡིན་དགོས་ཀྱི་རེད་བསམ།

    Reply
  27. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    བོད་པ་སྐྲག་ས་མེད་པའང་མ་ཡིན་ཏེ། སྦྱིན་བདག་གི་ངོ་མདངས་ནི་དོན་གྱི་སྐྲག་
    ས་དེ་ཡིན། བོད་རིགས་ནི་དད་པ་ཁོ་ནས་ཚིམས་མཁན་ཤིག་ཡིན་སྟབས་རྒྱུན་་
    ཤེས་འདི་དག་ལ་དོ་སྣང་ཡོང་མི་སྲིད། དེ་བས་ཆོས་ཀྱི་གཞི་ལ་ཚིག་གི་མདའ་་་
    འདི་བཀང་ནས་འཕངས་ན་ཐབས་རེ་ཡོད་དམ།

    Reply
  28. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    བོད་པ་སྐྲག་ས་མེད་པའང་མ་ཡིན་ཏེ། སྦྱིན་བདག་གི་ངོ་མདངས་ནི་དོན་གྱི་སྐྲག་
    ས་དེ་ཡིན། བོད་རིགས་ནི་དད་པ་ཁོ་ནས་ཚིམས་མཁན་ཤིག་ཡིན་སྟབས་རྒྱུན་་
    ཤེས་འདི་དག་ལ་དོ་སྣང་ཡོང་མི་སྲིད། དེ་བས་ཆོས་ཀྱི་གཞི་ལ་ཚིག་གི་མདའ་་་
    འདི་བཀང་ནས་འཕངས་ན་ཐབས་རེ་ཡོད་དམ།

    Reply
  29. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    ང་ཚོ་བོད་པ་ནི་ན་ཚ་འདིའི་རིགས་ལ་སྐྲག་མི་སྲིད། རྒྱ་མིའི་གཏམ་དཔེ་ལ།
    རོ་སྒམ་མ་རིག་ན་མིག་ཆུ་མི་འཐོར། ཞེས་ཟེར་སྲོལ་ཡོད་པ་བཞིན།

    Reply
  30. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཡོད གསུངས་བ་ལྟར་གཉན་ནད་རེག་དུག་འདི་ལ་ནད་ཚ་ཞེས་གསུངས་གི་ཡོད་བ་མིན་ནམ་ དེ་མིན་འགྲེལ་བཤད་ཅིག་གནང་ན་ཡག་པོ་འདུག་

    Reply
  31. བྱམས་རྒྱལ། says:
    ལོ་ 15 སྔོན།

    བོད་ཀྱི་སྨན་གཞུང་དུ་གཉན་ཁ་ཡོད་པའི་ནད་ཀྱི་རིགས་སུ་གྱུར་པ་ཀུན་ཚ་བ་དང་བསྡོངས་

    Reply
  32. བསེ་རུ། says:
    ལོ་ 15 སྔོན།

    གསར་འགོད་པར་ཞུ་རྒྱུར།
    སྤྱིར་ན་ཚ་ཞེས་འབྲི་སྲོལ་དང་ཤོད་སྲོལ་གཉིས་ཀ་ཡོངས་གྲགས་ཡིན་ན་ཡང་། ཁ་སང་དེ་རིང་གི་གསར་འགྱུར་ནང་། ན་ཚ་ཞེས་པར་ནད་ཚ་ཞེས་བེད་སྤྱོད་གནང་འདུག་པས། དེ་ལྟར་འབྲི་དགོས་པའི་རྒྱབ་ལྗོངས་འདྲ་ཡོད་ན་གསུང་རོགས།

    སོ་སོའི་ཁྱིམ་དུ་ཡུབ་ནས་བསྡད།
    སོ་སོའི་ཁྱིམ་དུ་ཡིབ་ནས་བསྡད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese