མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་བརྗེ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་མཆོག་གིས་འདི་གའི་གསར་ཁང་ལ་གནས་ཚུལ་ཁོ་སྤྲོད་བྱས་པ་ལྟར་ན། སང་ཉིན་ཞོགས་པ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོའི་སྟེང་། བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་རྒྱ་ཡིག་ནང་བརྩམས་གནང་མཛད་ཅིང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དབུས་སྐད་སྡེ་ཚན་གྱི་གསར་འགྱུར་སྙན་སྒྲོན་པ་དང་གཏམ་གླེང་ཞལ་པར་ལེ་ཚན་གྱི་མདོ་འཛིན་པ་སྒྲོལ་དཀར་ལགས་ཀྱིས་བོད་སྒྱུར་བྱས་པའི་༼ གསར་བརྗེ་ ༽ འམ། ༼བཀག་སྡོམ་བྱས་པའི་བོད་ཀྱི་རིག་གནས་གསར་བརྗེའི་དྲན་ཐོ་༽ ཞེས་པ་དེ་དབུ་འབྱེད་གནང་རྒྱུ་ཡིན་པ་མ་ཟད།  མཛད་སྒོ་དངོས་གཞི་གྲུབ་མ་ཐག་བོད་གཞུང་འགྲེམས་སྟོན་ཁང་ནས་དཔེ་དེབ་སྒྱུར་པ་པོ་སྒྲོལ་དཀར་ལགས་དང་། དཔེ་དེབ་ཀྱི་སྤྱིན་བདག་ནོར་ཝེ་བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་བཅས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་ཀྱང་བསྐང་འཆར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 27

  1. མེ་སྟག says:
    ལོ་ 15 སྔོན།

    འོ་ལགས་སོ། འབྲོག་ཁྱི་ལགས། ངས་ཁྱེད་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
    གསར་རྗེ་ཞེས་པའི་དཔེ་དེབ་དེའི་ཕྱིར་དུ།
    ངས་དྲ་ལམ་འདི་ནས་ངུ་མ་དགོད་ཀྱི་སྐད་ངག་དེ་ཡང་དང་བསྐྱར་དུ་འདོན་དགོས་ཐུག་སོང་།

    Reply
  2. འབྲོག་ཁྱི། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ་ཚོ་༼ གསར་རྗེ་༽ ཞེས་པའི་དཔེ་དེབ་དེ་དྲི་བསྒྲགས་ལས་ཁང་ནས་རེག་གི་ཡོད་ཚོད་འདུག་ཁྱེད་རྣམས་པས་མཁྱེན་གྱིས་ཡོད་དམ།

    Reply
  3. མེ་སྟག says:
    ལོ་ 15 སྔོན།

    གཡང་མདའ་ལགས་མཐོང་བ་དང་སྨྲས་པ།
    ཁྱེད་ཀྱིས་སྐྱོན་བརྗོད་ཀྱི་མཚོན་སྣེ་རེ་རེས། ངའི་ངོ་གདོང་ན་མངོན་པའི་རྣག་ཐུམ་རེ་རེ་ཧྲལ་གྱིས་དབྲར་སོང་བར་ངས་བཀའ་དྲིན་སྙིང་དབུས་ནས་ཞུ་ན་འདོད་ཀྱང་། ད་དུང་ཡང་ངའི་ངོ་གདོང་ན་མི་སྡུག་པའི་ཤ་སྨེ་ཇི་བཞིན་ལུས་པའི་”སྲུ་འབྲུག་མོ་”ཞེས་པར་”སྲི་འབྲུག་མོ”ཞེས་པ་ལ་སོགས་པའི་ནག་ཁྲིས་འགའ་ཡིས། ཁྱེད་ལ་དུང་སེམས་ཀྱི་འཛུམ་མདངས་ཤིག་ངོམ་ཕོད་མ་སོང་བར་དགོངས་དག་ཞུ་དང་འབྲེལ། ངས་ཁ་སང་ཞུས་པའི་རེ་བསྐུལ་དེ་བསྐྱར་ཞུ་བྱེད་ནི་ཡིན། ཨ་ཇོ་ཁ་དྲོ་རྒྱུ་ཚོ་ཅིས་ཀྱང་མ་བརྗེད་རོགས། མ་བརྗེད་རོགས།

    Reply
  4. མེ་སྟག says:
    ལོ་ 15 སྔོན།

    གཡང་མདའ་ལགས་མཐོང་བ་དང་སྨྲས་པ།
    ཁྱེད་ཀྱིས་སྐྱོན་བརྗོད་ཀྱི་མཚོན་སྣེ་རེ་རེས། ངའི་ངོ་གདོང་ན་མངོན་པའི་རྣག་ཐུམ་རེ་རེ་ཧྲལ་གྱིས་དབྲར་སོང་བར་ངས་བཀའ་དྲིན་སྙིང་དབུས་ནས་ཞུ་ན་འདོད་ཀྱང་། ད་དུང་ཡང་ངའི་ངོ་གདོང་ན་མི་སྡུག་པའི་ཤ་སྨེ་ཇི་བཞིན་ལུས་པའི་”སྲུ་འབྲུག་མོ་”ཞེས་པར་”སྲི་འབྲུག་མོ”ཞེས་པ་ལ་སོགས་པའི་ནག་ཁྲིས་འགའ་ཡིས། ཁྱེད་ལ་དུང་སེམས་ཀྱི་འཛུམ་མདངས་ཤིག་ངོམ་ཕོད་མ་སོང་བར་དགོངས་དག་ཞུ་དང་འབྲེལ། ངས་ཁ་སང་ཞུས་པའི་རེ་བསྐུལ་དེ་བསྐྱར་ཞུ་བྱེད་ནི་ཡིན། ཨ་ཇོ་ཁ་དྲོ་རྒྱུ་ཚོ་ཅིས་ཀྱང་མ་བརྗེད་རོགས། མ་བརྗེད་རོགས།

    Reply
  5. ནད་པ says:
    ལོ་ 15 སྔོན།

    བདོ་ནང་ཞེས་པ་དེ་བོད་ནང་ཞེས་པར་བཅོས་རོགས།

    Reply
  6. ནད་པ says:
    ལོ་ 15 སྔོན།

    རྩོམ་པ་པོ་འོད་ཟེར་ལགས་ཀྱིས་གསར་བརྗེ་ཞེས་པའི་དཔེ་དེབ་ཞིག་བརྩམས་གནང་མཛད་པ་དེ་ད་ཆ་བོད་ཡིག་ཏུ་ཕབས་བསྒྱུར་ཞུས་ཟིན་སྟབས་འབྲེལ་ཡོད་ཚང་མས་སྐུ་ངལ་ཚད་མེད་བསྐྱོན་པར་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཞུ།

    ང་ཚོགཞོན་སྐྱེས་ཚང་མས་བོད་ནང་བྱུང་བའི་རིག་གནས་གསར་བརྗེའི་སྐོར་གྱི་གནས་ཚུལ་ངོ་མ་ཇི་བྱུང་ལ་ཤེས་རྟོགས་བྱེད་རྒྱུུ་གལ་ཆེན་ཞིག་ཡིན་སྟབས་ཚང་མས་བལྟ་ཀློག་གནང་རྒྱུའི་རེ་བ་ཡོད།

    ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མས་ཀྱང་བདོ་ནང་བྱུང་བའི་རིག་གནས་གསར་བརྗེའི་སྐབས་ཀྱི་གཏོར་བཤིག་བཏང་བའི་བྱས་འཛོལ་དང་བོད་ལྗོངས་ཡར་རྒྱས་སུ་བཏང་བ་གཉིས་བསྡུར་ན་ནི་བོད་ལ་གྱོང་གུན་ཚབས་ཆེ་ཕོག་ཡོད་ཅེས་བཀའ་སློབ་གནང་ཡོད།

    Reply
  7. བདེ་བ་ཅན། says:
    ལོ་ 15 སྔོན།

    རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་ལ་དྲན་གསོ་བྱེད་པའི་དུས་ལོ་ན་རྒན་པ་མང་པོ་ཞིག་གི་སེམས་ནང་འཇིགས་སྣང་སྐྱེ་གི་ཡོད་ཅིང༌། ཁག་ཅིག་གི་སེམས་ནང་འགྱོད་སེམས་ཆེན་པོ་ཡོང་གི་ཡོད། ད་རེས་པེ་ཅིང་དུ་སྡོད་པའི་བོད་རིགས་རྩོམ་པ་པོ་འོད་ཟེར་ལགས་ནས་ལོ་གསུམ་ཙམ་སྔོན་རྒྱ་ཡིག་རྩོམ་སྒྲིག་དཔར་བསྐྲུན་ཟིན་པའི་དེབ་འདི་བཞིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གཏམ་གླེང་ཞལ་པར་གཙོ་སྐྱོང་བ་ཤེས་ཡོན་ཅན་སྒྲོལ་དཀར་ལགས་ནས་བོད་ཡིག་ཐོག་ཕབ་བསྒྱུར་གནང་བ་དེས་རིག་གནས་གསར་བརྗེའི་སྐབས་བོད་ནང་གཏོར་བཤིགས་དང་བོད་མི་ནང་ཁུལ་འཁོན་འཁྲུག་སློང་བ་འི་རྒྱ་ནག་དམར་གཞུང་གི་སྲིད་བྱུས་ངན་པ་དེར་དྲན་གསོ་དང་མི་རབས་གསར་པ་ཚོས་ཤེས་རྟོགས་ཡོང་རྒྱུར་ལོ་རྒྱུས་ཀྱི་སྟོང་ཆ་གལ་ཆེ་ཞིག་བསྐོང་ཡོད་པས་རྩོམ་སྒྲིག་གནང་མཁན་འོད་ཟེར་ལགས་དང་བོད་བསྒྱུར་གནང་མཁན་སྒྲོལ་དཀར་ལགས་རྣམ་གཉིས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    དེང་སང་དྲ་ཐོག་ནས་ཆང་འཐུང་གི་སྐད་ཆ་འདྲ་བོ་འདི་མོ་འདི་ཤོད་མཁན་ང་གཅིག་པོ་རེད་མི་འདུག་གཱ། ཧཧཧཧ། ཨོ་རེད། གསར་བརྗེ་ཞེས་པའི་དཔེ་དེབ་དེ་ཅི་ལྟར་བྱས་ནས་རག་གི་རེད། དྲ་གྲོགས་ཚོས་གསུང་དང་།

    Reply
  9. བསེ་རུ། says:
    ལོ་ 15 སྔོན།

    གསར་བརྗེ།
    མི་རིགས་ཤིག་གི་ཚེ་སྲོག་རལ་གྲིའི་རྩེ་མོར་བཀོན་ཏེ་ཟུངས་ཁྲག་གིས་ས་གཞི་ཚོས་པའི་ལོ་རྒྱུས་ཀྱི་དན་རྟགས་ཤིག།
    གསར་བརྗེ།
    དེ་རིང་ངས་ལག་གིས་རེག་ཐུབ་ཙམ་བྱུང་བའི་གསར་བརྗེ།
    སང་ཉིན་ངས་ག་ལེར་ཡོད་ཚད་བཀླག་ཐུབ་པར་སྨོན། ཁྱེད་རྣམས་ཀྱིས་ཀྱང་༌༌
    གསར་བརྗེ། འོད་ཟེར། བོད་རིགས།

    Reply
  10. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ནང་དུ་བོད་མདོ་དབུས་ཁམས་གསུམ་གྱི་སྐད་བཤད་བཞིན་ཡོད་ན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དབུས་སྐད་སྡེ་ཚན་ཅི་ལ་ཟེར། མ་གཞི་དབུས་པ་དེ་ཚོ་མིག་རྒྱང་ཐུང་ཐུང་དང་བསམ་སྐོར་ལོག་ཕྲག་དོག་ཆེན་པོ་ཞིག་ཡིན་པ་འདྲ།

    Reply
  11. མེ་སྟག says:
    ལོ་ 15 སྔོན།

    གཡང་མདའ་ལགས། ཁྱེད་ཀྱིས་སྐྱོན་བཙུགས་ཀྱི་མཚོན་རྩེ་རེ་རེས།
    ངའི་ངོ་གདོང་ན་མངོན་པའི་རྣག་ཐུམ་རེ་རེ་བཞིན་དབྲར་སོང་བར་དཀའ་དྲིན་ཆེ་ཞུ།
    མ་གཞི་ནས་ངས་རང་ཉིད་ཀྱི་ངོ་གདོང་དེ་མཛེས་པ་ལྷ་ལྟ་བུ་ཞིག་མིན་པ་ཤེས་བཞིན་ཡོད་ཀྱང་། ཕུ་ནུ་ན་ཟླ་ཡིས་ཁེངས་པའི། སྟོང་གསུམ་སྡེ་ཆེན་གྱི་ཁྲོམ་ན་བུད་དོན་ཅིག་དང་ངོམ་དོན་ཅིག་ཡོད་པ་ནི་ཅིས་ཀྱང་མཁྱེན།

    Reply
  12. གངས་མྱུག says:
    ལོ་ 15 སྔོན།

    ཧ་ཅང་དགའ་སོང་།

    Reply
  13. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་ཞལ་གསལ་བོས་ལན་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན།

    Reply
  14. འབྲོག་ཁྱི། says:
    ལོ་ 15 སྔོན།

    ཧ་ཅང་རེག་དཀའ་བའི་པར་རིས་དང་དེ་དང་ཕྱོགས་མཚུངས་པའི་གསོན་ཉམས་ཅན་གྱི་ལོ་རྒྱུས་ཀྱི་ཟིན་ཐོའི་དཔེ་དེབ་རྩ་ཆེན་དེ་རེག་རྒྱུ་ལ་དཀའ་ལས་ཁ་སེ་འདུག་ག། དཔེ་ཤག་ནི་མེད་ད་ག་རེ་བྱེད་དགོས་རེད། འོ་ངོ་མ་ང་ནི་མགོ་ན་སོང་།

    Reply
  15. སེམས་བཟང་། says:
    ལོ་ 15 སྔོན།

    འོད་ཟེར་ལགས་ནི། དེང་སང་ང་ཚོའི་སྤྱི་ཚོགས་ནང་ཆེས་སྙན་གྲགས་ཆེན་པོ་རེད། ཡིན་ནའང་ཁྱད་མཚར་བ་ཞིག་ལ། བོད་མི་རིགས་དང་རིག་གཞུང་ལ་འདི་འདྲའི་དགའ་ཞེན་ཆེན་པོ་ཡོད་བཞིན་དུ། མོ་རང་གིས་བོད་ཡིག་ཤེས་ཀྱི་མ་རེད་ལ་། ཁྱོ་ག་ཡང་བོད་པ་ཐོབ་ཡོད་པ་མ་རེད།

    Reply
  16. བཀྲ་ཤིས་ཟླ་བ། says:
    ལོ་ 15 སྔོན།

    གོང་དུ་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་ཕྲན་ལ་གསུང་པ་ལྟར་ན། ལས་རིམ་བར་དུ་མཚམས་སྦྱོར་གནང་མཁན་ལ་མདོ་འཛིན་པ་དང་། བཀོད་སྒྲིག་མཁན་ལ་འགོ་འཛྀན་པ་ཞེས་བཏགས་ན། དེ་སྔོན་མཚོ་སྔོན་ཕྱོགས་སུ་ལོ་གསར་ཐོག་ཏུ་གསར་འགོད་པ་རྣམས་ཀྱིས་ངོ་སྤྲོད་གནང་དུས། བོད་ལྗོངས་རླུང་འཕྲིན་ཁང་གི་མདོ་འཛིན་པ་དང་། མཚོ་སྔོན་རླུང་འཕྲིན་ཁང་གི་མདོ་འཛྀན་པ། དཀར་མཛེས་ཁུལ་གྱི་མདོ་འཛྀན་པ་ཞིག་སོ་སོས་གསུང་སོང་། དེས་ན་འགོ་འཛིན་པ་གཅིག་ཀྱང་མེད་པའི་སྐྱོན་ཞིག་དང་། འགོ་འཛིན་དང་མདོ་འཛིན་པ་གཉིས་ལ་ཁྱད་པར་མ་ཕྱེ་བ་ལྟར་མཐོང་བས། དྲྭ་གྲོགས་རྣམས་ཀྱི་དེ་ལ་དགོངས་ཚུལ་འདྲ་ཡོད་དམ།

    Reply
  17. གཡང་མདའ། says:
    ལོ་ 15 སྔོན།

    མེ་སྟག་ལགས་མཐོང་ཞོར་དུ་མཐོང་བའི་ཡིག་ནོར།
    གནའ་མ། མནའ་མ། ཐུ་མོང་ །ཐུན་མོང་། དེང་རབ། དེང་རབས། ཞུ་ཆོགས། ཞུ་ཆོག། སྣིང་ནས་གཅེས། སྙིང་ནས་གཅེས་ཞེས་འབྲི་རོགས་མཁྱེན།

    Reply
  18. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས།
    དཔངས་མཐོ་ལ་གཏིང་རིང་བ། རྔམས་མཐུག་ཅིང་ཟུར་རྣོ་བའི་གངས་ཅན་སྐྱིད་གཤོང་གི་མི་ཆེན་དག་གི་ཧྲག་བར་ནས་ཁྱེད་དང་ངེད་གཉིས་ལ་ཁུ་སིམ་ཁོད་ཡངས་ཀྱིས་ཁ་བརྡ་ལྷོད་པོ་ཞིག་བྱེད་ལོང་ཡེ་ནས་རེག་མ་མྱོང་ཡང་། མིན་པ་ལ་ཡིན་པའི་ངོ་སྲུང་མི་བྱེད་ཅིང་། ཡིན་པ་ལ་མིན་པའི་སྙོན་འཛུགས་མི་གཏོང་བའི་དྲ་ཐོག་གི་ཁྱེད་ཀྱི་འགྲོ་འོང་རེ་འགས་ང་དང་བློ་ཐག་ཉེ་བའི་སྣང་བ་ཞིག་ངང་གིས་བསྟེར་ཞིང་། ཉེ་ཆར་ཁ་བརྡ་དྲ་རྒྱའི་སྟེང་རྔ་བ་རྒྱལ་ཁམས་པའི་བྲིས་པའི་ནུབ་ཕྱོགས་མཚན་ཉིད་རིག་པའི་ཡབ་སྲས་སུ་འབོད་པ། ཡབ་ཆེན་སྭའོ་ཁུ་རེ་ཊི་ Socrates དང་། ཐུགས་སྲས་ < <ཕུག་བསམ་གྱི་རྒྱལ་ཁབ>> རྩོམ་པ་པོ་ཕི་ལེ་ཊོ་ Plato མཆོག་གི་ཞལ་གདམས་སློབ་མ་ཨར་སི་ཊོ་ཐི་Aristotle ཡི་མཚན་ཉིད་རིག་པ་དང་འབྲེལ་བའི་གནས་ཚུལ་ཞིག་གི་འོག་ཏུ། “ང་རང་ཆེས་དགའ་སའི་ནུབ་ཕྱོགས་མཚན་ཉིད་རིག་པ ” ཞེས་བྲིས་འདུག་པ་མཐོང་མ་ཐག ཁྱེད་ཀྱིས་བདག་གི་དངོས་པོ་རྩ་ཆེན་ཞིག་འཁྱེར་སོང་བ་ལྟ་བུའི་བྲེལ་སྣང་ཞིག་གིས་དེད་འོང་གིན་འདུག
    ཨོ་་་་་་་་་་་ངས་ཁྱེད་ལ་སྐབས་བབ་ཀྱི་གནས་ཚུལ་གླེང་རྒྱུ་བརྗེད་འདུག སང་ཉིན་ང་ལ་ལས་བྲེལ་ཞིག་གི་དབང་གིས་གཙུག་ལག་ཁང་གི་མཛད་སྒོ་དེར་ངེད་ཚང་གི་གསར་འགོད་པ་གཞན་གཉིས་འགྲོ་རྒྱུ་བྱས་ཡོད། དཔེ་དེབ་སྒྱུར་པ་པོ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གཏམ་གླེང་ཞལ་པར་གྱི་མདོ་འཛིན་པ་སྒྲོལ་དཀར་ལགས་ཉིན་འདི་འགར་ངྷ་སར་ཕེབས་ཡོད་སྟབས། དུས་ཚོད་བྱུང་ན་ངས་ཁོང་མོར་འབྲེལ་བ་བྱས་ཏེ་སྐད་ཆ་དྲིས་ཆོག

    Reply
  19. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས།
    དཔངས་མཐོ་ལ་གཏིང་རིང་བ། རྔམས་མཐུག་ཅིང་ཟུར་རྣོ་བའི་གངས་ཅན་སྐྱིད་གཤོང་གི་མི་ཆེན་དག་གི་ཧྲག་བར་ནས་ཁྱེད་དང་ངེད་གཉིས་ལ་ཁུ་སིམ་ཁོད་ཡངས་ཀྱིས་ཁ་བརྡ་ལྷོད་པོ་ཞིག་བྱེད་ལོང་ཡེ་ནས་རེག་མ་མྱོང་ཡང་། མིན་པ་ལ་ཡིན་པའི་ངོ་སྲུང་མི་བྱེད་ཅིང་། ཡིན་པ་ལ་མིན་པའི་སྙོན་འཛུགས་མི་གཏོང་བའི་དྲ་ཐོག་གི་ཁྱེད་ཀྱི་འགྲོ་འོང་རེ་འགས་ང་དང་བློ་ཐག་ཉེ་བའི་སྣང་བ་ཞིག་ངང་གིས་བསྟེར་ཞིང་། ཉེ་ཆར་ཁ་བརྡ་དྲ་རྒྱའི་སྟེང་རྔ་བ་རྒྱལ་ཁམས་པའི་བྲིས་པའི་ནུབ་ཕྱོགས་མཚན་ཉིད་རིག་པའི་ཡབ་སྲས་སུ་འབོད་པ། ཡབ་ཆེན་སྭའོ་ཁུ་རེ་ཊི་ Socrates དང་། ཐུགས་སྲས་ < <ཕུག་བསམ་གྱི་རྒྱལ་ཁབ>> རྩོམ་པ་པོ་ཕི་ལེ་ཊོ་ Plato མཆོག་གི་ཞལ་གདམས་སློབ་མ་ཨར་སི་ཊོ་ཐི་Aristotle ཡི་མཚན་ཉིད་རིག་པ་དང་འབྲེལ་བའི་གནས་ཚུལ་ཞིག་གི་འོག་ཏུ། “ང་རང་ཆེས་དགའ་སའི་ནུབ་ཕྱོགས་མཚན་ཉིད་རིག་པ ” ཞེས་བྲིས་འདུག་པ་མཐོང་མ་ཐག ཁྱེད་ཀྱིས་བདག་གི་དངོས་པོ་རྩ་ཆེན་ཞིག་འཁྱེར་སོང་བ་ལྟ་བུའི་བྲེལ་སྣང་ཞིག་གིས་དེད་འོང་གིན་འདུག
    ཨོ་་་་་་་་་་་ངས་ཁྱེད་ལ་སྐབས་བབ་ཀྱི་གནས་ཚུལ་གླེང་རྒྱུ་བརྗེད་འདུག སང་ཉིན་ང་ལ་ལས་བྲེལ་ཞིག་གི་དབང་གིས་གཙུག་ལག་ཁང་གི་མཛད་སྒོ་དེར་ངེད་ཚང་གི་གསར་འགོད་པ་གཞན་གཉིས་འགྲོ་རྒྱུ་བྱས་ཡོད། དཔེ་དེབ་སྒྱུར་པ་པོ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གཏམ་གླེང་ཞལ་པར་གྱི་མདོ་འཛིན་པ་སྒྲོལ་དཀར་ལགས་ཉིན་འདི་འགར་ངྷ་སར་ཕེབས་ཡོད་སྟབས། དུས་ཚོད་བྱུང་ན་ངས་ཁོང་མོར་འབྲེལ་བ་བྱས་ཏེ་སྐད་ཆ་དྲིས་ཆོག

    Reply
  20. ཁ་བ་དཀར་པོ། says:
    ལོ་ 15 སྔོན།

    མདོ་འཛིན་པ་ཞེས་པ་ནི་དགེ་ཆོས་ཀྱིས་རྒྱ་གར་གྱི་བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་བོད་ཡིག་ཏུ་སྒྱུར་དུས་སོགས་སུ་བེད་སྤྱོད་བཏང་བའི་མིང་ཚིག་ཅིག་རེད། དེ་ནི་བཀོད་སྒྲིག་པ་ཞེས་པ་ཞིག་ལས་ཅི་ཡང་མ་རེད། བྱ་བ་དེའི་གནད་འགག་གམ་འབབ་སའི་མདོ་རྩ་དེ་ལ་བཀོད་སྒྲིག་བྱེད་མཁན་ཡིན་པའི་ཆ་ནས་མདོ་འཛིན་པ་ཟེར་བ་རེད་ལ། འགན་འཛིན་པ་དང་དོན་གཅིག་ཏུ་སྦྱར་ན་ཡང་དུས་སྐབས་མང་པོ་ཞིག་ཏུ་འབྱོར་བ་ཞིག་ཏུ་མཐོང་།

    Reply
  21. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས། ཨ་ཅེ་འོད་ཟེར་ལགས་ཀྱི་དཔེ་དེབ་དེ་སང་ཉིན་ང་འདྲ་བའི་ཀློག་མཁན་ཚོར་རག་གི་ཡོད་ན། ཤེས་ན་ལན་ཞིག་གནང་རོགས་ཞུ།

    Reply
  22. མེ་སྟག says:
    ལོ་ 15 སྔོན།

    དགོངས་དག་ཞུ། གོང་ནས་”ནམ་ཡང་འདོར་མི་ནུས་པ་”ཞེས་པར་”ནམ་ཡང་མི་འདོར་མི་ནུས་པ”ཞེས་དགག་སྒྲ་སྔ་མ་ལྷག་འདུག

    Reply
  23. མེ་སྟག says:
    ལོ་ 15 སྔོན།

    ང་ཚོ་བོད་པ་ཚང་གི་བུ་མོའི་ཆེ་མགོ་ཡིན་པའི་ཨ་ཅེ་འོད་ཟེར་ལགས་ནི།
    སྲི་འབྲུུག་མོ་སྡོད་ས་ཧོར་ལ་རེད།།
    སེམས་བསམ་པ་དཀར་ས་གླིང་དཀར་སྟོད།།
    ཅེས་པ་ལྟར། རྒྱ་ནག་གི་རྒྱལ་ས་པེན་ཅིན་གྲོང་ཁྱེར་དུ་རྒྱ་མི་ཝང་ལིས་ཞུང་གི་གནའ་མ་བྱས་ཏེ་ཡོད་ཀྱང་། སེམས་བསམ་པའི་གཏིང་ནས་ནམ་ཡང་མི་འདོར་མི་ནུས་པ་དེ་ནི། ང་ཚོ་ཐུ་མོང་གི་ཕ་གཞིས་ན་ཡོད་པའི་བྱམས་པའི་ཡབ་ཡུམ་དང་། ཕྱོགས་མཐའི་རྒྱལ་ཁམས་ན་གྲམ་པའི་བརྩེ་བའི་མིང་སྲིང་ང་ཚོ་ཡིན་ནི་རེད།
    དེས་ན་འུ་ཚོས། ཤ་རུས་མགོ་སྙིང་ཅན་གྱི་ཨ་ཅེ་འདིའི། སྐྱོ་བའི་སྨྲེང་བཤད་རེ་དང་།
    ཤ་ཚའི་སྙིང་གཏམ་རེ་ལ་ཅིས་ཀྱང་མགོ་རྣ་ཀྲོག་ཀྲོག་རེ་བྱེད་དགོས་པ་ང་ཚོ་ཐུན་མོང་གི་འོས་འགན་རེད།
    དེ་ལྟར་ན། སྙིང་ནས་གཅེས་པའི་སྤུན་ཟླ་མིང་སྲིང་ཚོས་ཐུགས་དགོངས་ཆེར་བཞེད་ཀྱིས། འོད་ཟེར་ལགས་ཀྱི་བརྩམས་ཆོས་སམ་གཞན་ཡང་བརྩམས་ཆོས་གང་བཟང་དག་ཕན་ཚུན་རོགས་རེས་ཀྱིས་མཚམས་སྦྱོར་རེ་མཛད་ན་། རླབས་ཆེན་གྱི་འོས་འགན་རེ་གྲུབ་པར་ངོས་འཛིན་ཞུ་ཆོགས་ཆོགས་རེད།
    གཞན་ཡང་རེ་བསྐུལ་ཞུ་རྒྱུ་ཞིག་ལ།
    གུས་ལྟ་བུར་མཚོན་ན་ད་སྐབས་དཔེ་མཛོད་ཁང་ཞིག་གི་དཔེ་གཉེར་ཡིན་པས། དེང་རབ་གཞོན་ནུ་རྣམས་ཀྱི་བློ་སྒོ་ཆེར་འབྱེད་ཀྱི་ནུས་པ་ཐོན་པའི་ཕྱག་དཔེ་རེ་རེ་ལག་རྙེད་བྱུང་ཚེ། དེས་ནི་གུས་པས་ཕྲག་ཏུ་བླངས་པའི་ལས་འགན་རེ་ཡང་འགྲུབ་འགྲོ་བ་ཡིན་པས། སྣིང་ནས་གཅེས་པའི་དྲ་གྲོགས་ཚོས་ང་ལ་དཔེ་དེབ་བཟང་བོ་རེ་ཅིས་མཚམས་སྦྱོར་མཛད་རོགས། ངའི་དྲྭ་བྱང་ khampa_dorjee@yahoo.com

    Reply
  24. བཀྲ་ཤིས་ཟླ་བ། says:
    ལོ་ 15 སྔོན།

    ལགས་སོ་ཐུགས་རྗེ་ཆེ།

    Reply
  25. བཀྲ་ཤིས་ཟླ་བ། says:
    ལོ་ 15 སྔོན།

    ལགས་སོ་ཐུགས་རྗེ་ཆེ།

    Reply
  26. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    དྲ་གྲོགས་བཀྲ་ཤིས་ཟླ་བ་ལགས།
    སྐུ་ཉིད་ཀྱི་དོགས་གཞི་གནས་དེར་སྔོན་མ་ང་རང་དངོས་སུ་འཇུས་མྱོང་ལ། སྐབས་དེར་བསམ་གཞིགས་ཀྱང་བཏང་མྱོང་། ལས་རིམ་རེ་རེ་གསན་མཁན་དང་ལྟ་མཁན་རྣམ་པར་ཐོག་མར་གསལ་བསྒྲགས་སམ། ངོ་སྤྲོད་གནང་མཁན་ཡིན་པས་ན། མགོ་འཛིན་པ་དང་། ལས་རིམ་རེ་རེ་མཇུག་སྒྲིལ་མ་ཐག་སྟངས་འཛིན་ནམ། མཚམས་སྦྱོར་གནང་མཁན་ཡིན་པས་ན། མདོ་འཛིན་པ། ཞེས་བཏགས་ཀྱང་ཁྱད་པར་ཆེར་མ་མཐོང་ལ། ལྷག་པར་དུ་མགོ་འཛིན་པ་ཞེས་བཏགས་ན། ལས་རིམ་གཙོ་སྐྱོང་བ་དང་འཁྲུལ་ཉེན་ཆེ་སྟབས། ལས་རིམ་རེ་རེའི་མཚམས་སུ་སྟངས་འཛིན་བྱེད་མཁན་ལ། མདོ་འཛིན་པ་དང་། ཐོག་མར་སྤྱི་ཡོངས་ནས་ངོ་སྤྲོད་གནང་མཁན་ལ་གཙོ་སྐྱོང་བའམ། མགོ་འཛིན་པ་ཞེས་བཏགས་ན་འཐུས་བར་སྙམ།

    Reply
  27. བཀྲ་ཤིས་ཟླ་བ། says:
    ལོ་ 15 སྔོན།

    དྲྭ་གྲོགས་རྣམས་ཀྱི་སྙན་དབང་དུ་ཆེད་ཞུ། ལེ་ཚན་གྱི་འགོ་འཛིན་པ་ལ་དེང་སང་མདོ་འཛིན་པ་ཞིག་བྲིས་ཀྱི་འདུག དེ་བྲིས་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དེ་འདྲ་བྲིས་སྲོལ་བརྡ་སྤྲོད་གང་དུ་གསལ་ཡོད། ཕྲན་ལ་ལམ་སྟོན་ཞིག་གནང་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese