མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཕོད་སྐུ་གྲོངས་སོང་།

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལས་འཛིན་པ་གཞོན་པ་དང་། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལྷན་ཚོགས་ཞེས་པའི་ཚོགས་གཙོ། བོད་རིགས་རྒན་རབས་པ་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུའི་སྙུང་གཞི་ཞིག་གི་དབང་གིས་དེ་རིང་ཕྱི་དྲོའི་པེ་ཅིན་གྱི་ཆུ་ཚོད་ ༤ དང་སྐར་མ་ ༥༠ སྟེང་རྒྱ་ནག་པེ་ཅིན་ནས་སྐུ་གྲོངས་ཡོད་ཅིང་། ད་ལོ་ཁོང་དགུང་གྲངས་ ༡༠༠ ལ་སླེབས་ཡོད་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༧ སྟེང་རྒྱ་ནག་དབུས་གསར་འགྱུར་མཉམ་སྒྲོག་ལས་ཁུངས་ནས་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་གྲོངས་པའི་སྐོར་གསལ་བསྒྲགས་བྱས་པ་དང་ལྷན་དུ་ཁོང་གི་འདས་པའི་ལས་གནས་རགས་ཟིན་ཞིག་བཀོད་པའི་ནང་། རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ། སྤྱི་ཚོགས་བྱེད་སྒོ་པ་གྲགས་ཅན། བོད་རིགས་མི་དམངས་ཀྱི་སྐྱེས་བུ་ཕུལ་དུ་བྱུང་བ། རང་རྒྱལ་མི་རིགས་ལས་དོན་གྱི་དབུ་ཁྲིད་མཆོག་ཏུ་གྱུར་པ། ཀྲུང་གོ་གུང་ཁྲན་ཏང་གི་སྙིང་ཉེ་བའི་གྲོགས་པོ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་གསུམ་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ་བཅས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་ལགས་སྙུང་གཞི་བཞེས་ནས་ ༢༠༠༩ ལོའི་ཟླ་བ་ ༡༢ པའི་ཚེས་ ༢༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་དང་སྐར་མ་ལྔ་བཅུ་ལ་པེ་ཅིན་དུ་སྐུ་གཤེགས་ཤིང་། དགུང་ལོ་བརྒྱ་ཐམ་པར་འཚོ་བཞེས་གནང་ཡོད་པ་རེད། ཅེས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦
གངས་་སྐྱིད་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༨ པ་སྲུང་གཙི་གནང་།  ༢༠༢༥།༠༥།༡༦ དུས་བབ་ཀྱི་པར།
Mobile App

བོད་ཀྱི་སྒྱུ་རྩལ་པས་སྒྱུ་རྩལ་བརྩམས་ཆོས་ཀྱི་ཐོག་ནས་བོད་དོན་འགྲེམས་སྟོན་བྱས།

༢༠༢༥/༠༥/༡༦

མཆན། 203

  1. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    བཀུར་འོས་དྲ་གྲོགས་ལྷན་རྒྱས་ལགས།

    གང་ལྟར་ས་དབང་ང་ཕོད་ཀྱིས་མགོ་ཚེས་གཅིག་ནས་མཇུག་གནམ་གང་བར་དུ་འཆུག་ས་གཙོ་བོ་དེ་ཕྱི་ལོ་༡༩༥༠ལོར་མདོ་སྤྱི་གནང་སྐབས་ནས་མ་བྱུང་བ་ཡིན་པར་ཕྲན་གྱིས་ངོས་འཛིན་ཞུ་རྒྱུ་ཡིན།
    དེ་ཡང་སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་བཞིན་བོད་གཞུང་ཤེས་རིག་པར་ཁང་གིས་ཕྱི་ལོ་༢༠༠༤ལོར་དཔར་བའི་༧གོང་ས་མཆོག་གི་མཛད་རྣམ་ཤོག་གྲངས་༡༠༥བའི་སྒང་ནས་མར་བརྩིས་པའི་ཐིག་འཕྲེང་༩པར། ༡༩༥༠ལོར་ཞབས་པད་ལྷ་ཀླུ་བ་བོད་ཤར་ཕྱོགས་སྤྱི་ཁྱབ་པའི་ལོ་དུས་རྫོགས་ཤིང་། གནས་ཚུལ་ཛ་དྲག་ཅན་དེ་འདྲའི་སྐབས་ལྷ་ཀླུའི་ཚབ་ཏུ་ཞབས་པད་ང་ཕོད་ངག་དབང་འཇིགས་མེད་བཏང་སྟེ་ང་ཕོད་ལྷ་ས་ནས་བོད་ཤར་ཕྱོགས་སུ་ཐོན་པ་དང། བཀའ་ཤག་ནས་གནས་ཚུལ་ཛ་དྲག་ཅན་ལ་བརྟེན་ལྷ་ཀླུ་ཡང་ང་ཕོད་དང་ཁུར་མཉམ་ལེན་གྱིས་སྡོད་དགོས་གནས་ཚུལ་བཏང་ཞིང། རིང་པོར་མ་སོང་བར་ང་ཕོད་ནས་འགན་འཁུར་ཚང་མ་ཐུབ་ཚུལ་བརྗོད་པར་བརྟེན་ལྷ་ཀླུ་ཕྱིར་ལོག་བྱས། དེ་རྗེས་ང་ཚོར་བརྡ་སྤྲོད་གང་ཡང་མ་བྱས་པར་གློ་བུར་ཞིག་ལ་རྒྱ་དམར་གྱི་དཔུང་དམག་བོད་དུ་བཙན་འཛུལ་བྱས་པ་རེད། ཅེས་གསུངས་འདུག་པས་དོན་གྱི་བདག་པོས་བསྡོམས་ཆ་ཚང་བརྒྱབ་མི་འདུག་གམ་ཤེས་ལྡན་དྲ་གྲོགས་ཚོས་གཟིགས་དང། གོང་གསལ་མཛད་རྣམ་གྱི་ལུང་ཚིག་དུམ་བུ་འདི་གཅིག་པས་ས་དབང་ང་ཕོད་ཀྱིས་མི་འཇོན་འཇོན་མདོག་གིས་བྱས་རྗེས་ཕྲན་གྱིས་ཤེས་སོང། རྩ་བའི་ལྷ་འདྲེ་གང་ཡིན་ང་ལ་དེ་ཙམ་གྱི་ཁྱད་པར་གང་ཡང་མེད། འོན་གྱང་དྲ་གྲོགས་གཞན་ཚོས་ཁོང་ལ་ཆེ་བསྟོད་དང། རྗེས་དྲན།བསྟོད་བསྔགས་ག་ཚོད་བྱས་ཀྱང་དེར་ང་ལ་མི་དགའ་དགོས་དོན་རྩ་བ་ནས་མེད་པར་མ་ཟད་ཅུས་གཏོགས་མི་བྱེད་ཐག་ཆོད་ཡིན། དེ་ནི་རང་སོ་སོའི་ཐོབ་ཐང་རེད།
    རྒྱ་མིས་ང་ཕོད་ལ་བསྔགས་བསྔགས་གཏང་བཞིན་པའི་སྐབས་འདིར་ཆབ་སྲིད་རྐྱང་པའི་ཐོག་ནས་བསམ་བློ་བཏང་ན་ང་ཚོའི་ཕྱོགས་ནས་ཀྱང་དེ་ལས་ལྷག་གི་བསྔགས་བརྗོད་བྱས་ཀྱང་དེར་དགོས་པ་ཡོད་སྲིད།་

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    གཡག་ལྡོམ་བརྗེས་ཚར་སོང་བ་རེད། གསེར་རྟ་ཚུལ་ཁྲིམས་ཀྱང་འདའ་ར་ར་བྱེད་ཀིན་འདུག་གཱ ཁ་སང་ང་ཕོད་བདུན་རེད་ཅེས་ལུང་དྲངས་ནས་ཡོང་གི དེ་རིང་ཡང་ཁ་སང་གི་བདུན་རྒན་ང་ཕོད་དེ་ས་དབང་ང་ཕོད་ལ་གྱུར་འདུག གྱང་རྩ་ཟེར་བ་རེད་ཡ། ཡག་ཡག་ག་ཁ་སང་གི་གསེར་རྟ་ཚུལ་ཁྲིམས་འོད་དེ་ང་དེ་རིང་གི་ཚུལ་ཁྲིམས་འོད་མིན་ཟེར་གིན་མེད་ཀ དེ་ཡང་ཨུད་ཙམ་མ་རེད་པས། གཡག་ལྡོམ་ལས་ངར་ཙམ་འདུག་གཱ བདེ་བ་ཅན་གྱི་སྐད་ཆར་ཉན་འདོད་དང་གུས་བརྩི་བྱེད།

    Reply
  3. བཀྲ་ཤིས། says:
    ལོ་ 15 སྔོན།

    བོད་མིའི་ཞབས་འདྲེན་པ་རེ་རེ་ཡིན་ནའང་ཉུང་དུ་སོང་བ་དེ་ལ་དགའ་བསུ་ཡོད།
    ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་་

    Reply
  4. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    བཀུར་འོས་དྲ་གྲོགས་ལྷན་རྒྱས་ལ་ཞུ་རྒྱུ།

    ༡༩༥༠ལོར་ཞབས་པད་ལྷ་ཀླུ་བ་བོད་ཤར་ཕྱོགས་སྤྱི་ཁྱབ་པའི་ལོ་དུས་རྫོགས་ཤིང་། གནས་ཚུལ་ཛ་དྲག་ཅན་དེ་འདྲའི་སྐབས་ལྷ་ཀླུའི་ཚབ་ཏུ་ཞབས་པད་ང་ཕོད་ངག་དབང་འཇིགས་མེད་བཏང་སྟེ་ང་ཕོད་ལྷ་ས་ནས་བོད་ཤར་ཕྱོགས་སུ་ཐོན་པ་དང། བཀའ་ཤག་ནས་གནས་ཚུལ་ཛ་དྲག་ཅན་ལ་བརྟེན་ལྷ་ཀླུ་ཡང་ང་ཕོད་དང་ཁུར་མཉམ་ལེན་གྱིས་སྡོད་དགོས་གནས་ཚུལ་བཏང་ཞིང། རིང་པོར་མ་སོང་བར་ང་ཕོད་ནས་འགན་འཁུར་ཚང་མ་ཐུབ་ཚུལ་བརྗོད་པར་བརྟེན་ལྷ་ཀླུ་ཕྱིར་ལོག་བྱས། དེ་རྗེས་ང་ཚོར་བརྡ་སྤྲོད་གང་ཡང་མ་བྱས་པར་གློ་བུར་ཞིག་ལ་རྒྱ་དམར་གྱི་དཔུང་དམག་བོད་དུ་བཙན་འཛུལ་བྱས་པ་རེད། ཅེས་གསུངས་འདུག་པས་དོན་གྱི་བདག་པོས་བསྡོམས་ཆ་ཚང་བརྒྱབ་མི་འདུག་གམ་ཤེས་ལྡན་དྲ་གྲོགས་ཚོས་གཟིགས་དང། གསུང་ཚིག་དུམ་བུ་དེ་ཁོ་ནས་ཐོག་ནས་ངས་ཆ་ཚང་ཤེས་སོང་།
    འོན་ཀྱང་ང་ཕོད་པ་ལྷ་བདུད་གང་ཡིན་ང་ལ་དེ་ཙམ་ཁྱད་པར་མེད།

    Reply
  5. བདེ་བ་ཅན། says:
    ལོ་ 15 སྔོན།

    བོད་མི་མང་སྤྱི་འཐུས་ཀྱི་མིང་འཁུར་བའི་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས། ཁྱེད་ཀྱིས་དང་པོ་བླ་མའི་ལུང་བསྟན་ཡིན་ཁུལ་བྱས་ཏེ་ཀློག་པ་པོར་བསླུ་བྲིད་ཀྱིས་ང་ཕོད་བདུད་དུ་འགྱུར་ཐབས་བྱེད་པ་དང༌། ད་ཆ་བདུད་ཡིན་ཡང་ཁྱེད་མི་སྐྲག་པའི་ངར་སྐད་སྒྲོགས་པ་ནི་དགོད་བྲོ་བ་ཞིག་འདུག གང་ལྟར་ཀརྨ་པ་དེ་བཞིན་གཤེགས་པས་ལུང་གནང་ཡོད་ཚེ། སྐབས་དེར་ཁོང་ནས་ལུང་ཞུ་མཁན་ཞིག་གིས་འདོད་པ་ལྟར་ལུང་གནང་ཡོད་ཚོད་འདུག ང་ཕོད་ས་དབང་ཆེན་མོ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས་ཡུལ་མལ་དྲོ་གུང་དཀར་རྫོང་རྒྱ་མ་ཞེས་པའི་ས་གནས་ཡིན་པ་ལས་ལུང་གནང་བའི་ཀོང་པོའི་ཡུལ་དུ་སྐྱེས་པའི་ང་ཕོད་འདི་རེད་མི་འདུག ཁྱེད་རང་ལ་བོད་མི་མང་གི་སྤྱི་འཐུས་ཀྱི་མཚན་གནས་ཡོད་སྟབས་བཀའ་ལུང་དེར་བཟོ་བཅོས་གྲོས་འཆར་ཞིག་བཏོན་ན་གང་འདྲ་མི་འདུག་གམ། གང་ལྟར་བོད་མི་མང་སྤྱི་འཐུས་ཡིན་སྟབས་ནོར་འཁྲུལ་ཤོར་ཀྱང་དག་སེལབྱེད་དགོས་པ་མ་རེད་ལ། ཐུགས་འགན་ཡང་བཞེས་དགོས་ཀྱི་མེད་སྟབས་ཡོད་ཚད་སྤྱི་འཐུས་ཀྱི་ཚོགས་ར་ནང་བཞིན་ཧམ་པ་ཆེ་ཆུང་དང་ཁ་ལྕེ་བདེ་མིན་གྱི་ཐག་བཅད་ན་ན་འགྲིག་ཨེ་ཡོང་། གང་ལྟར་ཕྱིས་འབྱུང་རང་ཉིད་སངས་རྒྱས་ཀྱི་ན་བཟའ་བཞེས་པའི་དགེ་འདུན་པ་ཞིག་ཡིན་པ་དང་། མི་མང་གི་གོང་དུ་བཀུར་བའི་སྤྱི་འཐུས་ཤིག་ཡིན་སྟབས་བཀའ་མོལ་གནང་རྒྱུར་ངེས་པར་བབ་ལྷིང་བརྟན་གསུམ་གནང་དགོས་པ་ལས་ཧོལ་རྒྱུགས་ཚ་དྲགས་ན་རྒྱུན་ལས་སྤྱི་འཐུས་རྣམ་པ་ནང་བཞིན་རིམ་པས་ཆེ་མཐོང་དེ་དུ་བ་བཞིན་ཡལ་འགྲོ་གི་རེད་དཱ༎

    Reply
  6. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 15 སྔོན།

    དྲ་གྲོགས་བློ་བཟང་ཐུབ་བསྟན་ལགས་ཀྱིས་བསམ་ཚུལ་སྤེལ་པར་ཡག་མོ་རེད། ང་ཕོད་ཀྱི་སྐོར་ཅི་ཡིན་ཅུང་སྒུག་དང་བཟང་ངེས་ཀྱི་སྐད་ཆ་ཞིག་གོ་འོངས། འོན་ཀྱང་ཁོང་མ་གྲོངས་སྔོན་དུ་རང་ཉིད་དོན་དངོས་གང་ཡིན་གསལ་བཀྲོལ་བྱས་མ་ཐུབ་པ་དེ་འཕངས་པའི་གནད་ཡིན།

    Reply
  7. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    ང་ཕོད་ཀྱི་མི་གཤིས་ལ་དཔྱད་བརྗོད་སྤེལ་བ་ལས། ང་ཕོད་ཀྱིས་ས་རྟགས་བཀོད་པའི་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ངོ་བོ་དང༌། དོན་ཚན་དེ་དག་ད་བར་རྒྱ་ནག་གཞུང་གིས་ལག་བསྟར་བྱས་ཡོད་མེད། མེད་ན་དོན་ཚན་ག་རེ་བྱས་མེད་པ། དེ་ག་ནང་བཞིན་ང་ཕོད་ཆབ་མདོར་སྡོད་སྐབས་རྒྱ་དམག་བོད་ནང་ཇི་ལྟར་བཙན་འཛུལ་བྱས་པ་སོགས། དོན་གནད་མང་པོ་ཞིག་དྲན་གསོ་བྱེད་པ་དང༌། རྒྱལ་སྤྱིའི་གླེང་སྟེགས་ཐོག་སྤེལ་བའི་གོ་སྐབས་དེ་དམ་འཛིན་བྱེད་དགོས་པར་སྙམ།

    དཔེར་ན། ༧གོང་ས་མཆོག་རྟ་དབང་ལ་ཕེབས་སྐབས་རྒྱ་དཀར་ནག་གཉིས་རྩོད་གཞི་ལངས་སྐབས། དེ་ལས་འཕྲོས་ཏེ་མེག་མོ་ཧུང་ས་ཐིག་དང་སྦྲེལ་བས་བོད་དེ་རང་བཙན་ཡིན་པའི་དྲན་གསོ་གཏོང་བ་དང༌། རྒྱལ་སྤྱིའི་ནང་གླེང་སློང་ཤུགས་ཆེར་བྱུང་ཡོད་པ་བཞིན་ནོ༎

    Reply
  8. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    阿沛·阿旺晋美逝世 女儿说:他的一生没有遗憾
    发布时间:2009-12-24 09:47:00  来源:中国广播网  作者:

    [进入论坛][打印本稿][关闭窗口]

      据中国之声《新闻纵横》7时03分报道,一位亲身经历过新旧两个西藏的见证人离开了我们,阿沛·阿旺晋美,一个国人熟悉的名字,在经历了近百年风雨后与世长辞,享年100岁。

      阿沛·阿旺晋美1910年2月生,西藏拉萨人。曾经担任西藏地方政府昌都粮官、民事法官、审计官、昌都总管、噶伦,1951年,阿沛·阿旺晋美作为西藏地方政府赴北京谈判的首席代表,同中央人民政府代表签订了关于和平解放西藏办法的协议。《十七条协议》的签订,让西藏获得和平解放。

      西藏自治区成立后,阿沛·阿旺晋美为西藏自治区的民族团结与发展作出了重要贡献。

      阿沛同志的女儿:他一生没有任何遗憾

      昨晚,中国之声联系了阿沛同志的女儿,也是他的秘书阿沛·才旺。悲痛中,阿沛·才旺接受了《新闻纵横》的专访:

      记者:阿沛同志是对民族团结和祖国统一做过巨大贡献的人。听说1951年阿沛同志来北京签订十七条协议时,您是他带来的唯一一个孩子,那时您多大?您能谈谈当时的情况吗?

      阿沛·才旺:当时我才四五岁,当时没有什么印象,只知道跟着父母到了北京;后来到北京来上学以后,就慢慢地知道了当时父亲参与的一个重大的历史事件,也就是到北京来参加签订和平解放西藏十七条条协议。

      记者:我们知道《十七条协议》的签订经历了一条非常曲折的道路。刚开始西藏一部分分裂主义分子是蓄意搞西藏独立的,阿沛同志是第一位、也是唯一一位站出来表示不同意见的。您父亲为什么会做出这样的决定?

      阿沛·才旺:因为他了解西藏的历史,就是“从十三世纪以来,西藏正式列入中国版图”这样一个历史事实。他尊重这个历史事实,所以虽然有少数的分裂势力想制造西藏独立,但是他坚持遵从历史事实,坚持这样一个立场。

      记者:现在提起他,往往是个官职身份。生活中的阿沛是一个什么样的人?作为女儿,您觉得他是怎样的父亲?

      阿沛·才旺:我觉得他是一个非常慈祥的父亲,对孩子言传身教,他是个光明磊落的人。我觉得虽然他出生在旧西藏,但是他的品格、待人处事各方面都显现不出来他的身份。他特别平易近人,包括对我们周围的工作人员,对一些同事,对老朋友,他都一视同仁,从来没有摆出他所处身份的架子。大家对他特别敬重,就是因为他平易近人。

      记者:我听说您父亲的桥牌打得很棒,他以前是不是常和小平同志一起打牌?

      阿沛·才旺:是的。小平同志在世的时候,他们常打桥牌。

      记者:他们什么时候认识的?他们之间的交往多吗?

      阿沛·才旺:1951年,当时小平同志作为西南军区中共中央西南局的主要负责人在重庆迎接和谈代表。从那儿开始两个人就有了交往。

      记者:在您看来,阿沛副主席有什么遗憾吗?

      阿沛·才旺:我觉得他始终对自己在这一生里所做的事没有任何遗憾。

      阿沛同志生前好友:他好读史书 用历史知识研究现实问题

      李佐民先生是阿沛同志生前的老朋友,这位81岁的老人退休前曾任中央统战部副秘书长,在很多时候都是他作为翻译,成为阿沛同志和国家领导人之间的桥梁。李佐民在57年前就与他认识了:

      李佐民:我们进藏的时候,当时西藏区政府为欢迎进藏部队的干部,搞了个宴会。我们在宴会上就认识了,以后有好多事情我跟他联系,这样就很熟了。到了北京以后,中央统战部以及中央一些领导同志跟他谈一些重大问题,谈西藏工作,基本上都是我去给他翻译,有些具体事需要告诉他,我直接到他家里谈。

      李佐民表示,阿沛同志是一个坚定的爱国主义者:

      李佐民:总的给我的感觉,他可以说是西藏爱国者中一个杰出的奇雄。在他青年时期,他看到农奴被寺庙、贵族、官员剥削,日子几乎没法过下去。他曾经有些思想,认为制度如果不改革,农奴死光了,贵族也活不成,他青年时期就觉得这个制度不改是不行的。

      阿沛同志生前喜欢学习历史、研究历史。

      李佐民:他这个人特别爱研究历史,读了很多藏文历史书,也是从这些书籍里面,他始终认为西藏是中国的一部分。他看了藏文的历史书以后,能得出一个认识。我觉得对我们年轻人来讲,学习历史、研究历史,解决对现实社会的认识问题,这是值得我们学习的。他勤学、好用脑子;读了书,不是死读书,他读了书要消化,用历史的知识来研究现实的问题。

    (责编:晶晶)
     

    Reply
  9. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    ཆེས་ཤིན་ཏུ་བཀུར་བར་འོས་པའི་དྲ་གྲོགས་ལྷན་རྒྱས་ལགས། ཁྱེད་ཅག་དྲ་གྲོགས་ཚོས་ས་དབང་ཆེན་མོ་ང་ཕོད་ཀྱི་དགེ་སྐྱོན་གང་མང་ཞིག་བགྲོ་གླེང་གནང་བར་ཕྲན་གྱིས་ཡག་པོ་རེད། དྲན་བཞིན་ཡོད།
    སོ་སོས་གང་ཞིག་གླེང་མིན་ལ་སྨྲ་བརྗོད་རང་དབང་ཡོད་རེད་ལ། རྣམ་དཔྱོད་ཅན་ཚོར་ལེགས་བཤད་མང་ཞིང། བླུན་རྨོངས་ཕྱོགས་ལྷུང་ཅན་ཚོར་ཉེས་བཤད་མང་བ་ནི་ཆོས་ཉིད་རེད།
    དེ་དག་ནི་རང་རང་ལ་རྣམ་དཔྱོད་ཡོད་མེད་ཀྱི་ཆ་ནས་ཡིན་ཕྱིར་བསམ་ཚུལ་གཅིག་མཚུངས་ཡོང་དགོས་དོན་མེད་ལ་དེ་ལྟར་ཡོང་མི་སྲིད། འོན་ཀྱང་དེ་ལྟར་གླེང་བའི་དགོས་པ་གཙོ་བོ་རང་རེའི་རྒྱལ་ཁབ་དང། མི་རིགས་ཀྱི་རྩ་དོན་ཆེད་ཚང་མས་འདས་སོང་ལ་ཕྱི་མིག་དང། མ་འོངས་པར་རྒྱང་ལྟ་བཅས་ཀྱི་ཆེད་ཡིན་པར་ཕྲན་གྱིས་ངོས་འཛིན་ཞུ་བཞིན་ཡོད།
    འོན་ཀྱང་མི་སུ་ཞིག་གིས་ང་ཕོད་ས་དབང་ཆེན་མོར་བསྟོད་སྨད་གང་ཞིག་བྱས་ཀྱང་དེར་དགའ་སྡུག་གང་ཡང་ཕྲན་རང་ངོས་ནས་དགོས་དོན་མེད། ང་དང་ལྟ་ཚུལ་མཐུན་སར་ང་དགའ་དགོས་དོན་དང། ལྟ་ཚུལ་མི་མཐུན་སར་མི་དགའ་དགོས་དོན་མ་མཐོང།
    འོན་ཀྱང་དྲང་བདེན་དང་། དངོས་ཡོད་གནས་ཚུལ་ལ་ཁྱད་གསོད་བྱེད་མཁན་བྱུང་ན་དེ་ནི་ཧ་ཅང་སྐྱོ་བོ་རེད། གསེར་རྟ་ཚུལ་ཁྲིམས་འོད་ཟེར་ང་ལ་ལྟ་བ་དང། ལང་ཕྱོགས་ཞིག་ཡོད་ལ་དེ་ངའི་ལྟ་བ་དང་ལང་ཕྱོགས་རེད། གཞན་གྱིས་ཁྱོད་ཀྱི་ལྟ་བ་དང། ལང་ཕྱོགས་དེ་སྡུག་ཆགས་རེད། ཅེས་ང་ལ་འཕྱ་སྨོད་བྱས། ཁྱོད་མི་ཨུ་ཚུགས་ཚ་བོ་རེད། ཅེས་ང་ལ་སྡིགས་ར་བསྐུལ་ཀྱང་དེ་ལ་ངས་ནམ་ཡང་མགོ་སྒུར་དགོས་དོན་མེད་ལ་ང་ངོ་ཚ་དགོས་དོན་གང་ཡང་མེད། ང་གཉའ་ཆག་དགོས་དོན་དེ་ལས་ཀྱང་མེད།
    དངོས་གནས་བྱས་ན་ང་ལ་ཨུ་ཚུགས་ཚ་བོ་ཡོད། ངས་ལས་ཀ་གང་ཞིག་བསྒྲུབས་ཀྱང་ཨུ་ཚུགས་མཐའ་སྐྱེལ་བྱས་ཡོད་ལ་ད་དུང་བྱེད་ངེས་ཡིན།

    ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་ང་ཕོད་རྣམ་གཉིས་ཀྱིས་བོད་ཀྱི་སྐད་ཡིག་ཡར་རྒྱས་ཆེད་ཕྱག་ལས་གནང་རབས་དང། ཚོགས་པ་བཙུགས་རབས་སོགས་སྔ་སེ་ནས་ངས་ཀྱང་ཤེས་ཀྱི་ཡོད། དྲ་གྲོགས་རེ་ཟུང་གིས་དེ་ང་ཕོད་ཀྱི་བྱས་རྗེས་རེད་ཟེར།
    ངས་དེ་ང་ཕོད་ཀྱི་བྱས་རྗེས་མ་རེད། ཞུས་མེད། འོན་ཀྱང་དང་པོ་པཎ་ཆེན་རིན་པོ་ཆེས་ང་ཕོད་ལ་ངེད་གཉིས་ཀྱིས་དེ་འདྲ་ཞིག་བྱེད་དགོས་ཡོད་ཅེས་གསུངས་རབས་སོགས་ངས་གོ་མྱོང། དེ་རེད་དང་ང་ཕོད་ས་དབང་ཆེན་མོས་དེ་ལྟར་དགོས་ཀྱི་འདུག་ཅེས་ཀུན་གཟིགས་རིན་པོ་ཆེར་ཞུས་པ་རེད། དངོས་གནས་བྱས་ན་དེ་ཙམ་ལ་ཡང་ཁྱད་པར་ཆེན་པོ་ཡོད་པ་སྨྲོས་ཅི་དགོས། གལ་སྲིད་༧པཎ་ཆེན་རིན་པོ་ཆེས་དེ་ལྟར་དགོས་ཀྱི་འདུག་ཅེས་བཀའ་ཕེབས་ན་ལགས་སོ། ཞུ་རྒྱུ་ལས་དེ་མི་དགོས་སོ། ཞེས་ས་དབང་ཆེན་མོས་ཞུ་ཐུབ་མདོག་ཁ་པོ་མ་རེད་སྙམ། དེ་བཞིན་ལས་དོན་དེ་ཚོའི་རིགས་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་གི་ངོས་ནས་ལས་དོན་ཆུང་ཚགས་ཞིག་ལ་ཕྲན་གྱིས་ངོས་འཛིན་ཞུ་རྒྱུ་ཡིན།
    དེ་བཞིན་དེ་རིང་བོད་གཞུང་བཀའ་ཤག་གིས་ས་དབང་ང་ཕོད་པའི་བྱས་རྗེས་བགྲང་བསྡད་པ་དེ་རིགས་ང་ཚོ་ཚང་མས་དེ་སྔོན་ནས་ཤེས་བཞིན་པའི་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་རེད།

    འོན་ཀྱང་ང་ཕོད་འདས་གྲོངས་སོང་བར་བཀའ་ཤག་གིས་ལོ་གཅིག་ཆ་ཚང་ལ་མྱ་ངན་ཞུས་ཀྱང་དེར་མཁས་དབང་ཟམ་གདོང་རིན་པོ་ཆེར་དགོས་དབང་ཆེན་པོ་ཞིག་ཡོད་པར་ཕྲན་གྱིས་ངོས་འཛིན་ཞུ་རྒྱུ་ཡིན།
    གང་ལྟར་ས་དབང་ང་ཕོད་ཀྱིས་མགོ་ཚེས་གཅིག་ནས་མཇུག་གནམ་གང་བར་དུ་འཆུག་ས་གཙོ་བོ་དེ་ཕྱི་ལོ་༡༩༥༠ལོར་མདོ་སྤྱི་གནང་སྐབས་ནས་མ་བྱུང་བ་ཡིན་པར་ཕྲན་གྱིས་ངོས་འཛིན་ཞུ་རྒྱུ་ཡིན།
    དེ་ཡང་སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་བཞིན་བོད་གཞུང་ཤེས་རིག་པར་ཁང་གིས་ཕྱི་ལོ་༢༠༠༤ལོར་དཔར་བའི་༧གོང་ས་མཆོག་གི་མཛད་རྣམ་ཤོག་གྲངས་༡༠༥བའི་སྒང་ནས་མར་བརྩིས་པའི་ཐིག་འཕྲེང་༩པར། ༡༩༥༠ལོར་ཞབས་པད་ལྷ་ཀླུ་བ་བོད་ཤར་ཕྱོགས་སྤྱི་ཁྱབ་པའི་ལོ་དུས་རྫོགས་ཤིང་། གནས་ཚུལ་ཛ་དྲག་ཅན་དེ་འདྲའི་སྐབས་ལྷ་ཀླུའི་ཚབ་ཏུ་ཞབས་པད་ང་ཕོད་ངག་དབང་འཇིགས་མེད་བཏང་སྟེ་ང་ཕོད་ལྷ་ས་ནས་བོད་ཤར་ཕྱོགས་སུ་ཐོན་པ་དང། བཀའ་ཤག་ནས་གནས་ཚུལ་ཛ་དྲག་ཅན་ལ་བརྟེན་ལྷ་ཀླུ་ཡང་ང་ཕོད་དང་ཁུར་མཉམ་ལེན་གྱིས་སྡོད་དགོས་གནས་ཚུལ་བཏང་ཞིང། རིང་པོར་མ་སོང་བར་ང་ཕོད་ནས་འགན་འཁུར་ཚང་མ་ཐུབ་ཚུལ་བརྗོད་པར་བརྟེན་ལྷ་ཀླུ་ཕྱིར་ལོག་བྱས། དེ་རྗེས་ང་ཚོར་བརྡ་སྤྲོད་གང་ཡང་མ་བྱས་པར་གློ་བུར་ཞིག་ལ་རྒྱ་དམར་གྱི་དཔུང་དམག་བོད་དུ་བཙན་འཛུལ་བྱས་པ་རེད། ཅེས་གསུངས་འདུག་པས་དོན་གྱི་བདག་པོས་བསྡོམས་ཆ་ཚང་བརྒྱབ་མི་འདུག་གམ་ཤེས་ལྡན་དྲ་གྲོགས་ཚོས་གཟིགས་དང།
    སྐབས་དེར་ལྷ་ཀླུས་ང་ཕོད་མཉམ་ལས་ཀ་བྱེད་མི་ཐུབ་དོན་གང་ཡིན་ནམ།
    རྒྱུ་མཚན་དང། གནས་ཚུལ་འདི་འདྲའི་རིགས་མང་དག་ཅིག་ལ་བརྟེན།

    གོང་དུ་དྲངས་པའི་ཀརྨ་པ་དེ་བཞིན་གཤེགས་པས།
    བདུད་སྤྲུལ་བློན་པོ་ཀོང་ནས་འབྱུང། །
    དབུས་དཀྲུགས་དབུས་ཀྱི་ཆབ་སྲིད་འཇིག།
    ཅེས་ལུང་བསྟན་གནང་བ་དེ་ས་དབང་བློན་ཆེན་ང་ཕོད་པ་རང་ཡིན་པ་རེད། ཅེས་དབུས་པ་རང་གི་མི་ཚད་ལྡན་གང་མང་གིས་ཕྲན་ལ་གསུངས་བྱུང་བས་ཕྲན་གྱིས་བདེན་ཤས་ཆེ་སྙམ་བཞིན་ཡོད་ཅིང། གཞན་ཡང་ཁོང་ཚོར་དེ་ལྟར་ཡིན་པར་སྒྲུབ་པའི་རྒྱུ་མཚན་གང་མང་གསུང་རྒྱུ་འདུག འོན་ཀྱང་ཕྲན་རང་ངོས་ནས་ང་ཕོད་ས་དབང་ཆེན་མོ་ལྷ་ཡིན་ན་དད་པ་མི་བྱེད་ལ། བདུད་ཡིན་ཡང་ཞེད་སྣང་མི་བྱེད་ཐག་ཆོད་ཡིན།
    ཁྱད་པར་གང་ཡང་མེད།

    Reply
  10. བྱམས་རྒྱལ། says:
    ལོ་ 15 སྔོན།

    ང་ཕོད་ཁོང་བོད་མི་རིགས་ལ་སེམས་ཁུར་ཡོད་མཁན་ཞིག་ཡིན་ན་རྒྱ་མིས་སྔར་ས་ནས་དུག་ཕུལ་ནས་བཀྲོངས་ཚར་བ་རེད་། པན་ཆེན་རིན་པོ་ཆེ་བོད་མི་རིག་གི་དཔའ་བོ་ཡིན་དུས་རྒྱ་མིས་་བཀྲོངས་པ་རེད་།ང་ཕོད་དེ་བོད་མི་རིགས་ཀྱི་བླ་འཚོང་མཁན་ཞིག་ཡིན་དུས་རྒྱ་མིས་ཕག་པ་གསོ་གསོ་བསོས་པ་རེད་། སྐད་ཆ་ཐག་ཆོད་པ་རེད་།

    Reply
  11. སེར་ལྷོ་བློ་བཟང་རྒྱ་མཚོ། says:
    ལོ་ 15 སྔོན།

    ནོོར་བཅོས། དེའི་སྐབས་ང་ཕོད་ཉལ་སར་ལྷུང་ནས་སྐད་ཆ་ཤོད་པའི་ནུས་པ་མེད་

    Reply
  12. སེར་ལྷོ་བློ་བཟང་རྒྱ་མཚོ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོས་ང་ཕོད་སྐོར་ལ་བགྲོ་གླེང་ལྷུག་པོར་གནང་འདུག་པས་ཐུགས་རྗེ།
    ང་ཕོད་ངག་དབང་འཇིགས་མེད་ནི་ལེགས་ཉེས་གང་ཡིན་ཁ་ཚོན་བཅད་ནས་ཐག་བཅོད་ཐབས་དཀའ་བས་དྲ་གྲོགས་ཚོས་དཔྱད་པ་བྱེད་རྒྱུ་གལ་ཆེ། གོང་དུ་དྲ་གྲོགས་མང་པོས་ས་ཞི་ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་ཟིང་འཁྲུགས་སློང་མཁན་ཏཱ་ལའི་རུ་ཚོགས་རེད་ཅེས་པ་སོགས་མང་པོ་གསུངས་སོང་། འདིའི་སྐད་ཆ་འདི་ང་ཕོད་ཀྱིས་དངོས་སུ་བཤད་ཡོད་མེད་དྭོགས་པའི་གནས་སུ་འདུག གང་ཡིན་ཞེ་ན། དེ་སྔོན་ཁོ་བོས་གསལ་དེབ་གཅིག་གི་ནང་དུ་རྒྱ་དམར་རྫུན་ཕུགས་གཏོར་སྐབས་ཤིང་ཧ་གསར་ཁང་ནས་ང་ཕོད་ཀྱི་སྐད་ཆ་དྲངས་པ་སྐྱག་རྫུན་རེད། དེའི་ང་ཕོད་སྐད་ཆ་ཉལ་སར་ལྷུང་ནས་སྐད་ཆ་ཤོད་པའི་ནུས་པ་མེད་ཚུལ་བཀོད་འདུག ཕལ་ཆེར་དེབ་དེ་འོད་ཟེར་ལགས་བརྩམས་པའི་གངས་སེང་གི་ངར་སྒྲ་ཞེས་པ་དེ་མིན་འགྲོ་དྲན་སོང་། གང་ལྟར་དྲ་གྲོགས་ཚོས་དེ་དཔྱད་གནང་རོགས་།
    ཁོ་བོས་ང་ཕོད་བོད་རིགས་ཤིག་པའི་ཆ་ནས་བོད་མི་རིགས་ལ་བཅང་པའི་བརྩེ་དུང་ཡོད་པའི་རེ་བ་དང་ཡིད་ཆེས་ཡོད། དེར་མ་ཟད་དུས་རབས་གཉིས་སུ་ཆ་རྒྱུས་ཡོད་པའི་བོད་མི་རྒན་རབས་པ་ཞིག་ཡིན་པའི་ཆ་ནས་ལོ་རྒྱུས་ཐོག་བསུབ་ཏུ་མེད་པའི་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་མང་པོ་ཁོ་སེམས་སུ་གསལ་གསལ་ཡོད་ནའང་སུ་ཞིག་ལ་མ་བཤད་པར་བུད་སོང་བ་ཅི་འདྲའི་ཕངས་པ་ལ། གོང་དུ་དྲ་གྲོགས་མང་པོས་གསུངས་པ་ལྟར་ཁོ་ནི་བོད་མི་རིགས་ཆགས་ཞེན་ཡོད་སྡར་མ་ཞིག་ཡིན་རྒྱུ་རེད། ཨོ་རེད་་དེ། ཆིངས་ཡིག་དོན་ཚན་བཅུ་བདུན་དང་འབྲེལ་བའི་གནད་དོན་མང་པོ་སུ་ལའང་བཤད་ས་མ་རེག་པ་ནི་མ་རེད། གང་ལྟར་ཁོ་རང་ལྷག་བསམ་ཡོད་ཀྱང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་མང་པོ་ནག་བསུབས་བཏང་སོང་བ་ཆ་རེད། ཡིན་ནའང་ཁོ་བོད་ཞིག་དང་འགྲོ་བ་སེམས་ཅན་ཞིག་ཡིན་པའི་ཆ་ནས་ངས་སྨོན་ལམ་བརྒྱབས་ཡོད། མ་ཎི་བགྲངས་ཡོད།

    Reply
  13. tashis says:
    ལོ་ 15 སྔོན།

    ལུང་བསྟན་དྲངས་ནས་མི་ནག་པོ་བཟོ་ཡག་དེ་ཀླད་པ་ལྗང་གུའི་བྱེད་སྟངས་རེད།
    མ་ཟད་རྒྱས་ཟེར་ཡག་གི་རྨོངས་དད་རེད། གལ་ཏེ་ལུང་བསྟན་ནང་ སོ་སོ་བདུད་རེད་ལབ་ཡོད་ན། ཁས་ལེན་གྱི་མ་རེད།

    Reply
  14. tashis says:
    ལོ་ 15 སྔོན།

    ང་ཕོད་ཀྱིས་རྒྱའི་དམག་སྒར་ནང་ནས་༸གོང་ས་མཆོག་ལ། རྩེའི་ཕོ་བྲང་ནང་གང་དུ་ཞུགས་ཡོད་གསལ་པོར་གསུངས་དགོས། རྩེ་ཕོ་བྲང་བཞག་ནས་ཕེབས་རྒྱུ་མེད། ཕེབས་ན་མཐར་གྱི་མ་རེད། མཐར་ནའང་འཛམ་གླིང་ནང་རྒྱལ་ཁབ་མང་པོ་ཡོད་པ་དེ་ཚོས་རོགས་པ་བྱེད་ཀྱི་མ་རེད། ཅེས་ལྡོག་ཕྱོགས་ནས་ལམ་སྟོན་ཞུས་ཡོད།

    Reply
  15. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བློ་བཟང་ཐུབ་བསྟན་གྱིས་མཆན་བུ་བཞི་བཏབ་པར་ཐུགས་རྗེ་ཆེ་ཞུ།
    ད་ནངས་ཕྱོགས་པའི་གཡག་ལྡོམ་དེ་གཡགལྡོམ་གཞན་ཞིག་ལ་འགྱུར་ཚར་འདུག རྒྱ་བོད་དབྱིན་གསུམ་གྱིས་ལུང་འདྲེན་མང་པོ་བྱེད་མཁན་གྱི་གཡག་ལྡོམ་དེ། གཅན་བཟོད་རྒྱམ་ང་ཕོད་དང་ལྷན་དུ་བོད་མི་རིགས་དགྲ་བོ་ཡིན་ཟེར་མཁན་གྱི་གཡག་ལྡོམ་དེ། ད་རྭ་གཡུག་གཡུག་དང་རྔ་མ་གཟེང་གཟེང་བྱེད་རྒྱུ་མི་འདུག་ག གསེར་རྟ་ཚུལ་ཁྲིམས་གང་ན་ཡོད། ཀརྨ་པའི་ལུང་དེ་སུ་ལ་བཤད་ཡོད་དམ། ངས་ཁྱོད་ལ་བཤད་ཡོད་མོད། དམ་པའི་གསུང་ཚིག་ལོག་འདྲེན་བྱེད་མཁན་ཁྱོད་གང་ན་ཡོད། ད་ཕྱི་ལ་བཏོན་ནས་སྐད་ཆ་བཤད་རྒྱུ་མིན་ནམ། མེད་དམ། ངག་ལྐུག་སོང་བ་མིན་ནམ། ལྟ་བ་རྟེན་འབྱུར་མི་བཤད་དམ། སྤྲོད་པ་འཚེ་མེད་མི་བཤད་དམ། ཁྱོད་ལ་ནམ་རྒྱུན་ནས་གཅིན་སྐྱག་མཉམ་བསྲེས་དང་ཁྱི་ཕག་མཉམ་བསྲེས། ཉ་ཉུང་མཉམ་བསྲེས་བྱེད་རྒྱུར་དགའ་མོད། ལུང་རིགས་རྒྱལ་གྱིས་བཤད་པ་དེ་བདེན་པ་ཡིན་མིན་རྗེས་ནས་ཤེས་ཀྱི་རེད། གལ་སྲིད་འདས་ང་ཕོད་ཁོང་ལ་དེ་ལྟ་བུའི་ལོ་རྒྱུས་ཀྱི་དཔེ་ཅིག་ཡོད་ཚེ། གཡག་ལྡོམ་ཁྱེད་གཉིས་ཀྱི་ཁ་ནང་དུ་སྐྱག་ལོག་རྡོ་ལོག་འདྲ་ཞིག་མི་དགོས་རང་ཡོང་རེད་ཡ།
    སྔ་དྲོའོ་གཡག་ལྡོམ་ཡོང་ནས་ངར་ངར་དང་སེམས་ཤུགས་ཆེ་མདོག་ཅི་ཙམ་བཤད་སོང་། ཕྱི་དྲོའི་གཡག་ལྡོམ་ལྡོམ་ནས་ཡོང་སྟེ་ང་མིན་ཁོ་མིན་བཅི་བརྒྱད་བཤད་ཀྱིན་འདུག སྙིང་རྗེ། ངོ་ཚ་ནས་ཡིན་རྒྱུ་རེད་པ། མིང་རྫུན་མ་ཞིག་གི་འོག་ནས་གཏམ་རྫུན་མ་ཞིག་བཤད་ནས་ཅི་ཕན། བཙན་བྱོལ་བོད་གཞུང་བཀའ་ཤག་ནས་ཀྱང་མྱ་ངན་ཞུས་འདུག་ན་དེར་ཡང་རྒྱའི་སོ་བ་དང་བོད་མི་རིགས་ཀྱི་དགྲ་བོ་ཡིན་ཞེས་ཤོད་ཅིག་ཀྱེ།

    Reply
  16. རྟ་བོར་བ། says:
    ལོ་ 15 སྔོན།

    སྐུ་ཞབས་གསེར་རྟ་འོད་ཟེར་ལགས།ཁྱེད་ཀྱི་སྐད་ཆ་ལ་མཐའ་གཅིག་ཏུ་བདེན་ཟེར་མི་ཐུབ་མོད་བདག་ལ་ཡང་སེམས་གཏང་ནས་མྱ་ངན་ཞུ་འདོད་མེད་མོད།གང་ལྟར་ཁྱོད་ཀྱི་ལུང་འདྲེན་བྱེད་རན་ལ་སླེབ་འདུག

    Reply
  17. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    ༄༅༑ང་ཕོད་ཁོང་མི་ག་འདྲས་ཞིག་ཡིན་ནམ་ང་དངོས་ནས་དོགས་པ་ཟ་གི་
    འདུག་།སྐབས་རེ་ངེས་བསམ་པ་བོད་མི་རིགས་ཀྱི་ལ་རྒྱ་ལ་མིག་འབྲས་
    བཞིན་དུ་འཛིན་མཁན་ཞིག་ཡིན་ན་བསམ།ཕུ་དབང་ལགས་ཀྱི་གསུང་
    གསལ་ལ་ང་ཕོད་དཔལ་འབྱོར་ལ་ཅུང་དགའ་བ་མ་གཏོག་བློ་རིག་སྐྲལ་ཞིང་
    མཐོང་རྒྱ་ཆེ་བ་དང་མི་རིག་ལ་ཤ་ཞེན་ཆེ་བ་ཞིག་འདུག་གསུང་པ་དང་།
    གཞན་གྱི་བཤད་རྒྱུན་ལ་ཁོང་གི་བུ་ཕྱི་རྒྱ་ལ་འགྲོ་བའི་སྐབས་མཐའ་མི་སླབ་
    བྱ་ལ་ཁྱེད་ཀྱི་གོང་ས་མཆོག་གི་ཞབས་ཕྱི་སྒྲུབ་ཐུབ་པ་གྱིས་གསུང་གསོལ་
    འདུག་།ཡང་ཕྱོག་གཞན་ཞིག་ནས་བཤད་ན་བཤད་རྒྱུ་མང་པོ་འདུག་།
    དེ་ལ་ལྟས་ན་རང་གི་གོ་གནས་དང་མིང་གི་ཆད་དུ་ལེ་ཀ་འདྲ་མིན་ཞིག་བྱེད་
    མེད་ནམ།གང་ཡིན་ན་ཡང་སྙིང་རྗེ་དྲ་གྲོགས་རྣམས་ཀྱི་སྨོན་ལམ་རེ་རྒྱབ་
    རོགས་།སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།རྡོ་རྗེ་ཆང་གི་གོ་འཕང་མྱུར་ཐོད་ཤོགས།
    དྲ་གྲོགས་སུ་བའི་ཁོང་གི་ལོ་རྒྱུས་ཤེས་ན་མཐུང་རྩམ་གསུང་ན་
    ཡག་པོ་འདུག་།བོད་ཀྱི་ཁ་དཔེ་ལ་།ཡག་པོ་ལ་ཡག་པོ་མ་ལབ་ན་ཡག་པོ་
    སེམས་ཤུགས་ཆག་།གདུག་པོ་ལ་གདུག་པོ་མ་ལབ་ན་གདུག་པོ་སྣང་བ་ཐོ་
    གསུང་པ་ལྟར་རེད་།།།།།

    Reply
  18. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    ༄༅༑ང་ཕོད་ཁོང་མི་ག་འདྲས་ཞིག་ཡིན་ནམ་ང་དངོས་ནས་དོགས་པ་ཟ་གི་
    འདུག་།སྐབས་རེ་ངེས་བསམ་པ་བོད་མི་རིགས་ཀྱི་ལ་རྒྱ་ལ་མིག་འབྲས་
    བཞིན་དུ་འཛིན་མཁན་ཞིག་ཡིན་ན་བསམ།ཕུ་དབང་ལགས་ཀྱི་གསུང་
    གསལ་ལ་ང་ཕོད་དཔལ་འབྱོར་ལ་ཅུང་དགའ་བ་མ་གཏོག་བློ་རིག་སྐྲལ་ཞིང་
    མཐོང་རྒྱ་ཆེ་བ་དང་མི་རིག་ལ་ཤ་ཞེན་ཆེ་བ་ཞིག་འདུག་གསུང་པ་དང་།
    གཞན་གྱི་བཤད་རྒྱུན་ལ་ཁོང་གི་བུ་ཕྱི་རྒྱ་ལ་འགྲོ་བའི་སྐབས་མཐའ་མི་སླབ་
    བྱ་ལ་ཁྱེད་ཀྱི་གོང་ས་མཆོག་གི་ཞབས་ཕྱི་སྒྲུབ་ཐུབ་པ་གྱིས་གསུང་གསོལ་
    འདུག་།ཡང་ཕྱོག་གཞན་ཞིག་ནས་བཤད་ན་བཤད་རྒྱུ་མང་པོ་འདུག་།
    དེ་ལ་ལྟས་ན་རང་གི་གོ་གནས་དང་མིང་གི་ཆད་དུ་ལེ་ཀ་འདྲ་མིན་ཞིག་བྱེད་
    མེད་ནམ།གང་ཡིན་ན་ཡང་སྙིང་རྗེ་དྲ་གྲོགས་རྣམས་ཀྱི་སྨོན་ལམ་རེ་རྒྱབ་
    རོགས་།སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།རྡོ་རྗེ་ཆང་གི་གོ་འཕང་མྱུར་ཐོད་ཤོགས།
    དྲ་གྲོགས་སུ་བའི་ཁོང་གི་ལོ་རྒྱུས་ཤེས་ན་མཐུང་རྩམ་གསུང་ན་
    ཡག་པོ་འདུག་།བོད་ཀྱི་ཁ་དཔེ་ལ་།ཡག་པོ་ལ་ཡག་པོ་མ་ལབ་ན་ཡག་པོ་
    སེམས་ཤུགས་ཆག་།གདུག་པོ་ལ་གདུག་པོ་མ་ལབ་ན་གདུག་པོ་སྣང་བ་ཐོ་
    གསུང་པ་ལྟར་རེད་།།།།།

    Reply
  19. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    ༄༅༑ང་ཕོད་ཁོང་མི་ག་འདྲས་ཞིག་ཡིན་ནམ་ང་དངོས་ནས་དོགས་པ་ཟ་གི་
    འདུག་།སྐབས་རེ་ངེས་བསམ་པ་བོད་མི་རིགས་ཀྱི་ལ་རྒྱ་ལ་མིག་འབྲས་
    བཞིན་དུ་འཛིན་མཁན་ཞིག་ཡིན་ན་བསམ།ཕུ་དབང་ལགས་ཀྱི་གསུང་
    གསལ་ལ་ང་ཕོད་དཔལ་འབྱོར་ལ་ཅུང་དགའ་བ་མ་གཏོག་བློ་རིག་སྐྲལ་ཞིང་
    མཐོང་རྒྱ་ཆེ་བ་དང་མི་རིག་ལ་ཤ་ཞེན་ཆེ་བ་ཞིག་འདུག་གསུང་པ་དང་།
    གཞན་གྱི་བཤད་རྒྱུན་ལ་ཁོང་གི་བུ་ཕྱི་རྒྱ་ལ་འགྲོ་བའི་སྐབས་མཐའ་མི་སླབ་
    བྱ་ལ་ཁྱེད་ཀྱི་གོང་ས་མཆོག་གི་ཞབས་ཕྱི་སྒྲུབ་ཐུབ་པ་གྱིས་གསུང་གསོལ་
    འདུག་།ཡང་ཕྱོག་གཞན་ཞིག་ནས་བཤད་ན་བཤད་རྒྱུ་མང་པོ་འདུག་།
    དེ་ལ་ལྟས་ན་རང་གི་གོ་གནས་དང་མིང་གི་ཆད་དུ་ལེ་ཀ་འདྲ་མིན་ཞིག་བྱེད་
    མེད་ནམ།གང་ཡིན་ན་ཡང་སྙིང་རྗེ་དྲ་གྲོགས་རྣམས་ཀྱི་སྨོན་ལམ་རེ་རྒྱབ་
    རོགས་།སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།རྡོ་རྗེ་ཆང་གི་གོ་འཕང་མྱུར་ཐོད་ཤོགས།
    དྲ་གྲོགས་སུ་བའི་ཁོང་གི་ལོ་རྒྱུས་ཤེས་ན་མཐུང་རྩམ་གསུང་ན་
    ཡག་པོ་འདུག་།བོད་ཀྱི་ཁ་དཔེ་ལ་།ཡག་པོ་ལ་ཡག་པོ་མ་ལབ་ན་ཡག་པོ་
    སེམས་ཤུགས་ཆག་།གདུག་པོ་ལ་གདུག་པོ་མ་ལབ་ན་གདུག་པོ་སྣང་བ་ཐོ་
    གསུང་པ་ལྟར་རེད་།།།།།

    Reply
  20. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    ༄༅༑ང་ཕོད་ཁོང་མི་ག་འདྲས་ཞིག་ཡིན་ནམ་ང་དངོས་ནས་དོགས་པ་ཟ་གི་
    འདུག་།སྐབས་རེ་ངེས་བསམ་པ་བོད་མི་རིགས་ཀྱི་ལ་རྒྱ་ལ་མིག་འབྲས་
    བཞིན་དུ་འཛིན་མཁན་ཞིག་ཡིན་ན་བསམ།ཕུ་དབང་ལགས་ཀྱི་གསུང་
    གསལ་ལ་ང་ཕོད་དཔལ་འབྱོར་ལ་ཅུང་དགའ་བ་མ་གཏོག་བློ་རིག་སྐྲལ་ཞིང་
    མཐོང་རྒྱ་ཆེ་བ་དང་མི་རིག་ལ་ཤ་ཞེན་ཆེ་བ་ཞིག་འདུག་གསུང་པ་དང་།
    གཞན་གྱི་བཤད་རྒྱུན་ལ་ཁོང་གི་བུ་ཕྱི་རྒྱ་ལ་འགྲོ་བའི་སྐབས་མཐའ་མི་སླབ་
    བྱ་ལ་ཁྱེད་ཀྱི་གོང་ས་མཆོག་གི་ཞབས་ཕྱི་སྒྲུབ་ཐུབ་པ་གྱིས་གསུང་གསོལ་
    འདུག་།ཡང་ཕྱོག་གཞན་ཞིག་ནས་བཤད་ན་བཤད་རྒྱུ་མང་པོ་འདུག་།
    དེ་ལ་ལྟས་ན་རང་གི་གོ་གནས་དང་མིང་གི་ཆད་དུ་ལེ་ཀ་འདྲ་མིན་ཞིག་བྱེད་
    མེད་ནམ།གང་ཡིན་ན་ཡང་སྙིང་རྗེ་དྲ་གྲོགས་རྣམས་ཀྱི་སྨོན་ལམ་རེ་རྒྱབ་
    རོགས་།སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།རྡོ་རྗེ་ཆང་གི་གོ་འཕང་མྱུར་ཐོད་ཤོགས།
    དྲ་གྲོགས་སུ་བའི་ཁོང་གི་ལོ་རྒྱུས་ཤེས་ན་མཐུང་རྩམ་གསུང་ན་
    ཡག་པོ་འདུག་།བོད་ཀྱི་ཁ་དཔེ་ལ་།ཡག་པོ་ལ་ཡག་པོ་མ་ལབ་ན་ཡག་པོ་
    སེམས་ཤུགས་ཆག་།གདུག་པོ་ལ་གདུག་པོ་མ་ལབ་ན་གདུག་པོ་སྣང་བ་ཐོ་
    གསུང་པ་ལྟར་རེད་།།།།།

    Reply
  21. རྟ་མགྲིན་ཚེ་རིང་། says:
    ལོ་ 15 སྔོན།

    བོད་མི་རྒན་རབས་པ་ཞིག་གི་ཚེ་སྲོག་ཕྲ་མོ་འདི་ལྟར་མཇུག་བསྡུས་པར་མྱ་ངན་དང་གུས་འདུད་ཞུ་ཞོར།

    ས་ཁྲའི་རི་མོའི་གཞི་ལ་དཔྱད་པ་ན།།
    ས་སྐྱོང་བློན་ཆེན་སྡར་མ་ང་ཕོད་ལ།།
    ས་ཡ་དྲུག་གིས་བསྡིགས་ཀྱང་འོས་པ་ཉིད།།

    ཅེས་སྙན་ངག་པ་ཧོར་གཙང་འཇིགས་མེད་ཀྱི་རྩོམ་ཐུང་འདི་ངས་ཀྱང་ཐེངས་གཅིག་གྱེར་འདོད་བྱུང་།

    Reply
  22. ཚེ་རིང་སྐྱིད། says:
    ལོ་ 15 སྔོན།

    མང་པོ་ཞིག་གིས་ང་ཕོད་ཀྱིས་བོད་བཙོང་སོང་བ་ལྟ་བུ་བརྗོད་ཀྱིན་འདུག་མོད། སྐབས་དེར་ང་ཕོད་ཀྱི་ཚབ་ཏུ་ལྕགས་ཀྱི་གོ་ཁྲབ་གྱོན་ཡོད་པའི་མི་ཞིག་ཡིན་ཡང་བོད་མི་རིགས་ཀྱི་གནས་སྟངས་གཅིག་པ་ཡིན་པར་འདོད།
    ཁོ་ཚོས་ང་ཕོད་ལགས་ལ་རྒྱལ་ཞེན་རིང་ལུགས་པ་ཟེར་ནས་གསར་འགྱུར་གཡོན་ཐལ་ཆེ་བ་བྲིས་པ་བཞིན་ང་ཚོས་ཀྱང་གསར་འགྱུར་དེ་འདྲ་འབྲི་དོན་མེད་ཀྱང་། དོན་དངོས་སུ་ལོ་རྒྱུས་ཀྱི་མགོ་ཁུངས་མཚོལ་སའི་ཁོང་བཤེགས་སོང་བ་རེད་ལ། ཆབ་མདོ་ནས་ཞལ་རས་ལ་བརྗོད་མི་ཤེས་པའི་རྣམ་འགྱུར་ཞིག་གིས་གྲོས་མཐུན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པ་ནས། ང་ཕོད་ཀྱིས་ཀྱང་སེམས་པ་བདེ་ལ་བབས་ཤིང་སེམས་ཁོང་སྤྲོ་བས་གཟིར་བའི་ཉིན་ཞིག་ཡོད་མྱོང་ཡོད་མེད་སུས་ཀྱང་བཤད་ཚོད་མི་ཐེབས།
    དངོས་བྱུང་གློག་བརྙན་བོད་ནང་ལོ་བདུན་གྱི་ནང་གི་ང་ཕོད་ཀྱི་མི་སྣ་དེར་ལྟོས་ཚེ་སྐབས་དེ་དུས་ཀྱི་ལོ་ན་ཆུང་བའི་ང་ཕོད་ཀྱིས་ཀྱང་ང་ཚོའི་སུ་ཡིས་ཀྱང་གདོང་ལེན་བྱས་མ་མྱོང་བའི་འཇིག་སྐྲག་དང་སེམས་ཁྲལ། སྡུག་ར་དང་དམོད་མོ་མང་པོ་མྱངས་ཡོད་སྣང་འདུག་ལ། སྐབས་དེར་ང་ཕོད་ཀྱི་ཚབ་ཏུ་སུ་ཡོད་ཀྱང་བོད་མི་རིགས་ཀྱི་ཆག་འཇིག་ལ་སུ་ཡིས་ཀྱང་འགྱུར་བ་གཏོང་ག་ལ་ཐུབ།
    ང་ཚོས་ང་ཕོད་དགུང་ལོ་མཐོ་བོར་སླེབས་པ་ཚོར་ཡོད་ལ། ང་ཕོད་ཀྱི་མི་ཚེ་རྫོགས་བཞིན་པ་ཡང་ཤེས་བཞིན་དུ་དེ་རིང་གློ་བུར་ཏུ་སོང་བར་ཧབ་ལེན་བྱེད་ས་ནི་ཁོང་གིས་འབྲི་དོན་གཅིག་ཀྱང་མ་བཞག་པར་བུད་སོང་བའི་སྐྱོ་གར་འདི་རེད།
    གཅིག་བྱེད་ན་ལ་སྐོར་ལུང་སྐོར་དང་གཡས་སྐོར་གཡོན་སྐོར་བརྒྱབ་ནས་ལོ་ན་བགྲེས་པའི་རྒན་པོ་ཁོང་ཇི་ལྟར་བཞུད་སོང་བ་ཡང་རབ་རབ་ཅིག་གམ་ཚོད་དཔག་ཅིག་མིག་ལམ་ལ་ཤར་ནས་ཡོང།

    Reply
  23. རྟ་མགྲིན་ཚེ་རིང་། says:
    ལོ་ 15 སྔོན།

    གཡག་ལྡོམ་ངོ་མ་འདི་ཕེབས་ནས་གསལ་བཤད་མ་གནང་ན་གཡག་ལྡོམ་རྫུན་མ་དེས་གཞན་མིང་བེད་སྤྱད་ཀྱིས་ང་ཕོད་འདས་པོ་ཁོང་གི་རྣམ་ཤེས་སྐུ་ཕུང་ལས་ཁ་འབྲལ་མི་ཐུབ་ཞིག་བཟོ་ངེས་རེད།

    ང་ཕོད་འདིའི་བཟང་ངན་དབྱེ་ཐག་གཅོད་རྒྱུ་དཀའ་མོ་རེད། ཁོང་འཇིག་རྟེན་དཀར་ངོགས་འདི་དང་ཁ་མ་བྲལ་བའི་ཡར་སྔོན་ལོ་རབས་བདུན་ཅུ་དང་བརྒྱད་ཅུ་བར་ཙམ་ལ། ཀུན་གཟིགས་སྣང་བ་མཐའ་ཡས་མཆོག་ལ་ཕྱག་རོགས་ཀྱིས་བོད་ཀྱི་རིག་གནས་ཉར་འཛིན་དང་འཕེལ་རྒྱས་ཀྱི་ཐད་བསུབ་མེད་ཀྱི་ཕྱག་རྗེས་བཞག་ཡོད་ཚུལ་ཐོས་ཚེ་ཁ་ཡོད་ཚད་ཀྱིས་དམའ་འབེབས་གཏོང་སའི་མི་ཞིག་ཨེ་ཡིན་བསམ་གྱི་འདུག
    ཡང་། རྒྱ་དམར་བོད་ཀྱི་ཤར་ཕྱོགས་ས་ཁུལ་དུ་ཐོག་མར་སླེབས་སྐབས་ཁོས་མདོ་སྤྱིའི་ལས་གནས་མ་ཐེག་པར་བོད་གཞུང་ལ་ལག་རོགས་དགོས་པའི་སྙན་ཞུ་ཕུལ་བ་དང་། གཞུང་གིས་ལྷ་ཀླུ་མདོ་སྤྱིའི་ཚབ་ཏུ་མངགས་ནས་ས་ཐོག་ཏུ་སླེབས་གྲབས་ཡོད་མཚམས་ཁོས་རྒྱ་ནག་ལ་མགོ་འབུལ་གྱིས་རྒྱ་དམག་དང་ལྷན་དུ་ལྷ་སར་ཡོང་བ། ལམ་བར་ནས་བོད་ཀྱི་རྒྱབ་གནོན་དམག་དཔུང་དང་ཐུག་དུས་བོད་དམག་དེ་ཚོའི་ལག་ནས་རང་སྲུང་གི་མཚོན་ཆ་བླངས་ཏེ་རྒྱ་དམག་ལ་རྒོལ་མི་ཆོག་པའི་བཀའ་བརྒྱ་བཏང་བ། ཆང་ཡིག་ལ་ས་རྟགས་བརྒྱབ་པ་སོགས་མང་པོ་མང་པོ་ཞིག་ལོ་རྒྱུས་དཔེ་དེབ་ཚོས་ང་ཚོར་འདི་ལྟར་བཤད་ཡོང་དུས་དྲ་གྲོགས་ཚོས་ལེ་བརྡ་བྱས་པར་ཡང་རྒྱུ་མཚན་འདུག་སྙམ་པའི་བསམ་བློ་ཞིག་ཀྱང་འཁོར་ཡོང་གི་འདུག

    Reply
  24. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    སྤུན་ཟླ་ཚང་མས་ཐུགས་ལ་ངེས་དགོས་པ་ཞིག་ལ། པན་ཆེན་སྐུ་གོང་མ་ཚང་ལ་ཡང་ཚོང་བ་རྒྱགས་པ་ཞེས་མིང་བཏགས་པ་དྲན་པ་བྱོས་དེ། རེ་ཞིག་རིང་འདས་པོ་ང་ཕོད་མཆོག་ལ་མྱ་ངན་གུས་མདུད་ཞུ་འདོད་མེད་ཀྱང་། ཁ་ལ་སྙིང་རྗེ་ཐོག་པའི་བོད་མི་ཞིག་གི་སྐྱེ་ཡོད་དུས། བསམ་ཤེས་རེ་གནང་དེ་མ་ཎི་རྐང་རེ་བཏོན་ན་རེ་ཞིག་རིང་སྒུག་རོགས་ཞུ། ངས་འདི་ནས་འགྲོ་བ་མི་སྤྱིར་སྟངས་པ་ཞིག་གི་ཚབ་བྱས་དེ་ཁོང་གི་ནང་མི་ཉེ་འབྲེལ་ཡོངས་ལ་ང་ཕོད་ཁོང་སྐུ་འདས་པ་དེར་སེམས་གསོ་དང་མྱ་ངན་བྱེད་ཀྱི་ཡོད། ས་སྒང་གཅིག་གི་སྒང་ནས་མི་རིགས་གཅིག་ལ་སྐྱེ་བའི་མི་རྒན་ཁོང་དེ་རིང་འུ་ཅག་གྱེས་ནས་ཉི་མ་གཉིས་པ་དེ་རེད། ཞེ་དགུ་ཟེར་ནས་བོད་ལ་བརྩི་སྲོལ་ཞིག་ཡོད་པ་རེད། གནའ་རབས་བོད་མི་དག་གི་གུས་སྲོལ་ཡིན་ན་རང་གི་དགྲ་ཤི་བ་ཡིན་ན། ཞེ་དགུ་ཚང་རེག་བར་དུ་མིང་འདོག་དང་གཏམ་ངན་ཚིག་ངན་བཤད་སྲོལ་མེད་པ་ཡིན་དུས་སྤུན་ཟླ་དག་གིས་དེ་ལྟར་ཐུགས་ལ་འཇག་པར་འཚལ་ཞེས་སླར་ཡང་ཐེངས་ཤིག་ཞུས་པ་ཡིན་ལགས།

    Reply
  25. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    ང་ཕོད་སྐུ་གྲོངས་པར་སྙིང་ནས་མྱ་ངན་ཞུ། ང་ཚོའི་རྒན་རབས་པ་དག་འདི་ལྟར་བཞིད་སོང་ན་ཤིན་ཏུ་ཕངས་པོ་རེད།

    Reply
  26. རྨེ་རུ། says:
    ལོ་ 15 སྔོན།

    དྲ་གྲོགས་མང་པོ་ཞིག་གི་ལོ་རྒྱུས་ལོ་རྒྱུས་སུ་གསུངས་གནང་བར་ཡིད་རངས་ཡོད།ངག་ཕོད་མཆོག་གི་ལི་རྒྱུས་ལ་དཀར་ནག་གི་དབྱེ་འབྱེད་གསལ་པོ་ཞིག་ནན་ཏན་གྱི་གནང་དགོས།
    ཁངོ་གི་ལོ་རྒྱུས་ལ་དཀར་ནག་གིས་དབྱེ་འབྱེད་རྩ་བ་ནས་མེད་པར་ནག་བསུབས་བཏང་རྐྱང་བྱས་ན་དངོས་ཡོད་གནས་ཚུལ་གྱིས་དག་སེལ་བྱེད་ངེས་རེད།ལོ་རྒྱུས་མི་སྣའི་ཐོག་ལ་དཔྱད་ཞིབ་གནང་སྐབས་དཀྲོག་གཏམ་དང་གཞན་གྱི་ཟེར་སྒྲོས་ཙམ་ལ་རྣ་བ་གཏད་ན་དེ་ནི་ཡང་དག་ཞིག་རྩ་བ་ནས་མིན།
    ཁོང་གི་ལོ་རྒྱུས་ལདཔྱད་ཞིབ་གནང་སྐབས་ཁོང་དང་ཕྱག་ལས་མཉམ་དུ་གནང་མྱོང་མཁན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་རྣམ་དེབ་ཕྲེང་དེ་དག་དང་༼འབབ་བ་ཕུན་ཚོགས་དབང་རྒྱལ་མཆོག་གི་ལོརྒྱུས༼བོད་མི་གསར་བརྗེ་བ༽བཀའ་ཟུར་སྟག་ལྷ་མཆོག་གི་ལོ་རྒྱུས༼མི་ཚེའི་འབྱུང་བ་བརྗོད་པ༽
    ༼བོད་མི་དམངས་བཅིངས་བྱེད་ཀྱིས་ལྕགས་སྒྲོག༽༼བོད་ཀྱི་ལོ་རྒྱུས་རྒྱུ་ཆ་འདམ་སྒྲིག༽གི་དེབ་ཕྲེང་དག༼མི་ཚེའི་ལོ་རྒྱུས་ཧྲག་བསྡུས༽༼སངས་རྒྱས་ཀྱི་དཔའ་རྟུལ་ཚོ་༽དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་ནས་སྟོན་གནང་བས་༼ངག་རྒྱུན་ལོ་རྒྱུས༽ཀྱི་དེ་ཕྲེང་དེ་དག་ལ་ཞིབ་ཚགས་ཤིག་གཟིགས་ན་ཕྱོགས་ཡོངས་ཀྱི་ང་ཕོད་མཆོག་གི་ལོ་རྒྱུས་ལ་དཔྱད་ཞིབ་གནང་བའི་རྨང་གཞི་ཞིག་རག་ངེས་རེད་སྙམ།

    Reply
  27. དུག་ཚེར། says:
    ལོ་ 15 སྔོན།

    བཀྲ་ཤསིས་རྒྱ་མཚོ་ལགས་ཀྱི་ས་བཤད་པ་བདེན། ཁོང་གིས་བོད་དོན་ལ་ལས་ཀ་ཡག་པོ་ཞིག་བྱས་ཡོད་མེད་སུས་ཀྱང་ཁ་ཚོན་ཆོད་དཀའ་བ་རེད་སྙམ།

    Reply
  28. བཀྲ་ཤིས་རྒྱ་མཚོ says:
    ལོ་ 15 སྔོན།

    བོད་མི་རིགས་འདི་ལ་ང་རྒྱལ་གྱི་ཕྱོགས་ལྷུང་དུས་ཡང་འཇགས་ཐབས་མེད་པ་ཞིག་ཡིན་ཚོད་འདུག་པས་ན། གོང་གི་མཆན་འབྲི་མཁན་དག་གི་བསམ་བློའི་འཁྱེར་ཕྱོགས་བལྟས་ན་ཚང་མ་སེམས་མི་དྭངས་ཤ་རྟགས་མིན་ནམ་སྙམ་པའི་ཐེ་ཚོམ་ཞིག་ངང་གིས་སྐྱེས།
    ང་ཕོད་ནི་སྤྱི་ཚོགས་གསར་རྙིང་གཉིས་ལ་བྱང་ཆ་ཡོད་བོད་མི་རྒན་ཤས་ཤིག་ཡིན་ལ་མདུན་རྒྱབ་མིག་གིས་མི་མཐོང་བའི་གླེན་པ་ལུག་འདྲ་བ་ཞིག་མིན་ཚོད་རེད། དེར་བརྟེན་ང་ཚོ་རང་དབང་གི་རྒྱལ་ཁབ་ཞིག་ལ་སླེབས་མ་ཐག་སྐྱོན་ཡོན་དང་བདེན་རྫུན་གྱི་དབྱེ་བ་མ་ཕྱེ་བར་ཆུ་སྣ་གར་ཁྲིད་གྱི་དཔེ་རུ་མི་འགྲོ་བར་རེ་སྐུལ་ཞུ།
    དྲ་ཐོག་ལ་ཡི་གེ་ཁ་ཤས་ཤིག་འབྲི་རྒྱུ་དེ་ལས་སླ་བོ་ཡིན་ན་ཡང་འདི་ནི་འཛམ་གླིང་གང་སར་གནས་བའི་བོད་རིགས་ཕལ་ཆེ་བའི་ཀློག་གིས་ཡོད་པས་རང་ཉིད་ཀྱི་རང་གཤིས་ངན་པ་དང་རང་འཚང་ངན་པ་དེ་རྒྱ་ཆེ་ཀློག་པ་པོ་དག་གི་སྤྱན་ལམ་དུ་མི་སྟོན་རྒྱུར་ཡང་བསྐྱར་ནན་གྱི་རེ་སྐུལ་ཞུ་བ་ཡིན།
    སྤྱིར་དམ་པ་ཁོང་འདས་ཚར་རྗེས་ལ་ང་ཚོས་ཉོག་གཏམ་གང་བཤད་ཀྱང་ཕན་པ་ནི་སྤུ་ཙམ་ཡང་མེད་ཤས་ཆེ། དེ་ལྟར་ཡིན། ཁ་བྲོ།

    Reply
  29. དུག་ཚེར། says:
    ལོ་ 15 སྔོན།

    ང་དགུའི་ལོ་ཡི་སྔོན་དང་རྗེས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་པས་ཁོང་ཉིད་འདི་ལྟར་ཕེབས་པར་ལོ་རྒྱུས་ཀྱི་གྱོང་གུད་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ལ། བོད་ཀྱི་མི་རབ་རྒན་པོ་ཞིག་ཡིན་པས་ཆ་ནས་ཁོང་ཉིད་འདས་པར་མྱལ་ངན་ཡང་བྱེད་ཀྱིན་ཡོད།

    Reply
  30. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    དྲ་གྲོགས་བདེ་བ་ཅན་ལགས་་ལོ་རྒྱུས་ལ་རྒྱུ་མངའ་མེད་ན་འོལ་ཚོད་མ་བཤད། སྔོན་མ་ཆབ་མདོའི་དམག་སྒར་སུས་རྒྱ་ལག་ཏུ་སྤྲད་པ་རེད། མདོ་སྤྱི་སྔོན་མས་ཅི་བྱས་དང་ང་ཕོད་མདོ་སྤྱིར་བཏང་ནས་ཅི་བྱས་གསལ་བོ་རྟོགས་དགོས་པ་རེད

    Reply
  31. གཡག་ལྡོམ། says:
    ལོ་ 15 སྔོན།

    སྐུ་མཁྱེན་དྲ་འབུ་གཡག་ལྡོམ་ལགས།སྐུ་ཉིད་ཀྱིས་འབྱུང་འགྱུར་དགོངས་ཚུལ་གསུངས་སྐབས་གཡག་ལྡོམ་ཞེས་ཕྲན་གྱི་ཟིན་བྲིས་ཀྱི་མིང་བེད་སྤྱོད་མ་གནང་རོགས།་
    ངས་གུང་བྲན་ཏང་གི་གནམ་འོག་གི་བོད་རིགས་མཐོ་རིམ་དཔོན་རིགས་སུ་ཡིན་ཡང་ཁྱི་དང་ཕག་གང་ཡིན་ཁ་ཚོན་གཅོད་མི་ཐུབ་ན།་སྐུ་ངོ་ང་ཕོད་མཆོག་གིས་རྒྱ་ནག་དམར་གཞུང་གི་གཅིག་བསྡུད་སྲིད་ཇུས་ཀྱི་ལྕགས་སྦུག་ནང་དམ་དྲག་ཡོད་མིན་ལ་མ་ལྟོས་པར་བོད་མི་རིགས་ལ་ཕན་པའི་ཕྱག་ལས་སྣ་མང་གནང་ཡོད་པ་སྐུ་འཚོ་བཞུགས་སྐབས་ཀྱི་་གསུང་བཤད་ཁག་ལས་མཐོང་ཐུབ་པ་ཞིག་ཡིན།

    Reply
  32. གནམ་ལྕགས། says:
    ལོ་ 15 སྔོན།

    དེ་རིང་གི་བགྲོ་གླེང་འདི་ཡག་པོ་བྱུང་སོང་།ཁ་སང་ཁ་ལ་སྒོ་དང་མིད་པར་འཕྲང་མེད་མཁན་འགས་ཅུང་དཀྲིགས་སོང་མོད་།དེ་ཙམ་ནམ་ཡིན་ཡང་ང་ཚོའི་སྤྱི་ཚོགས་ལ་ཡོད་པ་རེད།

    Reply
  33. གནམ་ལྕགས། says:
    ལོ་ 15 སྔོན།

    འདས་པོ་ཁོང་གི་མི་ཚེའི་ལོ་རྒྱུས་ཀྱི་དེབ་དེ་བསྲེ་སླད་མ་ཤོར་བ་ཞིག་རེག་ན་དགའ་བ་ལ།

    Reply
  34. བདེ་བ་ཅན། says:
    ལོ་ 15 སྔོན།

    ཐུགས་ཁྲལ་མ་གནང་། གང་ལྟར་དེབ་དེ་ད་ལྟ་ཐབས་ཤེས་བྱ་མུས་ཡིན་བཟོ་འདུག ཡིན་ནའི་དེབ་མཐུག་པོ་ཡོད་བཟོ་མི་འདུག དྲང་པོ་ཞུས་ན་ངས་མཐོང་མ་བྱུང་། རྣ་བར་ཐོས་ཙམ་རེད།

    Reply
  35. བདེ་བ་ཅན། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པས་ཚ་ཚ་འུར་འུར་གྱི་བགྲོ་གླེང་གནང་བར་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ།

    Reply
  36. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། བུ་ཆུང་ཚེ་རིང་ལགས་ཀྱིས་གསུངས་བར། ང་ཕོད་ངག་དབང་འཇིགས་མེད་མཆོག་གིས་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཤིག་བྲིས་འདུག་ཀྱང་། དེ་ལ་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱས་འདུག་ཟེར། གང་ལྟར་ཁོང་གི་མི་ཚེ་ལོ་རྒྱུས་ཀྱི་དེབ་དེ་གང་མགྱོགས་རག་ན་ཅི་མ་རུང་།

    Reply
  37. བདེ་བ་ཅན། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ་དང༌། ལྷག་པར་དུ་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ཟེར་བའི་ལག་རིང་རྐྱོང་མཁན་གྱི་དྲ་གྲོགས་ཚོ་གཟིགས་དང། དོན་གྱི་བདག་པོ་བཙན་བྱོལ་བོད་གཞུང་གི་ངོས་ནས་ས་དབང་དམ་པ་དེའི་ཕྱག་རྗེས་ཀྱི་ཟུར་ཆ་ཞིག་མྱ་ངན་གྱི་ཚུལ་དུ་བཏོན་མི་འདུག་གམ། ང་ཚོ་ལན་མང་པོ་འབྲི་དགོས་པ་འདུག་གམ། ད་དུང་སྒུག་དང་། མི་འགྱངས་པར་གཙུག་ལག་ཁང་དུ་བརྟན་བཞུགས་ཕུལ་རྒྱུ་ཡིན་འདུག་པས་སྐབས་དེ་དུས་བོད་གཞིས་བྱེས་ཡོངས་ཀྱི་དོན་གྱི་བདག་པོའི་ཞལ་ནས་ཁོང་བདུད་དུ་ངོས་འཛིན་གནང་གི་འདུག་གམ། ཡང་ན་ཁོང་གང་འདྲ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་མེད་གསལ་པོ་ཤེས་ཀྱི་རེད། ད་ང་ཚོ་མང་པོ་འབྲི་དགོས་དོན་མི་འདུག གང་ལྟར་བདེན་པ་ནི་ག་དུས་ཡིན་ཡང་ཁ་གསལ་དུ་འགྲོ་རྒྱུ་དང༌། རྫུན་དང་བསྲེ་ལྷད་ཡོད་པའི་འཕྱ་སྨོད་དེ་ཚོ་རང་བཞིན་དུ་འཇམ་ཐིང་ངེར་ཡལ་འགྲོ་རྒྱུ་རེད། ཚུལ་ཁྲིམས་འོད་ཟེར་གཙོས་པའི་གོ་མ་ཚོད་ཀྱི་དྲ་གྲོགས་རྣམས་ལ་ལན་འདེབས་དེ་གའི་སྟེང་ནས་མཐོང་བ་གནང་རོགས་ཞུ།

    Reply
  38. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཨོ་་་་་་་་བདེ་བ་ཅན་གྱིས་གསུངས་པ་ལྟར་ཚབས་ཆེན་ཞིག་ནོར་འདུག སྤྱི་ལོ་ ༡༠༥༠ དེ་སྤྱི་ལོ་ ༡༩༥༠ ལ་བཅོས་རོགས།

    Reply
  39. གནམ་ལྕགས། says:
    ལོ་ 15 སྔོན།

    ཕྱི་ལོ་ང་དགུའི་ལོར་བོད་ཤར་ཕྱོགས་ཨ་མདོ་དང་ཁམས་ཕྱོགས་ཕམ་ནས་དགྱ་ནག་ལྷ་སར་བཙན་འཛུལ་བྱེད་སྐབས།བོད་སྡེ་བ་གཞུང་གིས་ཆབ་མདོའི་འགག་ལ་བཀའ་ཟུར་འདས་པོ་ཁོང་བཏང་སྟེ་དམག་རྒྱག་ཏུ་འཇུག་རྒྱུའི་འཆར་གཞི་ལ།དེ་དུས་དགྱ་ནག་གི་དམག་གི་དཔུང་བཙན་སྟབས།འདས་པོ་ཁོང་གིས་ཡར་སྡེ་བ་གཞུང་ལ་དགྱ་ངོ་ལྡོག་ཁག་པོ་འདུག་ན་ང་ལ་དམག་རོགས་དང་འཐབ་ཇུས་གཞན་ཞིག་གོ་སྒྲིག་གནང་རོགས་ཟེར་སྐབས།ཁོང་གི་སྙན་ཞུ་དེ་གཤམ་ནས་དཔོན་ངན་ཚོར་ཡར་འབུལ་བྱས་མི་འདུག་ལ།དེ་མི་བྱེད་དོན་ནི་དཔོན་ངན་ཚོའི་ཐུགས་སྤྲོའི་མ་ཅཱང་སྦག་རྩེད་ཀྱི་སྤྲོ་སྐྱིད་དེ་འཕྲོ་ལྷག་ཏུ་འགྲོ་བར་དགོངས་པ་རེད།དེ་དུས་ང་ཕོད་ཀྱིས་གོང་གི་རོགས་རམ་དང་བཀའ་ལ་སྒུག་ཀྱང་ཅི་ཡང་མ་འབྱོར་བའི་ཁར་དགྱ་ནག་གི་དམག་དཔུང་གིས་སྡིག་སྡིག་སྡང་སྡང་གི་བཙན་འཛུལ་ཤུགས་ཆེ་སྟབས།ང་ཕོད་ཀྱིས་དགྲ་ངོ་མ་ལོན་རུང་བོད་རང་གི་གོ་ལག་གཞན་གྱི་ལག་ཆར་མི་འགྱུར་སླད་ཚང་མ་མེ་བསྲེག་བཏང་བ་རེད།དེ་དུས་ཁོང་ལ་ཐབས་ཟད་འུ་ཐུག་ནས་ཨ་ཕའི་རོ་ཟེར་ནས་སྐད་ངན་ཤོར་དུ་བཅུག་པ་རེད།དེ་བོད་སྡེ་བ་གཞུང་རེད་མ་གཏོགས་ང་ཕོད་ཀྱི་སྐྱོན་ནི་མིན་ནོ།།

    གོང་གི་ཚིག་དུམ་འདི་དག་ལྷ་ཆབ་སྦྱིན་པའི་བསྒྲིགས་པའི་《ཞུམ་པ་མེད་པའི་མི་ཚེ》ཞེས་པའི་ཆབ་སྲིད་བཙོན་པའི་ལོ་རྒྱུས་ཀྱི་དེབ་ཕྲེང་བཅོ་བརྒྱད་པ་དེའི་ནང་དུ་གསལ་ལོ།།ཀློག་མཁན་རྣམས་ཀྱིས་ཞིབ་ཕྲ་ཤེས་འདོད་ན་དེ་རུ་གསལ།

    Reply
  40. གནམ་ལྕགས། says:
    ལོ་ 15 སྔོན།

    ཨ་ལ་ལ།དོན་བཀྲ་འདིས་གསར་འགྱུར་དང་ཅི་ཞིག་འབྲི་ན་ལོ་རྒྱུས་ཀྱི་སྤྱི་ཁོག་ལྡན་པ་ཤ་སྟག་འབྲི་ཡི་འདུགལྟོས་དང་དེ་རིང་ཡང་ང་ཕོད་ཀྱི་མི་ཚེའི་དཀྱོགས་མཚམས་འགའ་གསེད་བཀྲོལ་བྱས་འདུག

    ཡང་ཁ་སྔོན་《་སྐུ་ཉིད་ལྷོ་མོན་རོང་དུ་ཕེབས་རོགས》ཞེས་པ་དེར་ཡང་༸རྒྱལ་ལྔ་བའི་སྐབས་ཀྱི་ལོ་རྒྱུས་དང་སྦྱར་ནས་བཤད་སོང་།མི་འདིས་གསར་འགྱུར་དང་རྩོམ་ཡིག་དང་དབྱེ་ཞིབ་རྩོམ་ཡིག་གང་བྲིས་ཀྱང་བལྟ་རྒྱུ་འདུག་གཱ།

    སྤྱིར་སྤྱི་ཚོགས་དཔྱད་བརྗོད་པ་དང་དབྱེ་ཞིབ་པ་ཟེར་བ་ནི་དེ་འདྲ་ཞིག་ལ་ཟེར་བ་འདྲ།གང་ལྟར་འདི་ནི་ང་ལ་དོན་བཀྲས་གཏིང་ཟབ་མོར་བཞག་པའི་བག་ཆགས་གཉིས་པ་དེ་ཡིན།

    Reply
  41. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    དྲ་གྲོགས་བདེ་བ་ཅན་ལ་བདེན་ཁ་འདུག་པ་ཙམ་མ་ཟད། དངོས་ཡོད་ལོ་རྒྱུས་ལ་གཞི་བཅོལ་ནས་སྐད་ཆ་བཤད་ཀྱིན་འདུག འདི་སློབ་སྦྱོང་ཞིག་ཀྱང་རེད། ངས་ཁྱེད་ལ་མངོན་པར་བསྟོད་དོ།།

    Reply
  42. བདེ་བ་ཅན། says:
    ལོ་ 15 སྔོན།

    དུས་བབས་རྩོམ་སྒྲིག་པ་ལགས། ལྷ་ཀླུས་མདོ་སྤྱི་བྱེད་པའི་ལོ་དུས་དེ་ནོར་འདུག བཅོས་གནང་དགོས་ཀྱི་འདུག ད་དུང་ཁྱེད་ཀྱི་དགོངས་ཚུལ་གསུམ་པོ་དེའི་ཐོག་འཕར་མ་མནན་དགོས་པ་ཞིག་འདུག དེ་ནི་བོད་ས་ཤོར་རྗེས་སྔ་རྗེས་སྐུ་ཚབ་ཚོགས་པ་ཕེབས་པའི་སྐབས་དང་དེ་མིན་བོད་རྒྱ་ཞི་མོལ་ཡོང་ཐབས་བྱེད་པའི་བརྒྱུད་རིམ་ 1979 ལོ་ནས་བཟུང་བའི་སྐུ་ཚབ་ཚོགས་པའི་དགོངས་ཚུལ་གསུང་ཕྱོགས་སོགས་ལ་ང་ ཕོད་ངག་དབང་འཇིགས་མེད་ནས་བོད་གཞུང་ལ་ནང་མོལ་གྱི་མི་འགྲོ་གཏོང་ཕྱོགས་དང་གནས་སྟངས་ཀྱི་དགོངས་ཚུལ་ཕུལ་ཡོད་མེད་དེ་བཅུག་དགོས་ཀྱི་འདུག

    Reply
  43. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ང་ཕོད་མཆོག་གི་སྲིད་དོན་མི་ཚེའི་ལ་དཔྱད་བརྗོད་བྱེད་པར། གནད་དོན་གསུམ་འདོར་མི་རུང་། དང་པོ། སྤྱི་ལོ་ ༡༠༥༠ ལོར་ལྷ་ཀླུ་ཡི་བོད་ཤར་ཕྱོགས་ཀྱི་སྤྱི་ཁྱབ་པའི་ལོ་དུས་རྫོགས་ཏེ། ལྷ་ཀླུའི་ཚབ་དུ་ང་ཕོད་ཕེབས་པའི་སྐོར་དང་། གཉིས་པ། སྤྱི་ལོ་ ༡༩༥༡ ལོར་པེ་ཅིན་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་གནས་བབ། གསུམ་པ། སྤྱི་ལོ་ ༡༩༥༩ ཟླ་ ༣ པར་ལྷ་སའི་ནོར་བུ་གླིང་ཁར་མི་མང་ཟིང་འཁྲུག་བྱུང་བའི་སྔ་ཕྱི་བཅས་ཡིན།

    Reply
  44. གནམ་ལྕགས། says:
    ལོ་ 15 སྔོན།

    བདེ་བ་ཅན་ཟེར་བ་འདི་མི་ཐོས་རྒྱ་ཅན་ཞིག་རེད།ངས་སྔོན་མ་ནས་བཤད་འདོད་པ་དེ་རང་ཡིན།དེ་དུས་བོད་མི་ས་ཡ་དྲུག་གི་ནང་དུ་༸པཎ་ཆེན་རིན་པོ་ཆེར་ཕྱག་རོགས་ཉན་མཁན་ཞིག་ཡོད་པ་འདས་པོ་ཁོང་ཡིན་དུས།ཁོང་ལ་ལག་རྗེས་ཤིག་མེད་མི་སྲིད་དོ།།

    Reply
  45. བདེ་བ་ཅན། says:
    ལོ་ 15 སྔོན།

    བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་རྒྱུའི་ཕྱོགས་གཅིག་པུ་ནས་བསམ་བློ་བཏང་ཚེ། ཕྱི་ལོ་ 1987 ཟླ 7 པའི་ནང་ཁོང་དང་ཀུན་གཟིགས་ྂཔཎ་ཆེན་རིན་པོ་ཆེ་མཆོག་ནས་དོན་ཚན་ཉི་ཤུ་ཅན་གྱི་ བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། གོང་འཕེལ་དུ་གཏོང་རྒྱུའི་གཏན་འབེབས་ཞེས་པའི་ཡིག་ཆའི་འཆར་ཟིན་བཀོད་དེ་མི་དམངས་འཐུས་ཚོགས་སུ་ཕུལ་བ་ལས་བོད་ཀྱི་སྐད་ཡིག་ལས་དོན་ཐད་ལས་ཁུངས་བཙུགས་རྒྱུ་དང་། ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་ཆེན་པོ་ཐེབས་ཡོད་པ་བོད་ནང་གི་བོད་རིགས་ཤེས་ཡོན་ཅན་ཚོས་ཁ་གཅིག་གྲགས་ཡིན་པས་དེ་ཚོར་ངེས་པར་ཞིབ་འཇུག་དགོས་ལ། ཁོང་ནས་ཚོགས་འདུ་རིམ་པའི་ནང་གཏམ་བཤད་གང་དང་གང་གནང་ཡོད་པ་ཁག་ལ་ཞིབ་ཅིང་ཕྲ་བའི་རྒྱུས་ལོན་བྱས་ཚེ་སྨོན་ངན་རྣམས་རང་ཉིད་ཀྱི་གོ་ཐོག་ཏུ་ཕོག་པར་ཐེ་ཚོམ་མེད། དེ་རིང་དེ་ཙམ་ཡིན༎

    Reply
  46. གནམ་ལྕགས། says:
    ལོ་ 15 སྔོན།

    གཅན་ཚའི་དཔལྡན་ལགས་ཀྱིས་གསུང་བ་དེ་ཤིན་ཏུ་བདེན་ནོ།།

    Reply
  47. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    ང་ཕོད་ཀྱི་བྱས་རྗེས་ཚང་མ་བགྲང་ཁག་པོ་ཞིག་འདུག་ཀྱང་། ངས་ཤེས་ཚོད་ལྟར་ན། ཁོང་གིས་༧པཎ་ཆེན་སྐུ་གོང་མ་ལྷན་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་བྱས་རྗེས་གང་འཚམ་ཞིག་བཞག་ཡོད་པ་འདྲ།

    Reply
  48. མི་ཆུང་། says:
    ལོ་ 15 སྔོན།

    ད་ཁྱེད་ཚོས་རང་གི་མི་ལ་གང་བྱུང་དུ་གཤེ་མི་ཉན། རྒྱ་རྒན་ཚོ། ངོ་མ་དེ་རིང་དགོད་ཀྱིན་ཡོད་པ་ཐག་ཆོད། དེ་ནི་རྒྱ་རྒན་ཚོའི་ནང་སོ་ཉུལ་ལྟ་བུའི་བོད་མི་ཞིག་ཡོད་པ་དེ་བརླགས་སོང་བས་རེད།

    Reply
  49. གནམ་ལྕགས། says:
    ལོ་ 15 སྔོན།

    རེད་རེད།ད་བགྲོ་གླེང་གི་རྣམ་པ་ཞིག་སླེབས་ཀྱི་འདུགལོ་རྒན་བརྒྱ་ཐམ་པའི་བྱས་རྗེས་མེད་རུང་བྱས་ངན་ཅང་ཨེ་ཡོད་འདོད་ཀིཁོང་སྐུ་གཤེགས་པ་འདི་བོད་གཞུང་གི་ངོས་ནས་བཀའ་བློན་བགྲེས་པོ་ཞིག་སྐུ་འདས་པའི་ངོས་འཛིན་གྱི་རྗེས་དྲན་ཞིག་འཚོགས་ཐུབ་ན་ལེགས།དེ་ནི་དགྲ་བོའི་སྙིང་ལ་གྲི་ཞིག་བརྡབས་པ་ལས་བཟང་།འདི་ནི་ཆབ་སྲིད་ཀྱི་ཐད་ནས་བྱེད་འོས་པ་ཞིག་ཀྱང་ཡིན་པར་སེམས།

    གལ་སྲིད་འདས་པོ་ཁོང་ལ་བོད་དགྱ་གཉིས་ཀྱི་རྒྱ་མའི་སྟེང་ལ་བཞག་ནས་འཇལ་རྒྱུ་ཞིག་ཡོད་ན་བོད་ལ་ཕྱོགས་པ་ནི་ཐག་བཅད་ཆོག་སྙམ།དེ་ཅི་འདྲའི་ཐ་ཤལ་ཞིག་ཡིན་ནའང་བཤད་ཐུབ་པར་མངོན།

    མ་གཞི་བཀའ་ཟུར་བགྲེས་སོང་ཁོང་ལ་ལེ་མདའ་མང་བོ་ཞིག་བྱེད་རྒྱུ་ཡོད་སྲིད་ནའང་།ཁོང་གིས་ཁ་གསབ་བྱས་ཡོད་ངེས་པ་ནི་འདས་པའི་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ངེས།

    Reply
  50. བདེ་བ་ཅན། says:
    ལོ་ 15 སྔོན།

    དྲ་གྲོགས་ཆུ་ཐིགས་སྔོན་མོ་ལགས། ཡོད་ཚད་མགོ་འབུལ་བྱས་ཏེ་སྤུན་ཟླ་མི་ཉུང་བ་ཞིག་ས་གནས་གང་དུ་རྐྱེན་འདས་བཏང་ཡོད་པ་རེད་དམ། བྱས་ན་ང་ཚོས་ད་བར་རྒྱ་མི་དམར་པོའི་གཞུང་གིས་དྲག་པོའི་བཙན་གནོན་འོག་བོད་མི་གྲངས་ལས་དམར་གསོད་བཏང་སོང་ཟེར་བའི་ཚིག་དེ་ཚོར་ད་བར་ཁ་ནས་མ་ཎི་འདོན་པ་ལྟར་ཆུང་བྱིས་པ་ཡན་གྱི་ཁ་རུ་འཇགས་ཡོད་པས་ཁྱེད་ཀྱིས་ཐོག་མར་དེ་དག་ལ་ཁ་ཏ་བསླབ་བྱ་ཞིག་གང་འདྲ་བྱས་ནས་བྱ་གི་ཡིན་ནམ། བོད་མི་དམར་གསོད་གཏོང་མཁན་དེ་བཀའ་བློན་ང་ཕོད་ཡིན་དབང་དུ་བཏང་ཚེ་གང་འདྲ་བྱས་ཏེ་དམར་གསོད་བཏང་བ་རེད་དམ། ཁྱེད་རང་ཉིད་ཀྱང་བོད་ཀྱི་ས་ཐོག་ཏུ་དགྲ་བོའི་མདུན་ངོས་སུ་ཡོད་སྐབས་མིག་ལོག་ཞིག་ཀྱང་ལྟ་མྱོང་མེད་པར་ད་ལྟ་རྒྱ་གར་མང་གཙོའི་ལུང་པར་སླེབས་སྐབས་ཁ་བདེ་པོ་བྱས་ཏེ་ཤོད་རྒྱུ་འདུག་བསམས་ཏེ་གང་བྱུང་ཤོད་ཐལ་བྱས་ན་མཚམས་པོ་ཨེ་ཡོད༎

    Reply
རྩོམ་ཡིག་སྔ་མ།
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese