མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྷོ་གྷིལ་དང་རྒྱ་ནག་ཐུག་པ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

བརྡ་འཕྲིན་རིག་པའི་རྒྱལ་པོ་རུ་འབོད་པ་གྷོ་གྷིལ་( google ) ཞེས་པའི་དོ་དམ་ཚོང་གཉེར་ལས་ཁུངས་ཀྱིས་རྒྱ་ནག་ནང་གི་ལས་གཞི་དང་དྲ་འབྲེལ་བརྒྱུད་ལམ་ཁག་མཚམས་འཇོག་བྱ་སྲིད་པའི་ཉེན་བརྡ་བཏང་ཡོད།  

ཉིན་འདི་འགར་རྒྱལ་སྤྱིའི་གསར་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་ཕྱོགས་ནས་བརྡ་འཕྲིན་བརྒྱུད་ལམ་ཁག་ལ་སྟངས་འཛིན་དང་སྔོག་བཤེར། གསང་མྱུལ། ལྟ་རྟོག་འཕྲུལ་ཆས་རིགས་འཛུགས་ཀྱིན་ཡོད་པ་སོགས་ལ་བརྟེན། སྤྱི་འབངས་ཀྱི་བརྡ་འཕྲིན་བེད་སྤྱོད་ཀྱི་རང་དབང་ལ་ཕོག་ཐུག་ཆེན་པོ་གཏོང་གིན་ཡོད་པ་མ་ཟད། གྷོ་གྷིལ་དང་དྲ་འབྲེལ་བརྒྱུད་ལམ་ཁག་ནས་ནག་ཉེས་བསགས་པའི་མ་ཉེས་ཁ་ཡོག་བྱས་ཏེ། དྲ་དམངས་ཚོར་རྡུང་རྡེག་ཕོག་གིན་ཡོད་སྟབས། འབྱུང་འགྱུར་རྒྱ་ནག་ནང་ཡོད་པའི་རྒྱ་ཡིག་གི་གྷོ་གྷིལ་བརྒྱུད་གཏོང་མཚམས་འཇོག་བྱ་སྲིད་པའི་གནས་ཚུལ་བཀོད་འདུག

 

གྷོ་གྷིལ་ཚོང་དོན་ཁང་གིས་བརྗོད་རྒྱུར། སྔར་ལོའི་ལོ་མཇུག་ནས་རྒྱ་ནག་གཞུང་གིས་མི་དམངས་ལ་གྷོ་གྷིལ་དྲ་རྒྱ་བེད་སྤྱོད་ཐད་སྟངས་འཛིན་བྱེད་ཀྱིན་འདུག་པ་མ་ཟད། འཆར་གཞི་དང་དམིགས་ཡུལ་ལྡན་པའི་ཐོག་ནས་གྷོ་གྷིལ་དྲ་རྒྱའི་འཁོར་སྐྱོད་ལ་གནོད་སྐྱོན་བཟོ་བཞིན་ཡོད་པ་གསལ་བོར་ཤེས་ཡོད། རྒྱ་ནག་ནང་ཁུལ་ཙམ་དུ་མ་ཟད་འཛམ་གླིང་གང་སར་ཡོད་པའི་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་དྲ་གནས་ཁག་ལའང་ལྐོག་འཛུལ་དང་འགོག་རྐྱེན་བཟོས་ཡོད། རྒྱ་གཞུང་གིས་མུ་མཐུད་གྷོ་གྷིལ་གཙོས་པའི་བརྡ་འཕྲིན་བརྒྱུད་ལམ་ཁག་ལ་དམ་དྲག་དང་གནོད་སྐྱོན་བཟོ་རྒྱུ་ཡིན་ན། འབྱུང་འགྱུར་རྒྱ་ནག་ནང་དུ་གྷོ་གྷིལ་གྱི་ལས་དོན་སྤེལ་ཁག་པོ་ཆགས་འདུག ད་ལྟའི་རྒྱ་ཡིག་ཐོག་གི་གྷོ་གྷིལ་འཁོར་སྐྱོད་མཚམས་འཇོག་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

གནས་ཚུལ་དེ་ཕྱིར་བསྒྲགས་བྱས་མ་ཐག པེ་ཅིན་ནང་ཡོད་པའི་གྷོ་གྷིལ་ཡན་ལག་ཚོང་དོན་ལས་ཁུངས་ཁག་གི་མི་རྣམས་ཀྱིས་ལག་ཏུ་མེ་ཏོག་བཟུང་སྟེ། སྐོར་སྐྱོད་སྐད་འབོད་ཀྱིས་དགའ་བའི་རྣམ་འགྱུར་བསྟན་ཡོད་འདུག་ཅིང་། གོང་གི་གནད་དོན་དེའི་ཐད་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧེ་ལི་རེ་ཁི་ལིན་ཏོན་གྱིས་ཀྱང་། རྒྱ་ནག་གཞུང་གིས་གྷོ་གྷིལ་དྲ་རྒྱའི་ལས་དོན་ཐོག་ཐེ་ཇུས་དང་། དམ་དྲག་སྟངས་འཛིན་གྱི་བྱ་སྤྱོད་དེ་ནི་ཧ་ཅང་བློ་འཚབ་ཀྱི་རང་བཞིན་ཞིག་རེད། མི་ཚང་མས་དོགས་སོན་དང་དོ་སྣང་བྱ་དགོས་པའི་གནད་དོན་ཞིག་ཆགས་ཡོད་སྟབས། དེར་རྒྱ་ནག་གཞུང་གིས་ངེས་པར་དུ་གསལ་བཤད་ཅིག་བྱ་དགོས་པ་མ་ཟད། ང་ཚོའི་ཨ་རིའི་གཞུང་གིས་ནམ་ཡང་དྲ་རྒྱའི་རང་དབང་ལ་བརྩི་བཀུར་དང་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ཐེངས་འདིའི་གྷོ་གྷིལ་དང་རྒྱ་ནག་གི་གླེང་རྙོག་འདིར་ཨ་རིའི་གཞུང་ལའང་ལས་འགན་ཡོད་པ་རེད། ཅེས་བརྗོད་ཡོད།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༢ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡༨ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 15

  1. ཙན་དན་ལོ་མ། says:
    ལོ་ 17 སྔོན།

    Have you ever wondered what is the meaning of Google? Where did the name google come from? What does google stand for? Google is the name of internet’s most popular search engine and the word Google is derived from GOOGOL.
    Why is Google Called Google?
    Googol is the mathematical term for a 1 followed by 100 zeros. The term was coined by Milton Sirotta, nephew of American mathematician Edward Kasner, and was popularized in the book, “Mathematics and the Imagination” by Kasner and James Newman. Google’s play on the term reflects the company’s mission to organize the immense amount of information available on the web.”

    Goooooooooo,oooooooooo,oooooooooo,oooooooooo,oooooooooo,
    oooooooooo,oooooooooo,oooooooooo,oooooooooo,ooooooooooGle

    is indeed derived from Googol

    10000000000,0000000000,0000000000,0000000000,0000000000,
    0000000000,0000000000,0000000000,0000000000,0000000000.
    Yes, that is 100 zeros!
    བསྔགས་མིང་མ་བཏགས་སྔོན་ལ་གྲངས་ཀ་འདི་ལ་བསམ་བློ་བཏང་ནས་གྲངས་མིང་ཞིག་བཏགས་ན་འོས་པ་མཐོང་། བསྔགས་མིང་རན་པོ་མི་འདུག

    Reply
  2. ཚེ་རིང་། says:
    ལོ་ 17 སྔོན།

    ཨོ་རེད། ད་དུང་། California ཁ་ལེ་ཧྥོ་ནེའུ་ཡཱའི་ཨ་རིའི་མཉེན་ཆས་བཟོ་གྲྭས་ཕྱི་ཚེས་ ༡༢ ཉིན། རྒྱ་ནག་སྲིད་གཞུང་དང་། PCབཟོ་ཚོང་ཁང་ ༧ ཁྲིམས་གཏུགས་བྱས་ཡོད་པར་མ་ཟད། ཨ་སྒོར་དུང་ཕྱུར་ ༢༢ གྱི་ཀུན་གསབ་སྤྲོད་དགོས་ལུགས་ཀྱང་བརྗོད་ཡོད་ཁུ། དེ་མིན་རྒྱ་ནག་ཏུ་འཛམ་གླིང་གི་བརྡ་འཕྲིན་བསྔོགས་འཚོལ་མ་ལག་ཨ་གཉིས་པ་ yahoo ཡཱ་ཧུའུ་ལ་ཡང་བཀག་འགོག་ཐེབས་ཡོད་འདུག

    Reply
  3. མཚོ་ཚང་བཀྲིས། says:
    ལོ་ 17 སྔོན།

    ཙན་ལོ་ལགས་ང་ཚོའི་བོད་སྐད་དུ་གུ་གལ་ལ་མིང་མེད་པ་མ་རེད། བེད་སྤྱོད་མ་བཏང་བ་ཙམ་རེད། དཔེར་ན། ཀླད་ཀོར་ 24 ཅན་གྱི་གྲངས་ལ་དབྱིན་སྐད་དུ་ quadrillion ཟེར་བ་དང༌། ཀླད་ཀོར་ 30 ཅན་གྱི་གྲངས་ལ་དབྱིན་སྐད་དུ་ quintillion ཟེར་། ཀླད་ཀོར་ 100 ཅན་གྱི་གྲངས་ལ་དབྱིན་སྐད་དུ་ google ཟེར་གྱི་ཡོད་པས་སྐུ་ཉིད་ནས་བསམ་བློ་གཏོང་། ལོ།

    Reply
  4. ཚེ་རིང་། says:
    ལོ་ 17 སྔོན།

    ད་ཡིན་ན། ཨ་རྒྱ་གཉིས་དམག་དོན་དང་། སྲིད་ཇུས། བཟོ་ཚོང་། བརྡ་འཕྲིན་ཕྱོགས་ཡོངས་ནས་ཁ་གཏད་དུ་ལངས་ཡོང་གི་འདུག་གཱ ཨ་རྒྱ་གཉིས་ཀྱི་སུ་ཡིན་རུང་འཇུག་རྡེའུ་འཕེན་སྟངས་དེ་བསམ་ཐོག་ལ་ཡོང་གི་མེད་པ་འདྲ། རྒྱ་ནག་གིས་མེ་ཤུགས་འཕུར་མདེལ་སྔོན་འགོག་ཚོད་ལྟ་ལེགས་འགྲུབ་བྱུང་ཡོད་ལུགས་ཀྱི་འུད་ཀྱང་བརྗོད་བཞིན་འདུག ད་ཐེངས་ད། གྷོ་གྷིལ་གྱི་ཐད་ནས་ཨོ་བྷ་མ་དང་ཁི་ལིན་ཊོན་གཉིས་ཀྱིས་ཀྱང་སྐད་ཤོར་འདུག གཞན་ཡང་། ཨ་རིའི་གཞུང་ཕྱོགས་ནས་འཛམ་གླིང་མི་དམངས་ལ་བརྡ་འཕྲིན་དྲ་རྒྱ་བརྒྱུད་དམངས་གཙོའི་གོ་དོན་དང་འབྲེལ་བའི་འགྲན་བསྡུར་གྱི་བྱ་འགུལ་ཞིག་ཀྱང་སྤེལ་བཞིན་འདུག་གཱ ད་སྒང་རིལ་མོ་འདིའི་སྟེང་ཡང་བསྐྱར་རྡུལ་རླུང་ཞིག་ལངས་རན་ནས་བསྡད་ཡོད་ཁུ། འཁྲིགས་ཆེན་ཐེངས་གཅིག་བྱུང་ན་ད་གཟོད་འཛམ་གླིང་འདི་ཡང་བསྐྱར་ཁ་ཕྱོགས་གཞན་ཞིག་ལ་བསྐྱོད་ཐུབ་ངེས།

    Reply
  5. karma dorje says:
    ལོ་ 17 སྔོན།

    ང་ཚོའི་ རྒྱ་ནག་ སྙིང་གཅེས།

    ཁྲིམས་མེད་ལུགས་མེད་རྒྱ་ནག་ལ། །
    ཁྲིམས་ལྡན་དྲ་རྒྱའང་དགྲ་རུ་སྡང། །

    རྒྱ་གཞུང་རྨོངས་གཉིད་མྱུར་སད་ཤོག །

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་རྒྱའི་འཇིག་རྟེན་འདིར། ད་དུང་རྒྱ་ནག་སྲིད་གཞུང་གིས་རང་གི་མི་དམངས་འཇིག་རྟེན་འདི་ནས་འཚོ་རུ་འཇུག་འདོད་མེད་པ་དེ་ནི་ཁོང་ཚོས་རང་གི་མི་རིགས་འདིས་གཞུང་ལ་གྱེན་ལོག་བྱེད་རྒྱུའི་ལས་གཞི་བརྩམ་པ་གཅིག་པ་ཡིན།

    Reply
  7. ཙན་དན་ལོ་མ། says:
    ལོ་ 17 སྔོན།

    དོན་བསྒྱུར་བྱེད་ཐུབ་ན་དེ་བས་ཀྱང་བཟང་གི་རེད། བོད་ལ་མིང་ཚིག་གིས་མ་འདང་བ་མ་ཡིན་པར། བོད་ཀྱི་མི་རྣམས་བྱ་དངོས་ལ་ཆ་རྒྱུས་མེད་པའི་རྐྱེན་གྱིས་མིང་འདོགས་མ་ཤེས་པ་རེད། ནུབ་ཕྱོགས་ཀྱི་ཚན་རིག་སོགས་ལ་མཚོན་ནའང་དང་པོ་བྱ་དངོས་གསར་གཏོད་བྱེད་པ་དང་། བྱ་དངོས་དེ་ལ་མིང་རྗེས་སུ་འདོགས་སྲོལ་ཡོད་པ་ལས། དང་པོ་མིང་བྱུང་། དེ་ནས་ཤེས་བྱའམ་བྱ་དངོས་བྱུང་བ་མ་རེད། བོད་ལ་ཚན་རིག་པ་མེད་པའི་རྒྱུ་མཚན་གྱིས་བོད་སྐད་ནང་ཚན་རིག་གི་མིང་ཚིག་མེད་པ་ལས། མིང་ཚིག་གིས་མ་འདང་བའི་རྒྱུ་མཚན་གྱིས་བོད་ལ་ཚན་རིག་དར་མ་ཐུབ་པ་མ་རེད། མ་གཞི་བོད་ལ་ཚན་རིག་པ་མེད་ན་ཚན་རིག་གི་མིང་ཚིག་དགོས་དོན་ཅི་ཡོད།

    Reply
  8. ཙན་དན་ལོ་མ། says:
    ལོ་ 17 སྔོན།

    རྒོའུ་རྒུལ་ལྟ་བུ་ཡིག་གཟུགས་དྭངས་མ་བྲིས་ན་མི་འགྲིག་དོན་ཅི་ཡོད། གྷོ་གྷིལ་ཞེས་དབྱིག་ཡིག་བསྔགས་ཡིག་ལ་བསྒྱུར་བའི་དགོས་པ་གང་ཡིན་ནམ། ཕྱི་རྒྱལ་གྱི་མིང་ཚིག་ཚང་མ་བོད་ཡིག་ནང་ཕྱི་ལོག་འབྲི་དགོས་ན། ད་ཡོད་ཀྱི་བོད་ཡིག་གི་བརྡ་རྙིང་ཆེས་ཉུང་ཉུང་དང་ཚིག་ཕྲད་ཚོ་ཕུད། དེ་མིན་ཚང་མ་ཕྱི་ལོག་འབྲི་དགོས་པ་ཡིན་ནམ།

    Reply
  9. དབྱངས་བུ། says:
    ལོ་ 17 སྔོན།

    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནམ་གཤིས་འགྱུར་ལྡོག་ནི་དཀའ་ངལ་ཆེ་གྲས་ཤིག་ཡིན་སྐོར་བཀའ་བསྩལ་འདུག

    ཁ་སང་རེས་གཟའ་ལྷག་པའི་ཉིན་སྤྱི་ནོར་༸གོང་ས་མཆོག་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་འདུ་ཞིག་ལ་ཞུགས་གནང་འདུག་ལ།་བོད་ཀྱི་ཁྱགས་རོམ་ནི་ཨེ་ཤེ་ཡའི་ལྷོ་ཕྱོགས་ཀྱི་གཙང་པོ་ཁག་གི་འབྱུང་ཁུངས་ཡིན་གཤིས་དེ་དག་མེད་པར་འགྱུར་བཞིན་པར་ཐུགས་འཚབ་ཡོད་སྐོར་རྒྱ་གར་མངའ་སྡེ་ཨོ་རི་སར་བཀའ་བསྩལ་ཡོད་འདུག

    ཁོང་གིས།་གནམ་གཤིས་འགྱུར་ལྡོག་ནི་དེང་སྐབས་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་ཆེ་གྲས་ཤིག་རེད་ཅེས་གསུངས་ཡོད་འདུག

    Reply
  10. ཆོས་སྒྲོན། says:
    ལོ་ 17 སྔོན།

    ངོ་མ་བཤད་ན། མིག་སྔར་གྷོ་གྷེལ་ནི་རྒྱལ་སྤྱིའི་དྲ་ལམ་མགྱོགས་ཤོས་ཤིག་ཡིན་པ་དང་། བེད་སྤྱོད་ཆེ་ཤོས་དང་སྟབས་བདེ་ཤོས་ཀྱང་ཡིན་པའི་ཆ་ནས་འདིའི་འཁོར་སྐྱོད་ལ་ཚོད་འཛིན་ཐེབས་པ་ནི་བློ་འཚབས་ཀྱི་གནས་ཤིག་རེད།

    Reply
  11. རྟ་རྒྱམ says:
    ལོ་ 17 སྔོན།

    གང་ལྟར་བྱས་ཀྱང་རྒྱ་ནག་གི་ལོ་སྔོན་མ་ནས་གྲ་བསྒྲིགས་བྱས་པ་དེ་ད་ནི་ལག་བསྟར་བྱ་རྒྱུ་ཡིན་པ་སྙམ་ནས་ཞེན་སྣང་སྐྱེས་སོང་།

    Reply
  12. ཡོན་བྷེ། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་ལགས། ཁ་སང་དེ་རིང་ས་ཡོམ་གྱི་གནས་ཚུལ་དང་googleདྲྭ་བ་རྒྱ་ནག་ནས་ཕྱིར་འཐེན་བྱ་སྲིད་སྐོར་གྱི་གསར་འགྱུར་གཉིས་གསར་འགྱུར་ཆེ་ཤོས་ཆགས་འདུག ས་ཡོམ་སྐོར་གྱི་གསར་འགྱུར་ལེགས་པོ་དང་འཐུས་ཚང་བཀོད་འདུག ཡིན་ཡང་googleདྲྭ་བའི་སྐོར་གྱི་གསར་འགྱུར་འདི་ཁ་ཚང་ཞིག་ཆགས་མེད་པའི་ཚོར་བ་སླེབས་སོང་། ད་དུང་རྒྱུས་ལོན་ཞིབ་ཙམ་བྱས་ནས་གནས་ཚུལ་རྒྱས་ཙམ་འགོད་རོགས་ཞུ་རྒྱུ་ཡིན།

    Reply
  13. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    ད་ལྟ་དངོས་སུ་དྲ་ལམ་གྱི་དམག་འཁྲུག་ལངས་བཞིན་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་རྩིས་འཕྲུལ་ཆེ་ཆུང་གང་ཞིག་ཡིནའང་། འདི་ལ་རང་མགུལ་སྲུང་སྐྱོབ་ཀྱི་ནུས་ཤུགས་ཡོད། འོན་ཀྱང་དེང་སེང་གི་སྐབས་སུ་དྲ་འབུ་ཚོའི་དྲ་རྐུན་གྱི་ཐབས་ཤེས་སྣ་ཚོགས་བཟོས་ནས་གཞན་གྱི་རྩིས་འཕྲུལ་དང་དྲ་ལམ་སོགས་ཀྱི་གསང་བ་ཉུལ་བཞིན་ཡོད།
    གནས་ཚུལ་འདི་དང་རྒྱ་གཞུང་གི་ google དྲ་ལམ་སོགས་ཐེ་གཏོགས་བྱེད་སྟང་འདི་གཉིས་ཀྱི་དམིགས་ཡུལ་སོ་སོ་ཡིན་ལ། དྲ་འབུ་ཡང་སོ་སོ་ཡིན་པ་འདི་ཤེས་དགོས་སྙམས།

    Reply
  14. ཆུ་ཐིགས་སྔོན་མོ། says:
    ལོ་ 17 སྔོན།

    དེ་རིང་གྷོ་གྷིལ་དྲ་འབུ་ཞིག་ངའི་གློག་ཀླད་ནང་དུ་འཛུལ་འདུག་པས་ངས་ཉིན་གང་བཙལ་ཏེ་ད་ལྟ་རང་རེག་སོང་་་་འདིའི་གདོང་དབྱིབས་ལ་བལྟས་ན་རྒྱ་མི་འདྲ་ཞིག་རེད་་་པེ་ཅིན་ནས་མངགས་ནི་ཞིག་ཡིན་ས་རེད་་་་་་རླུག་ཤུབས་རྙིང་བ་ཞིག་ཡོད་དེའི་ནང་ལ་བཅུག་བཞག་ཡོད། ་

    Reply
  15. བསེ་རུ། says:
    ལོ་ 17 སྔོན།

    འབྱུང་འགྱུར་དྲ་རྒྱའི་དམག་འཁྲུག་ལངས་སྲིད་པ་ཞིག་རེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese