མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ ༥༠ གྲུབ་འབྲས་ཡག་ཤོས་དེ་ཤེས་ཡོན་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ལོ་ལྔ་བཅུའི་གྲུབ་འབྲས་གཞིར་བྱས་པའི་ཐོག་ད་དུང་ཡར་རྒྱས་གང་འདྲ་ཞིག་གཏོང་དགོས་པའི་ཐོག་གོ་བསྡུར་གནད་སྨིན་ཞིག་དང་ཞིབ་ཚགས་པོ་ཞིག་གནང་རོགས་གནང་།

ཕྱི་ཚེས་ ༢༧ ཉིན་གྱི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་བའི་སྟེང་༧གོང་ས་མཆོག་གིས་བཙན་བྱོལ་གྱི་མི་ལོ་ ༥༠ རིང་ང་ཚོར་ཞན་ཆ་མང་པོ་ཞིག་ཡོད་ཀྱང་། སྤྱི་ཡོངས་ཀྱི་ཐོག་ནས་གྲུབ་འབྲས་ཡག་ཤོས་དེ་ཤེས་ཡོན་ཆགས་ཡོད་ལ། འདི་ནི་ང་ཚོའི་སྤོབས་པ་སྐྱེས་གཞི་ཞིག་ཆགས་ཡོད་ཅེས་གསུངས་ཤིང་། སྐྱོན་ཆ་གང་འདྲ་ཞིག་ལྷག་པ་དེར་འཛེམས་ཟོན་མེད་པར་གསལ་བོར་གོ་བསྡུར་ཞིབ་ཕྲ་བྱས་ཏེ། སྐྱོན་ཆ་སེལ་བར་ང་ཚོའི་རིག་པའི་དཔྱད་མི་ཐུབ་པ་ཞིག་ཡིན་ཚེ་གནས་ཚུལ་ཁ་ཁ་རེད་ལ། བཅོས་རྒྱུ་ཡོད་པ་མ་རེད། སྐྱོན་ཆ་དེ་སེལ་ཐུབ་པ་ཞིག་ཡིན་ན། དེར་རིག་པ་སྒྲིམ་ཏེ་གང་འདྲ་བྱུང་འདུག་པ་དེ་གོ་བསྡུར་བྱ་དགོས་པ་རེད། དེ་རིང་འདིར་ཕེབས་པ་ཁྱེད་རང་ཚོས་ལྷོད་ལྷོད་ངང་གོ་བསྡུར་བྱ་དགོས་པ་རེད། དེ་བཞིན་ཤེས་ཡོན་ཐོག་ལ་འབྲེལ་བ་ཡོད་བསྡད་པ་མང་པོ་ཞིག་ཡོད། ཁྱེད་ཚོ་ས་གནས་ས་ཐོག་ནས་ཤེས་ཡོན་ཐོག་ལག་ལེན་བསྟར་ནས་ཉམས་མྱོང་ཡོད་པའི་མི་ཆགས་ཡོད་སྟབས། བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱིས་མགོ་ཁྲིད་དེ་གོ་བསྡུར་ཞིབ་ཕྲ་ཞིག་དང་སྤུས་དག་པོ་ཞིག་ཏན་ཏན་ཡོང་ཐུབ་ཀྱི་རེད་བསམ་ལ། འདས་པའི་ལོ་ལྔ་བཅུའི་གྲུབ་འབྲས་གཞིར་བྱས་པའི་ཐོག་ད་དུང་ཡར་རྒྱས་གང་འདྲ་ཞིག་གཏོང་དགོས་པའི་ཐོག་གོ་བསྡུར་གནད་སྨིན་ཞིག་དང་ཞིབ་ཚགས་པོ་ཞིག་གནང་རོགས་གནང་། ཅེས་དང་། ཡང་ཁོང་གིས་མུ་མཐུད་གསུངས་དོན། ཞིབ་ཚགས་པོའི་ཐོག་ནས་ངོས་རང་གིས་ཀྱང་ཤེས་ཀྱིན་མེད། ཡིན་ནའང་། ཕྱོགས་ཡོངས་ཀྱི་ཐོག་བསམ་བློ་བཏང་བ་ཡིན་ན། ང་ཚོ་བོད་གངས་ཅན་པ་ཟེར་བ་དེ་ལོ་སྟོང་ཕྲག་གི་སྔོན་ནས་ཡི་གེ་ཡོད་བསྡད་པ་ཞིག་ཆགས་བསྡད་ཡོད་པ་རེད། ངོས་རང་འཛམ་གླིང་ས་ཕྱོགས་གང་སར་ཕྱིན་ཏེ་ས་གནས་ཡུལ་མི་མང་པོར་ཁ་བརྡ་བྱས་པར་ཁོ་ཚོས་སོ་སོའི་རིག་གཞུང་དང་གོམས་གཤིས་སོགས་རྒྱུད་འཛིན་ཐད་སེམས་ཁུར་ཆེན་པོ་གནང་གི་ཡོད་ནའང་། ཁོང་ཚོའི་མང་ཆེ་བར་ཡི་གེ་མི་འདུག  དེ་དག་ལ་ལྟ་དུས་ངོས་རང་ལ་བོད་པ་ཚོར་སོ་སོ་རང་ལ་ཡི་གེ་ཞིག་ཡོད་བསམ་པའི་སྤོབས་པ་སྐྱེས་འོང་གི་འདུག ཡི་གེ་དེ་ཡང་བཟའ་བཏུང་ཁོ་ནར་སྤྱོད་པའི་ཡི་གེ་ཞིག་མིན་པ་འཛམ་གླིང་འདིའི་སྒང་ལ་གསལ་བོ་རེད། ཆོས་ལུགས་ཀྱི་ཁྲོད་ནས་སངས་རྒྱས་ཆོས་ལུགས་ཏེ་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་ཆགས་ཡོད་པ་རེད། ངས་འཛམ་གླིང་གི་ཆོས་ལུགས་ཁྲོད་སངས་རྒྱས་ཆོས་ལུགས་ཡག་ཤོས་རེད་ཟེར་གྱིན་མེད། གང་ཟག་བྱེ་བྲག་པ་སོ་སོ་ལ་བརྟེན་ནས་གང་རན་པ་དང་གང་ཕན་པ་དེ་གང་ཟག་རང་ཉིད་ལ་བརྟེན་ནས་ཡག་ཤོས་ཆགས་ཡོད་པར་བལྟ་བ་མ་གཏོགས། སྨན་ལ་མཚོན་ནའང་སྨན་ཡག་ཤོས་ཞེས་ལབ་རྒྱུ་ཡོད་པ་མ་རེད། ནད་པ་སོ་སོའི་ནད་ཀྱི་ཁམས་དང་ལུས་པོའི་གནས་སྟངས་སོགས་ཀྱི་ཐོག་ནས་བལྟ་བ་མ་གཏོགས་སྤྱི་ཡོངས་ནས་བཤད་ཐུབ་ཀྱིན་མེད་པ་ལྟར། ཁམས་དང་མོས་པ་སྣ་ཚོགས་ཡོད་པའི་མི་རྣམས་ལ་ཆོས་ལུགས་འདི་ཡག་ཤོས་རེད་ཅེས་ལབ་ཐུབ་པ་མ་རེད། དངོས་ཡོད་གནས་ཚུལ་གྱི་ལྟ་གྲུབ་སྐོར་བཤད་འོང་དུས་དེ་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་ཡིན་པ་ཡོངས་གྲགས་ཆགས་བསྡད་ཡོད་པ་རེད། རྒྱ་ནག་ནང་ལ་མཚོན་ནའང་དེ་འདྲ་ཞིག་མི་འདུག བོད་པའི་བོད་ཡིག་ནང་ཡོད་པའི་སངས་རྒྱས་པའི་ཆོས་ཏེ་འཛམ་གླིང་འདིའི་སྒང་གི་སངས་རྒྱས་པའི་གཞུང་གི་ལྟ་གྲུབ་སྐོར་ཡག་ཤོས་ཤིག་ཆགས་ཡོད་སྟབས། ང་ཚོས་བོད་ཡིག་དེར་སྤོབས་པ་སྐྱེས་དགོས་པ་ཞིག་དང་རླབས་ཆེན་པོ་ཞིག་རེད་བསམ་པ་དྲན་འོང་གི་འདུག  རིག་གཞུང་ཟབ་ཤོས་དེ་བོད་ཡིག་ནང་ཡོད་སྟབས། དེང་རབས་ཀྱི་སློབ་ཚན་གསར་བ་དེའི་རིགས་བོད་ཡིག་ནང་སྒྲུབ་མི་ཐུབ་པ་ཞིག་དང་བསྒྱུར་མི་ཐུབ་པ་ཞིག་མིན་པ་གཏན་འཁེལ་ཐུབ་པ་ཞིག་རེད་ལ། སངས་རྒྱས་ཆོས་ལུགས་དེ་བོད་མི་རིགས་སྤོབས་པ་སྐྱེས་གཞི་ཞིག་ཆགས་བསྡད་ཡོད་པ་རེད།  ཅེས་གསུངས་བྱུང་།

ཡང་༧གོང་ས་མཆོག་གིས། བར་སྐབས་ཤིག་ནས་རིགས་ལམ་སློབ་དགོས་པའི་སྐོར་ཞིག་འགྲོ་བསྡད་ཡོད་པ་རེེད་ལ་མགོ་འཛུགས་ཤིག་ཀྱང་རེད། སངས་རྒྱས་པའི་བསྟན་པ་སྤྱི་ཚོགས་དང་འབྲེལ་བ་ཞིག་དང་དངོས་གནས་ཡར་རྒྱས་གཏོང་དགོས་པ་ཞིག་ཡིན་ན། སྤྱི་ཚོགས་ཁོ་རང་ལ་གོ་རྟོགས་སྤེལ་དགོས་པ་དང་ཆོས་ཀྱི་ཤེས་བྱ་ཡར་རྒྱས་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་ཆོས་དེ་བསླབ་པ་སློབ་གཉེར་གནང་ཡུལ་དེ་དགོན་པ་གཅིག་པུ་མིན་པར་སློབ་གྲྭ་ཁག་ནས་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད། སངས་རྒྱས་ཀྱི་ཆོས་ཟེར་འོང་དུས་འདོན་པ་འདོན་པ་དང་སྨོན་ལམ་རྒྱག་རྒྱུ་ཞིག་མིན་པར་གཙོ་བོ་ཕྱིའི་རྣམ་བཞག་ཅིག་བཤད་ཀྱིན་ཡོད་སྟབས།  རིགས་ལམ་སློབ་གཉེར་དེ་ཤེས་ཡོན་རང་གི་འདུ་ཤེས་དང་ཤེས་ཡོན་གྱི་སྡེ་ཚན་དུ་བཞག་སྟེ་མ་འོངས་པར་རིགས་ལམ་གྱི་སྟེང་ནས་སློབ་སྦྱོང་སྤྲད་དེ་འཛམ་གླིང་སྤྱི་ལ་ཕན་པའི་ལས་ཀ་ཞིག་བསྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་བྱུང།

འབྲེལ་ཡོད་གསར་འགྱུར།

China expert warn of 'something worse than Covid' after fungus smuggling plot
Mobile App

ཏོག་དབྱིབས་གཉན་རིམས་ལས་ཀྱང་ཉེན་ཚབས་ཆེ་བའི་དཀའ་ངལ་འཕྲད་སྲིད་པའི་ཉེན་བརྡ་བཏང་། 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

གོ་སྟོན་བཀྲ་ཤིས་དཔལ་འབར།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

རྒྱ་ནག་གིས་རྒྱལ་མཚན་ནོར་བུར་རག་རྡིས་ནང་བཞིན་གྱི་ལས་ཀ་སྤྲོད་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༠༧
US President Donald Trump and Chinese President Xi Jinping. Getty Images
Mobile App

ཊོམ་ཕུ་དང་ཞི་ཅིན་ཕིན་གྱིས་ཡུན་རིང་གི་རྗེས་ནས་ཚོང་འབྲེལ་གྱི་གྲོས་མོལ་བྱས་འདུག

༢༠༢༥/༠༦/༠༦
Tourists hike to visit the Nigardsbreen glacier in Jostedal, Norway in August 2022. Bram Janssen/AP
Mobile App

འཛམ་གླིང་གི་འཁྱགས་རོམ་བརྒྱ་ཆ་ ༤༠ ཙམ་ཞུ་ཟིན་འདུག

༢༠༢༥/༠༦/༠༦
Mobile App

ཊོམ་ཕུས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་བཞི་ལ་ཉེས་ཆད་བཏང་།

༢༠༢༥/༠༦/༠༦

མཆན། 11

  1. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    བཏང

    Reply
  2. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    ཡང་རུལ་སུངས་འགའ་རེས་བཀའ་ཤག་དང་༸གོང་ས་མཆོག་ལ་སྐྱག་རྫུན་ལུང་པ་གང་ཞུས་ནས་དབུ་སྐོར་ཡག་ཐག་ཆོད་ཅིག་གཏང་ཡོད་ཁོ་ཐག་རེད།

    Reply
  3. རྟ་རྫི་གདོང་ནག says:
    ལོ་ 15 སྔོན།

    ད་ལྟའི་ཆར་ང་ཚོར་གྲུབ་འབྲས་དེ་ཙམ་བྱུང་མེད་པར་བརྟེན་ལོ་ངོ་སུམ་ཅུའི་འཐུས་ཤོར་སྐོར་ལ་བཀའ་ནན་པོ་གནང་བ་རང་གཞུང་མཛད་གཙོ་རྣམ་པ་དང་དགེ་ལས་རྣམས་ཀྱིས་བརྗེད་ག་ལ་ཡོད། སྤྱིར་བོད་ཀྱི་རིག་གཞུང་གི་ཁྱད་རྣམ་དང་ད་ལྟའི་འཛམ་གླིང་འདིའི་འགྲོ་བ་མིའི་རིགས་ལ་ཞབས་འདེགས་སྒྲུབ་ནུས་པའི་བླ་མེད་ཀྱི་ཁྱད་ཡོན་བརྗོད་མ་དགོས་པ་ཞིག་རེད། ཡིན་ཡང༌། ལོ་ངོ་ལྔ་བཅུའི་རིང་ྋགོང་ས་མཆོག་གིས་འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་ཅན་གསོ་སྐྱོང་གནང་དགོས་པའི་བཀའ་སློབ་རིམ་པ་མང་པོ་གནང་ཡང༌། སྐྱིད་བཟའ་སྐྱིད་ཉལ་རྒྱག་མཁན་གྱི་ལས་ཀྱི་སྣེ་མོ་བ་དག་གིས་མཛད་རྗེས་ལ་བརྟེན། རང་གཞུང་གི་དཔལ་འབྱོར་དང་མི་རྒྱུ་གང་ལ་ཡང་གྱོང་གུད་ཕོག་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། ད་རེས་ཚོགས་ཆེན་འདི་གྲོལ་ནས་སུ་ཞིག་གིས་ལྷག་བསམ་རྣམ་དག་གིས་ྋགོང་ས་མཆོག་དང་བོད་མི་མང་ལ་གྲུབ་འབྲས་ཅན་གྱི་ལས་ཀ་སྒྲུབ་བམ།

    Reply
  4. ནད་པ says:
    ལོ་ 15 སྔོན།

    ༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐེངས་འདིའི་བཀའ་སློབ་ཀྱི་སྙིང་དོན་ངོ་མ་ནི་ང་ཚོ་བོད་པ་ཚོར་ལོ་ངོ་སྟོང་ཕྲག་གི་ཡར་སྔོན་ནས་བཀའ་དྲིན་གཞལ་དུ་མེད་པའི་སློབ་དཔོན་ཐུ་མི་ཨ་ནུའི་མཛད་རྗེས་ལས་འཛམ་གླིང་འདིར་སྤོབས་པ་བྱེད་འོས་པའི་བོད་ཀྱི་སྐད་ཡིག་འདི་ཡིན་པའི་སྐོར་གསུངས་འདུག

    སངས་རྒྱས་པའི་མདོ་སྔགས་ཀྱི་ཆོས་ཚུལ་ཐ་དག་བོད་སྐད་དངས་མ་འདིས་འཛིན་ཅིང་ཁྱབ་སྤེལ་ཚད་ལྡན་བྱས་ཡོད་པའི་ར་སྤྲོད་གནང་འདུག

    དེ་ནི་བོད་ཀྱི་མེས་པོ་བཀའ་དྲིན་ཅན་ཚོས་ངལ་བའི་ཁུར་ཆེན་ཕྲག་ཏུ་འའཁུར་ནས་ང་ཚོ་དང་འཛམ་གླིང་འདིར་ཆེས་ལེགས་སྐྱེས་རྨད་དུ་བྱུང་བ་ཞིག་ཕུལ་ཡོད་པའི་བདེན་དཔང་ཞིག
    གལ་གནད་ཅན་གྱི་བླང་བྱ་དང་པོ།

    དེ་ལ་བརྟེན་ནས་ད་ལྟའི་ཆར་འཛམ་གླིང་གི་ཤེས་རིག་གསར་པ་དག་ཀྱང་བོད་སྐད་དངང་མ་འདིའི་གྲུབ་ཆར་མི་ཐུབ་ཞིག་ཅི་ཡང་མེད་ཚུལ་གཏན་ཁེལ་ཐུབ་ཅེས་ཚིག་ཐག་བཅད་ནས་ང་ཚོ་བོད་རིགས་སྤྱི་ཡོངས་ཀྱིས་ད་ཆ་ངེས་པར་དུ་རིག་གསར་གྱི་ཤེས་བྱ་ཡོངས་རྫོགས་བོད་སྐད་འདིའི་ནང་བཀོལ་སྤྱོད་བྱེད་རྒྱུར་འབད་བརྩོན་རྒྱུན་འཐུད་བྱེད་དགོས་པའི་བླང་བྱ་བཏོན་གནང་མཛད་འདུག

    གལ་གནད་ཅན་གྱི་བླང་བྱ་གཉིས་པ།

    གཉིས་པ་དེ་ནང་པའི་ཆོས་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ན་ད་ཆ་ང་ཚོས་གྲ་བཙུན་གཅིག་པུས་སྦྱང་དགོས་པ་ཞིག་མ་ཡིན་པར་དེ་ནི་བོད་རིགས་མི་དམངས་ཀྱི་ཁྲོད་ནས་ལོ་ཆུང་བྱིས་པ་ཚོས་རིག་ལམ་གྱི་ཤེས་རིག་ལ་སྦྱང་བརྩོན་བྱས་ཏེ་མ་འོངས་བོད་རིགས་མི་དམངས་ཀྱིས་ནང་བསྟན་ཆོས་ལུགས་འདི་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་བླང་བྱ་བཏོན་གནང་མཛད་འདུག

    མཐའ་བསྡོམས།
    མཐའ་བསྡོམས་ལྟ་བུར་༸ མགོན་པོ་གང་ཉིད་ནས་ང་ཚོས་ཤེས་ཡིན་གྱིས་ཐོག་ནས་གྲུབ་འབྲས་གང་ཙམ་བླངས་ཐུབ་པ་བྱུང་བ་འདི་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་སོང་བའི་ནང་གི་གྲུབ་འབྲས་མང་པོའི་ནང་ནས་ཤེས་ཡིན་གྱི་གྲུབ་འབྲས་མི་དམན་པ་ཙམ་ཞིག་བླངས་ཐུབ་པ་བྱུང་བ་འདི་ཡང་དགའ་སྤོབས་སྐྱེ་འོས་པའི་བྱ་བ་ལེགས་གྲས་ཞིག་ཡིན་པ་གསལ་པོར་གསུངས་འདུག

    བཀའ་སློབ་འདིའི་ཤུགས་བསྟན་ལས་ང་ཚོས་ཤེས་དགོས་པ་ཞིགལ་འདི་ཤེས་ཡིན་གྱི་ཕྱོགས་ལ་གྲབ་འབྲས་ཞིག་བླངས་ཐུབ་ཚེས་ད་གཟོད་བོད་མི་རིགས་སླར་ཡང་འཛམ་གླིང་ནང་ཆེས་སྤོབས་པ་བྱེད་འོས་པ་ཞིག་ཏུ་འགྱུར་རྒྱུར་དོན་མི་ཟ་་ཡིན་ཏེ་འདས་པའི་དུས་སུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་བོད་ལ་ཤེས་རིག་གི་དཔལ་ཡོན་དར་རྒྱས་བྱུང་བར་བརྟེན་བོད་འབངས་མངའ་ཐང་དང་སྟོབས་འབྱོར་རྒྱས་ཡོད་སྟབས།

    ད་ཆ་ང་ཚོའི་མི་རབས་འདིས་ཀྱང་ངལ་བའི་འཁུར་ཆེན་ཕྲག་ཏུ་བླངས་ཏེ་རིག་གསར་གྱི་ཤེས་རིག་ཡོངས་རྫོགས་བོད་ཀྱི་ཕ་སྐད་འདིའི་ཐོག་ནས་བཀོལ་སྤྱོད་ཚད་ལྡན་ཞིག་ཐུབ་ཚེ་བོད་རྒྱལ་ཁབ་དང་། བོད་མི་རིགས། བོད་ཀྱི་སྟོབས་དང་མངའ་ཐང་རྒྱས་རྒྱུར་༸ མགོན་པོ་གང་ཉིད་ནས་ཐུགས་རེ་ཆེན་པོ་ཞིག་གནང་བཞིན་ཡོད་ཚུལ་དེ་ཡང་ཤུགས་ལས་རྟོགས་ཐུབ་པ་ཞིག་རེད་འདུག

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ངས་ད་དུང་སང་ཉིན་ནས་ནང་ཆོས་འཛིན་གྲྭར་འགྲོ་དགོས་བསམ་བསྡད་ཡོད། ད་ཡིན་ན་ཁྱོད་ཀྱིས་ངའི་རྨོངས་པའི་མདུད་པ་དེ་ཡོངས་སུ་གྲོལ་སོང་ཡ། ང་ལ་ཁྱོད་ལྟ་བུའི་དྲ་གྲོགས་མང་པོ་དགོས་ཀྱི་འདུག་དཱ།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བཀུར་འོས་དྲ་གྲོགས་མགྲིན་མ་ཟབ་ལགས་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་པར་དུ་ཁྱེད་ཀྱི་སྐད་ཆ་བཤད་དེ་དཔེ་མི་སྲིད་པའི་བློར་བབས་སོང་། དངོས་གནས་ཐུགས་རྗེ་ཆེུ་ཞུ།

    Reply
  7. མི་ཆུང་། says:
    ལོ་ 15 སྔོན།

    ང་ཚོར་ལོ་ངོ་ལྔ་བཅུའི་ནང་འགྲུབ་འབྲས་ཇི་ཙམ་ཐོབ་ཡོད་མེད་དེ་ལས་སླ་པོར་ཤེས་ཐུབ། དཔལ་འབྱོར་གྱི་འགྲུབ་འབྲས། བཙན་བྱོལ་ནང་གི་གཞིས་ཆགས་ཁག་ལ་ལན་གཅིག་སྐོར་ན་དེས་བོད་མི་བརྒྱ་ཆ་བདུན་ཅུ་ལྷག་འདུས་སྡོད་སའི་དཔལ་འབྱོར་གྱི་གནས་བབ་ཤེས་འོང་། གཞུང་ནི་ཕྱི་རྒྱལ་གྱི་རོགས་ཚོགས་དང་། ༸གོང་ས་མཆོག་སྐུ་སྒེར་གྱི་ཕྱག་དངུལ། དེ་མིན་ཏོག་ཙམ་ཞིག་རྒྱལ་གཅེས་མ་དངུལ་དང་། དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས། མགྲོན་ཁང་བཅས་ནས་བྱུང་བ་རེད།

    ད་ཤེས་ཡོན། དེ་ནི་མིག་སྔར་གངས་སྐྱིད་དུ་མཐོ་རིམ་ཤེས་ལྡན་མི་སྣ་ག་ཚོད་འདུག མིག་བཤེར་ཞིག་རྒྱོབས་དང་། ད་དུང་བདེ་ལེགས་སྨན་ཁང་གཙོས་ཡན་ལག་སྨན་ཁང་ཁག་ཏུ་ཕྱི་ལུགས་སྨན་པ་གྲགས་ཅན་ག་ཚོད་འདུག སློབ་གྲྭ་ཁག་ཏུ་ཆེ་ལས་ཡོན་ཚད་ལྡན་པའི་ཕུལ་བྱུང་གྱི་དགེ་རྒན་སུ་དང་སུ་འདུག དེ་མིན་ཚན་རིག་དང་དཔལ་འབྱོར་རིག་པ། དངོས་ཁམས་དང་རྫས་སྒྱུར་རིག་པ། ས་ཁམས་དང་སྐྱེ་དངོས་རིག་པ། རྩོམ་རིག་དང་བཟོ་རྩལ་རིག་པ་བ། ཁྱོན་ག་ཚོད་འདུག བསམ་བློ་ནང་དུ་བཀུག་ནས་ཞིབ་འདང་ཞིག་རྒྱོབས། གོང་གསལ་རྣམས་ནང་ཆོས་ནང་གི་རྟོགས་དཀའ་བ་སྟོང་ཉིད་ཀྱང་མ་རེད་ལ། རྙེད་དཀའ་བ་རྡུལ་ཕྲ་མོ་ཡང་མ་རེད། ད་གཟོད་ཁྱེད་ཀྱིས་ལོ་ངོ་ལྔ་བཅུའི་ནང་གི་འགྲུབ་འབྲས་ལ་ཕྱོགས་བསྡོམས་ཤིག་རྒྱག་ཐུབ་ངེས་ཡིན།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    བཤད་མི་ཉན་གོང་ལ་འཕོག མི་བཤད་མི་ཉན་བོད་དོན་ཤོར་འགྲོ
    གང་ལྟར་༧གོང་ས་རྒྱལ་བའི་དབང་བོ་མཆོག་ནི་ལག་པ་ཕྱི་ས་བྱེད་མཁན་དེ་དག་ནི་དངོས་ནས་ཡིད་སྐྱོ་བའི་གནས་རེད།

    Reply
  9. གནམ་ལྕགས། says:
    ལོ་ 15 སྔོན།

    གྲུབ་འབྲས་ཡོད་མེད་དེ་ཧ་ཅང་གིས་བཤད་ཁག་པོ་རེད།བཙན་བྱོལ་ལ་གྲུབ་འབྲས་ཡོད་ངེས་ཡིན་ལ།འཐུས་ཤོར་ཡང་མང་བོ་ཡོད།ད་ལྟ་བཙན་བྱོལ་བ་རྣམས་ལ་བོད་ཁྱིམ་སློབ་གྲྭ་གཅིག་བུ་བརྒྱུད་གྱ་གསུམ་དང་སམ་བྷོ་ཌ་སློབ་ཁ་ཤས།ད་དུང་རྒྱ་གར་གྱི་འཛིན་སྐྱོང་འོག་གི་བོད་ཡིག་སློབ་གྲྭ་ཁག་ལ་བསམ་ན།གྲུབ་འབྲས་ལྡན་པ་ཞིག་ཡིན་པར་འདུག

    ཕྱོགས་གཞན་ཞིག་ནས་བསམ་ན་སློབ་གྲྭ་དེ་དག་ལས་ཐོན་པའི་སློབ་མ་རྣམས་ཀྱི་ཤེས་ཡོན་དང་དེ་དག་གིས་བོད་རང་གི་སྤྱི་ཚོགས་ལ་ཁ་འཁོར་གྱི་ཡོད་མེད་དེ་རེད།དེར་བསམ་ན་སྐབས་ལ་རེར་སེམས་པའང་ཕངས་པོ་ཞིག་ཡིན་ཡང་།སྐབས་ལ་རེར་ཡག་པོ་འདུག་སྙམ།གང་ལྟར་ང་ཚོས་འདིའི་སྐོར་ལ་ཁོག་ལ་གང་ཤར་བཤད་ཁག་པོ་རེད།

    Reply
  10. མགྲིན་པ་ཟབ་མོ། says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས། ཁྱོད་ཀྱི་གོ་བ་ནོར་འདུག ༧གོང་ས་མཆོག་གིས་གསུངས་པ་ནི། ང་ཚོས་གང་ལ་འབད་བརྩོན་བྱས་པའི་གྲས་ནས་གྲུབ་འབྲས་ཡག་ཤོས་དེ་ཤེས་ཡོན་གྱི་ཕྱོགས་ཡིན་གསུངས་པ་མ་གཏོགས། སྤྱིར་ང་ཚོས་ལོ་ ༥༠ རིང་འདིར་ཤེས་ཡོན་གྱི་ཕྱོགས་ནས་གྲུབ་འབྲས་བླ་ལྷག་ཅིག་བླངས་པ་ཡིན་གསུངས་ཡོད་པ་མ་རེད།
    ཕྱོགས་གཞན་ནས་གོ་བ་བླངས་ན། ང་ཚོའི་གྲུབ་འབྲས་ཡག་ཤོས་ཤེས་ཡོན་གྱི་སྐོར་རེད། གྲུབ་འབྲས་འདི་ལའང་འདས་པའི་ལོ་ ༣༠ རིང་འཐུས་ཤོར་ཆེན་པོ་ཞིག་ཕྱིན་ཡོད་པ་སྔར་གསུངས་པ་བཞིན། ལས་དོན་གཞན་དག་གི་ཕྱོགས་ནས་ཇི་འདྲའི་འཐུས་ཤོར་ཅིག་ཕྱིན་ཡོད་པ་དང་། ཡང་ན་ཤེས་ཡོན་གྱི་ཕན་ནས་ཇི་འདྲའི་གོར་ཐིག་ཆེན་པོ་ Big Zero རེ་བླངས་ཨང་སྙམ་པ་ཞིག་ཀྱང་འདུག

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ད་འོ་ན་ང་ཚོ་བཙན་བྱོལ་དུ་བསྡད་པའི་རིང་ལ་གྱོང་གང་མི་འདུག་གཱ
    སང་ཉིན་ནས་བཟུང་སྐད་ཆ་བཤད་ལ་བརྗེ་པོ་བརྒྱག་གི་ཡིན་དཱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese