མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་སྤྱོད་མ་སྤེལ་རོགས།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་མའོ་ཕྱོགས་ཁག་ལ་དྲག་སྤྱོད་ཀྱི་ལས་འགུལ་མི་སྤེལ་རྒྱུའི་འབོད་སྐུལ་ཞུས་ཡོད་འདུག

ཚེས་ ༡༡ ཉིན་ ANI དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན།  དེ་རིང་༧གོང་ས་མཆོག་གིས་མའོ་ཕྱོགས་ཁག་ལ་འབོད་སྐུལ་ཞིག་གནང་ཡོད་པའི་ནང་དྲག་སྤྱོད་ཀྱི་ལས་བྱེད་པ་དེ་གནད་དོན་ཐག་གཅོད་བྱ་རྒྱུའི་ཐབས་ལམ་ཞིག་མ་རེད་ཅེས་དང་། ངོས་ཀྱིས་ཁ་སྔོན་ནས་བཤད་པ་བཞིན་དྲག་སྤྱོད་སྤེལ་རྒྱུ་དེ་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཡང་དག་ཅིག་མ་རེད་ལ་དྲག་སྤྱོད་ཀྱི་ཐབས་ལམ་བརྟེན་པ་དེ་ནོར་འཁྲུལ་རེད་ཅེས་ཚེས་ ༡༡ ཉིན་གནམ་ཐང་ནས་ཆིབས་ཐོན་སྐབས་གསར་འགོད་པའི་དྲི་བར་བཀའ་ལན་བསྩལ་ཡོད་འདུག 

ཨོ་རི་ས་མངའ་སྡེའི་དྲག་སྤྱོད་མང་སའི་རྫོང་ Gajapati རུ་ཆིབས་ཐོན་མ་གནང་བའི་སྐབས་༧གོང་ས་མཆོག་གིས་མའོ་ཕྱོགས་ཁག་གིས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་མཚམས་བཞག་སྟེ། གདོད་མའི་རྒྱ་གར་གྱི་འཚེ་མེད་ཞི་བའི་ལམ་ཕྱོགས་སུ་བསྐྱོད་དགོས་ཅེས་དང་། འཚེ་མེད་ཞི་བ་ནི་དཀའ་ངལ་རིགས་ཐག་གཅོད་བྱ་རྒྱུའི་ཐབས་ལམ་གཅིག་པུ་དེ་ཡིན། ང་ཚོས་འཚེ་མེད་ཞི་བའི་ལམ་ནས་དཀའ་ངལ་སེལ་ཐབས་བྱ་དགོས་རྒྱུ་དང་གྲོས་བསྡུར་དང་ཕན་ཚུན་གཉིས་ཕན་གྱི་ཐོག་ནས་གནད་དོན་ཐག་གཅོད་དགོས་ལུགས་གསུངས་ཡོད་པ་རེད།

ཕྱི་ཚེས་ ༡༡ ཉིན་༧གོང་ས་མཆོག་གི་ཆིབས་སྒྱུར་མགོ་མ་བཙུགས་གོང་དུ། ཨོ་རི་ས་མངའ་སྡེའི་ Korapu ཁོ་རཱ་ཕོ་ཞེས་པའི་རྫོང་དེར་མའོ་ཕྱོགས་ཁག་གིས་ཡུལ་མི་ཚོང་པ་ ༢ བསད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

ཆུ་ཚོད་ ༡༢ སྔོན་ལ།
This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]
Mobile App

འདི་ལོའི་འཛམ་གླིང་གི་མཚོ་རླུང་ཚབས་ཆེ་ཤོས་ཇ་མ་ཡེ་ཀ་རུ་བྱུང་།

ཆུ་ཚོད་ ༡༣ སྔོན་ལ།
འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱི་རྒྱ་གར་ལྷ་ོཕྱོགས་ཁུལ་འོས་བསྡུའི་གོ་རྟོགས་སྤེལ། ༢༠༢༥།༡༠།༢༢ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་ནང་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་གོ་རྟོགས་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
འཁོར་སྐར་ནས་བླངས་བའི་བོད་ལྷུན་རྩེ་རྫོང་ཁོངས་ཀྱི་མཁའ་དམག་རྟེན་གཞི།
Mobile App

བོད་ལྷུན་རྩེ་རྫོང་ཁོངས་སུ་མཁའ་དམག་གི་རྟེན་གཞི་ཞིག་འཛུགས་སྐྲུན་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་ཀྱི་དཀྱིལ་འཁོར་གྱི་བཟོ་བཀོད་ལྡན་པའི་ལྷ་ཁང་མཐའ་མ་རྗེ་འབུམ་སྒང་དེ་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་ཏུ་བསྒྱུར།

༢༠༢༥/༡༠/༢༧
Sophie Richardson and Geshe Lobsang Monlam Honoured with 2025 Snow Lion Human Rights Award in Berlin, Germany at 25th Oct. 2025. Photos: Andreas Müller/ICT
Mobile App

གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ།

༢༠༢༥/༡༠/༢༧

མཆན། 8

  1. karma dorje says:
    ལོ་ 16 སྔོན།

    འཚེ་བ་ནི། གཞན་ནམ་རང་གཞན་གཉིས་ཀའི་འཕྲལ་ཕུག་གི་བདེ་བ་སྒྲུབ་པའི་འདྲེན་བརྡུར་ལས་ཕམ་པ་ལྟ་བུ་ཡིན་པའི་ཕྱིར། འཚེ་བ་ནི། ཕམ་པའོ།
    ཞི་བ་ནི། དོ་བདག་རང་ཉིད་བག་ཕེབ་ལ་གཞན་ལ་མི་གནོད་ཅིང་ཕན་པའམ་སྲིད་པས་དར་ཞིང་རྒྱས་པའི་རྒྱལ་པོ་ལྟ་བུ་ཡིན་པའི་ཕྱིར། ཞི་བ་ནི། རྒྱལ་བའོ། །

    Reply
  2. དབྱངས་བུ། says:
    ལོ་ 16 སྔོན།

    ཧོར་བུ་ཡེ་ཤེས་ལགས།
    ༼lལས་འབྲེལ་གྱིས་རྐྱེན་པས་ཁྱེད་ཀྱི་དྲི་བར་ལན་མདོར་བསྡུས་ཤིག་བརྒྱབ་ཆོག་པ་དང།་རྗེས་སུ་ཞིབ་ཕྲ་ཞུས་ཆོག༽

    ཁོང་ཁྲོ་དང་ཞེ་སྡང་གཉིས་ནི་འཚེ་བའི་རྒྱུ་ཡིན་པ་བདེན་ལ།་་ནང་ཆོས་ནས་ཁོང་ཁྲོའི་ཉེས་དམིགས་དང།་་ཁོང་ཁྲོ་སྤོངས་དགོས་པའི་རྒྱུ་མཚན་མང་དག་ཅིག་གསུངས་ཡོད་པ་ལས།་་་ནང་པའི་བློ་སྦྱོང་གི་དཔེ་ཆ་གྲགས་ཆེ་བ་སྤྱོད་འཇུག་ཆེན་མོ་དང་སྦྲགས་ནས་མདོར་ཙམ་ཞུས་ན།
    སྤྱོད་འཇུག་ལས།་་ཁོང་ཁྲོའི་ཉེས་དམིགས་བསྟན་པར།
    བསྐལ་བ་སྟོང་དུ་བསགས་པ་ཡི།།
    སྦྱིན་དང་བདེ་གཤེགས་མཆོད་ལ་སོགས།།
    ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང།།
    ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད།
    ཅེས་གསུངས་ཡོད།་་་དེའི་དོན་ནི་སྤྱི་ཚོགས་ཀྱི་ཕན་བདེ་དང་འབྲེལ་བའི་ལས་དོན་སྒྲུབ་པ་དང་གནས་པར་འགེགས་བྱེད་མཁན་གཙོ་བོ་ནི་ཁོང་ཁྲོ་ཡིན་པས།་་་ཁོང་ཁྲོ་ལ་བརྟེན་ནས་སྤྱི་ཚོགས་ནང་རང་གཞན་རོགས་གསུམ་ལ་གནོད་པའི་ལས་འགུལ་འདྲ་མིན་བྱུང་དང་འབྱུང་བཞིན་ཡོད་པ་དེ་དག་འགོག་པར་བརྩོན་དགོས།་་་དེའི་རྒྱུན་མཚན་དང་ཐོག་ཆོས་ཕྱོགས་ནས་བཤད་ན།་་་ཁོང་ཁྲོས་བསྐལ་བ་སྟོང་དུ་བསགས་པའི་དགེ་རྩ་མ་ལུས་པ་འཇོམས་པ་དང།་་་སྤྱིར་བཏང་ཉིན་རེའི་འཚོ་བའི་ནང་ཁོང་ཁྲོ་ནི་ང་ཚོའི་དགྲ་བོ་ངོ་མ་ཡིན་ཚུལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་ཆེན་པོ་མཆོག་གི་ཕྱག་དེབ་《སེམས་ཀྱི་ཞི་བདེ།》་ལས།་་་་༼ཁོང་ཁྲོས་མཐའ་མ་གཞན་ལ་མི་གནོད་པར་སོ་སོ་རང་ཉིད་ལ་གནོད་སྐྱོན་ཡོང་གི་ཡོད།་་་སོ་སོ་རླུང་ལངས་ན་ཁ་ལག་ཞིམ་པོ་ཞིག་བཟའ་རྒྱུ་ཡོད་ནའང་དེ་མི་ཞིམ་པ་ཆགས་རྒྱུ་མ་ཟད་ཁ་ལག་ལའང་ཁོང་ཁྲོ་བྱེད་སྲིད།ད་དུང་སོ་སོ་རླུང་ལངས་དུས་ཟླ་བོའམ་ཆུང་མ།་ཕྲུ་གུ་སོགས་ཀྱི་ངོ་གདོང་ཡང་ཡིད་དུ་འོང་བར་མི་སྣང་ཞིང།འདི་ལྟར་ཡོང་བ་ནི་གཞན་དེ་དག་ངན་པའི་དབང་གིས་མིན་པར།་དེ་ནི་སོ་སོ་རང་ཉིད་ཀྱི་སྐབས་དེའི་བསམ་བློ་གཏོང་སྟངས་ཀྱི་ཁྱད་པར་ལས་ཡོང་བ་ཡིན་པ་གསལ་པོ་ཡིན།་༽་ཞེས་དང།ད་དུང་ཁོང་གིས་ཆགས་སྡང་གི་སྐོར་བཀའ་བསྩལ་དོན།་༼ཆགས་སྡང་གི་བློ་ནི་དུད་འགྲོ་རྣམས་ལའང་ཡོང་གི་ཡོད་ཀྱང།་་མིས་དེ་ལ་ཞིབ་དཔྱད་བྱེད་ཤེས་ཀྱི་ཡོད་པ་འདི་ནི་མིའི་ཁྱད་ཆོས་ངོ་མ་དེ་ཡིན།དེར་མ་ཟད་མིས་བྱམས་པ་ཚད་མེད་པ་ཞིག་སྒྲུབ་ཅིང་ཁྱི་དང་ཞི་མི་ལྟ་བུའི་དུད་འགྲོའི་རིགས་ནི་རང་གི་ཕྲུ་གུ་སོགས་ལ་བྱམས་བརྩེ་ཚད་ངེས་ཅན་ཞིག་མ་གཏོགས་སྐྱེད་མི་ཐུབ།དེ་ཡང་དུས་ཀྱི་ཆ་རྐྱེན་ལ་ལྟོས་པས་ཕྲུ་གུ་འཚར་ལོངས་བྱུང་བ་དང་མཉམ་དུ་བརྩེ་གདུང་བརླག་འགྲོ་གི་ཡོད།ཡིན་ནའང་ང་ཚོ་ཁོང་ཁྲོའི་གཞན་དབང་དུ་འགྲོ་དུས་ནུས་པ་ཁྱད་པར་ཅན་ཐམས་ཅད་བརླག་འགྲོ་བས་ཁོང་ཁྲོ་ནི་མིའི་ཁྱད་ཆོས་བཟང་པོ་རྣམས་གཏོར་བཤིག་གཏོང་མཁན་ངོ་མ་དེ་ཡིན།་་གོ་མཚོན་འཁྱེར་བའི་དགྲ་བོས་ཁྱད་ཆོས་འདི་དག་འཇོམས་མི་ཐུབ་ཀྱང་ནང་གི་ཁོང་ཁྲོས་འཇོམས་པར་བྱེད་ཀྱི་ཡོད་པས་དེ་ནི་དགྲ་བོ་ངོ་མ་ཡིན།་༽ཞེས་གསུངས་ཡོད་པ་དང།

    ནང་ཆོས་ལས་ཁོང་ཁྲོ་སྤོང་དགོས་པའི་རྒྱུ་མཚན་བསྟན་པ་ནི།
    སྤྱོད་འཇུག་ལས།
    གལ་ཏེ་བཅོས་སུ་ཡོད་ན་ནི།།
    དེ་ལ་མི་དགའ་ཅི་ཞིག་ཡོད།།
    གལ་ཏེ་བཅོས་སུ་མེད་ན་ནི།།
    དེ་ལ་མི་དགའ་བྱས་ཅི་ཕན།།
    ཞེས་གསུངས་པའི་དོན་ནི་གང་ལ་ཡིད་དམ་སེམས་མི་བདེ་བ་སྐྱེ་བའི་ཡུལ་དེ་ལ་གལ་ཏེ་བཅོས་སུ་ཡོད་ན་ནི་དེ་ལ་མི་དགའ་བ་དང།་ཁོང་ཁྲོ་བྱེད་པའི་དགོས་པ་དང་རྒྱུ་མཚན་ཅི་ཞིག་ཡོད།དེ་མ་ཐག་བཅོས་པས་ཡིད་མི་བདེ་མེད་པར་འགྱུར་བའི་ཕྱིར་དང།གལ་ཏེ་བཅོས་སུ་མེད་ན་ཡང་དེ་ལ་མི་དགའ་བའམ་ཁོང་ཁྲོ་བྱས་པས་ཅི་ཕན་ཏེ་ནམ་མཁའ་ཐོགས་བཅས་ཀྱིས་སྟོང་པར་མི་དགའ་བ་བྱས་ཀྱང་མི་ཕན་པ་བཞིན།ཁོང་ཁྲོས་རང་གཞན་རོགས་གསུམ་ལ་གང་སྤྱིའི་ཆ་ནས་གནོད་པ་ལས་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པ་གསལ་པར་བསྟན་ཡོད་པས་འཚེ་བ་མེད་པའི་ལམ་ལ་འཇུག་ནས་སའི་གོ་ལའི་ཚེ་སྲོག་ལ་ལེགས་སྐྱེས་འབུལ་དགོས་སོ།།

    མདོར་ན།
    ཧོར་བུ་ཁྱེད་ཀྱིས་ཞི་རྒོལ་སྐབས་སུ་ཁོང་ཁྲོ་དང་།་ང་རྒྱལ་བྱས་ནས་ང་ཚོའི་འཐབ་རྩོད་ལ་ཕན་གྱི་འདུག་གམ།་ཡང་ན་ཁྱེད་དང་ཁྱེད་འདྲ་བའི་རང་རིགས་ལ་རྒྱ་བརྟན་ཅིང་སེམས་ཤུགས་རི་བོ་ལྟར་ཆེ་བའི་རྒྱལ་གཅེས་པ་ཚོའི་སྐུ་གཟུགས་ལ་གནོད་ཀྱི་འདུག་ཐུགས་བསམ་བཞེས་དང།།
    ཐུགས་རྗེ་ཆེ།།
    ནོར་འཁྲུལ་ཡོད་ན་དགོངས་སེལ་ཞུ།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    དགོངས་དག་སེམས་པའི་སྟིང་ནས་ལ་སེམས་པའི་གཏིང་ནས་བཅོས་རོགས་།

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    དབྱངས་བུ་ལགས་ཁྱོད་ཀྱིས་འཚེ་མེད་ཞི་བའི་གོ་དོན་ནང་དུ་ནང་སེམས་ལ་བྱམས་དང་རྙིང་རྗེ་གསུངས་ཤག།དེ་ལ་གུས་པའི་དྲི་བ་ཞིག་ཡོད།
    དཔེ་ན།༢༠༠༨་ལོར་སྐྱིད་སྡུག་མཉམ་མྱོང་གི་ཁྱེད་ཀྱང་སྐད་འབོད་ཕེབས་ཡོད་རྒྱུ་རེད།དེ་དུས་ཁྱོད་ཀྱི་ཐུགས་ལ་བྱམས་དང་སྙིང་རྗེ་སྒོམ་ནས་ཕེབས་ཡོད་དམ་གཞིས་ལུས་བོད་མིའི་དཀའ་སྡུག་སྒོམ་ནས་ཕེབས་ཡོད།མི་མང་པོས་སྐད་འབོད་བྱས་ཡོང་དུས་དེ་ཡི་སྐྱེན་ལས་ཁྱོད་ཀྱི་ཐུགས་ལ་ཁོང་ཁྲོ་ཡོང་གི་མི་འདུག་གམ།
    ང་རང་ལ་ཆ་བཞག་ན་བྱམས་དང་སྙིང་རྗེ་ཞིག་དང་ཕར་ཙམ་རེད་མི་མང་གིས་སྐད་འབོད་དང་བུད་མེད་དེ་ཚོས་ངུ་སྒྲ་ཡི་སེམས་པའི་སྟིང་ནས་ཁོང་ཁྲོ་ཡོང་གིན།དེ་ལྟར་ཡོང་ན་འཚེ་མེད་ཞི་བ་ཟེར་ཡག་དེ་མེད་པ་ཆགས་མ་སོང་ངམ།ང་འདྲ་བའི་སྐྱེ་བོ་ཕལ་པ་ཞིག་ལ་དེ་ཡི་ཐད་ཐབས་ཤེས་གང་ཡོད་དམ།

    Reply
  5. དབྱངས་བུ། says:
    ལོ་ 16 སྔོན།

    འཚེ་བ་སྤངས་པའི་འཐབ་རྩོད་ཀྱི་ངོ་སྤྲོད།

    གོད་ཆགས་སྣ་འདྲེན་བྱེད་སྲིད་པའི་འཚེ་བ་ཅན་གྱི་འགོག་རྒོལ་དང།་་་དྲག་གནོན་ཡུན་གནས་བྱེད་པར་སྐབས་སྦྱིན་པའི་ཅང་མི་སྨྲ་བའི་མགོ་སྒུར་གཉིས་ལས་གཞན་པའི་གདམ་ཁ་ཞིག་ཡོད།་་་གདམ་ཁ་དེ་ནི་འཚེ་བ་སྤངས་བའི་འཐབ་རྩོད་ཡིན།

    འཐབ་རྩོད་པ་མང་པོས་འཚེ་བ་སྤངས་པའི་ཐབས་ལམ་བེད་སྤྱད་ཡོད་ཀྱང་དེ་དག་གི་གོ་དོན་ལེགས་པར་རྟོགས་མེད།་་་དེས་ན་བྱེད་ལས་འདི་རིགས་ལ་བགྲོ་གླེང་དང།་་འགྲེལ་བཤད་ཀྱིས་སྙིགས་འདོར་བཅུད་ལེན་བྱེད་དགོས།

    དང་པོ།་་་་འཚེ་མེད་ཞི་བའི་གོ་དོན་གང་ཡིན་ནམ།
    འཚེ་མེད་ཞི་བའི་གོ་དོན་ནི་ནང་སེམས་ཀྱི་ཐོག་ནས་བྱམས་སྙིང་རྗེ་དང།་ཕྱི་ལུས་པའི་ཐོག་ནས་འཚེ་བ་མི་བྱེད་པ་དེ་ཡིན་ཏེ།་འཕགས་པ་ལྷས།
    མདོར་ན་ཆོས་ནི་མི་འཚེ་བ།།
    དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས།།
    ཞེས་གསུངས་པ་ལྟར།་་དགྲ་གཉེན་གྱིས་བསྡུས་པའི་སེམས་ཅན་ཡིན་ནོ་ཅོག་གི་སྡུག་བསྔལ་སེལ་ཐབས་དང་བདེ་བ་སྒྲུབ་ཐབས་ཀྱི་རིགས་ལམ་ཡོད་པའི་ལྟ་གྲུབ་ཡང་དག་པ་ཞིག་ལ་བརྗོད།

    གཉིས་པ།་་་གང་འདྲ་ཞིག་ལ་འཚེ་བ་སྤངས་པའི་ཐབས་ལམ་ཞེས་བརྗོད་དམ།
    ༡།་་་ཐབས་ལམ་འདི་ནི་དགྲ་ཕྱོགས་ལ་ཡིད་ཞུམ་པའམ་དམའ་འབེབས་བྱེད་པ་ཞིག་མིན་པར།་་ཕ་རོལ་པོའི་བསམ་སྦྱོར་ངན་པ་རྣམས་དྲང་བདེན་དང་རིགས་པའི་ལམ་ནས་ཞི་མོལ་གྱི་སེལ་ཐབས་བྱེད་པའི་མཚོན་ཆ་སྤོང་པའི་ཆོས་སྲིད་གཞི་མཐུན་གྱི་ལྟ་གྲུབ་ཞིག་ཡིན།
    ༢།༌༌༌༌༌འཚེ་བ་སྤངས་པའི་ཐབས་ལམ་དེ་ནི་འགལ་ཟླར་གཡོལ་བ་དང།་་་ཡང་ན་སྣང་མེད་ཟོལ་འཇོག་བྱེད་པའི་འབད་རྩོལ་གྱི་ཐབས་ལམ་ཞིག་མིན།་་་འདི་ནི་ཆོས་སྲིད་ཀྱི་ནང་དུ་ལས་དོན་བྱེད་པ་དང།་་ལྷག་པར་དུ་ནུས་པ་ལྡན་པའི་དབང་ཆའི་ཐབས་ལམ་ཞིག་ཡིན།

    གསུམ་པ།་་་་འཚེ་བ་དང་།་་འཚེ་བ་སྤངས་པའི་ཐབས་ལམ་གཉིས་དབར་ལ་ཁྱད་པར་གང་ཡོད་དམ།
    ༡།་་་་འཚེ་བ་སྤངས་པའི་ཐབས་ལམ་ལ་ལམ་ལྷོངས་ཀྱི་གོ་སྐབས་ཆེ་བ་དང།་་ཁེ་ཕན་ཆེ་བ་སྤྲོད་ཀྱི་ཡོད།
    ༢།་་་་འཚེ་བ་སྤངས་པའི་ཐབས་རྩོད་ཀྱི་སྐབས་སུ་སྲོག་སྐྱོན་འབྱུང་སྲིད་ཀྱང།་་་འཚེ་བའི་ཐབས་རྩོད་ཀྱི་སྐབས་སུ་ཤི་བའི་གྲངས་འབོར་དང།་དངོས་པོ་གཏོར་སྐྱོན་གྱི་གཞི་རྒྱ་སོགས་རྒྱུན་དུ་དེ་བས་ཆེ་བ་ཡོད།
    ༣།༌༌༌༌འཚེ་བ་དང་བཅས་པའི་འཐབ་རྩོད་བྱེད་མཁན་གྱི་ནང་དུ་རྒྱུན་དུ་མི་དར་གཞོན་སྟོབས་ཤུགས་ཅན་ཤ་སྟག་ཡིན་དགོས་ཀྱང།་་་འཚེ་བ་སྤངས་པའི་འཐབ་རྕོད་ཀྱི་ནང་དུ་རྒན་གཞོན་བར་གསུམ་མི་འབོར་ཡོངས་རྫོགས་ཀྱིས་ཆ་ཤས་ལེན་ཐུབ།
    ༤།་་་འཚེ་བ་སྤངས་པའི་ཐབས་ལམ་ནི་ཐབས་ལམ་ལེགས་ཤོས་དེ་ཡིན།
    ༥།་་་་འཚེ་བ་དང་བཅས་པའི་འཐབ་རྕོད་བྱས་པ་དེ་སྲིད་དུ་ཁ་གཏད་པར་འཚེ་བའི་ཐབས་ལམ་བེད་སྤྱོད་གཏོང་རྒྱུའི་གོ་སྐབས་མང་བ་སྤྲོད་ཀྱི་ཡོད།

    ཐུགས་རྗེ་ཆེ།་
    དེ་རིང་དེ་ཙམ་དུ་བྱས་ནས་རྗེས་སུ་མཇལ་ཆོག
    བཀྲིས་བདེ་ལེགས།།

    Reply
  6. ཨ་མྱེ་རྫ་རྒྱ་ says:
    ལོ་ 16 སྔོན།

    རེ་བསྐུལ།
    འཚེ་བ་དང་དྲག་སྤྱོད་ལ་གདོང་ལེན་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཞིག་ཡིན་ལ་དེ་ནི་ང་ཚོ་ཚང་མས་ལས་འགན་གཙོ་བོ་དེ་ཆག་འདུག་ལ་དེ་ཡང་ཁ་ནས་བཤད་པ་ཙམ་མ་ཡིན་པར་ལག་སྟར་བྱེད་དགོས་པ་ལགས་ན་དེའི་ཐོག་ལ་ཚང་མས་ཤུགས་རྒྱག་རོགས་གནོང་།

    Reply
  7. karma dorje says:
    ལོ་ 16 སྔོན།

    འཚེ་བ་ནི་ཕམ་པའོ། ཞི་བ་ནི་རྒྱལ་བའོ། །

    Reply
  8. ཡོན་བྷེ། says:
    ལོ་ 16 སྔོན།

    བཀླགས་ཟིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese