མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་མཐུན་གཡང་གི་ཕ་གཞས།

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༡༩ ཉིན་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་གཙོ་སྐྱོང་འོག བོད་ལྕགས་ཕོ་སྟག་ལོའི་ལོ་གསར་རིག་རྩལ་སྤྲོ་ཚོགས་ཆེན་མོ་༼ ཞི་མཐུན་གཡང་གི་ཕ་གཞས། ༽ ཞེས་པ་དེ་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ལྟེ་གནས་ཀྱི་འཁྲབ་སྟོན་ཚོམས་ཆེན་དུ་གཟབ་རྒྱས་ངང་ཚོགས་ཡོད།  ཐེངས་འདིའི་ལོ་གསར་སྤྲོ་ཚོགས་སྟེང་བོད་ཆོལ་ཁ་གསུམ་གྱི་གླུ་བ་གླུ་མ་དང་སྒྱུ་རྩལ་པ་གྲགས་ཆེན་དག་གདན་ཞུ་བྱས་ཏེ་ཁྱོན་བསྡོམས་འཁྲབ་སྟོན་པ་གྲངས་ ༢༠༠ ཙམ་ཡོད་འདུག སྐབས་དེར་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་གླུ་གར་ཁང་གཉིས་ཀྱིས་མཉམ་དུ་འཁྲབ་པའི་ཞབས་བྲོ་བཀྲ་ཤིས་ལོ་གསར་ཞེས་པའི་སྟངས་སྟབས་ཁྲོད་དངོས་སུ་མགོ་འཛུགས་བྱས་ཡོད་འདུག་ཅིང་། མདོ་འཛིན་པ་ཡང་ཆོལ་ཁ་གསུམ་གྱི་སྐད་ཐོག་གྲ་སྒྲིག་བྱས་ཡོད་འདུག

རིག་རྩལ་སྤྲོ་ཚོགས་དེའི་སྟེང་། རྒྱ་ནག་རྒྱལ་ཡོངས་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ལྷན་ཁང་གི་གཙོ་འཛིན་གཞོན་པ་སངས་རྒྱས་སྐྱབས་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་གཙོ་འཛིན་པད་མ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དབང་མོ་སོགས་ཞིང་ཆེན་གྱི་མཐོ་རིམ་དཔོན་རིགས་ཁག་དང་། དེ་མིན་ཕྱོགས་འདྲ་མིན་གྱི་ལྟད་མོ་བ་ཆིག་སྟོང་ལྷག་ཕེབས་ཡོད་འདུག ད་ལོའི་ལོ་གསར་སྤྲོ་ཚོགས་དེར་སྔར་དང་མ་འདྲ་བ་ཞིག་ནི། འཁྲབ་སྟོན་མི་སྣའི་ཁྲོད་དུ་རྒྱ་ནག་པེ་ཅིན་དང་ཧྲིང་ཧེ་བཅས་ཀྱི་རྒྱ་རིགས་ཀྱང་ཡོད་པ་མ་ཟད། ལས་རིམ་ངོ་སྤྲོད་བྱེད་མཁན་ཁྲོད་དུའང་རྒྱ་སྐད་ཀྱི་མདོ་འཛིན་པ་སོགས་གྲ་སྒྲིག་བྱས་ཡོད་སྟབས། དགོང་མོ་དེར་ལྟད་མོ་བའི་ཁྲོད་དུ་གླེང་སློང་དང་བྱེད་སྟངས་སྣ་ཚོགས་བྱུང་ཡོད་པ་མ་ཟད། གནའ་མཁར་ཟི་ལིང་ས་ཁུལ་གྱི་བོད་རིགས་ལས་བྱེད་དང་སློབ་ཕྲུག་ཚོས་ཀྱང་མ་འདོད་པའི་རྣམ་འགྱུར་འདྲ་མིན་ཞིག་བསྟན་ཡོད་འདུག ༼ ཞི་མཐུན་གཡང་གི་ཕ་གཞས། ༽ ཞེས་པའི་འཁྲབ་སྟོན་ཧྲིལ་བོའི་རིང་ཚད་ཆུ་ཚོད་ ༣ ལ་ཉེ་བ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

ཆུ་ཚོད་ ༣ སྔོན་ལ།
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦

མཆན། 6

  1. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་དེ་བོད་མི་རིགས་ཀྱི་སྐད་དང་རིག་གནས་ལ་དུང་ཞེན་ཟབ་མོ་ཡོད་པ་དེ་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་བརྙན་འཕྲིན་ལས་རྒྱལ་སྤྱིའི་སྟེང་མཚོ་སྔོན་བོད་སྐད་བརྙན་འཕྲིན་ལ་གདེང་འཇོག་དང་དགའ་བསུ་ཆེ་བ་ཐོབ་པ་ནི་རང་སྐད་གཙང་མ་ཞིག་བསྐྱོན་བཞིན་པ་དེ་ཡིན། ད་ཡིན་ན་དེ་ཡང་ས་ལ་གཡུགས་ཚར་སོང་།a ཨ་ཁ་ཁ་ད་ཅི་དྲག་

    Reply
  2. འདན་ཕྲུག་བློ་བཟང་ says:
    ལོ་ 16 སྔོན།

    དུས་ཀྱི་འགྲོས་གཞི་དང་བསྟུན་ནས་མིའི་བསམ་བློ་དང་ཁ་ཕྱོགས་གླུ་གར་ཆས་གོས་སོགས་དེ་ལྟར་འགྲོ་དགོས་ངེས་ཅིག་ཡིན་ཡང་།
    ཆེས་རྙེད་བཀའ་བའི་རང་གི་རིག་གཞུང་ལའང་གཅེས་འཛིན་བྱེད་དགོས་པ་ང་ཚོའི་འགན་ཁྲིམས་ཐུན་མོང་མིན་པ་ཞིག་རེད།
    དེས་ན་སྤྲོ་ཚོགས་འདི་ལ་ཕེབས་མཁན་སྙན་གྲགས་ཅན་དག་གིས་མི་རིགས་ལ་དངོས་ཡོད་ཀྱི་དཀའ་སྡུག་ཇི་ཡོད་གཏིང་ཟབ་རྟོགས་ཐུབ་པའི་དེང་རབས་རྣམ་པར་བཀྲ་་ཞིང་་་་གསོ་རྒྱུན་གྱི་དྲི་མ་ཡས་པ་གླུ་གལ་གང་མང་།
    ད་དུང་མ་འོངས་ང་ཚོ་ཆོལ་གསུམ་ཕན་ཚུན་སླད་མེད་མཛའ་བརྩེ་དང་ཤེས་རིགས་ལང་ཚོ་སྨིན་ཐུབ་པའི་ལམ་སྟོན་ཡང་ཡོད་པ་ངེས།

    Reply
  3. བོད་རང་བཙན says:
    ལོ་ 16 སྔོན།

    གྲོག་ཤོ་རྣམ་པ་བདེ་མོ། རྒྱ་ཡུལ་དུ་གྱུར་ཟེན་པ་ལྟ་བུ་རིག་རྩལ་སྤྲོ་ཚོགས་ཆེན་མོ་ཟེར་ནོ་དེ་རྒྱ་གཞུང་གི་བཀའ་ལྟར་རྒྱ་ནག་གི་རྒྱུག་ཁྱི་སངས་རྒྱས་སྐྱབས་དང་པད་མ། དབང་མོ་གསུམ་གྱི་ལམ་ལྟོན་འོག་ད་ལོ་དམིགས་གསལ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྐུ་གཤེགས་ཏེ་བགྲང་བྱ་ ༢༠ འཁོར་གྱིན་ཡོད་པའི་རྗེས་དྲན་ཞུ་བ་འདྲ། ལས་འབྲས་མེད་ནོ་ངོ་མ་བདེན།

    Reply
  4. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    ང་ཚོར་རྒྱ་ནག་གིས་ཡག་པོ་ཞིག་མི་བྱེད་པ་ཀུན་གྱིས་ཤེས་གསལ་རེད།
    དེར་རྩོད་པ་མི་འདུག ཡིན་ན་ཡང་དེ་ལས་ལེགས་ཆ་ལེན་རྒྱུ་ཡོད་པའང་་
    ངོས་འཛིན་ཐུབ་དགོས། བྱ་ལས་གང་ཡིན་ཀྱང་འདོར་ལེན་ཡོད་པ་ལས་་་
    ལེན་རྐྱང་དོར་རྐྱང་ཞིག་མིན་པ་ལོ་རྒྱུས་ཀྱིས་བདེན་དབང་བྱས་ཡོད།

    Reply
  5. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ལོ་སྔོན་མའི་དོན་རྐྱེན་དེས་བོད་པ་ཚང་མའི་སེམས་ལ་བག་ཆགས་ཤིག་བཞག་འདུག་པས་རྒྱ་མིས་བྱེད་སྟངས་མང་ཆེ་ཤོས་ཞན་པ་ལོག་འདུག་པས་མ་འོངས་པའི་གཞོན་སྐྱེས་ཚོའི་སེམས་ལ་མི་རིགས་ཀྱི་ལྟ་བ་ཞིག་རང་ཆས་སུ་འཇགས་ཐུབ་ས་རེད།་་་དེ་ནི་ང་ཚོའི་རེ་བ་ཞིག་རེད་ཡ།་་་་་་་དེ་མིན་རྒྱ་དམར་ཚོས་ང་ཚོར་མ་བྱས་པ་ཞིག་མེད་ཡ་

    Reply
  6. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    སྐྱོ་ཚོགས་དེའི་མིང་ལ་དྲག་སྤྱོད་མེ་མདའི་ཐག་གཞས་ཞེས་བཏགས་ན་ཡག་ས་རེད། ཁ་བོད་ལ་གཡར་ནས་དོན་རྒྱ་མིའི་ཁྲབ་སྟོན་ཞིག་ཡིན་རྒྱུ་རེད་ཡ། སྤྲོ་ཚོགས་འདྲ་ཅི་ཞིག་བཤད་རུང་དེ་ཙམ་གྱིས་ཚོར་བ་མི་འདུག་ཡ།་་་་་སེམས་ནང་ལ་མ་བདེ་བ་ཞིག་གིས་ཁེངས་འདུག་པས་ནམ་ཡིན་རྒྱ་མིས་བྱེད་སྟངས་ལ་ཞན་པ་ལོག་ནས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese