མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལག་སྟོང་གི་ཁྲོད་ཀྱི་ང་།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

འདི་ནས་ཕར་ལ་སོང་བའི་་ཕྱིར་ཉིན་ནས།།
ཚུར་ལ་འཁོར་བའི་ཤེས་པ་རེག་སྲིད་དམ།།
དེ་འདྲའི་བསྐོར་ལ་བསམ་བློ་གཏོང་ཐེངས་རེར།།
མགོ་བོའི་ནང་དུ་ནག་ཐིགས་ཤིག་ལས་མེད།།

ཡུན་རིང་འདྲིས་ཤིང་གཤིབ་པའི་ཚོར་བ་འདིས།།
དགོས་པའི་དོན་ཞིག་བྱེད་པར་སྤོབས་པ་ཡི།།
འདང་གི་མེད་པའི་མྱོང་བ་ཐོབ་ཐེངས་རེར།།
རང་གིས་གཟུགས་ཀྱི་བདག་པོར་རེ་བ་སྟོང་།།

ཁ་ཁར་མ་གྱེས་ཡར་སྔོན་སྙིང་གཏམ་བཤད།།
གྱེས་པའི་ཉིན་དེར་སྙིང་གཏམ་སེམས་ལ་བྲིས།།
བྲིས་པའི་རི་མོ་ཆུ་ལ་བརྐོས་མེད་ཀྱང་།།
མི་རྟག་ལང་ཚོ་འདི་ལ་ཡིད་བརྟན་བྲལ།།

ཟུག་ནས་འཕགས་དེ་སྐར་མའི་ཚོགས་ལ་བལྟས།།
གྲང་ནས་རུམ་གྱི་དྲོད་ཁོལ་ཕྱི་ལ་ཤོར།།
རིན་མེད་སྟོང་གི་ཨག་སྐད་སྐྱ་མོ་འདིས།།
ཤོག་དཀར་ངོས་སུ་བདག་མེད་ལུས་པ་མཐོང་།།

སྐྱི་མོ་འདི་ལ་འཐག་པའི་བྲན་གཤིས་ཤིག།
དྲན་གཤིས་འདི་ལ་འཐམ་པའི་དར་སྐུད་ཅིག།
དར་སྐུད་དེ་ཡི་སྣེ་རུ་འཕྱངས་པ་ཡིས།།
སེམས་ཀྱི་འདུས་མདོ་ཞིག་ནས་ཁེར་རྐྱང་གྱུར།།

དྲན་ན་གཟོད་དུ་དཀའ་བའི་མྱ་ངན་རེ།།
བསམ་ན་གཟེར་ནག་རྒོད་པའི་སྟོང་བསམ་རེ།།
བྲིས་ན་ཡིག་ནོར་སྟོང་གི་གད་སྙིགས་ཤིག།
ཟིན་བྲིས་ནང་ན་ཡང་ཡང་ལག་སྟོང་ཡིན།།

ཐག་རིང་འཁོར་བའི་གཞི་ཞིག་ངས་མ་འདོད།།
ཉེ་སར་འདྲིས་ཤིང་གཤིབ་པའི་སེམས་ཤིག་ལ།།
ཕྱི་ནང་གསང་གསུམ་འབུལ་རྒྱུ་བྱུང་ཉིན་ནས།།
ལུས་པོ་འདི་ཉིད་སྐྱུར་ཡང་འགྱོད་རེ་མེད།།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 32

  1. choekyi gyantsen says:
    ལོ་ 15 སྔོན།

    བཀླགས་ཚར།

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    སྤུན་ཟླ་ཚོ། འདི་རུ་ཕེབས་པ་དགའ་ནས་ཡོད། ཡང་ཡང་ཕེབས་ནས་བསམ་ཚུལ་གང་ཡོད་གསུང་རོགས་ཞུ་ལགས།

    Reply
  3. chokri nyima says:
    ལོ་ 15 སྔོན།

    16.01.2010
    དུས་བབ་དྲ་རྒྱ་འདི་ནི་བོད་ཀྱི་གནད་དོན་ལ་ཕན་ཐོག་ཡོད་པའི་དྲ་ཁང་ཞིག་དང་མཁས་དབང་མང་པོས་རང་གི་ལ་རྒྱ་དང་ཕུང་བསམ་གྱི་བགྲོད་གླེང་བཤད་ས་ཤིག་དང་བོད་ཡིག་གི་དྲ་ཁང་ཡག་ཤོས་ཤིག་རེད་འདོད།
    རང་རང་གིས་རྣམ་དཔྱོད་ཀྱི་རྩལ་ལས་དཔག་པས་བོད་སྤྱི་དོན་གྱི་གནད་དོན་རེ་དང་ཕུང་བསམ་གྱི་སྒྲུབ་བྱ་རེ་གླེང་དང་གླེང་བཞིན་པ་རེད་འདུག
    ཡིན་ཡང་ཁ་བཤད་ཆུ་ཡི་ཝུ་བ་ལག་ལེན་གསེར་གྱི་ཐིགས་པ་ཞེས་པར་བཞིན་དུ་བཙན་བྱོལ་ནང་གིས་མཁས་དབང་ཚོས་དྲ་ཐོག་ཏུ་བོད་སྤྱིར་ཕན་པའི་གནད་དོན་ཅི་ཙམ་གླེང་ཁུལ་བྱས་ཀྱང་དོན་དངོས་ཐོག་ལག་ལེན་ཡོང་མི་ཐུབ་པ་ཞིག་ཏུ་མཐོང་།
    དུས་བབ་ཟིན་བྲིས་ནང་དུ་བོད་མི་དམངས་སྤྱི་འཐུས་ཚོ་གཙོ་ཟིན་བྲིས་པ་བརྒྱ་ལྷག་ཡོད་པ་དང་མཆན་འདེབས་པ་ཡང་མི་ཉུང་བ་ཞིག་འདུག
    ཁོང་རྣམས་པ་ནི་ཡོན་ཏན་ལྡན་པའི་སྐྱེ་བོ་རེད་འདུག་ལ་བོད་མི་རིགས་ཀྱི་འགན་ཁུར་བའི་བོད་མི་ཚད་ལྡན་ཤ་ཏག་རེད་འདུག་སྙམ།་་་་་་་་་་་་་ཡིན་ཡང་མཁས་དབང་དགེ་ཆོས་ཀྱིས་གསུངས་པ་ལྟར།
    ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་གཏམ། བླུན་པོ་ནོར་སྐྱ་ཁུར་བའི་དབང་ཤུགས་ཀྱིས་བཅོམ་དེ།
    ཞེས་པར་བཞིན་དུ་དེང་སང་བཙན་བྱོལ་སྤྱི་ཚོགས་ནང་དུ་བླུན་པོ་ནོར་སྐྱ་ཅན་གྱི་སྤྱི་འཐུས་དང་ལས་བྱེད་པ་མང་པོ་ཡོད་པས་ཤེས་བརྩོན་ཐོས་པ་ཅན་གྱི་ཕུང་བསམ་གྱི་སྒྲུབ་བྱ་དེ་ལག་ལེན་ཐོག་ཏུ་ཡོང་མི་ཐུབ་པ་འདི་ནི་འགག་རྩ་ཅིག་ཏུ་མཐོང་།
    དཔེ་ན་སྐུ་སྒེར་གྱི་དྲ་རྒྱའི་ཐོག་ཏུ་བོད་ཡིག་དགོས་ཀྱིན་འདུག་ཞེས་ཟིན་བྲིས་པ་དང་མཆན་འདེབས་པ་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱི་ཐོག་ནས་འབད་བསྐུལ་ཞུས་སོང་།
    ཡིན་ཡང་བླུན་པོ་ནོར་སྐྱ་ཁུར་བའི་དབྱིན་སྐད་ཅན་ཚོས་ཨ་ལན་ཡོད་ཚད་མི་འདུག
    ཟིན་བྲིས་པ་དང་མཆན་འདེབས་པ་མཁས་དབང་བརྒྱ་ལྷག་གིས་རེ་བསྐུལ་དེར་ནུས་པ་མེད་པ་དང་ལག་ལེན་མེད་པ་ཞིག་ཡིན་དུས་ཡོན་ཏན་ཅན་གྱིས་བོད་མི་ཚོས་སྤྱི་ཚོགས་ཀྱི་ཁ་ཕྱོགས་ཁྲིད་མི་ཐུབ་པ་འདི་ནི་དངོས་གནས་གནས་ཚུལ་ཐབས་སྡུག་ཞིག་རེད་འདོད།
    ང་ཅོ་རིས་བསམ་ཚུལ་བཤད་ན་དུས་བབ་དྲ་རྒྱའི་ནང་གི་ཟིན་བྲིན་པ་དང་མཆན་འདེབས་རྣམས་ཀྱི་ཚོགས་པ་ཞིག་དང་སྒྲིག་འཛུགས་ཤིག་འགན་འཛིན་ཞིག་དང་རྒྱབ་སྐྱོབ་ཤིག་ཡོད་པ་ཡིན་ན་ཟིན་བྲིས་པ་མཁས་དབང་ཚོའི་ཕུང་བསམ་གྱི་སྒྲུབ་བྱ་དེ་སྒྲུབ་ཐུབ་ཀྱི་ནུས་པ་ཡོང་གིན་རེད་དྲན།
    སྒྲིག་གཞི་ལྡན་པའི་དུས་བབ་དྲ་ཐོག་གི་རྩོམ་བྲིས་པའི་ཚོགས་པ་ཞིག་འཛུགས་ན་ཡག་པོ་རེད་འདོད།
    འདི་ནི་ང་ཅོ་རིས་དྲ་གྲོགས་རྣམས་དྲན་སྐུལ་གྱི་ཚུལ་དུ་ཡིན་པས་ཁྱེད་རྣམས་ཀྱིས་དགོངས་ཚུལ་ཅི་ནས་ཀྱང་ཡོད་མཁྱེན་མཁྱེན།།།།།

    Reply
  4. Dre Sha Zen says:
    ལོ་ 15 སྔོན།

    ཧ་ཧ་ཧ་ཧ་་་་ད་རྣམ་པ་བཟང་པོ་འདྲ་ཐོན་འགྲོ་ཡི་འདུག་་་ཡག་གི་་་་ཡག་མོ་རེད་འདུག

    Reply
  5. samkhar says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ཤ་ཁྲག་རུས་གསུམ་གཉིས།།
    བགྲོ་གླེང་སྟེགས་བུར་འཚང་ག་ཤིག་ཤིག་གིས།།
    དོན་ལྡན་གཏམ་གླེང་བྱེད་པའི་དུས་ཐོག་དེར།།
    རྨི་ལམ་ཞིང་དུ་ལུས་པའི་བསེ་རུ་སྐྱོ།།

    Reply
  6. kawakampo says:
    ལོ་ 15 སྔོན།

    སྙན་ངག་ཟེར་ནོ་རེད་འདི་འདྲ་ཞིག་ཡིན་ན་དོན་སྙིང་ལྡན་གི
    ངོ་མ་སྙན་ངག་ལྷ་མོས་བསྲུང་བར་ཤོག
    བདག་གིས་ནི་འདི་ལྡར་་་
    ལམ་དབུ་མའི་འཇུག་སྒོ་བཙལ་བཞིན་གདའ།།
    ངག་སྦྱོར་བའི་ལས་ལ་བརྩོན་བཞིན་གདའ།།
    ལས་མཐུན་པའི་སྙིང་གྲོགས་ལྷ་མོ་ཞིག།།
    ཚེ་འདི་ལ་མཇལ་བའི་སྨོན་འདུན་ཡོད།།

    Reply
  7. kawakampo says:
    ལོ་ 15 སྔོན།

    སྙན་ངག་ཟེར་ནོ་རེད་འདི་འདྲ་ཞིག་ཡིན་ན་དོན་སྙིང་ལྡན་གི
    ངོ་མ་སྙན་ངག་ལྷ་མོས་བསྲུང་བར་ཤོག
    བདག་གིས་ནི་འདི་ལྡར་་་
    ལམ་དབུ་མའི་འཇུག་སྒོ་བཙལ་བཞིན་གདའ།།
    ངག་སྦྱོར་བའི་ལས་ལ་བརྩོན་བཞིན་གདའ།།
    ལས་མཐུན་པའི་སྙིང་གྲོགས་ལྷ་མོ་ཞིག།།
    ཚེ་འདི་ལ་མཇལ་བའི་སྨོན་འདུན་ཡོད།།

    Reply
  8. tsering says:
    ལོ་ 15 སྔོན།

    བཀླགས་ཏེ་བུད།

    Reply
  9. kawakampo says:
    ལོ་ 15 སྔོན།

    དྲ་གྲོགས་ཤ་ཁྲག་གིས་ངོ་མ་སྙན་ངག་ཟེར་ནོ་བྲིས་འདུག་འདི་མོ་ཞིག་ཡིན་ན་དོན་
    སྙིང་ལྡན་གི་སྙག་ངག་ལྷ་མོའི་གྲོགས་བྱེད་ཤོག།
    ངག་ཚིག་སྦྱོར་གནད་ཀ་བྱང་ནས་གདའ།།
    ལས་རྩ་བའི་དོན་དང་མཐུན་ནས་གདའ།།
    དོན་གང་ཞིག་གོ་དོན་རྟོགས་ནས་གདའ།།
    ལམ་དབུ་མའི་འཇུག་སྒོ་བཙལ་བཞིན་གདའ།།

    Reply
  10. sha tak ri sim says:
    ལོ་ 15 སྔོན།

    སེམས་ལྷོད་དུ་ཞོག་ལ་ཉལ་དུ་སོང་།།
    ལུས་ལྷོད་དུ་ཞོག་ལ་འདང་ཞིག་རྒྱོབས།།
    ཝ་འདྲ་བའི་སྲིད་གཞུང་ངན་པ་དེ།།
    ད་མི་རིང་གཏོར་བའི་ཐབས་ཤེས་ཤིག།
    ལམ་དབུ་མའི་གོང་དུ་ཡོད་འདོད་ན།།
    ད་དེ་ཡི་སྐོར་ཞིག་ཞིབ་དུ་ཕྲིས།།
    དེ་མ་གཏོགས་རྒྱ་ངན་སྲིད་གཞུང་དེ།།
    སྟག་དམར་ཡག་ཟེར་ནས་མ་འདོད་ཅིག།
    མི་ཟེར་བ་འདྲ་འདྲ་ཡིན་ན་ཡང་།།
    ལས་དབའ་ངར་ལག་ལེན་བྱེད་ཕྱོགས་དང་།།
    སེམས་བསམ་པའི་འགུལ་བསྐྱོད་བྱེད་ལུགས་ཤིག།
    དོན་དམ་པའི་གཏན་ལ་མ་ཕབ་ན།།
    ཁ་ཅི་ཤར་ཁ་ནས་བཤད་ནུས་ཀྱང་།།
    ཆུ་ཁ་ཡི་ཝུ་བ་ཇི་བཞིན་ཡིན།།
    དོན་དེ་ལྟར་དགོངས་ལ་ཉལ་དུ་སོང་།།
    རྒྱ་སྲིད་གཞུང་ངན་པས་མི་གསོད་རིགས།།
    བྱེད་སྡུག་པའི་སྤྱོད་ངན་མ་སྤངས་ན།།
    ད་རིང་བོར་མི་འགོར་རྒྱ་རིགས་ཚོས།།
    རང་སྲིད་གཞུང་ངན་པ་ངོ་རྒོལ་གྱིས།།
    དཔོན་ངན་པའི་གཞུང་ལུགས་རྩ་བ་ནས།།
    གཏོར་མི་གཏོར་ཐེ་ཚོམ་བྱེད་མི་དགོས།།
    དོན་དེ་ལྟར་བསམ་བློ་གཏོང་ཞོར་དུ།།
    མགོ་རུམ་དུ་བཅུགས་ནས་ཉལ་དུ་སོང་།།

    Reply
  11. chokri nyima says:
    ལོ་ 15 སྔོན།

    སྟག་ལུག་གཉིས་བར་གྱི་དབུ་མའི་ལམ།
    ལུག་ཐུང་པ་དྲང་བདེན་ལེ་ཡོད་དེ།
    སྟག་དམར་ཡས་ལུག་ཤ་མ་སྤངས་ན།
    ལུག་ཐུང་པས་དྲང་བདེན་བཤད་ས་མེད།

    གོ་ཨེ་བྱུང་ལུག་ཤ་ཁྲག་གསུམ་ལགས།
    གོ་ན་ཅོ་རིས་དྲང་བཤད་ཡིན།
    མ་གོ་གླུ་ལ་ཡང་ཞུ་མེད།
    རྗེས་མ་མཇལ་བའི་སྨོན་ལམ་ཡོད།

    Reply
  12. sha tak ri sim says:
    ལོ་ 15 སྔོན།

    ལོ་ཉིས་བརྒྱད་ལོ་ཡིས་འགུལ་བསྐྱོད་དེས།།
    བོད་འཛམ་གླིང་འདི་རུ་ད་དུང་ཡང་།།
    གསོན་ཡོད་པ་བདེན་དབང་བྱས་པ་ཙམ།།
    ད་དེ་ཙམ་ཞིག་གི་མི་ཡོང་དེ།།

    བོད་ཕྱི་ནང་གང་དུ་ཡོད་མཁན་གྱི།།
    སྐྱ་སེར་སྐྱ་ཕོ་མོ་དབྱེར་མེད་ཀྱིས།།
    རང་སོ་སོའི་ལས་ཀྱང་རྩ་ཆེ་བ།།
    བོད་ཆེན་པོ་ཚང་གི་དོན་བསམ་ན།།

    རྒྱ་ནག་པོའི་གཞུང་གི་གསད་ཀྱང་རང་།།
    གཅིག་ཤི་བོའི་རྗེས་ཀྱི་གསོན་པོ་ཚོས།།
    རང་མི་རིགས་ཤིག་གི་འཆི་གསོན་ལ།།
    རང་མི་ལས་སྐྱོབས་མཁན་མེད་པ་དེ།།

    མིག་ཕྲ་མོ་གཉིས་ཀྱིས་མཐོང་ངེས་རེད།།
    སེམས་བསམ་པའི་གཏིང་ནས་ཤེས་ངེས་རེད།།
    བོད་མི་རིགས་བདེན་དོན་འགྲུབ་ཆེད་དུ།།
    རང་སེམས་ལ་དམ་བཅའ་འཇོག་ངེས་ཡིན།།

    མི་གཞན་ལ་རེ་ནས་མིི་བསྡོད་པར།།
    རང་རྐ་ལག་གཉིས་ཀ་འགུལ་ངེས་ཡིན།།
    དེ་འགུལ་བའི་ཕྱོགས་ཀྱང་ཡར་རྒྱས་ཤིག།
    ཐབས་གཞན་ལས་མཆོག་དུ་གྱུར་བ་ཡིས།།

    ལམ་དབུ་མའི་ལེགས་བྱང་ལ་བརྟེན་བཞིན།།
    རྗེ་རྒྱལ་བའི་བཀའ་ལས་མ་དགོངས་པར།།
    མ་སྐྱེ་འགྲོའི་སྲོག་ལ་མ་རྒོད་པར།།
    མི་འགྲོ་བའི་ཐོབ་སྟངས་ལེན་ངེས་ཡིན།།

    Reply
  13. chokri nyima says:
    ལོ་ 15 སྔོན།

    བོད་མི་རིགས་འགུལ་བསྐྱོད་རྒྱག་ནས་ཡོད།
    ལས་ཅི་བྱས་2008་ལ་གཟིགས།
    གཞན་རྣམས་ཀྱིས་མིག་གིས་མཐོང་བཞིན་དུ།
    བོད་བདེན་པའི་དཔང་རྟགས་དགོས་ལེ་མིན།

    ལུག་འགུལ་བསྐྱོད་མ་རྒྱག་མ་རེད་དོ།
    ལུག་འགུལ་ནས་རང་སྲོག་སྐྱལ་བཞིན་ཡོད།
    སྟག་དམར་ཡའི་ཚང་གི་སྒོ་རྩ་ན།
    ལུག་གཡང་ཀས་སྐད་འབོད་ཡིད་རེ་སྐྱོ།

    Reply
  14. sha tak ri sim says:
    ལོ་ 15 སྔོན།

    གཞན་རྣམས་ཀྱིས་མ་མཐོང་མ་རེད་དེ།།
    རང་མི་ཡིས་བདེན་དབུང་མཐའ་བསྐྱེལ་ཞིག།
    དེ་བྱེད་པའི་ནུས་པའི་མ་འདང་སྟབས།།
    ཁ་བཙུམ་ནས་མི་བསྡོད་རང་བསྡོད་ཆགས།།

    Reply
  15. sha tak ri sim says:
    ལོ་ 15 སྔོན།

    རྒྱ་སྲིད་གཞུང་ངན་པ་ག་དུས་ཀྱང་།།
    སྟག་ངར་མའི་དཔེ་ལ་མི་འོས་པ།།
    ལུས་དུད་འགྲོའི་ཚོགས་ལ་དཔེར་ལོངས་ཤིག།

    བོད་མགོ་ནག་རང་གི་འགུལ་བསྐྱོད་ཅིག།
    རྒྱག་མ་ཐུབ་གཞན་ལ་རེ་བ་ཡིས།།
    གཞན་མི་ཡིས་དེ་ལྟར་བཤད་པ་རེད།།

    Reply
  16. chokri nyima says:
    ལོ་ 15 སྔོན།

    སྟག་དམར་ཡས་ལུག་ཕྲུག་གསོད་བ་དེ།
    གཞན་རྣམས་ཀྱིས་མ་མཐོང་མ་རེད་དེ།
    སྟག་དམར་ཡག་སྟོབས་ཤུགས་ཆེ་བའི་རྐྱེན།
    གཞན་རྣམས་ཀྱིས་མ་མཐོང་མདོག་མདོག་བྱས།

    Reply
  17. chokri nyima says:
    ལོ་ 15 སྔོན།

    རྒྱ་ཝ་ལ་མི་དཔེ་སྟག་ལ་དཔེ།
    སྟག་དམར་ཡག་འདྲ་ལེ་སྟོགས་ཤུགས་ཡོད།
    སྟག་དམར་ཡག་འདྲ་བའི་ངར་སྐད་དེས།
    མི་ནག་པོའི་སྡར་སྐད་ཤོར་བཞིན་ཡོད།

    ནུབ་ཨ་རིའི་ཟེར་རྒྱང་གྲགས་ཅན།
    མི་སྡར་མ་ཨ་རིའི་དཔོན་ནག་དེས།
    རྒྱ་སྟག་མོས་ངར་སྐད་རྒྱག་ཉིན་མོ།
    བོད་ལུག་ཤ་སྟག་ལ་ཕུལ་བཞིན་འདུག

    Reply
  18. sha tak ri sim says:
    ལོ་ 15 སྔོན།

    ཝ་འདྲ་བའི་རྒྱ་ངན་སྲིད་འཛིན་ཚོས།།
    དོན་ཅི་བྱེད་གཞན་མིས་མི་ཤེས་ཆེད།།
    རང་མི་རིགས་རྒྱ་ནག་ཁྲི་འབུམ་ལ།།
    དུས་རྒྱུན་དུ་མགོ་སྐོར་གཏོང་བ་དང་།།
    དུས་ངེས་མེད་རྫུན་བཟོའི་ལས་ཀ་ཡིས།།
    ལོ་ཉིས་བརྒྱད་ལོ་ཡི་གྲུབ་འབྲས་དེ།།
    ད་ཇེ་གསལ་ཇེ་གསལ་ཡོང་བ་དེ།།
    ལམ་དབུ་མའི་བདེན་པ་བརྡར་སྟངས་རེད།།

    Reply
  19. chokri nyima says:
    ལོ་ 15 སྔོན།

    སྟག་དམར་ཡས་མདུན་གྱི་ལག་ལེན་དུ།
    ཡང་མིན་ན་གཅིག་ཤི་གཅིག་གསོན་རེད།
    ཡང་མིན་ན་བྲོས་ནས་འགྲོ་རྒྱུ་རེད།
    དེ་མིན་ན་2008་བཞིན་རེད།

    Reply
  20. sha tak ri sim says:
    ལོ་ 15 སྔོན།

    རྒྱ་ནག་པོ་ཝ་མོ་ཡིན་ན་ཡང་།།
    ཀུ་བཏབ་ན་བྲོས་དེ་འགྲོ་མཁན་མིན།།
    ཁ་ཕྱིར་ལ་སྐོར་ནས་འཐབ་མཁན་མིན།།
    ལས་ཅི་བྱེད་ལྐོག་བྱེད་ཝ་མོ་ཡིན།།

    Reply
  21. chokri nyima says:
    ལོ་ 15 སྔོན།

    རྒྱ་དམར་པོ་ཝ་བཞིན་ཡིན་པས་ན།
    ཁྱེད་ཤ་རུས་ཀུ་ཞིག་རྒྱག་ཤོག་དང།
    ཝ་རྒྱ་ནག་བྲོས་ནས་འགྲོ་གིན་རེད།
    བོད་རང་བཙན་ཁྱེད་ཀྱིས་ལེན་ངེས་རེད།
    ཧཧཧཧཧཧཧ

    Reply
  22. sha tak ri sim says:
    ལོ་ 15 སྔོན།

    སྟག་དམར་ཡག་འདྲ་ཞིག་ཡིན་རབས་མེད།།
    ཝ་གཡོ་སྒྱུ་ཅན་གྱི་སྲིད་གཞུང་དེར།།
    ངེད་བོད་མི་ཉམ་ཐག་སྙིང་རྗེ་ཅན།།
    འགྲོ་རིགས་དྲུག་ཡི་གེ་འདྲེན་པ་ལས།།
    དོན་ལག་ལེན་ཕྱོགས་སུ་འབད་ཐུབ་ཚེ།།
    ལམ་དབུ་མའི་གྲུབ་དོན་རྟོགས་ངེས་ཡིན།།
    རྗེ་རྒྱལ་བའི་ལམ་སྟོན་ཤེས་ངེས་ཡིན།།
    འཚེ་མེད་པའི་བྱ་འགུལ་སྤེལ་ངེས་ཡིན།།
    དུས་བསྐལ་བ་འགྱུར་ཡང་རང་རིགས་ཆེད།།
    མི་འདྲ་འདྲའི་ནང་གི་མི་འདྲ་ཞིག།
    དེ་ཆགས་པར་ང་ལ་ཡིད་ཆེས་ཡོད།།

    Reply
  23. chokri nyima says:
    ལོ་ 15 སྔོན།

    རྒྱ་དམར་གཞུང་དམར་ཡག་སྟག་དང་མཚུངས།
    བོད་མི་རིགས་གཡང་དཀར་ལུག་དང་མཚུངས།
    སྟག་དམར་ཡས་སྙིང་རྗེ་ཨེ་ལྟ་ཞེ།
    སྟག་དམར་ཡས་ལུག་ཤ་ཨེ་སྤངས་ཞེ།
    སྟག་དམར་ཡས་རང་དོན་མ་སྤངས་ན།
    ལུག་ཐུང་པས་དབུ་མ་ག་ན་ཡོད།

    Reply
  24. sha tak ri sim says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས།
    སྟག་དམར་ཡག་ཟེར་ནོ་གང་ལ་ཟེར།།
    རྒྱ་ནག་པོ་ཟེར་གྱི་ཡོད་ན་ནི།།
    སྟག་དམར་ཡག་ཡིན་ན་གཡོ་སྒྱུ་མེད།།
    རྒྱ་ནག་པོ་གཡོ་སྒྱུའི་ཕྱུག་པོ་ཡིན།།

    ད་དེ་འདྲའི་རྒྱ་ལ་དམར་ཡག་སྟག།
    དེ་ཟེར་ནས་འབོད་རྒྱུ་གནོང་ན་འོས།།
    ད་དེ་ལས་རྒྱ་ནག་སྲིད་གཞུང་འདི།།
    ཝ་གཡོ་སྒྱུ་ཅན་གྱི་སྲིད་གཞུང་རེད།།

    Reply
  25. chokri nyima says:
    ལོ་ 15 སྔོན།

    སྟག་དམར་ཡག་མདུན་སླེབས་ཉིན་མོ།
    ཡང་མིན་ན་རང་ཉིད་ཤི་དགོས་རེད།
    ཡང་མིན་ན་སྟག་དམར་གསོད་དགོས་རེད།
    ལས་དེ་གཉིས་མ་གཏོགས་འགྲོ་ས་མེད།

    དེའི་བར་ན་འགྲོ་ལམ་ཡོད་མདོག་དེ།
    བུ་རང་ཉིད་ཤི་བའི་སྔ་ལྟས་རེད།
    རིགས་རུས་པ་ཆད་བའི་ཕྱི་ལྟས་རེད།
    འདི་འཛམ་གླིང་སྤྱི་ཡི་ཆོས་ཉིད་རེད།

    Reply
  26. sha tak ri sim says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས། ད་དགད་དེ་བསྡོད། དེ་མིན་གང་ཡོད་ཧཧཧཧ

    Reply
  27. chokri nyima says:
    ལོ་ 15 སྔོན།

    ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  28. sha tak ri sim says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས།
    གཞན་གསད་དེ་རང་དབང་དགོས་འདོད་མེད།།
    རང་གསད་པ་དེ་བས་མཐོང་འདོད་མེད།།
    ཤི་གསོན་པོའི་བར་གྱི་འཐབ་ར་འདི།།
    ལམ་དབུ་མའི་སྟེང་ནས་ལག་ལེན་འདོད།།

    Reply
  29. chokri nyima says:
    ལོ་ 15 སྔོན།

    གྲོགས་སྐྱབས་བཅོལ་ཤ་ཁྲག་རུས་ལགས།
    རང་ཉལ་ནས་སྟོང་བསམ་འཁོར་བའི་དུས།
    བུ་རང་ཉིད་གེ་སར་བཞིན་དུ་སྤྲུལ།
    གླིང་དཔའ་རྟུལ་སུམ་ཅུའི་དམག་གྲལ་སྒྲིག
    དམག་སྣ་རྒྱ་ནག་ཡུལ་ལ་ཁྲིད།
    རྒྱ་དཔོན་ཕག་པ་གསོད་གསོད་ཀྱིས།
    རྒྱ་ཕྲུག་ཕག་ཕྲུག་བཟུང་བཟུང་བཟོས།
    རྒྱ་ཡུལ་ཐམས་ཅད་རྩ་མེད་བཟོས།
    དེ་འདྲ་བའི་སྟོང་བསམ་འཁོར་བ་ན།
    སྐབས་རེ་ལ་རང་གི་སྙིང་ནད་སངས།
    ཧཧཧཧཧཧཧཧསྟོང་བསམ་དེ་དེ་འདྲའི་སྐྱིད་བ་ལ།

    Reply
  30. chokri nyima says:
    ལོ་ 15 སྔོན།

    དབང་མེད་པར་མགོ་ནག་བོད་ལ་སྐྱེས།
    བསམ་མེད་ཀྱང་གཞན་ཡུལ་ལས་ལ་སྐོས།
    ལས་གཞན་དབང་ཅན་གྱི་མི་ཚེ་འདིས།
    ལས་རང་དབང་ཞིག་ལ་འབད་བརྩོན་བྱས།

    སྟོབས་དཔལ་འབྱོར་འོག་གི་འཛམ་གླིང་འདིར།
    སྐྱིད་རེ་ནས་ཁྱི་འཁྱམ་བཞིན་དུ་རྒྱུག
    དངུལ་བསམ་ནས་ཐྭ་ལུ་ཡིན་ཡང་ཁྲིས།
    སྐྱིད་མེད་ངེས་སྐྱབས་བཅོལ་མི་ཚེ་རེད།

    སྐྱིད་རང་དབང་འདི་ལ་བལྟས་བལྟས་ནས།
    མིག་ཁྲ་ཆུང་དབང་པོ་ཉམ་བཞིན་ཡོད།
    བོད་རང་དབང་འདི་ལ་བསྒུགས་བསྒུགས་ནས།
    མགོ་སྐྲ་ལོང་དཀར་པོ་ཆགས་བཞིན་ཡོད།

    ལུས་ཕུང་པོ་ཉལ་ས་ནུབ་ཕྱོགས་རེད།
    སེམས་བསམ་པ་རྒྱུག་ས་ཤར་ཕྱོགས་རེད།
    ལུས་སྡོད་སར་སེམས་པ་མི་གནས་བ།
    འདི་གསར་འབྱོར་བ་ཡི་མི་ཚེ་རེད།

    Reply
  31. sha tak ri sim says:
    ལོ་ 15 སྔོན།

    སྡུག་གི་འཁོར་བ་ལྕི་མོ་འགྲིམ་ས་ནས།།
    དུག་དང་ཚེར་མ་ལྟ་བུའི་ཚོན་ཆའི་རིགས།།
    ལུས་ལ་མི་འདོད་བཞིན་དུ་འཕོག་ན་ཡང་།།
    མ་ཤི་བར་དུ་གདོང་ལེན་བྱེད་ངེས་ཡིན།།

    Reply
  32. ttensher says:
    ལོ་ 15 སྔོན།

    འཁོར་བ་འཁོར་ལོ་བཞིན་དུ་འཁོར་དགོས་ལ། །
    སེམས་དང་སེམས་པ་མཐུན་པའི་གྲོགས་དགོས་པས། །
    དབང་བོར་གང་མཛེས་སེམས་དང་འདྲེས་མིན་པ། །
    ཞིབ་པར་སོམས་ལ་སེམས་ཀྱི་ཁ་ལོ་བཅུས། །
    ཧ་ཧ་ཧ་་་་ ཀུ་རེ་ཡིན། སེམས་དོན་འགྲུབ་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese