མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོར་ཐར་པ་ཞིག་ཨེ་ཡོད། དབུས་ཕྲུག་ཚེ་རིང༌།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

 
                                          དབུས་ཕྲུག་ཚེ་རིང༌།
༡༽
བྱ་དངོས་གང་ཞིག་ཡིན་ཀྱང་འཕེལ་རྒྱས་ཀྱི་ཡང་རྩེ་ནས་གུད་པ་དང་གུད་པའི་མཐར་རྒྱས་པ་ནི་དངོས་པོའི་གཤིས་ལུགས་ཡིན། ང་ཚོ་གངས་ཅན་པ་ཚོ་ཡང་འདས་པའི་ལོ་རྒྱུས་ནང་ཆབ་དཔལ་རིག་གསུམ་གྱི་མངའ་ཐང་དགུང་དུ་སྙེག་མྱོང་ལ། ད་ཆ་གུད་པའི་མཐར་ལྷུང་སོང་བ་རེད། འཛམ་གླིང་གི་མི་རིགས་དང་རྒྱལ་ཁབ་སུ་འདྲ་ཞིག་ཀྱང་ལོ་རྒྱུས་ཀྱི་ཐེམ་སྐས་འདི་འགྲིམས་མ་མྱོང་བ་མེད་ཚོད་རེད། མི་ལོ་ལྔ་བཅུ་ལྷག་ཙམ་ང་ཚོ་འདི་ལྟར་གྱར་དགོས་དོན་ཡང༌། ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་སློབ་གསོའི་རྨང་གཞི་ཞན་པ་དང༌། བཟོ་ལས་ཚན་རིག་གི་ཤེས་བྱ་དང་གསར་གཏོད་ཀྱི་ལམ་བུར་དོགས་འདྲོགས་ཀྱི་བཀག་རྡོ་མང་བ། འདི་ལྟར་ཕྱོགས་ལྷུང་གི་བསམ་བློའི་འདུ་ཤེས་གཏིང་ཟབ་པས་ང་ཚོ་འདི་ལྟར་དྲུད་འོང་བ་རེད། འོན་ཀྱང་སྙིགས་དོར་བཅུད་ལེན་གྱིས་དེང་རབས་ཀྱི་འོད་སྣང་ལ་ཁ་ཕྱོགས་ཏེ་དཀའ་ཚེགས་ཆེ་བའི་ང་ཚོའི་མདུན་ཕྱོགས་ཀྱི་ལམ་བུར་དུས་རབས་ཀྱི་དཔལ་ཡོན་མངོན་འགྱུར་ཡོང་བར། ང་ཚོ་རང་ཉིད་ནས་འགོ་འཛུགས་བྱེད་ཐུབ་ན། རྟ་མཆོག་ལས་ཀྱང་འགྲོས་མྱུར་བའི་དུས་རབས་ཀྱི་འཕོ་འགྱུར་ཞིག་གིས་ང་ཚོ་ཡང་འདི་ལྟར་ལུས་མི་སྲིད།
༢༽
འོ་ན་ང་ཚོས་ཅི་ཞིག་ལས་དགོས་སམ་ཞེ་ན། སྔ་འདང་ཕྱི་འདང་གིས་འདས་པའི་ལོ་རྒྱུས་དང་ད་ལྟའི་དུས་རབས་ཀྱི་མདུན་ལྗོངས་ལ་བསམ་གཞིགས་གཏིང་ཟབ་བྱས་ཏེ་ང་ཚོའི་ཁོར་ཡུག་དང༌། མི་རིགས་ཀྱི་དགོས་མཁོར་འཚམ་པའི་བཅོས་བསྒྱུར་ལེགས་པོ་བྱེད་དགོས། དེ་ཡང་གལ་འགངས་ཆེ་ཤོས་ནི། ཤེས་ཡོན་སློབ་གསོའི་སྐོར་ཡིན། འཐུས་སྒོ་མ་ཚང་བའི་ད་ལྟའི་སློབ་གསོ་ལས་བྱིས་པ་དང་གཞོན་ནུའི་སེམས་ཁམས་དང་འཚམ་པའི་སློབ་ཚན་ཁག་བཅོས་སྒྲིག་དང༌། དགེ་རྒན་གྱི་ཡོན་ཚད་དང་སློབ་གསོའི་ནུས་རྩལ་གོང་འཕེལ་བཏང་སྟེ་ཚད་ལྡན་གྱི་འོས་སྦྱོང་དང་ཡང་ན། ཤེས་འཇོན་ལྡན་པའི་དགེ་རྒན་གྱི་དཔུང་ཁག་གསར་པ་འཛུགས་དགོས་རྒྱུ། སློབ་མའི་བསམ་བློ་བསྐྱེད་སྲིང་དང༌། རྩོམ་རིགས་ཀྱི་ནུས་རྩལ་གོང་འཕེལ་ཡོང་ཆེད་གཟེངས་བསྟོད་གྱ་ནོམ་པའི་སློབ་ཆུང་དང༌། སློབ་འབྲིང་མཐོ་སློབ། དེ་མིན་གྱི་ཁྱབ་ཁོངས་ནང་ལོ་རེར་ཐེངས་གཉིས་ཙམ་རེ་འགྲན་བསྡུར་གྱི་གར་སྟེགས་གསར་པ་བསྐྲུན་རྒྱུ།
དེ་བཞིན་དེང་གི་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་ཁྲོམ་རའི་གནས་སྟངས་བཞིན་དཔལ་འབྱོར་གྱི་དགོས་མཁོ་དང༌། མི་རིགས་ཀྱི་ལྟ་ཚུལ་ལྟར་བཤེས་གཉེན་ཚོར་གུས་བཀུར་གྱི་འདུ་ཤེས་བསྐྲུན་དགོས། མི་རིགས་སོ་སོའི་སེམས་ཁམས་ལ་དབྱེ་ཞིབ་མ་བྱས་པར་བཟང་ཚད་དང་ཡོད་ཚད་ཕྱི་ཕྱོགས་སུ་རློམ་ཞིང༌། ཀུན་སྤྱོད་རྒྱ་ཡན་དུ་ཤོར་བའི་སློབ་གྲྭའི་སྒྲིག་གཞིའི་མ་ལག་བསྒྱུར་བཅོས་གཏོང་རྒྱུ་དང༌། རིམ་པ་ཁག་གི་འགོ་ཁྲིད་ཚོ་སློབ་གྲྭ་ཁག་ཏུ་ཕེབས་སྐབས་ངེས་པར་དུ་སློབ་ཕྲུག་དང༌། དགེ་རྒན་གྱི་བསམ་ཚུལ་བསྡུ་ལེན་ཚད་ལྡན་གནང་དགོས་རྒྱུ། རང་རིགས་དང་གཞན་བོད་ཀྱི་རིག་གཞུང་ལ་དོ་དབྱིངས་ཡོད་པའི་མི་སྣ་སུ་རུང་གི་ཆེད། ཕན་ཚུན་བསམ་བློའི་བར་ཐག་སྦྲེལ་བ་དང་མི་རིགས་ཀྱི་སྐད་ཡིག་གོང་འཕེལ་སླད། གཞུང་གིས་གཙོ་གཉེར་གནང་བའི་དྲ་ཚིགས་འཐུས་སྒོ་ཚང་བ་ཞིག་གསར་འཛུགས་དགོས། འཕྲལ་ཕུགས་ཀྱི་དགོས་མཁོར་གཞིགས་ཏེ་རྒྱ་བོད་དབྱིན་གསུམ་གྱི་ཚད་ལྡན་ཡིག་བསྒྱུར་ཁང་ཞིག་ངེས་པར་དུ་དགོས་རྒྱུ། མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཞེས་བརྗོད་པ་ལྟར། རྨང་ནས་སྐད་ཡིག་ཉམ་ཞན་དུ་གྱུར་ན་མི་རིགས་འདི་ཉིད་ཀྱི་ཟུངས་ཁྲག་ཉམས་ཏེ་འཆི་རྒྱུ་ལས་མེད། དེས་ན་ང་ཚོ་གཞན་དབང་སྟབས་བསྟུན་ཡིན་ཡང་གཙོ་ཆར་མི་རིགས་ཀྱི་གནད་དོན་ལ་གཞིགས་ཏེ་སློབ་གསོའི་ཁ་ཕྱོགས་སྤོར་དགོས། འདི་ནི་མི་རིགས་ཤིག་འཆི་ལམ་ནས་སྐྱོབ་རྒྱུའི་དཔྱང་ཐག་ཉག་གཅིག་ཡིན་ངེས།
༣༽
ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲོམ་གཞིའི་ཐད་ནས། ད་ལྟའི་བར་གྱི་བོད་མིའི་རྩ་འབོར་གྱི་བརྒྱ་ཆ་མང་ཆེ་བས་འོས་བསྡུའི་ཆ་ཤས་ལེན་མི་ཐུབ་པ་དེར་ལེགས་བཅོས་དང༌། སྐབས་གང་དུ་ཡང་གཞུང་འཛིན་ཚོགས་པ་ཞིག་རུལ་སུངས་དང་བག་མེད། ལེ་ལོའི་དབང་དུ་མ་སོང་བའི་ཆེད། དག་ཐེར་དང་འགྲན་སློང་གིས། འཛིན་སྐྱོང་ཚགས་ཚུད་དང་ལས་དོན་ལེགས་སྒྲུབ་ཡོང་ཆེད་སྲིད་དོན་ཚོགས་པ་ཞིག་ངེས་པར་དུ་ཡོད་དགོས། གྲོས་ཚོགས་གོང་འོག་གི་ལམ་ལུགས་དང་མི་རེར་འོས་ཐོབ་གཉིས་ཀྱི་ཐོབ་ཐང་ལ་སྣོན་འཕྲི་སྤོར་གཅོག་དགོས་རྒྱུ། ཇི་སྐད་དུ། དབུ་མ་བཞི་བརྒྱ་པ་ལས། ཇི་ལྟར་ཀླ་ཀློ་གཞན་སྐད་ཀྱིས།། བཟུང་བར་མི་ནུས་དེ་བཞིན་དུ།། འཇིག་རྟེན་པ་ཡིས་མ་གཏོགས་པར།། འཇིག་རྟེན་བཟུང་བར་མི་ནུས་སོ།། ཞེས་གསུངས་པ་ལྟར། ཐ་ན་ཆོས་ལུགས་ཀྱི་དྲི་ངད་ཀྱིས་ཡོངས་སུ་འཐུལ་འོང་བའི་འབྲུག་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་དུ་ཡང་ཆོས་ལུགས་ཀྱི་མི་སྣ་བཞུགས་མི་ཆོག་པ་བཞིན། རབ་བྱུང་ན་ཆོས་ལུགས་ཀྱི་སྤྱི་འཐུས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཚོ། དུག་གསུམ་གྱི་ཡོ་ལངས་འཚུབ་མའི་འཇིག་རྟེན་གྱི་འདུ་རར་འཚོགས་མི་དགོས་པར་སྟོན་མཆོག་ཐུབ་དབང་གི་ཞབས་ཟུང་གི་རྗེས་ཤུལ་བསྙེགས་ཏེ་ཆོས་སྲིད་ཀྱི་ལམ་ལུགས་དབྱེ་འབྱེད་དགོས་རྒྱུ།
སྤྱི་འཐུས་རྣམས་གྲོས་ཚོགས་ཀྱི་འཐུས་མིར་སྐབས་གཉིས་ཡན་ཕེབས་མི་ཆོག་པ། དེ་ནས་སྐབས་གཅིག་ངེས་པར་དུ་བར་སྟོང་འཇོག་དགོས་རྒྱུ། རྒྱུ་མཚན་ནི་སྤྱི་འཐུས་རྣམས་གྲོས་ཚོགས་སུ་དུས་ཡུན་རིང་དྲགས་ན་ཕྱོགས་གཅིག་ནས་ཤེས་འཇོན་ཅན་གྱི་གཞོན་སྐྱེས་ཚོར་གོ་སྐབས་མི་རེག་པ། གཉིས་ནས་གྲོས་ཚོགས་ནང་བསམ་བློ་རྒྱུན་འབྱམས་ཀྱི་རང་བཞིན་ཞིག་ལས་ལྟ་ཚུལ་གསར་པའི་མཐོ་རླབས་འཕྱུར་མི་ཐུབ་པ། གཞན་ཡང་གལ་སྲིད་ཁྱེད་རང་རྒྱལ་ཁབ་མེད་པའི་སྐྱབས་བཅོལ་བ་ཞིག་ཡིན་ན་མ་གཏོགས། གཞན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གཞུང་ཁག་ལ་འབོད་སྐུལ་གྱིས། བོད་མིའི་ངོ་བོ་མཚོན་པའི་རང་བཙན་ལག་དེབ་ཀྱི་ནུས་པ་གོང་འཕེལ་དང་གཅིག་འགྱུར་ཡོང་བ་བཟོ་རྒྱུ། ལོ་རེ་ནས་ལོ་རེར་བོད་མིའི་གྲངས་འབོར་ནུབ་ཕྱོགས་ཁུལ་དུ་མང་དུ་འགྲོ་བ་དང༌། ད་དུང་ནུབ་ཕྱོགས་ལ་ཁ་ཕྱོགས་པའི་འགྱུར་འགྲོས་འདི་ནམ་ཡང་འགོག་མི་ནུས་གཤིས། གཞུང་གིས་སྔོན་ཚུད་ནས་ནུབ་ཕྱོགས་ཁུལ་དུ་བོད་མིའི་ཆོས་རིག་དར་སྤེལ་དང༌། རྩ་དོན་རྒྱུན་འཁྱོངས་ཡོང་རྒྱུའི་སྒྲིག་འཛུགས་ཁྱབ་སྤེལ་དང་ས་བརྟན་གཏོང་དགོས་རྒྱུ།
༤༽
དཔལ་འབྱོར་གྱི་གནད་དོན། དཔལ་འབྱོར་ནི་ཆོས་དང་སྲིད། གནའ་དང་དེང་གང་དུ་ཡང་མེད་མི་རུང་བའི་རྒྱུན་སྤྱོད་དངོས་པོ་ཞིག་ཡིན་ལ། དུས་རབས་རིམ་བྱུང་ནང་ཆབ་སྲིད་དང་དམག་དོན་གྱི་རྒྱལ་ཁ་གཙོ་བོ་དཔལ་འབྱོར་གྱིས་བླངས་ཡོད། ལྷག་དོན་དུས་རབས་འདིའི་ནང་དྲང་བདེན་དང་ཁྲིམས་ལུགས། ཁེ་གྲགས་དང་དབང་ཤུགས་སོགས་ཡོད་ཚད་དཔལ་འབྱོར་གྱིས་བསླུ་ཉོ་བྱེད་ཀྱིན་ཡོད། ང་ཚོར་བདེན་པ་ཡོད་བཞིན་དུ་ཇི་ནི་ཝར་འཚོགས་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ལོ་རྟག་པར་ང་ཚོ་ཕམ་འགྲོ་བ་ནི་རྒྱ་ནག་གི་དཔལ་འབྱོར་ནུས་ཤུགས་ཀྱིས་བཟོས་པ་རེད། འདི་ནི་དཔེ་མཚོན་རག་པ་ཙམ་ཞིག་རེད། དེར་བརྟེན་ང་ཚོས་གཞིས་ཆགས་ཁག་དང་རྒྱ་གར་ནང་གི་བོད་མི་རྣམས་ལྷིང་འཇགས་དང་ཆིག་སྒྲིལ། ཡུན་རིང་གི་འཚོ་གནས་ལ་འགན་ལེན་ཞིག་བྱེད་བསམ་ན། ངེས་པར་དུ་དུས་རབས་ཀྱི་འཕུར་མཆོང་ལ་བརྟགས་ཏེ་གཞུང་གི་གོ་སྒྲིག་དང་གལ་ཆེའི་ལམ་སྟོན་འོག སྤྱི་ཡོངས་ཀྱི་ཆ་ནས་ལོ་རེར་ཟླ་བ་གསུམ་ཙམ་ལས་མེད་པའི་བལ་གོས་དགུན་ཚོང་ཙམ་མ་ཡིན་པར། རྒྱ་གར་ནང་གཞུང་སྒེར་གྱི་བཟོ་གྲྭ་ཁག་དང་དེ་མིན་གྱི་བསམ་བློ་གསར་པའི་ཚོང་ལས་ཐོན་བསྐྱེད་ཀྱི་རྣམ་པ་གསར་པར་ཁ་ཕྱོགས་དགོས། དེ་མིན་གཞུང་གིས་ས་གནས་ཁག་སོ་སོར་དེང་རབས་དཔལ་འབྱོར་ལམ་ལུགས་ཀྱི་བྱེད་ཐབས་གཙོ་གྲས་དངུལ་གྱིས་དངུལ་གསོག་པའི་བརྒྱུད་ལམ། རྒྱ་གར་གཞུང་དང་སྒེར་གཉེར་གྱི་དངུལ་ཁང་དང༌། དེ་མིན་ཁེ་ལས་ཁག་སོ་སོར་དངུལ་བུན་བཅོལ་གྱི་ལམ་ལུགས་རྣམས་ཤེས་ལྡན་མི་སྣ་གོ་སྒྲིག་གིས་ས་གནས་ཚང་མར་ལམ་སྟོན་བྱེད་དགོས།
༥༽
མདོར་ན་ང་ཚོས་སྒལ་ཚིགས་སྒྲེང་ཞིང་རང་ཉིད་ཀྱི་རྐང་པར་བརྟེན་ནས་ལངས་དགོས་ན། ཤེས་ཡོན་དང་དཔལ་འབྱོར། ཆབ་སྲིད་ཕྱོགས་གསུམ་ལ་མི་རིགས་རང་མཚན་པའི་བསམ་སྤྱོད་དང༌། དུས་རབས་དང་འཚམ་པའི་སྒོ་ནས་བཅོས་བསྒྱུར་མཐར་ཕྱིན་པ་བྱེད་དགོས། ཇི་སྲིད་ང་ཚོར་གསར་སྤེལ་དང་མདུན་མཆོང་གི་སྙིང་སྟོབས་མེད་སོང་ན། དེ་སྲིད་དུ་ཡར་རྒྱས་དང་སྔོན་ཐོན། དུས་རབས་གསར་པ་ཞེས་པ་རྣམས་ང་ཚོའི་རྨི་ལམ་ཡིན་ལ་མིང་ཚིག་འདི་དག་ང་ཚོར་བེད་མེད་རང་རེད།།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 19

  1. ཨ་ལ་ལ says:
    ལོ་ 16 སྔོན།

    གཤིས་ཀ་

    Reply
  2. ཨ་ལ་ལ says:
    ལོ་ 16 སྔོན།

    ངའི་གཉིས་ཀ་ཡིན།་

    Reply
  3. ཨ་ལ་ལ says:
    ལོ་ 16 སྔོན།

    ང་ལ་གཞན་གྱིས་བསྟོད་ཀྱང་མི་ཆོག་པ་མེད་ལ་རང་གིས་ངོམ་ཡང་མི་འགྲིག་པ་ཞིག་མེད་པའི་ཚོད་ཡིན་པ་ལ་རང་ཉིད་སྤོབས་པ་ཡོད། རྒྱུ་མཚན་ནི་སུ་ཞིག་གིས་བདེན་པ་བདར་གྱི་ཡོད་ན་ང་དེ་ལ་དགའ་ཞིང་དེའི་ཕྱོགས་ནས་ཀ་ལང་ལང་བྱེད་པ་ནི་ངའི་གཉིས་ཀ་ཡིན། ངའི་མིང་ལ་ཨ་ལ་ལ་ཞེས་བཏགས་པ་དེ་ཡང་ངའི་མིང་གི་རྣམ་གྲངས་ཤིག་ཡིན་ལ་དེ་ལྟར་བཏགས་པའི་ཚུལ་ཡང་བོད་གངས་ཅན་དུ་མིང་འདོགས་ལུགས་ལ་དངོས་མིང་དང་བཏགས་མིང་དེ་ལས་ཀྱང་ཁ་གསལ་ན་འདོད་རྒྱལ་དང་རྗེས་གྲུབ་ཟེར་བ་ཞིག་ཡོད་པ་དེའི་འགྲོ་ལུགས་ཀྱིས་བརྗོད་དོན་གྱི་ཅ་ནས་བཏགས་པ་ཞིག་ལས་དེ་གསང་མིང་ཞིག་གང་ནས་ཡིན། བོད་ཀྱི་དུས་བབ་ཚང་གིས་ཀྱང་འདི་འདྲའི་བསམ་འཆར་འདོན་སའི་མཐུན་རྐྱེན་ཞིག་བསྐྲུན་པ་དེ་ཡང་གཅིག་གཅིག་ལ་ཁ་གསེགས་སྣ་གསེགས་བྱེད་ས་ཞིག་གང་ནས་ཡིན།ངས་འདི་ལ་བསམ་འཆར་སྤེལ་བ་དེ་ཡང་དངོས་དོན་དང་མཐུན་མིན་དང་གཅིག་རྒྱབ་གཅིག་ལང་བྱས་པ་ཙམ་མ་ཡིན་པར་བདེན་དོན་རྒྱབ་ལང་བྱས་ཡོད་མེད་རྒྱ་ཅེའི་དྲ་གྲོགས་རྣམས་ཀྱིས་མཁྱེན་པའི་ཡིད་ཆེས་ལས་ཁྱེད་དང་ཁ་རྩོད་དང་ཚིག་མཚོན་འདེབས་འདོད་མེད། རྒྱུ་མཚན་ཡང་ཁྱེད་རང་ནི་ང་རིན་པོ་ཆེའི་གཞན་དབང་དུ་སོང་ཐལ་ཆེ་བའི་གཞོན་སྐྱེ་གསར་བུ་མཐོང་ཐོས་ཅུང་དབེན་པ་ཞིག་ལས་མེད་པ་མཐོང་ཐུབ་པས་ཡིན།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཨེ་ནད་པ་ལགས་ཁྱེད་ལ་ནད་ཤིག་ཡོད་པ་དེ་ནི་བྱིའུ་ཕྲུག་ཚེ་རིང་གིས་ལག་ལེན་མི་ཐུབ་པའི་སྟོང་གཏམ་དེ་ཁྱེད་ཀྱི་ཀླད་པའི་ནང་དུ་གསང་བ་ཆེན་མོ་ཤིག་ཆགས་ནས་ཀླད་ནད་ཕོག་པ་རེད་འདུག་སྙམ།
    ཆོས་སྲིད་ཀྱི་ཕྱོགས་ནས་གསང་བ་ཞིག་ཡོད་པ་ང་ཅོ་རིས་ཤེས་ཁུ་མོ་ཡིན་ཡང་བྱིའུ་ཕྲུག་ཞིག་གི་སྟོང་གཏམ་དེར་ང་ཅོ་རི་ནམ་ཡང་འཁྲུལ་མི་སྲིད།

    རང་གི་ཀླད་ནད་མི་ཤེས་པ།
    གཞན་ལ་བསླབ་བྱ་མ་རྒྱག་ལྭོ།
    རང་ཉིད་སླ་ཁྲིད་མི་ཤེས་པ།
    གཞན་ལ་ཕེབས་ཤོག་མ་གསུངས་ལྭོ།

    Reply
  5. ནད་པ says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་ལགས་ཡོད་ཚད་ཕྱི་གསལ་ནང་གསལ་ཞིག་བཟོ་དགོས་པ་དེ་ཕྱོགས་ཅིག་ཁོ་ནའི་བསམ་ཚུལ་ཙམ་ལས་དོན་གནད་མང་པོ་ཞིག་གི་ཐད་ཆོས་སྲིད་གཉིས་ལ་སྦས་གསང་གི་གནད་ལུགས་གལ་ཆེ་ཞིག་ཡོད་པ་དེ་ཁྱེད་ཀྱི་ཤེས་མི་འདུག

    དཔེར་ན་གསང་བསྔགས་རྡོ་རྗེ་ཐེག་པའི་བསྟན་པ་དེ་སྐྱེ་བོ་ཡོད་ཚད་ལ་ཕྱི་གསལ་ནང་གསལ་ལྟར་བརྗོད་དགོས་པ་ཞིག་ག་ལ་ཡིན།

    དུ་དུང་སྲིད་ཕྱོགས་ནས་བཤད་ན་རྒྱ་ནག་དང་བོད་གཉིས་ཀྱི་གནད་དོན་ཐད་ལ་ཡོད་ཚད་གསལ་པོར་བཟོ་དགོས་པ་ཞིག་མ་ཡིན་པར་གནས་ཚུལ་ཁ་ཤས་གསང་རྒྱ་དམ་པོར་བཟུང་དགོས་པའང་གལ་གནད་ཆེ་བའི་གྲས་ཤིག་རེད།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཨོ་ཧཧ་ཧ་ཧ་ཧ་ཧ། ཨ་ལ་ལ་རིན་པོ་ཆེན་ལགས། ཁ་སྔོན་དུས་བབ་རྩོམ་སྒྲིག་པ་ལ་དྲི་བ་བྲིས་པ་དེར་ཁྱེད་ཀྱིས་ལན་རྒྱག་ཁུལ་བྱས་སོང་དེ་རིང་ཡང་བྱིའུ་ཕྲུག་ལ་དགག་པ་རྒྱག་དུས་ཁྱེད་ལ་ན་ཚ་ཡོང་དོན་ཅི་རེད་དམ།
    ཨ་ལ་ལ་ཁྱེད་ལ་ཅི་ཞིག་དོན་དག་ཡོད་ཅི་ཞིག་གསུངས་ཀྱི་ཡོད་དམ། དེ་མིན་ང་ཅོ་རི་ལ་རྩོད་པ་རྒྱག་འདོད་ཀྱིན་འདུག་གམ།
    རྟ་དཀར་པོས་རི་རྩྭ་ཟ་ཉིན་མོ། ཕག་ནག་པོ་མཆིན་པ་ན་དོན་ཇི།
    ཁྱེད་སྐྱེ་ཕོ་ལུས་ལན་པའི་མི་ཞིག་ཡིན་ན་རང་གིས་རང་ལ་མིང་ལྷག་མ་བཏགས་ནས་དངོས་མིང་ཐོག་ནས་ཕེབས་དང།

    Reply
  7. ཨ་ལ་ལ says:
    ལོ་ 16 སྔོན།

    ཀ་ཡེ་ཅོ་རི་བ། ཁྱེད་ཀྱི་བསམ་ཚུལ་དང་བཤད་ཚུལ་འདི་ལྟ་བུ་ཞིག་གིས་དབུས་ཕྲུག་ལ་འགྲན་བཟོད་པ་ལྟ་ཞོག་སྤུ་ཉག་གཅིག་ཀྱང་སྒུལ་ཐུབ་ས་མ་རེད། གང་ཞེ་ན། དབུས་ཕྲུག་གིས་ཅི་བཤད་པའི་ཁ་ཕྱོགས་ཙམ་ཡང་ཁྱེད་ཀྱིས་ཤེས་མི་འདུག་ག ད་དུང་སྟོད་འགག་སྔོན་པོ་ཅན་ཞེས་ཚིག་མཚོན་འདྲ་བཏབ་ནས་དེ་དག་ཀྱང་ཁྱིམ་སྤངས་ནས་རབ་ཏུ་བྱུང་སྟེ་ན་བཟའ་མནབ་པ་ཞིག་ལས་ཚོད་ཚོད་ཚོད་ཅིག་གང་ནས་ཡིན་སྲིད།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    གི་དང་གིས་གཉིས་བརྗེ་པོ་རྒྱག། དེ་བྱིའུ་ཕྲུག་ཁྱེད་ཀྱི་ལས་འགན་རེད།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཚུར་ཉན་དང་དབུས་ཕྲུག་ཚེ་རིང་ལགས། མིང་དབུས་ཕྲུག་མ་བཏགས་བྱིའུ་ཕྲུག་འདོགས།
    དབུས་སྤྱི་པའི་མིང་དེ་མི་འཚམ་ཁུ། གཏམ་བཤད་ཚོད་ཐམས་ཅད་བྱིས་གཏམ་རེད།
    ཁྱེད་ང་ཡི་སྐྱོན་ཞིག་མཐོང་བ་དེ། ཚིག་དག་ཆ་མེད་པས་ཅོ་རི་ལེན།༔
    ངས་ཁྱེད་ཀྱི་སྐྱོན་ཞིག་མཐོང་བ་དེ། དོན་དག་ཆ་མེད་པའི་ཚེ་རིང་ལེན།༔

    Reply
  10. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དབུས་ཕྲུག་ལགས་ཚེ་ཕྲུག་ལགས།
    ཇི་སྐད་དུ། དབུ་མ་བཞི་བརྒྱ་པ་ལས། ཇི་ལྟར་ཀླ་ཀློ་གཞན་སྐད་ཀྱིས།། བཟུང་བར་མི་ནུས་དེ་བཞིན་དུ།། འཇིག་རྟེན་པ་ཡིས་མ་གཏོགས་པར།། འཇིག་རྟེན་བཟུང་བར་མི་ནུས་སོ།། ཞེས་གསུངས་པ་ལྟར། ཐ་ན་ཆོས་ལུགས་ཀྱི་དྲི་ངད་ཀྱིས་ཡོངས་སུ་འཐུལ་འོང་བའི་འབྲུག་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་དུ་ཡང་ཆོས་ལུགས་ཀྱི་མི་སྣ་བཞུགས་མི་ཆོག་པ་བཞིན། རབ་བྱུང་ན་ཆོས་ལུགས་ཀྱི་སྤྱི་འཐུས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཚོ། དུག་གསུམ་གྱི་ཡོ་ལངས་འཚུབ་མའི་འཇིག་རྟེན་གྱི་འདུ་རར་འཚོགས་མི་དགོས་པར་སྟོན་མཆོག་ཐུབ་དབང་གི་ཞབས་ཟུང་གི་རྗེས་ཤུལ་བསྙེགས་ཏེ་ཆོས་སྲིད་ཀྱི་ལམ་ལུགས་དབྱེ་འབྱེད་དགོས་རྒྱུ། ཞེས་གསུངས་པ་དེར་བསམ་ཚུལ་ཞུ་འདོད་པའི་རྒྱུ་མཚན་ནི། དེ་རིང་ངས་སྤྱི་འཐུས་གྲོས་ཚོགས་ཀྱི་གློག་བརྙན་ཆ་ཚང་ཞིག་བལྟས་པ་ཡིན་སྤྱི་འཐུས་གྲོས་ཚོགས་ནང་དུ་གྲོས་ཆོད་ཀྱི་སྐོར་རུ་དགེ་བཤེས་གཡང་དྲུང་རྒྱལ་མཚན་གྱིས་བལ་ཡུལ་ནང་གི་བོད་མི་ཉམ་ཐག་རྣམས་ཀྱི་འཚོ་བའི་དཀའ་ངལ་མཐོང་ཐུབ་པ་མ་ཟད་ཁ་མ་ཡིན་དོན་གྱི་སྤྱི་འཐུས་གྲོས་ཚོགས་ཀྱི་རྭ་བ་ནང་དུ་རེ་བསྐུལ་ཞུས་པར་མཐོང་དུས་སེམས་པ་དགའ་ཡོང་བ་ཞིག་དང་སྤྱི་འཐུས་གྲོས་ཚོགས་དེ་དོན་དང་ལྡན་ཞིག་རེ་དྲན་གྱིན་འདུག དེ་མ་ཟད་དགེ་བཤེས་སྟོད་འགབ་སེར་པོ་དང་སྔོ་པོ་གྱོན་པ་ཚོས་སྤྱི་དངུས་ལྐོག་ཟ་མི་བྱེད་པ་ཡིད་ཆེས་ཞིག་ང་ཅོ་རིའི་སེམས་ལ་རྩ་བ་བརྟན་དུ་འགྲོ་སོང། རྒྱུ་མཚན་ནི། ང་གྲྭ་ལོག་ཞིག་གིས་ཉམས་མྱོང་གི་ཐོག་ནས་བཤད་ན་གྲྭ་ས་གྲྭ་ཚང་གིས་ཚོང་ལས་ཞིང་ལས་བཟོ་ལས་ལ་སོགས་དཔལ་འབྱོར་འཛུགས་བསྐྲུན་སྐབས་སུ་ཡར་རྒྱས་འགྲོ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ལས་བྱེད་པ་གྲྭ་བ་རྣམས་ཀྱིས་རྒྱུ་འབྲས་ཉམས་ལེན་བྱས་ནས་སྤྱི་དངུལ་ལྐོག་ཟ་མ་བྱས་པས་རྒྱུ་མཚན་གྱིན་རེད། དེ་འདྲ་ཡིན་དུས་ང་ཚོར་དགོས་པའི་སྤྱི་འཐུས་ནི་བོད་མི་ཉམ་ཐག་རྣམས་ལ་ལྟ་སྐྱོང་དང་དཔལ་འབྱོར་འཛུགས་བསྐྲུན་བྱེད་ཐུབ་པ་དང་༧གོ་ས་མཆོག་གི་དགོངས་གཞི་དང་དགོངས་པ་གཞིར་བཟུང་བས་ཐོག་ནས་བྱ་བ་གྲུབ་འདེབས་བྱེད་རོགས་ཀྱི་སྤྱི་འཐུས་དགོས་པ་མ་ཡིན་ནམ། དབུས་ཕྲུག་ཁྱེད་ཀྱིས་སྟོད་འགལ་སེར་སྔོ་གྱིན་པའི་སྤྱི་འཐུས་རྣམས་འཇིག་རྟེན་འཁོར་བ་པ་མིན་པའི་གྲྭ་བའི་སྤྱི་འཐུས་མི་འགྲིག་འདུག་ལབ་པ་དེ། གཅིག་ནས་ཁྱེད་ཀྱིས་འཇིག་རྟེན་འཁོར་བ་ངེས་མ་ཟིན་པ་དང་གཉིས་ནས་བོད་སྤྱི་དོན་ལ་རྟིང་ཟབ་པོ་དཔྱད་བྱེད་ཀྱི་བློ་རྒྱ་མེད་པས་རེད། དཔེ་ན་གས་ཟག་དེ་འཁོར་བ་པ་ཡིན་མིན་ནི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཡོད་མེད་ལ་ལྟ་དགོས་པ་ཡིན་དུས་སྟོད་འགལ་སྔོ་སེར་གྱོན་པའི་སྤྱི་འཐུས་ཚོ་ཟག་བཅས་ཉེར་ལེན་གྱི་ཕུང་བོ་དང་ལྡན་པས་ཕྱིར། དགག་ཕྱོགས་ནས་བཤད་ན་༧གོང་ས་མཆོག་ཡང་འབྲུག་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་དུ་ཆོས་ལུགས་ཀྱི་མི་སྣ་བཞུགས་མི་ཆོག་པ་བཞིན་དུ་ཡིན་པ་ཐལ། ཁྱམ་ནས་ཁྱམ་མེད་པའི་རབ་ཏུ་བྱུང་བ་ཡིན་པས་ཕྱིར། དཔེ་ན་སྟོད་འགལ་སྔོ་སེར་གྱོན་པའི་སྤྱི་འཐུས་བཞིན་ཞེས་རྟོག་གེ་རིག་པའི་གནད་པ་བཏབ་ན་ཁྱེད་ལ་ཇི་ཞིག་ལབ་ཀྱི་ཡོད་དམ།་ཧཧཧཧཧཧཧཧཧ

    Reply
  11. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    དབུས་ཕྲུག་ལགས་ཀྱིས་རྩོམ་ཡིག་ཡག་པོ་ཞིག་སྤེལ་འདུག་ཐུགས་རྗེ་ཆེ།ཡིན་ནའང་དེ་ལྟར་སྤེལ་མཁན་མང་ཙམ་བྱུང་སོང་ཡང་ལག་ལེན་དེ་ཙམ་མི་འདུག།ངས་ལྟས་ན་ཁྱེད་ཤེས་ཡོན་ཡོད་མཁན་ཞིག་ཡིན་པ་མ་ཟད་ཁའང་བདེ་པོ་ཞིག་ཡོད་པ་འདྲ།ད་དུང་ཕྱག་ལས་ཐོག་ནས་འཇོན་ཐང་ཞིག་ངོམ་ཐུབ་ན་དེ་ལས་ཀྱང་བཟང་བ་འདུག།སྤྱིེར་ཁྱེད་ཀྱིས་ཕྱག་ལས་ག་རེ་གནང་གི་ཡོད་མེད་མ་ཤེས་ཀྱང་།ངས་ཁྱེད་ལ་རེ་བསྐུལ་དེ་ཡང་ཀྱག་ཀྱག་མིན།ཁྱེད་ལྟ་བའི་ཤེས་ཡོན་ཅན་རྣམས་ཀྱིས་ཁ་བཤད་གཅིག་བུ་མ་ཡིན་པར་ལག་ལེན་ཡང་དེ་བཞིན་གནང་ཐུབ་ན་མི་བཟང་ངམ།ད་སྐབས་བོད་གཞུང་གཏན་སློབ་ཁག་ཏུ་ཤེས་ཡོན་ཐུར་ཤོར་ངོ་མ་འགྲོ་བཞིན་འདུག།སོ་སོའི་སྦྱིན་བདག་ལའངགཏང་ཡིག་ཡག་པོ་ཞིག་བྲིས་ཐུབ་ཀྱིན་མི་འདུག་པས་དེ་ལྟ་བུའི་ཤེས་ཡོན་གྱིས་གསར་སྤེལ་བྱ་ཐུབ་ཨེ་ཡོང་།སྔར་ཡིན་ན་བོད་གཞུང་གཏན་སློབ་ཅེས་ཚང་མས་དགའ་པོ་བྱས་ས་ཞུག་རེད་འདུག།ད་ལྟ་ཉམས་ཆག་ཏུ་འགྲོ་བཞིན་ཡོད་པ་ནི་ཧ་ཅང་ཕངས་པོ་ཞིག་མ་རེད་པས།
    གསར་སྤེལ་བྱ་དགོས་ངོས་ཤིག་རེད།ཡིན་ནའང་ཡོད་པ་རྣམས་ཉམས་ཆག་ཏུ་གཏང་ནས་གསར་སྤེལ་རྗེས་སུ་བསྙེག་ན་དྲེད་མོས་ཕྱི་བ་ཟེར་བལྟར་མི་ཡོང་ངམ་སྙམ།

    Reply
  12. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བསྟན་པ་ཡར་འཕེལ་ལགས་ཟམ་གདོང་བླ་མས་དབུས་ཕྲུག་ལ་འགྲན་བཟོད་པ་འདུག་གམ། འགྲན་མི་བཟོད་ན་༧གོང་ས་མཆོག་གིས་འགྲན་བཟོད་པ་འདུག་པས་ཧཧཧཧཧཧཧཧ སྐྱེ་པ་ཕོ་ལུས་ལེན་ནས་མོ་གཏམ་བཤད་པས་མི་བུ་ཁྱེད་ལྟ་བུ་དུས་བབ་དྲ་ཐོག་རེ་གཉིས་སྲིད་པ་ཞིག་རེད་དོ།

    Reply
  13. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    དབུས་ཕྲག་ལགས་ཀྱི་གསུང་ལ་འགྲན་བཟོད་པ་སུ་ཡང་མི་འདུག

    Reply
  14. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    གོང་གི་དྲ་གྲོགས་ཚོས་ངའི་རྩོམ་ཡིག་འདིར་བསམ་ཚུལ་གསུངས་པ་ལེགས། འོན་ཀྱང་ཞུ་རྒྱུ་ཞིག་ལ། ཅོ་རི་ཉི་མ་ལགས། དང་ཐོག་ཁྱེད་ཀྱིས་དག་ཡིག་ལ་གཟབ་དགོས་ཞེས་དེ་སྔོན་ནས་བཤད་ཡོད། གཞན་ཁྱེད་ཀྱིས་ངའི་རྩོམ་ཡིག་ནང་ནས་ཆུ་ཐིགས་ཅིག་བླངས་ཏེ་འགོག་ཁུལ་བྱས་འདུག་ཀྱང་། ཕལ་ཆེར་ཁྱེད་རང་སྤྱི་ཚོགས་ལ་རྒྱུས་མངའ་ཡོད་མཁན་ཞིག་མིན་པ་འདྲ། བཙན་བྱོལ་བོད་གཞུང་གིས་དང་ཐོག་བལ་ཡུལ་གཙོ་བྱས་ཏེ་གདན་གྱི་བཟོ་གྲྭ་བཙུགས་ཡོད་པ་བདེན་པ་རེད། འོན་ཀྱང་གདན་གྱི་བཟོ་གྲྲྭ་སྒོ་རྒྱག་དགོས་པའི་རྒྱུ་རྐྱེན་ཁྱེད་ཀྱིས་བརྗོད་པ་ལྟར་མ་རེད། དེ་ནི་སྐབས་དེར་གདན་གྱི་བཟོ་གྲྭའི་ནང་བལ་ཡུལ་ནང་གི་ཕྲུ་གུ་ལོ་གཞོན་མང་པོ་ངལ་རྩོལ་ལ་ཡོད་པའི་དབང་གིས། ཡུ་རོབ་གཙོ་བོར་གྱུར་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དྲོ་སོབ་སོབ་དང་། བཟོ་རྩལ་མཐོ་བའི་གདན་གྱི་སྒྲུབ་ཆར་འགྲོ་བའི་མིའི་ཐོབ་ཐང་དང་། རང་དབང་བེད་སྤྱད་དེ་གདན་དེ་ཚོ་ལ་ོན་མ་སོན་པའི་ཕྲུ་གུ་མང་པོས་ངལ་རྩོལ་བྱས་ཏེ་བཟོས་པ་རེད་ཅེས། གང་སར་ཁྱབ་བསྒྶགས་ཤུགས་ཆེ་བྱས་ཡོད། མ་ཟད་བརྙན་འཕྲིན་ཡང་བཟོས་ནས་བསྟན་ཡོད་སྐོར་འདུག གོ་སྐབས་དེ་བཟུང་ནས་རྒྱ་གཞུང་གིས་རིན་གོང་ཅུང་དམའ་བའི་གདན་མང་པོ་བཟོས་ཏེ་རྒྱལ་སྤྱིའི་བོད་གྲུམ་གྱི་ཁྲོམ་ར་དེ་འདྲ་བྱས་ནས་འཕྲོགས་པ་རེད། ཤེས་སོང་ངམ། དེ་སྐབས་ཡལ་ཡུལ་དུ་གཞུང་དང་སྒེར་གྱི་གདན་གྱི་བཟོ་གྲྲ་མང་པོ་སྒོ་བརྒྱབ་ཡོད། དེ་ནས་བཟུང་སྒེར་གཉེར་ཁེ་ལས་བ་ཚོས་ཚོང་ལས་གསར་པར་ཁ་ཕྱོགས་པ་རེད། འོན་ཀྱང་གཞུང་གིས་ཚོང་ལས་གཞན་ལ་དོ་སྣང་གནང་མེད་པ་འདྲ།

    Reply
  15. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དབུས་ཕྲུག་ལགས་ཁྱེད་ཀྱིས་ལག་ལེན་ཐོག་ཡོང་ཡ་མེད་པའི་སྐད་འདྲ་ཆག་ཆག་མང་པོ་ཞིག་གསུངས་ཡོད་པ་གཞི་ན་རྩོམ་པ་པོའི་མང་ཙམ་དང་ལྟོ་གོས་རེ་རག་མདོག་ཁ་པོ་འདུག
    དཔེ་ན། ཡུན་རིང་གི་འཚོ་གནས་ལ་འགན་ལེན་ཞིག་བྱེད་བསམ་ན། ངེས་པར་དུ་དུས་རབས་ཀྱི་འཕུར་མཆོང་ལ་བརྟགས་ཏེ་གཞུང་གི་གོ་སྒྲིག་དང་གལ་ཆེའི་ལམ་སྟོན་འོག སྤྱི་ཡོངས་ཀྱི་ཆ་ནས་ལོ་རེར་ཟླ་བ་གསུམ་ཙམ་ལས་མེད་པའི་བལ་གོས་དགུན་ཚོང་ཙམ་མ་ཡིན་པར། རྒྱ་གར་ནང་གཞུང་སྒེར་གྱི་བཟོ་གྲྭ་ཁག་དང་དེ་མིན་གྱི་བསམ་བློ་གསར་པའི་ཚོང་ལས་ཐོན་བསྐྱེད་ཀྱི་རྣམ་པ་གསར་པར་ཁ་ཕྱོགས་དགོས། ཞེས་གསུངས་འདུག་པ་འདིར་བསམ་ཚུལ་ཞིག་ཞུ་འདོད་པ་ནི།
    མི་ལོ་མང་པོའི་རིང་དུ་རྒྱ་གར་བལ་ཡུལ་ནང་དུ་བཙན་བྱོལ་གཞུང་གི་གདན་བཟོ་གྲྭ་དང་ཚོང་ཁང་ཟ་ཁང་རྣམས་ཀྱི་ཡོང་འབབ་དཔོན་ངན་ཟ་ངོམས་ཅན་རྣམས་ཀྱིས་ལྐོག་ཟ་བྱས་ནས་ཡོང་འབབ་བོད་གཞུང་ལ་མེད་པའི་རྐྱེན་གྱིས་སྒོ་རྒྱག་པ་མ་ཡིན་ནམ།
    ཁྱེད་ཀྱིས་བཟོ་ལས་དང་ཚོང་ལས་གསར་པ་ཁ་ཕྱོགས་དགོས་ཞེས་པ་དེ་སྒོ་རྒྱག་མཁན་ཟམ་གདོང་བླ་མའི་སྙན་དུ་གསོལ་ན་དགའ་ལེ་རེད།
    དེ་རིང་གི་ལག་ལེན་ཐོག་ཡོང་མིན་དཔྱོད་མི་ཤེས་པའི་མི་ཞིག་གིས་བོད་མི་རིགས་ཀྱི་མདུན་ལམ་སྣེ་ཁྲིད་མདོག་དེ་ནི་ཇི་འདྲའི་སྙིང་རྗེ་བ་ལ་ཨང།
    གཞན་ལ་ལྟ་བའི་མིག་ཡོད་ཀྱང་རང་ཉིད་ལྟ་ན་མེ་ལོང་དགོས།
    རང་བློ་ནང་དུ་མ་བསྡུས་ན་སྐྱོན་རང་གིས་མཐོང་བ་དཀའ། ཞེས་ས་སྐྱ་ལེགས་བཤད་ཀྱི་ཚིག་འདིའི་གོ་བ་ལེན་ཐུབ་པ་དགོས།

    Reply
  16. འཇམ་དབྱངས་ཤཱསྟྲཱི། says:
    ལོ་ 16 སྔོན།

    དབུས་ཕྲུག་ལགས།་་་ཁྱེད་ཀྱིས་སེམས་ཤུགས་ཀྱིས་ཀུན་ནས་བསླངས་ཏེ་བྲིས་པའི་རྩོམ་དེར་གོ་རྒྱུ་ཆེན་པོ་འདུག་པས་ངས་ཁྱེད་ལ་དགའ་བསུ་ཞུ།་་་ཁྱེད་ཀྱིས་གསུངས་པ་ལྟར་ནུབ་ཕྱོགས་སུ་བོད་མི་གནས་སྤོས་བྱེད་བཞིན་པ་དེར་སུས་ཀྱང་བཀག་འགོག་བྱེད་མི་ཐུབ་ལ།་་་ངས་བསམ་ན་རྒྱ་བལ་འབྲུག་གསུམ་དུ་གནས་ཀྱང་བོད་ཀྱི་རིག་གཞུང་དང་ཡ་རབས་སྤྱོད་བཟང་གི་བུ་ཕྲུག་ཞིག་གསོ་སྐྱོངས་བྱེད་ཐུབ་པའང་ངེས་པ་མེད།་་་བོད་མི་རིགས་ཀྱི་འདུ་ཚོགས་ཆེ་བའི་ཡུལ་ལུང་གང་ཞིག་ཡིན་ནའང་བཙན་བྱོལ་གཞུང་གིས་རིག་གཞུང་གི་གོ་རྟོགས་སྤེལ་བར་དོ་སྣང་ཆེ་ཙམ་གནང་དགོས་འདུག་་་་དམིགས་གསལ་ཨ་རི་སོགས་ནུབ་ཕྱོགས་སུ་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོར་དབྱར་ཁའི་གུང་གསེང་དང་སྟབས་བསྟུན་ཏེ་བོད་ཀྱི་རིག་གཞུང་ལ་དོ་སྣང་སླེབས་པའི་ཆེད་དུ་གཞུང་གིས་ལམ་སྟོན་དང་ཕྱག་ལས་ཤིག་འགོ་འཛུགས་དགོས་འདུག་་་་དེ་མིན་ཕྱིའི་རིག་གཞུང་གི་ཤུགས་རྐྱེན་འོག་ང་ཚོའི་མི་རབས་རྗེས་མ་ཚོ་བོད་ཀྱི་རིག་གཞུང་གི་དབུལ་བའི་མི་རིགས་ཤིག་ཆགས་རྒྱུ་རང་རེད་འདུག

    Reply
  17. ནད་པ says:
    ལོ་ 16 སྔོན།

    ༡༩༥༩ ལོར་བོད་རྒྱ་མིས་བཙན་འཛུལ་བྱས་ནས་རྒྱལ་ཁ་ཐོབ་པའི་ཡིད་ཆེས་ཆེན་པོ་བྱས་པ་དང་སྦྲགས་༸ ཏྭ་ལའི་བླ་མ་ཕྱི་རྒྱལ་དུ་ཤོར་ཟིན་ཡང་འཛམ་གླིང་འདི་སྟེང་ཡར་ལངས་ཐུབ་པའི་ཡིད་ཆེས་ཁྱོན་ནས་བྱས་མེད།

    འོན་བཏང་མི་ལོ་ལྔ་བཅུའི་ནང་ཕྱི་ལོགས་སུ་ཡོད་པའི་༸ གོང་ས་ཏྭ་ལའི་བླ་མ་མཆོག་གི་སྐུ་ཚེའི་མཛད་འཕྲིན་དང་མཚན་སྙན་ནི་འཛམ་གླིང་ས་སྟེང་དུ་འགྲོ་བ་མི་རྣམས་ཀྱི་བསམ་ཡུལ་ལས་འདས་པ་ཞིག་རྒྱས་པ་དང་དེའི་ཐུགས་བརྩེའི་བཀའ་དྲིན་གྱི་ཞབས་འོག་ཏུ་འཁོད་པའི་ཕྱི་ནང་བོད་རིགས་ཡོངས་ཀྱི་སྙིང་སྟོབས་འགྱུར་མེད་དེས་ད་ཆ་བོད་དོན་དེ་འཛམ་གླིང་གང་སར་ཁྱབ་ཏེ་རྒྱ་ནག་གི་བཀའ་ངལ་ཆེ་ཤོས་དེ་ཆགས་ཡོད།

    ༸ གོང་ས་མཆོག་དང་། བཙན་བྱོལ་གཞུང་། ཕྱི་ནང་བོད་རིགས་ཡོངས་ཀྱི་ཆོས་དང་། སྲིད་དང་། རིག་གཞུང་། ཤེས་ཡོན། འཚོ་གནས་སོགས་ཕྱོགས་གང་སར་བསྡོམས་རྩིས་ཅིག་བརྒྱབ་ན་མི་ལོ་ལྔ་བཅུའི་ནང་ཡར་རྒྱས་དང་། གྲུབ་འབྲས་བསམ་ཡུལ་ལས་འདས་པ་ཞིག་བྱུང་ཡོད་སྟབས་ང་ཚོའི་མདུན་ལམ་ལ་རེ་བ་དང་ཡིད་ཆེས་ཀྱི་ཁེངས་ནས་བསྡད་ཡོད།

    ཡིན་ནའང་དབུས་ཕྲུག་གིས་གསུངས་པ་ལྟར་ཡར་རྒྱས་ལ་མཐའ་མེད་སྟབས་ང་ཚོས་སོ་སོའི་ཞན་ཆ་རྣམས་ལ་ངོས་འཛིན་དང་ཡོ་བསྲང་བྱེད་དགོས་ལ་ཡར་རྒྱས་ལ་ཡིད་སྨོན་བྱས་ཏེ་དགའ་བའང་བསྒོམ་དགོས་པ་ཞིག་རེད།

    Reply
  18. ཨ་ལ་ལ says:
    ལོ་ 16 སྔོན།

    དབུས་ཕྲུག་ཚེ་རིང་ལགས། ཐེངས་འདིར་ཁྱེད་ཀྱིས་སྐུ་ལས་ཞེ་དྲགས་བསྐྱོན་འདུག ངས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་སྐུ་ཚེ་རིང་བའི་སྨོན་འདུན་ཡང་ཞུ་འདོད་བཅོས་སྨིན་དུ་བྱུང་། ཁྱེད་ཀྱིས་བཤད་པ་དེའི་ནང་དུ་མི་བདེན་པ་གཅིག་ཀྱང་མི་འདུག ངས་ཁྱེད་ལ་དྲན་སྐུལ་ཞིག་ཞུ་འདོད་བྱུང་བ་ནི། འདི་ལྟ་བུའི་སེམས་ཤུགས་ཤིག་བཟུང་ནས་སྐད་ཆ་ཞིག་བཤད་ཚུན་ཆད་ལ་སེམས་ནང་ན་གྲ་སྒྲིག་ངེས་ཅན་ཞིག་དགོས་རྒྱུ་ནི་ཆ་རྐྱེན་དང་པོར་འཛིན་དགོས་ཞེས་གསལ་འདེབས་ཞུ་རྒྱུ་ཡིན། སྤྱིར་ད་ལྟའི་སྤྱི་ཚོགས་དང་སྒོས་སུ་བོད་པའི་སྤྱི་ཚོགས་སུ་བདེན་པ་བདེན་པར་བརྩི་བ་དང་དེ་ལ་རྒྱལ་ཁ་ཐོབ་པའི་ངེས་པ་མེད་པས་བདེན་ཞེན་ལ་གཙིགས་སུ་བཟུང་ཆེས་ན་མཇུག་འབྲས་ཅི་འབྱུང་ལ་ཚོད་དཔག་ཐུབ་དགོས། མདོ་དོན་ནི་འདིའི་ཐད་ལ་༧གོང་ས་མཆོག་གིས་སྡོམ་ཚིག་གི་བཀའ་སློབ་ཅིག་གནང་ཡོད་པ་ནི་། འདི་ལྟར་ཏེ། ལྔ་བཅུ་ང་གྲངས་དང་དྲུག་ཅུ་རེ་གྲངས་ནང་བྱེད་སྟངས་མ་ཤེས་པར་ལུས་ཡོད་པ་རེད། ད་ལྟ་དེ་འདྲ་མ་རེད། ད་བྱེད་དང་མི་བྱེད་ཀྱི་གདམ་ག་རེད་མ་གཏོགས་མ་ཤེས་པ་གཏན་ནས་ཡོད་པ་མ་རེད། ཅེས་གསུངས་ཡོད། དེ་ནི་དངོས་འབྲེལ་ཞིག་ཀྱང་རེད། ང་ཚོའི་ལས་ཀྱི་སྣེ་མོ་བ་ཚོའི་ཁྲོད་དུ་ཐད་ཀར་བཤད་ན་རིག་པ་དང་རྣམ་དཔྱོད་དེ་བཞིན་ཁ་བདེ་པོ་སོགས་ལྡབ་ལས་ཁྱེད་རང་ལས་མང་གི་རེད། གཙོ་བོ་ཁྱེད་རང་ལ་ཁེ་ཕན་ཞིག་ཡོད་པ་ནི་སེམས་ཤུགས་མ་ཆགས་པ་བྱེད་རྒྱུ་ནི་ཁྱེད་ཀྱི་ཁེ་ཕན་ཁོ་ནར་མཐོང་། དེ་ལས་ཀྱང་གཞེན་སྐུལ་ཞིག་ཡོད་པ་ནི་དུས་གསུམ་གྱི་བོད་པའི་ལོ་རྒྱུས་ལ་མང་ཙམ་ལྟོས།

    Reply
  19. བསེ་རུ། says:
    ལོ་ 16 སྔོན།

    ཤེས་ཡོན་དང་འབྲེལ་བའི་ཐོག་ནས་བཤད་ན། ད་ལྟའི་ཆར་བཙན་བྱོལ་བོད་གཞུང་གི་ངོས་ནས་ཐུགས་སྣང་དང་། གལ་ཆེ་དོན་ཆེར་གཟིགས་དགོས་པ་གཅིག་ནི། བཙན་བྱོལ་ནང་དུ་ལོ་ཙཱ་བའི་མཐུན་ཚོགས་ཤིག་གསར་འཛུགས་དང་སྐད་ཡིག་མི་འདྲ་བའི་ཐོག་ཆེད་ལས་གནང་མཁན་གྱི་ལོ་ཙཱ་བ་གང་མང་སྐྱེད་སྲིང་གནང་དགོས་པ་དེ་རེད་སྙམ། དེ་ལྟར་བྱུང་ན། ཕྱི་གཏེར་ནང་དུ་འདྲེན་རྒྱུའི་དཀའ་ངལ་དེ་ཅུང་ཆུང་དུ་འགྲོ་ངེས་སྙམ།
    ནང་གཏེར་ཕྱི་འདྲེན་གནང་མཁན་གྱི་ལོ་ཙཱ་བ་ནི་ཚང་མས་མཁྱེན་གསལ་ལྟར་རེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese