མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་ཡེ་ཤེས་སྦྱིན་པ་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཚེས་ ༢ ཉིན་གྲྭ་ཡེ་ཤེས་སྦྱིན་པ་རྒྱ་གཞུང་གིས་ལྷ་ས་ནས་འཛིན་བཟུང་བྱས་ཡོད་འདུག

ཡེ་ཤེས་སྦྱིན་པ་ནི་སོག་རྫོང་ཙན་དན་དགོན་པའི་གྲྭ་པ་ཡིན་པ་དང་ད་ལོ་རང་ལོ་ ༤༤ ཡིན། ཕ་ཡི་མིང་ལ་གུ་རུ་བསོད་ནམས་ཟེར་གྱི་ཡོད་པ་རེད།  ཁོང་ནམ་རྒྱུན་གཟུགས་གཞི་བདེ་བོ་མེད་རྐྱེན་ལྷ་སར་སྨན་བཅོས་བྱེད་བཞིན་བསྡད་ཡོད་པ་རེད། འོན་ཀྱང་གློ་བུར་དུ་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ད་ལྟ་ནག་ཆུ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཅུག་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་ཙམ་ལས། འཛིན་བཟུང་བཙོན་འཇུག་བྱེད་དགོས་པའི་རྒྱུ་མཚན་གང་ཡང་ཕྱིར་བསྒྲགས་བྱས་མེད་པ་ མ་ཟད། ནང་མི་སྤུན་མཆེད་སུ་ལ་ཡང་འབྲེལ་གཏུག་བྱེད་བཅུག་མེད་པ་རེད་འདུག

གནས་ཚུལ་མཁོ་སྤྲོད་པ་ངག་དབང་ཐར་པ་ཡིན།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༤ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༢༠ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 9

  1. སེར་ལྷོ་བློ་བཟང་རྒྱ་མཚོ། says:
    ལོ་ 17 སྔོན།

    དངོས་གནས་རེད། གྲྭ་ཡེ་ཤེས་སྦྱིན་པ་ལ་བོད་ཀྱི་ཤ་ཁྲག་ཞིག་ཡོད་བདེན་པ་རེད། དེ་ཡང་རྒྱ་དམར་གྱིས་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད། དེར་བརྟེན་མུ་མཐུད་དེ། ཤེས་ཡོན་ཅན་དང་སྤྱི་པའི་དོན་དུ་ལས་འགན་སྒྲུབ་མཁན་རེ་རེ་ནས་འཇུ་བྱེད་ཀྱིན་འདུག འདི་མུར་ཡུན་རིང་ལུས་པ་ཡིན་ན་བོད་ནང་གི་ཤེས་ལྡན་མི་སྣ་ཡོད་ཚད་འཇུ་བཟུང་གིས་མེད་པ་བཟོ་ཐབས་ཀྱིན་འདུག ད་ཚོས་ཐབས་ལམ་གང་འདྲ་ཞིག་དང་། ལས་འགུལ་ཅི་འདྲ་སྤེལ་དགོས་སམ།

    Reply
  2. བྱམས་རྒྱལ། says:
    ལོ་ 17 སྔོན།

    རྒྱ་དམར་ཁྲམ་པ་ཧམ་པ་ཇེ་ཆེ་རེད་།།
    བོད་ཀྱི་གནས་སྟངས་ཇེ་སྡུག་ཇེ་ཞན་རེད་།།
    ད་ནི་རང་མགོ་ཅི་ཐོན་མི་བྱེད་པ།།
    རང་ནུས་གང་ལྕོགས་སྤྱི་དོན་རྒྱ་མཚོ་རུ།།
    བློ་ལྡན་རྣམས་ཀྱི་ཆ་ཤས་ཐིགས་པ་ཙམ།།
    ད་ནས་འབུལ་རན་ཡིན་པས་བློ་མ་འཁུམས།།
    དྲ་གྲོགས་རྣམ་པ་ལགས། ང་ཚོ་རང་དབང་ལུང་པར་ གང་ཟག་སྒེར་གྱི་ངོས་ནི་བོད་ཀྱི་རྩ་དོན་ཞིག་བསྒྲུབ་འདོད་ན་ ལས་འགུལ་སྟབས་བདེ་བ་ཕན་ཐོགས་ཆེ་བ་ཅི་ཞིག་སྤེལ་ཐུབ་ན་བཟང་ངམ་ སློབ་སྟོན་དང་དགོངས་ཚུལ་གནང་རོགས།།

    Reply
  3. བདེ་བ་ཅན། says:
    ལོ་ 17 སྔོན།

    ཁ་འཇམ་པོའི་ཚིག་ཞིག་ལས་མ་བྱུང་ཡང་དངོས་སུ་ལས་གྲུབ་མཁན་ཁྱེད་རྣམས་ལ་ཕུལ་བཞིན་ཡོད། དེ་ནི་སེམས་འདུན་མཚོན་ཆེད་ཙམ་ཡིན། བོད་རྒྱལ་ལོ༎

    Reply
  4. བདེ་བ་ཅན། says:
    ལོ་ 17 སྔོན།

    སྐུ་ཞབས་ཡེ་ཤེས་སྦྱིན་པས་གཙོས་པའི་ཉེས་མེད་གང་བྱུང་འཛིན་བཟུང་བྱ་བཞིན་པའི་བོད་མི་རྣམས་གང་མགྱོགས་བདེན་པའི་མཐའ་གསལ་ཏེ་གློད་འགྲོལ་ཡོང་བའི་སྨོན་ལམ་ཞུ་རྒྱུ་དང༌། གནས་ཚུལ་མཁོ་བཏོན་དང་འགོད་སྤེལ་གནང་མཁན་རྣམས་ལའང་དུས་ཐོག་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ། ང་ཚོས་དུས་རྟག་ཏུ་ཐུགས་རྗེ་ཆེ་མང་དུ་ཞུ་བ་ནི་རང་ཉིད་ཀྱི་ལས་མ་ཐུབ་པའི་ཁ་འཇམ་པོའི་ཚིག་ཞིག་མ་བྱུང་ཡང་སོ་སོའི་མི་རིགས་དང་སྤྱི་པའི་དོན་དུ་ལས་ཀ་བྱ་མཁན་ཚོར་ཕུལ་གང་ཐུབ་བྱ་གི་ཡོད།

    Reply
  5. བཀྲ་ཤིས། says:
    ལོ་ 17 སྔོན།

    གྲྭ་ཡེ་ཤེས་སྦྱིན་པ་ལ་བོད་ཀྱི་ཤ་ཁྲག་ཅིག་ཡོད་པས་མིན་ནམ།

    Reply
  6. ནད་པ says:
    ལོ་ 17 སྔོན།

    གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་དུགས། །འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །

    Reply
  7. མདུང་རྩེ། says:
    ལོ་ 17 སྔོན།

    ཁམས་སོག་རྫོང་དུ་དམིགས་བསལ་གྱི་དམ་དྲག་བྱེད་པ་དེང་སྐབས་ཙམ་མ་ཡིན་པར་དགུ་བཅུ་གོ་བཞི་གོ་ལྔ་ཡན་མས་ནས་དམ་དྲག་ཤུགས་ཆེར་བྱས་ཡོད། དེའི་འབྱུང་རྐྱེན་གཙོ་བོ་སྐབས་དེ་དུས་སོག་རྫོང་དུ་བོད་ཕོ་གསར་བཅུ་གྲངས་ཤིག་གིས་རྒྱ་མིའི་ཚོང་ཁང་དང་ཟ་ཁང་སོགས་གཅིག་ཀྱང་མ་ལུས་པར་གཏོར་བཅོམ་བྱས་ཏེ་སོག་རྫོང་རྒྱ་མིའི་ཁེ་གཉེར་བ་གཅིག་ཀྱང་མེད་པར་བྱས་ཡོད། དེར་མ་ཟད་འགད་རྫས་འཐོར་བ་དང་དུས་ཡུན་རིང་པོར་བོད་རང་བཙན་གྱི་སྦྱར་ཡིག་གིས་ས་ཕྱོགས་གང་སར་ཁྱབ་པར་བྱས་ཡོད། དེའི་རྐྱེན་གྱིས་ས་གནས་དཔོན་རིགས་དང་ཉན་རྟོག་ལས་ཁུངས་ཀྱིས་གནས་ཚུལ་རྩད་གཅོད་བྱས་པ་བརྒྱུད་ཙན་དན་དགོན་གྱི་གྲྭ་འགའ་ཞིག་ལ་ཚེ་བཙོན་དང་། ལ་ལར་མི་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་ཡོད། རྗེས་སུ་ས་གནས་དཔོན་རིགས་ཀྱིས་རྒྱབ་སྐྱོར་འོག་རྒྱ་རིགས་ཚོར་གཉེར་བ་ཕོན་འབྱོར་ནས་བོད་མིར་བརྙས་བཅོས་ཆེད་གསོད་ཚད་མེད་བྱས་པར་བརྟེན་ཡུལ་འདིའི་མི་རྣམས་ཀྱིས་རྒྱ་མིར་འཁོན་འཛིན་ཆེན་པོ་བྱེད་ཀྱིན་ཡོད།
    དེ་ནས་བཟུང་ས་གནས་དེ་དང་དགོན་པ་དེར་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བ་རོལ་ཕར་ཞོག དུས་རྟག་ཏུ་འདྲི་རྩད་དང་སོ་ལྟ་ལྐོག་ཉན་རླུང་འཚུབས་འོག་ནས་ཡུལ་འདིའི་སྐྱ་སེར་ཕལ་མོ་ཆཻར་ཁྲིམས་ཆད་རྡུང་རྡིག་ཚད་ལས་བརྒལ་བ་ཕོག་ཡོད།
    ༢༠༠༧ལོར་སླར་ཡང་རྒྱ་རིགས་དང་བོད་རིགས་དབར་འཁྲུག་རྩོད་བྱུང་སྟེ། ས་གནས་དེའི་བོད་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་རྒྱ་དམར་རྒྱང་ཕུད་ཐེངས་ཤིག་བྱས་སྐད་འདུག གནས་ཚུལ་དེ་དག་ལ་བརྟེན་དམིགས་བསལ་གྱི་དམ་དྲག་བྱེད་ཀྱི་ཡོད།

    Reply
  8. ནོར་བུ་རྒྱལ་མཚན། says:
    ལོ་ 17 སྔོན།

    རྒྱ་དམར་གུང་ཁྲན་གིས་མི་ལོ་དྲུག་བཅུའི་རིང་ལ། གཞིས་ལུས་བོད་མི་ཐོག་ལ་སྡུག་རྒྱང་གནར་བཅོད་བཏང་བཞིན་པ་དེ། ང་ཚོ་མི་རབ་གསར་པ་སྐྱ་སེར་ཕོ་མོ་སུ་ཡིན་ན་ཡང་མ་འོངས་པའི་གཞོན་ནུ་དག་གི སེམས་ལ་གནས་ཐུབ་པ་ཞིག་ང་ཚོའི་མི་ཐོག་འདིས་ལས་མགན་ཡིན་པ་ཚང་མས་་ཤེས་དགོས།

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཁམས་སོག་རྫོང་ཕྱོགས་ལ་དམིགས་གསལ་གྱིས་དམ་དྲག་འདྲ་ཞིག་བྱེད་ཀྱིན་ཡོད་ས་རེད། རྒྱ་རྩོག་དེ་ཚོ། གཞིས་ལུས་བོད་མིའི་མངོན་འདོད་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese