འདས་ལོར་སྤྱི་འཐུས་གྲོས་ཚོགས་ནང་རྙོག་དྲ་བྱུང་བ་ནས་བོད་རྒྱ་གཉིས། གཞིས་བྱེས་གཉིས། སྐྱ་སེར་གཉིས་བཅས་ཁ་ཞིག་ཐོགས་ཚད་ཀྱིས་ས་ཐོག་དྲ་ཐོག་གཉིས་ནས་ཁོང་ཚོར་སྡིགས་དམོད་དང་འཕྱ་སྨོད་ཚད་ལས་བརྒལ་བ་བྱས་ཡོད་ལ། ལྷག་པར་ཆོས་བརྒྱུད་སྤྱི་འཐུས་ཚོའི་ཁ་ལས་རླུང་རྟ་ཆག་སྟེ་བླ་རྒན་དེ་ཚོར་རྡུང་དགོས་པ་རེད་ཅེས་པའི་གཏམ་ཡན་ཡང་མཚམས་རེར་གོ་རྒྱུ་འདུག ཡིན་ནའང་། བདག་གིས་ད་ལྟ་བར་ཏུ་འཕྱ་དམོད་བྱས་མེད་ལ་ཁ་རྡུང་ཡང་བཏང་མེད། ཁོང་ཚོ་འོས་ཤོག་གིས་བཟོས་ཤིང་འོས་ཤོག་ནི་ཕལ་བའི་སྤྱི་ཚོགས་ང་ཚོས་བཟོ་བཞིན་ཡོད་པས་ང་ཚོས་བསམ་གཞིག་གསར་བ་དང་གྲ་སྒྲིག་གསར་བ་བྱེད་རྒྱུ་ནི་ཁ་རྡུང་གཏོང་བ་ལས་ཀྱང་གལ་ཆེ་བ་རེད། ལྷག་པར་བདག་གིས་སྤྱི་འཐུས་སྐབས་བཅུ་བཞི་འདི་འོས་འདེམས་ཀྱི་འུར་ལངས་བཞིན་པའི་སྐབས་སུ《ཕྱོགས་འཐེན་གྱི་རྒྱལ་ཕམ་དང་འབྲེལ་བའི་མ་འོངས་སྤྱི་འཐུས》ཞེས་པའི་རྩོམ་ཡིག་ཅིག་བྲིས་ཏེ་ཆོས་བརྒྱུད་སྤྱི་འཐུས་ཚོ་ཡོང་སྟེང་འགྲིག་མེད་པ་བཤད་ཡོད་པ་མ་ཟད། ཚོགས་ཆེན་སྐབས་ཀྱི་བསམ་འཆར་བསྡུ་ལེན་ཁྲོད་དུའང་ཡིག་ངག་གཉིས་ཐོག་ནས་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཞིག་མི་དགོས་པའི་བསམ་འཆར་ཤུགས་ཆེན་བཏོན་ཡོད། ཡིན་ནའང་། དེ་དུས་ངའི་ཁོར་ཡུག་ནས་མིག་ལོག་ཀེར་ནས་བསྟན་འཛིན་རབ་རྒྱས་སྨྱོ་བ་ལ་ཟེར་གྱིན་འདུག་པས། ཆོས་བརྒྱུད་སྤྱི་འཐུས་ཚོའི་རང་གཟུགས་མཐོང་མེད་ཚོད་འདུག་ནའང་། ད་ལྟ་ཕལ་ཆེར་གནས་ལུགས་འདི་བཤད་པའི་དུས་ལ་བབ་ཡོད་པ་འདྲ་བས་དེ་རིང་རྒྱུ་མཚན་ནམ་ཕྱོགས་སྣ་མི་འདྲ་བ་བདུན་གྱི་སྒོ་ནས་གནས་ལུགས་དེ་དམར་འགྲེལ་གྱི་ཕྱོགས་ལ་ཞུགས་པ་ཡིན།
རྒྱུ་མཚན་དང་པོ། ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་ད་ལྟའི་བར་ཏུ་དྲང་བདེན་གྱི་ལམ་ནས་འདེམས་ཐུབ་མེད་ལ། མ་འོངས་པར་ཡང་འདེམས་མི་སྲིད། དེ་ནི་དཔེ་གཅིག་སྟེ་དགེ་ལུགས་པ་ལ་ཆ་བཞག་ནས་བལྟས་ན་གསལ་བོར་ཤེས་ཐུབ། འདས་མ་ད་གསུམ་གྱི་སྐབས་གང་ཡིན་ཡང་དགེ་ལུགས་སྤྱི་འཐུས་ཡིན་ན་བློ་གླིང་དང་སེར་བྱེས་གང་རུང་གི་གྲྭ་བ་ཞིག་ཡིན་པའི་ཁྱབ་བ་ཡོད། དེ་ནི་དགེ་ལུགས་སྤྱི་འཐུས་ཀྱི་ཤེས་ཚད་ཅན་གྲྭ་ཚང་དེ་གཉིས་མ་གཏོགས་གཞན་ལ་མེད་སོང་བ་མིན། དགེ་ལུགས་སྤྱི་འཐུས་ནི་འོས་ཤོག་གིས་བཟོ་དགོས་ལ་འོས་འདེམས་མཁན་གྱི་གྲྭ་བ་གྲྭ་ཚང་དེ་གཉིས་ལས་མང་ཅན་གྱི་དགོན་པ་ཞིག་དགེ་ལུགས་པ་ཚང་ལ་མེད་པའི་ཆ་ནས་ཡིན། དེ་བཞིན་རྙིང་མ་ལ་མཚོན་ནའང་གཅིག་རྣམ་གྲོལ་གླིང་གི་ཡིན་པའི་ཁྱབ་ལ། ཕལ་ཆེར་བོན་པོ་ལའང་གཅིག་སྨན་རིའི་གླིང་གི་ཡིན་པའི་ཁྱབ་བ་ཡོད།
རྒྱུ་མཚན་གཉིས་པ། ཆོས་བརྒྱུད་སྤྱི་འཐུས་ནི་ཆོས་བརྒྱུད་དེའི་གྲུབ་མཐའ་ལ་མཁས་ཚད་རྒྱས་པ་དང་ལྷག་བསམ་གྱི་ཆ་ནས་འོས་འདེམས་བྱེད་ཀྱིན་མེད། ཁ་བདེ་བོ་དང་། སྣོག་བརྒྱབ་ནས་གྱོང་མི་རེག་པ་ཞིག མགོ་བདེ་བོ་དང་དྲན་རིག་རྒོད་པོ་ཅན་གྱི་མི་སྣ་ཞིག་བཙལ་གྱིན་ཡོད་པས་འདི་ལྟར་ཆོས་བརྒྱུད་སྤྱི་འཐུས་འདེམས་པས་ཆོས་བརྒྱུད་སྤྱི་འཐུས་ཚོས་ཆོས་བརྒྱུད་རང་གི་མཚན་སྙན་སྲུང་མ་ཐུབ་པ་རེད།
རྒྱུ་མཚན་གསུམ་པ། ཆོས་བརྒྱུད་སྤྱི་འཐུས་ནི་བོད་བསྟན་སྲིད་གང་ལའང་མི་ཕན། ད་ལྟའི་བར་ཏུ་ཕྱིར་བལྟས་ཤིག་གནོངས་དང་། དགེ་ལུགས་སྤྱི་འཐུས་ཀྱིས་དགེ་ལུགས་པར་ཕན་མེད་ལ། རྙིང་མའི་སྤྱི་འཐུས་ཀྱིས་རྙིང་མ་བར་ཡང་ཕན་མེད། སྲིད་ཕྱོགས་ནས་དེ་ལས་ཀྱང་ཞུ་མ་དགོས་པ་ཞིག་རེད། ཆོས་སྲིད་གང་ལའང་མི་ཕན་བཞིན་དུ་ད་དུང་ཁྲི་ཐོག་ལ་བཙུགས་བཞག་ན་གླེན་རྟགས་ཤིག་མ་རེད་དམ།
རྒྱུ་མཚན་བཞི་བ། ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་མ་འོངས་པར་ཉེན་ཁ་ཞིག་ཆགས་ཡོད། ང་ཚོའི་འདས་པའི་ལོ་རྒྱུས་ནང་དུ་ཆོས་ལུགས་དང་གྲུབ་མཐའ་ཁ་ལ་ཁྱེར་ནས་སྲིད་དོན་གྱི་ལས་ཀ་བྱས་ཏེ་ནང་འཁྲུག་ལངས་པ་དང་། ཤི་རྨས་བྱུང་བ། སྲིད་དབང་ཤོར་བ་སོགས་ཀྱི་གནས་ཚུལ་མང་དུ་བྱུང་ཡོད་པ་བཞིན། ཕྱོགས་ཞེན་ཤ་སྟག་གིས་བཟོ་སྐྲུན་ལས་འོང་གིན་པའི་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་ཡང་མ་འོངས་པར་ཉེན་ཁ་ཞིག་ཆགས་སྲིད་པ་རེད།
རྒྱུ་མཚན་ལྔ་བ། མང་གཙོ་སྲིད་གཞུང་སྐད་གྲགས་ཅན་དང་། ཚད་མཐོ་བོ་ཅན་ཨ་རི་དང་རྒྱ་གར་ལྟ་བུའི་ནང་དུའང་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་ལ་ཆོས་དད་རང་དབང་ཡང་ཚད་ཧ་ཅང་མཐོ་མོད། ཆོས་བརྒྱུད་སྤྱི་འཐུས་དང་ཆོས་ལུགས་སྤྱི་འཐུས་ཟེར་བ་ཞིག་མེད། ཡོད་ཚད་དེ་དག་ལ་བསྟུན་དགོས་མེད་ནའང་དགོས་པ་ལྷག་པོ་མེད་ས་ནས་དམིགས་བསལ་ཞིག་བྱས་པ་ལ་དགོས་པ་མེད། དེའི་ཕྱིར་ང་ཚོ་ལའང་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཞིག་དགོས་དོན་མེད། གལ་སྲིད་དགོས་ན་དགོས་ཟེར་མཁན་གྱི་ཆོས་བརྒྱུད་ཡོད་ཚད་ལ་ཆ་སྙོམས་ཀྱིས་གོ་སྐབས་སྤྲད་དགོས་པ་ཞིག་རེད།
རྒྱུ་མཚན་དྲུག་པ། ཆོས་ལུགས་པ་ལ་ལས་དེ་ནི་ཐོབ་ཐང་ཞིག་ལ་ངོས་འཛིན་གྱིན་འདུག་ལ། མི་སྐྱ་ཁ་ཤས་ཀྱིས་ཀྱང་ཆོས་ལུགས་པ་ཚོ་འོས་ཤོག་གཉིས་ཡོད་པ་རེད་ཅེས་དེ་ནི་ཆོས་ལུགས་པས་དབང་ཡོད་ཆེན་པོ་ཞིག་བྱས་པ་དང་། དེ་ལ་བརྟེན་ནས་ཆོས་ལུགས་པས་ཁེ་བཟང་ཆེན་པོ་ཞིག་ཟ་བཞིན་ཡོད་པའི་ལྟ་ཚུལ་ཞེ་ཐག་པ་ནས་ཡོད། ཡིན་ནའང་། དེ་ནི་ཐོབ་ཐང་ཞིག་མིན་ལ་དེ་ལ་བརྟེན་ནས་ཆོས་ལུགས་པར་ཕན་པ་ལྟ་ཞོག ཆོས་བརྒྱུད་སྤྱི་འཐུས་སུ་འོས་ཐོན་པ་དག་ལའང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད། དཔེར་ན། རྒན་བེ་རི་འཇིགས་མེད་ནི་ཀུན་གྱིས་ངོས་ལེན་ཚད་མཐོ་བྱེད་པའི་རྒན་རབས་ཤེས་ཡོན་པ་ཞིག་རེད། འདས་པའི་ལོ་རྒྱུས་ནང་བཙན་བྱོལ་རྩོམ་རིག་གི་གཞི་རྐང་འཛིན་མཁན་གྱི་མི་སྣ་ཞིག་ཡིན། ཡིན་ནའང་དེའི་རྐྱེན་བྱས་ནས་དྲ་ཐོག་ནས་ཁ་རྡུང་ཚད་མེད་པ་ཞིག་རེག་ཡོད། ཁོང་ལ་གནོད་ཀྱིན་ཡོད་མེད་མི་ཤེས་མོད། ངས་བལྟས་ན་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ནི་བདག་ཕུང་གཞན་ཕུང་ཞིག་རེད།
རྒྱུ་མཚན་བདུན་པ། ང་ཚོའི་ཆོས་བརྒྱུད་སྤྱི་འཐུས་ནང་ན་ཆོས་བརྒྱུད་རང་གི་ལྟ་གྲུབ་ལ་བྱང་ཆ་ཆེ་བ་ཕར་ཞོག ཆོས་བརྒྱུད་རང་གི་བསླབ་ཁྲིམས་ཡང་གཙང་ཉར་གནང་མེད་པའི་མི་སྐྱ་རྒད་པོ་ཁ་ཤས་ཐོན་ཡོད། འདི་ནི་ཡ་མཚན་ལ་བསམ་བཞིན་སྲིད་དོན་གྱི་དགོས་དབང་ཞིག་གིས་རྩེད་མོ་རྩེས་ཀྱིན་པ་གསལ་བོར་ཤེས་ཐུབ།
སྤྱིར་བཏང་ཆོས་བརྒྱུད་སྤྱི་འཐུས་ཁོང་ཚོས་དྲང་ཚུགས་མི་ཐུབ་པ་ལ་ཁག་མི་འདུག ཁོང་ཚོ་ཕྱོགས་ཞེན་གྱིས་བཟོ་བཞིན་ཡོད་ལ། ཕྱོགས་ཞེན་གྱིས་བཟོ་བ་ནི་དགོས་མཁོ་ཞིག་གི་ཆེད་ཡིན་ཡིན་ལ་དགོས་མཁོ་དེ་ནི་ཕྱོགས་ཁག་ཅིག་གི་དགོས་མཁོ་ལས་བོད་སྤྱི་བའི་དགོས་མཁོ་ཞིག་གཏན་ནས་མིན་ལ་ཆོས་བརྒྱུད་རང་གི་དགོས་མཁོ་ཡང་གཏན་ནས་མིན་པས་སྤྱི་འཐུས་ཀྱི་ཐག་གཅོད་དག་ལ་དེ་ཙམ་དྲང་བདེན་ཡོང་གི་མེད་པའང་གནད་འགག་དེ་ཡིན། ཕྱོགས་གང་ནས་བསམ་བློ་བཏང་ནའང་ང་ཚོར་ཆོས་བརྒྱུད་སྤྱི་འཐུས་ཤིག་དགོས་དོན་མི་འདུག་པས། འདི་མཚམས་ངེས་པར་འཇོག་དགོས་ཤིང་མཚམས་འཇོག་པའང་ཆོས་བརྒྱུད་སོ་སོའི་ཆོས་ལུགས་པ་ཚོས་ཐག་བཅད་ནས་མཚམས་འཇོག་པ་ལས་༸གོང་ས་མཆོག་གིས་བཀའ་གཏོང་རྒྱུ་མེད་ལ། བཀའ་བློན་ཁྲི་བས་ཐག་གཅོད་དང་སྤྱི་འཐུས་ལྷན་ཁང་གིས་འོས་འདེམས་ཀྱིས་ཁྲིམས་བཟོ་བྱེད་རྒྱུའང་དཀའ་མོ་ཡིན། དེའི་ཕྱིར་ཆོས་ལུགས་པ་སོ་སོས་འདིའི་ཐད་བསམ་བློ་ཞིབ་ནན་གཏོང་དགོས། མ་འོངས་པར་ང་ཚོས་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཞིག་གི་འོས་ཤོག་ལ་ལག་པ་འཆང་མི་དགོས་པ་ཞིག་ལ་བསམ་བློ་གཏོང་དགོས། ལྷག་པར་རྩོམ་པ་པོ་ཚོས་ཀྱང་འདིའི་ཐད་ལ་ཁ་གྲག་ཚད་ཡིན།
བོན་རྒྱ་ལགས།
རང་གི་ཞེ་སྡང་དགྲ་བོ་མ་ཐུལ་ན།།
ཕྱི་རོལ་དགྲ་བོབཏུལ་ཞིང་འཕེལ་བར་འགྱུར།།
ཞེས་པ་འདི་ལ་འགྲེལ་བཤད་ཞིག་གསུང་རོག་ཞུ།
བོན་རྒྱ་ལགས།
ཆོས་རྒྱུད་ཁག་ནས་སྤྱི་འཐུས་བསྐོས་བཞག་བྱེད་མི་མཆོག་ན་དགེ་འདུན་པ་ཁྱེད་འདྲ་བ་དེ་ཚོ་དྲ་ཐོག་ཏུ་ཉིན་མཚན་ཁྱད་པར་མེད་པར་ཕེབས་ནས་གང་དྲན་དྲན་གྱི་གཏམ་འདྲ་མིན་སྤྱི་ཚོགས་ལ་སྤེལ་བ་ནི་དེ་ལས་ཀྱང་མི་རུང་བ་ཞིག་རེད།
དེ་ལས་འགྲུབ་རྒྱུ་མེད་པའི་བསམ་བློ་དེ་དོར་ན་དགའ་ནི་རེད་ལོ།
ཨ་ཁུ་བོན་རྒྱས་བཤད་པར་རྒྱུ་མཚན་འདུག་ཏེ། ཁྱོད་ཀྱི་གོང་ཏུ་བཤད་པའི་སྐད་ཆ་དང་དེ་སྔོན་ང་ཚོས་སྤྱི་ཚོགས་ནང་བྱུང་བའི་གནས་ལུགས་ཁག་ཅིག་ཐོག་གུས་པས་བསམ་ན་ད་སྐབས་བཙན་བྱོལ་བོད་མའི་སྤྱི་ཚོགས་ནང་ཆོལ་ཁ་དང་ཆོས་ལུགས་སྤྱི་འཐུས་གཉིས་ཀ་མི་དགོས་པར་ས་གནས་སོ་སོའི་འཐུས་མའི་ཁྲོད་ནས་སྤྱི་འཐུས་གྲངས་ཚད་གང་དགོས་ཅིག་འོས་འདེབས་བྱུང་ན་ཡག་པོ་འདུག་སྙམ། ཡིན་ཡང་ཨ་ཁུ་བོན་རྒྱ་དང་འདིའི་ཐད་དགོང་ཚུལ་བཤད་མཁན་དུབ་བབ་ཚང་གི་དྲ་གྲོགས་ཡོངས་ནས་ཤེས་དགོས་པ་ཞིག་ལ་དགེ་མཚན་ཅིག་མཐོང་ན་བསྟོད་བསྔགས་དང་སྐྱོན་ཅིག་འདུག་ཟེར་ཏེ་དེ་མེད་པ་བཟོ་དགོས་ན་ཧ་ཀྱང་ཐལ་བ་འགྱུར་བས་དུས་རྒྱུན་ཏུ་བོད་བཙན་བྱོལ་བ་རྣམས་ཁ་བྲལ་གྱི་ལས་འགུལ་འདྲ་པོ་མ་ཡིན་པར་ཅིག་སྒྲིགས་ཀྱི་འདུ་ཤེས་འོག་གནས་ལུགས་དང་རྒྱུ་མཚན་ལྡན་པའི་གཏམ་བཤད་གནང་རོགས་ཞུ།
མི་ཞིག་གིས་ལམ་འགྲོ་བ་ལ་ཞིག་ལ་ཁྱེད་ལ་བློ་ཁོག་ཡོད་དམ་ཞེས་དྲིས་པར། ལམ་འགྲོ་བ་དེས་ཕྱིར་བློ་ཁོག་ཡོད། བློ་ཁོག་ཆེན་པོ་ཡོད་ཅེས་ཟེར། མི་དེས་ཕྱིར་ཨོ་དེ་ན་ད་ཁྱེད་རང་གླེན་པ་དང་ལྐུགས་པ་གཉིས་ཀ་རེད་ཟེར་རོ།
སྤྱི་འཐུས་ཤིག་གི་མི་མང་གི་ངོ་ཚབ་མཚོན་ཐུབ་མིན་ལ་ལྟས་པ་ཡིན་ན་སྤྱི་མཐུས་རྒན་བེ་རི་མཆོག་ནི་དགེ་སློང་སྤྱི་འཐུས་ཡིན་པར་འདྲ། དེ་འདྲ་ཡིན་དུས་སྤྱི་འཐུས་བེ་རིས་དགེ་སློང་གི་སྐུ་ཚབ་སྤྱི་འཐུས་ཤིག་ཡིན་པར་མཚོན་ཐུབ་མིན་ལ་ལྟ་དགོས། དགེ་སློང་གི་གཙོ་བོ་ཆེ་ཤོས་དགོན་སྡེ་ཁག་གསུམ་ནི་སེར་འབྲས་དགེ་གསུམ་རེད་དེའི་ནང་ནས་མཁས་མང་བློ་གསལ་གླིང་གི་གྲྭ་པ་ཞིག་རེད།
སྤྱི་འཐུས་བེ་རི་མཆོག་ཆོས་ཅན། དགེ་སློང་པའི་ངོ་་ཚབ་མཚོན་ཐུབ་པ་ཐལ། སེར་འབྲས་དགེ་གསུམ་གང་རུང་གི་དགེ་ལུགས་པའི་ངོ་ཚབ་མཚོན་ཐུབ་པའི་ཕྱིར། དེར་ཐལ། མཁས་མང་བློ་གསལ་གླིང་གི་ངོ་ཚབ་མཚོན་ཐུབ་པའི་ཕྱིར། ཁ་ཅིག་གིས་མ་ཁྱབ་ཟེར་ན། འོ་ན་བོད་པའི་སྤྱི་ཚོགས་ནང་དུ་མི་མང་གི་ངོ་ཚབ་མཚོན་ཐུབ་པའི་སྤྱི་འཐུས་མེད་པ་ཐལ། ཞེས་ཐལ་བ་འཕེན་ཚེ་ཅི་ཞིག་ལེན་འདེབས་བྱེད་ཀྱིན་ཡིན་ནམ། ཆོས་ཅན་ཞིག་འཇོག་རྒྱུ་ཡོད་དམ་ལགས།།།།
ཤིན་ཏུ་ལེགས་མི་མཐུད་དུ་ཡོང་རོགས་ཞུ།
༄༅། ད་བར་གྱི་བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ཀྱི་ཡོང་སྟངས་ཆོལ་ཁ་ཆོས་ལུགས་ཀྱི་ཐོག་ནས་བཅའ་ཁྲིམས་ནང་གཏན་འབེབས་གནང་བ་འདིར་དགོས་པ་རྒྱུ་མཚན་ངེས་ཅན་ཞིག་གི་ཆ་ནས་བཞག་ངེས་རེད་བསམ་གྱི་འདུག་ལ་ཆོས་ལུགས་སྤྱི་འཐུས་འཇོག་དགོས་སྐོར་བཅའ་ཁྲིམས་གཏན་འབེབས་སྐབས་འགྲོ་གླེང་ལྷུག་པོ་བྱུང་ཡོད་ཤག་རེད། བཅའ་ཁྲིམས་གཏན་འབེབས་བྱེད་པའི་སྐབས་ཀྱི་གནས་སྟངས་དང་དེང་སྐབས་མང་གཙོ་ཚད་མཐོ་རུ་གཏོང་བའི་སྐབས་ཀྱི་གནས་སྟངས་དང་བསམ་ཚུལ་ལ་འགྱུར་བ་ཕྱིན་ཡོད། བཅའ་ཁྲིམས་དེ་མི་མང་གི་བསམ་འཆར་གཞི་ཟུང་འགྱུར་བཅོས་གཏོང་རྒྱུའི་ལམ་ཡོད་པ་ཞིག་རེད་ལ་བཙན་བྱོལ་མང་གཙོའི་གཞུང་འདི་མང་གཙོ་ཚད་ལྡན་གྱི་ཕྱོགས་སུ་བསྐྱོད་བཞིན་པར་རིམ་པས་མང་གཙོའི་བལྟ་གྲུབ་དང་མཐུན་པ་ལེགས་བཅོས་གནང་བཞིན་པ་ནི་བཀའ་བློན་དང་བཀའ་བློན་ཁྲི་པའི་འོས་འདེམ་གྱི་དཔེ་རེད། ད་ལམ་དགོངས་འཆར་འདིར་བྱུང་བ་བཞིན་སྤྱི་འཐུས་ཀྱི་ཡོངས་སྟངས་ལ་འགྱུར་བ་དགོས་ངེས་རེད། བོན་རྒྱ་བསྟན་འཛིན་རབ་རྒྱལ་གྱིས་ཆོས་ལུགས་སྤྱི་འཐུས་མི་དགོས་པའི་རྒྱུ་མཚན་གསུངས་པ་ཕལ་ཆེ་བ་ཆོལ་ཁའི་སྤྱི་འཐུས་ལ་རིག་འགྲེ་བཏང་ན་མ་འཐུས་པ་ཅང་མ་མཐོང་།
སྤྱི་འཐུས་ཀྱི་འོས་བསྡུ་གནང་ཕྱོགས་སྐོར་མང་གཙོའི་འགྲོ་ལུགས་དང་མ་མཐུན་པ་དང་། ཟོར་ཡངས་པའི་ཆེད་དང། མི་མང་གི་ངོ་ཚབ་དོན་དངོས་ཀྱིས་མཚོན་ཐུབ་ཕྱིར་གནད་དོན་གཉིས་ལ་འགྱུར་བ་ངེས་པར་གཏོང་དགོས།
༡) སེར་མོ་བ་རྣམས་ཆོལ་ཁ་དང་ཆོས་ལུགས་གཉིས་ཀའི་སྤྱི་འཐུས་ལ་འོས་འཕེན་རྒྱུའི་ལས་རིམ་ཆ་མ་སྙོམ་པ་དེ་འགྱུར་བཅོས་ངེས་པར་གཏོང་དགོས།
༢) སྤྱི་འཐུས་དངོས་གཞིའི་འོས་བསྡུ་སྐབས་ཆོལ་ཁ་སོ་སོའི་འོས་གཞི་ཉི་ཤུ་ཐམ་པ་ལས་སྤྱི་འཐུས་བཅུ་རེར་འོས་དམ་རྒྱབ་དགོས་པ་འདི་ནི་ལམ་ལུགས་དང་མ་མཐུན་པ་ཡར་ཡོར་བརྗིད་ཁོག་ཆེ་བ་ཞིག་རེད། རྒྱ་གར་བྱང་ཕྱོགས་བོད་མིའི་གནས་ཁུལ་རྡ་ས་དང། རྡི་ལླི། བདེ་སྐྱིད་གླིང་། བལ་ཡུལ་ལྟ་བུའི་སྤྱི་ཚོགས་ཀྱི་མི་རྣམས་ཤེས་ཡོན་དང་མཐོང་ཐོས་ཀྱི་གོ་སྐབས་བཟང་བ་དང་མཐུན་རྐྱེན་འཛོམས་པ་ཡོད་པའི་ཆ་ནས་མང་ཆེ་བར་སྤྱི་འཐུས་མི་བཅུ་འོས་ཤོག་བཅུག་རྒྱུར་སྐུ་ངལ་ཡོད་ཀྱི་མ་རེད། ཡིན་ཡང་སོ་ནམ་གཞིས་ཆགས་ཆེ་ཁག་ནང་ཡོད་པའི་གཞི་རིམ་མི་མང་རྣམས་ལ་ཆབས་སྲིད་ཐོག་འགན་འཁུར་དང་དོ་སྣང་ག་ཚོད་ཡོད་ཀྱང་རང་ངོས་ནས་སྤྱི་འཐུས་མི་གཅིག་གམ་གཉིས་གསུམ་ཙམ་ལ་ཡིད་ཆེས་བློ་བཏད་ཀྱི་ཐོག་ནས་འོས་འཕེན་ཐུབ་པ་ལས་དེ་ལས་མང་བ་འོས་འཕེན་ཡོད་ན་གཞན་གྱི་བསྐུལ་དེད་དང་བཀོད་བྱུས་འོག་སོང་བར་ངོ་འཛིན་བྱས་ན་ཐལ་ཆ་ཆེར་ཡོད་མདོག་མ་རེད། ལམ་ལུགས་འདིས་སྤྱི་འཐུས་ཚད་ལྡན་མི་ཡོང་བ་དང་མི་མང་ལ་ཐད་ཀར་འགན་འཁུར་མི་དགོས་པ་འདྲ་པོ་ཡིན་ཙང་ཉེ་སྔོན་ཕྱི་ཟླ་ ༩ པའི་གྲོས་ཚོགས་ནང་སྤྱི་འཐུས་མང་པོས་འཛེམས་ཟོན་སྤུ་ཙམ་མེད་པའི་བཀའ་མོལ་གནང་རྒྱུའི་བློ་ཁོག་རྙེད་ཀྱི་ཡོད་རེད། གོང་དུ་ཟ་ལེ་རྒྱལ་མཆོག་གིས་ “མིའི་གྲངས་འབོར་ལ་བལྟན་ནས་ས་གནས་སྤྱི་འཐུས་འདེམས་སྟངས་ཞིག་”གི་སྐོར་དགོངས་ཚུལ་གསུངས་འདུག་པ་དགོངས་པའི་དཔྱད་གཞི་ཞིག་རེད་ལ་འདི་ལྟར་བྱུང་ཚེ་རང་གཞུང་གིས་ཐུགས་ཚབས་གནང་བཞིན་པའི་གཞིས་ཆགས་བསྲ་བརྟན་ཡོང་ཐབས་ལ་བཟང་ཕྱོགས་ཀྱི་ཕན་ཐོག་ཡོང་རྒྱུ་གོར་མ་ཆག་པ་རེད།
བོན་རྒྱ་ལགས་། ཨ་ལ་ལ་ཡིས་གསུངས་དོན་དུ། དེ་གདན་ས་གསུམ་དང་ཆོས་ རྒྱུད་ཁག་གི་དགོན་སྡེ་ཁག་ལ་མ་ཉེས་ཁ་གཡོགས་ཆེན་པོ་བྱས་འདུག དེ་དག་ཁུངས་སྐྱེལ་དགོས། བོན་རྒྱ་ཁྱེད་ལ་ཁུངས་སྐྱེལ་གྱིན་ཡོད་དམ།
བོན་རྒྱ་མཆོག་ལགས།
གྲྭ་སྤགས་གྱོན་པའི་ཆབ་སྲིད་པ་མ་དགོས་ན་སྐུ་ཉིད་ཀྱིས་ཀྱང་གྲྭ་སྤགས་གྱོན་ནས་གསུངས་ཀྱིན་ཡོད་དམ་འོ་ན་གྲྭ་སྤགས་བསྐྱུར་ནས་གསུངས་ཀྱིན་ཡོད་དམ། དེར་ཡང་བསམ་བློ་གཏོང་ཤེས་ན་དགའ་ལེ་རེད་ད། གཟིག་སྤགས་གྱོན་པའི་བོང་བུ་ཞེས་པ་འདིར་ཁ་གསལ་པོ་བཟོ་རྒྱུ་ཡོད་པས། སྔོན་མ་རྒྱ་ནག་དམར་ཕྱོགས་ཚོགས་པའི་སྤྱི་ཚོགས་ནང་དུ་ལུག་སྤགས་གྱོན་པའི་སྦྱང་ཀུའི་གཏམ་རྒྱུད་རེ་གོ་མྱོང་ཡོད་མ་གཏོགས་གཟིག་སྤགས་གྱོན་པའི་བོད་ཀྱི་བླ་སྤྲུལ་རྣམས་ལ་དགག་པ་མཁན་མཐོང་མྱོང་མེད་ད།ཤེས་སོང་ངམ།
བོན་རྒྱ་ལགས་ཁྱེདབ་ཀྱིས་འདི་འདྲ་ཞིག་གསུངས་འདུག
སྐབས་དེར་རྒན་བེ་རུ་ལགས་གདན་ཞཱུ་བྱས་པ་ཡིན་ལ། སྐབས་དེར་ཧ་ཅང་གི་དགའ་མོས་ཆེན་པོས་ཁོང་ནི་དོན་དངོས་སུ་འདི་འདྲ་ལས་རྐུབ་བཀྱག་འདི་ལ་དགའ་བོ་མེད་ཅེས་ཡང་ཡང་བཤད་སོང་ལ། སྐབས་དེར་ཁོང་ལའང་རྐུབ་སྟེགས་དེས་དཀའ་ངལ་ཞིག་སྤྲོད་ཀྱིན་འདུག་སྙམ་པའི་སེམས་ཚོར་ཆེན་པོ་བྱུང་བས་ངས་དེ་ལྟར་བཀོད་པ་ཡིན་ཞེས་བྲིས་པ་ལ་གཞིར་ཁྱེད་ཀྱིས་རྐུབ་སྟེགས་ཀྱི་དཀའ་ངལ་ཡང་ཤེས་ཀྱི་མེད་པར་འདྲ། རྒན་བེ་རི་དེ་འདྲ་སྐྱེ་བོ་མཐའ་མ་པའི་ཁ་རྡུང་བྱས་པ་ཙམ་སྣང་མེད་གཏོང་ཐུབ་པའི་ཁྱད་ཆོས་ཤིག་ཡོད་འགྲོ་དྲན། བོན་རྒྱ་ཁྱེད་ཀྱིས་རྐུབ་སྟེགས་ཀྱི་དཀའ་ངལ་དེ་མ་བཅོས་པ་རྐུབ་སྟེགས་མེད་པ་བཟོ་དགོས་གསུངས་པ་འདིར་བསམ་བློ་མང་ཙམ་གཏོང་དགོས་པ་ལས་གང་དྲན་དྲན་མ་ཡིན་པའི་ཕྱིར།།ཧཧཧཧཧཧཧཧཧཧཧཧཧ
བདེན་ནོ་བདེན་ནོ་་་་་་་་་འབྲོག་རུ་ཆོས་གྲགས་ལགས།
སྤྱིར་བཏང་གླེང་གཞི་ཡག་པོ་རེད།
ཡིན་ནའང་། བསམ་བློ་འཁྱེར་སྟངས་ཁ་ཤས་སྐོར་ལོག་རེད། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དེ་གནས་ལུགས་བཤད་དུ་དྲུད་མ་ཡོང་ན་དགའ་གི་རེད་བསམ་གི།
དབུས་གཙང་འཁྲུག་པས་བོད་ཀྱི་ལ་རྒྱ་ཉམས། །
ཁྱིམ་རྒྱུད་འཁྲུག་པས་ཕག་གྲུའི་སྡེ་སྲིད་ཉམས། །
བཀའ་དགེ་འཁྲུག་པས་བསྟན་པའི་སྙིང་པོ་ཉམས། །
ནང་འཁྲུག་བྱས་ན་ནམ་ཡང་ཉམས་པར་འགྱུར། །
ར་བ་གངས་རིས་སྐོར་བའི་ཡུལ་ལྗོངས་འདིར། །
ལ་ལུང་ཕྱོགས་རིས་རྩོད་པའི་མཐའ་མ་རུ། །
ཤ་རུས་གཅིག་པའི་མི་རིགས་ནང་འཁྲུག་དེས། །
ས་སྟེང་སོག་པོས་གང་བའི་རྐྱེན་ཞིག་བཟོས། །
མཐོན་པོའི་ཁྲི་ལ་རྩོད་པའི་ཞེ་སྡང་དེས། །
སྙིང་པོའི་དམ་ཆོས་དྲག་པོའི་མཚོན་ཏུ་བསྒྱུར། །
འཇམ་པོའི་དར་ལ་ཞེན་པའི་འདོད་པ་དེས། །
གོང་མའི་སྐུ་གཟུགས་འཇམ་པའི་དབྱངས་སུ་མཐོང་། །
ཆོས་བརྒྱུད་སྤྱི་འཐུས་དགོས་མི་དགོས་དང་ཕྱིར་བསྡུ་བྱེད་མིན་དེ་༸གོང་ས་མཆོག་གིས་སྤྱི་འཐུས་གྲོས་ཚོགས་ཀྱིས་ཐག་གཅོད་དགོས་པ་རེད་གསུངས་ཡོད། སྤྱི་འཐུས་གྲོས་ཚོགས་ཀྱིས་ཐག་གཅོད་མི་གཅོད་དེ་མང་ཚོགས་ནང་གི་བསམ་ཚུལ་ལ་ཉན་གྱིན་ཡོད་རྒྱུ་རེད། ཕལ་ཆེར་སྤྱི་ཚོགས་ཀྱིས་གང་འདྲ་གླེང་གིན་ཡོད་མེད་ལ་ཉམས་ཞིབ་ཀྱང་གནང་གིན་ཡོད་རྒྱུ་རེད། དེའི་ཕྱིར་ངས་བསམ་ཚུལ་བཏོན་པ་ཡིན། གནས་ལུགས་བཤད་པ་ཡིན།
སྤོབས་པ་ལགས་ཀྱིས་བསམ་ཚུལ་བཤད་པ་དེ་དག་ཡང་གོ་ཚར་སོང་། མང་ཆེ་བ་ཞིག་ལ་གོ་རྒྱུ་ཕྲན་བུ་རེ་འདུག ཡིན་ནའང་། ཁྱེད་རང་ཉིད་ཀྱིས་བམས་བློ་མང་པོ་བཏང་མེད་ཅེས་བཤད་ཀྱིན་པ་བཞྀན་བསམ་བློ་མང་པོ་བཏང་མེད་པ་འདྲ། བསམ་བློ་མང་པོ་བཏང་ན་ཆོས་བརྒྱུད་སྤྱི་འཐུས་ཤིག་དགོས་དོན་ཞིག་མེད། ཆོས་བརྒྱུད་སྤྱི་འཐུས་ཚོ་གྲོས་ཚོགས་ནང་ལ་སོང་ནས་རྟགས་གསལ་གཏོང་མི་དགོས་པ་ངས་ཤེས་མོད། ཆོས་བརྒྱུད་ཅིག་གི་ཚབ་མཚོན་མི་སྣ་ཡིན་པའི་ཆ་ནས་དེ་ལ་ཆོས་བརྒྱུད་དེའི་དགེ་མཚན་ཞིག་མེད་ན་འགྲིག་གི་མེད། ཕྱོགས་ཞེན་གྱིས་འདེམས་ཀྱིན་པ་དེ་ཆོལ་ཁའི་སྤྱི་འཐུས་ལ་དེར་ཐལ། དེའི་ཕྱིར་ཟེར་བ་དེ་གཉིས་རྩ་བ་ནས་འདྲ་གི་མ་རེད། སྤྱིར་ཡིན་ན་ཆོས་བརྒྱུུད་སྤྱི་འཐུས་ཟེར་བ་དེ་མིག་བར་གྱི་གདོང་བ་ལྟ་བུའི་དྲང་ཚུགས་ཤིག་ལྡན་པ་ཡིན་ན་ད་གཟོད་དགེ་མཚན་ཆེ་བ་རེད་དེ། དེ་ནི་ཧ་ཅང་ཁེགས་པ་མ་ཟད་གཏན་ནས་ཡོངས་མི་ཐུབ་པའི་ཆ་ནས་ཆོས་བརྒྱུད་སྤྱི་འཐུས་དགོས་དོན་མེད། བཤད་རྒྱུ་མང་མོད་རེ་ཞྀག་དེ་ཙམ་བྱ།
དྲ་གྲོགས་རྣམ་པས་དགོས་པ་དང་ཉིང་དགོས། རྒྱུ་མཚན་གནས་ལུགས་ཡོད་པའི་ཐོག་ནས་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གྱི་བགྲོ་གླེང་ལྷུག་པོ་གནང་འདུག་པར་དགའ་བསུ་དང་རྗེས་སུ་ཡི་རང་ཡོད། དེ་ནི་ཚང་མས་གཞུང་དང་ཆབ་སྲིད། མང་གཙོའི་གནས་ལུགས་དང་རྒྱལ་སྤྱི་འགྱུར་འགྲོས་སོགས་ལ་དོ་སྣང་དང་སློབ་སྦྱོང་གནང་བའི་རྟགས་དང་མཚན་མ་ཡག་པོ་ཞིག་ཏུ་གུས་པས་ངོས་འཛིན་བྱེད་བཞིན་ཡོད། ཡིན་ནའང་ཤ་ཁྲག་རུས་གསུམ་བོད་ཡིན་པར་ཁས་འཆེས་པའི་གང་ཟག་ཅན་གྱི་མཚོན་པའི་དྲ་གྲོགས་རེ་ཟུང་ནས་ཁ་ཡར་གྲགས་ལ་ཆོལ་ཁ་དང་། གསར་རྙིང་། ཆོས་བརྒྱུད། ཐ་ན་༸གོང་ས་མཆོག་གི་མཚན་ཡན་ཆད་བེད་སྤྱད་དེ་རྒྱུ་མཚན་དང་གཏན་ཚིགས་འགོད་རྒྱུ་མེད་པར་བཟའ་ཚང་ངན་པའི་བཟའ་འཛིང་ངམ་ཁྱི་འཛིང་བྱེད་པ་ལྟ་བུའི་བྱེད་བབ་འདི་དག་ནི་ཤིན་ཏུ་ནས་ཀྱང་མ་འོས་པ་ཞིག་ཏུ་མཐོང་སོང་། མི་འདི་དག་ཕལ་ཆེར་གདན་ཟུར་རམ་གྲྭ་ཟུར་ཡིན་པ་འདྲ་འདུག་པས་རང་ཉིད་ཀྱིས་དེ་སྔོན་སྦྱངས་བརྩོན་གནང་བའི་ཆོས་ཀྱི་ཞག་རྩི་དེ་གཞན་ལ་སྤེལ་མ་ཐུབ་ཀྱང་རང་ཉིད་ནང་ཆོས་སྦྱངས་མ་མྱོང་བའི་མི་ཕལ་བ་ཞིག་ལས་ཅུང་ཟད་དྲག་ཙམ་བྱུང་ན་ཅི་མ་རུང་ཞེས་ཀྱང་ངག་ལས་ཐལ་སོང་། གུས་པས་ནང་ཆོས་སྦྱངས་མ་མྱོང་ལ་བློ་ཁོག་ཅན་གྱི་ཁམས་པ་དང་ཤེས་བརྩོན་ཅན་གྱི་ཨ་མདོ་བ་མ་ཡིན་པར་དབུས་པ་དཀྱུས་མ་ཞིག་ཡིན།
སྨྱུག་མིང་འོག་གི་མི་དག་གི་བསམ་ཚུལ་ལ་ངས་ཆ་འཇོག་བྱེད་ཀྱིན་མེད།
དྲ་གྲོགས་ཚོས་བསམ་ཚུལ་འདྲ་མིན་བཤད་ནས་རྩོམ་ཡིག་འདི་ཕྱོགས་བཞི་མཚམས་བརྒྱད་ལ་འཐེན་འདུག དེ་ནི་དགའ་དགོས་པའི་དོན་དག་ཅིག་རེད། གནའ་ནས་ད་ལྟའི་བར་ཏུ་འུ་ཚོའི་བསམ་ཚུལ་གཅིག་སོང་བས་འུ་ཚོ་ཀུན་གྱི་རྗེས་སུ་ལུས་སོང་བ་རེད། གནས་ལུགས་ཀྱི་ངར་ཤུགས་དང་བསམ་ཚུལ་གྱི་མང་ཉུང་ལ་དཔགས་ནས་ཐག་གཅོད་ཅིག་བྱས་ན་ད་གཟོད། ཡག་པོ་ཅིག་བྱུང་རྒྱུ་རེད་སྙམ།
གསལ་བཤད་དང་པོ། ངའི་ཆོས་བརྒྱུད་སྤྱི་འཐུས་དགོས་མཁོ་མེད་པའི་གནས་ལུགས་འདི་ད་ལོའི་སྤྱི་འཐུས་རྙོག་དྲ་ལངས་བ་ནས་གསར་ཏུ་རྙེད་པ་ཞིག་མིན། སྔོན་ཆད་ནས་ང་ལ་བསམ་ཚུལ་དེ་འདྲ་ཡོད། ད་ལྟ་བཤད་པའི་དུས་ལ་བབ་འདུག་ཟེར་དོན་ཡང་སྤྱི་འཐུས་རྙོག་དྲ་ཞིག་ལངས་པའི་རྐྱེན་གྱིས་སྤྱི་འཐུས་ཀྱི་སྐོར་ལ་ཚང་མས་བསམ་གཞིག་བྱེད་ཀྱིན་པའི་སྐབས་ཡིན་པའི་ཆ་ནས་བཤད་ཀྱིན་ཡོད། དེ་མ་གཏོགས་སྤྱི་འཐུས་ཚོ་མཐོང་ཆག་པའི་གོ་སྐབས་འདི་བཟུང་ནས་ངས་རྒྱལ་ཁ་ཞིག་ལེན་རྒྱུ་ཡིན་ཟེར་གྱིན་མེད།
གསལ་བཤད་གཉིས་པ། ད་ལོའི་སྤྱི་འཐུས་རྙོག་དྲ་དེ་ལ་ངས་ད་ལྟ་བར་ཏུ་སྡིགས་དམོད་བྱས་མེད་ལ། ད་དུང་ཡང་བྱེད་འདོད་མེད། རྒྱུ་མཚན་ནི། ན་ནིང་སྤྱི་འཐུས་ཚོགས་ཐུན་ཐ་མ་དེ་སྤྱི་འཐུས་ཚོགས་ཐུན་ཡག་ཤོས་ཤིག་ལ་ངོས་འཛིན་གྱིན་ཡོད། དེ་ནི་ཚོགས་ཐུན་དེའི་ཉིན་ཐ་མ་དེ་ལ་དེ་ལྟར་བྱུང་བ་མ་གཏོགས། ཉིན་སྔ་མ་དག་གི་ནང་དུ་གྲོས་ཚོགས་ནས་གླེང་སློང་བྱུང་བ་ཆ་ཚང་དགོས་ནི་མཁོ་ནི་སྤྱི་ཚཽགས་ཀྱི་དཀའ་ངལ་དང་གནས་བབ་མང་དུ་གླེང་སློང་བྱས་ཡོད། དེའི་ཆ་ནས་སྤྱི་འཐུས་ཚོགས་ཐུན་ཚང་མ་བསྡོམས་རྩིས་ཤྀག་བྱས་ན་ཚོགས་ཐུན་ཡག་ཤོས་དེ་ལ་གྱུར་འདུག དེ་ནི་ཁྱེད་ཚོས་གྲོས་ཚཽགས་ཀྱི་གསར་ཤོག་སྔ་ཕྱི་ཁག་ཀློགས་ལ་ཞིབ་འཇུག་གནོངས་དང་གསལ་བོ་ཆགས་སླ་མོ་རེད།
གསལ་བཤད་གསུམ་པ། རྒན་བེ་རུ་ལགས་སུ་ད་ལོར་དྲ་ཐོག་ནས་ཁ་རྡུང་མང་དུ་བཏང་བ་ལ་བློ་ཕམ་དང་བཅས་ཆོས་བརྒྱུད་སྤྱི་འཐུས་ནི་བདག་ཕུང་གཞན་ཕུང་ཞྀག་རེད་ཟེར་དོན་ནི། ད་ལོའི་གོང་ས་མཆོག་གི་ཞི་བདེའི་གཟེངས་རྟགས་དུས་དྲན་ཐེངས་ཉི་ཤུ་བ་དེ་ང་དང་གྲོགས་པོ་ཞིག་གི་བཀོད་སྒྲིག་འོག་སྙན་ངག་གྱེར་འདོན་བྱས་པ་ཡིན་ལ། སྐབས་དེར་རྒན་བེ་རུ་ལགས་གདན་ཞཱུ་བྱས་པ་ཡིན་ལ། སྐབས་དེར་ཧ་ཅང་གི་དགའ་མོས་ཆེན་པོས་ཁོང་ནི་དོན་དངོས་སུ་འདི་འདྲ་ལས་རྐུབ་བཀྱག་འདི་ལ་དགའ་བོ་མེད་ཅེས་ཡང་ཡང་བཤད་སོང་ལ། སྐབས་དེར་ཁོང་ལའང་རྐུབ་སྟེགས་དེས་དཀའ་ངལ་ཞིག་སྤྲོད་ཀྱིན་འདུག་སྙམ་པའི་སེམས་ཚོར་ཆེན་པོ་བྱུང་བས་ངས་དེ་ལྟར་བཀོད་པ་ཡིན།
༩༽ lamola ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༩ གི་ཆུ་ཚོད་ ༥ སྐར་མ་ ༥༠
དུས་ བབ་ཟིན་བྲིས་ཐོག་བོན་རྒྱ་ཟེར་བ་ཞིག་གིས་ཆོས་རྒྱུད་སྤྱི་འཐུས་སྐོར་ལ་མང་པོ་ བྲིས་འདུག འོན་ཀྱང་ང་ལ་ཟིན་བྲིས་མེད་པས་བསམ་ཚུལ་འདི་ཐད་ཀར་འབྲི་མ་ཐུབ་པས་ཟིན་བྲིས་ ཡོད་མཁན་ཞིག་གིས་བསམ་ཚུལ་འདི་ཁོང་གི་དགོངས་ཚུལ་གྱི་ཐད་དུ་འཇོག་པར་ཞུ།
ཁྱེད་ཀྱིས་ཆོས་རྒྱུད་ སྤྱི་འཐུས་མི་དགོས་པའི་རྒྱུ་མཚན་དུ་བཀོད་པ་དེ་དག་ནི་ང་ལ་མགོ་ན་བཞིན་འདུག ཨམ་རྗེ་ལགས་དེ་ནས་བཟུང་ང་ལ་མགོ་འདིག་དགོས་ས་མ་རེད་ཅེས་པ་འདྲ་བོ་འདུག དེའི་ཁ་ལ་རྒྱུག་པའི་ཨ་མདོ་བ་གླད་ཆུང་འགའ་ཤས་ཀྱིས་མོས་མཐུན་ཡོད་བཟོ་བསྟན་ འདུག ཁྱེད་ཚོས་དགོས་པའི་རྒྱུ་མཚན་གཅིག་ཀྱང་མ་ཤེས་པར་མི་དགོས་པའི་རྒྱུ་མཚན་མང་པོ་ ཤེས་པ་འདི་ཁྱེད་ཚོའི་བྱ་སྤྱོད་ཀྱི་མཚོན་རྟགས་ཤིག་རེད། རྒྱལ་བ་ཡིད་བཞིན་ནོར་བུས་ཅིའི་ཆོས་རྒྱུད་སྤྱི་འཐུས་ཡོད་པར་བྱས་པ་རེད་དམ། ཁྱེད་ཅག་ལ་གསུངས་རྒྱུ་ཡོད་དམ།
དེ་གདན་ས་གསུམ་དང་ཆོས་ རྒྱུད་ཁག་གི་དགོན་སྡེ་ཁག་ལ་མ་ཉེས་ཁ་གཡོགས་ཆེན་པོ་བྱས་འདུག དེ་དག་ཁུངས་སྐྱེལ་དགོས། ཁྱེད་ཚོ་ཟ་སྣོད་ནང་དུ་སྐྱག་པ་གཏོང་མཁན་རྐྱང་རེད། ལྷོ་ཕྱོགས་ཡོང་ནས་རྡ་ས་སྐྱོན་བརྗོད་བྱས། རྡ་སར་སོང་ནས་གྲྭ་སའི་སྐྱོན་བརྗོད། སྤྱིར་ན་གང་ནས་ཀྱང་ཁུངས་མ་འཁྱོལ་ཞིང་རྐང་མ་ཚུགས་པའི་གྲས་ཡིན་པ་དེ་ཤེས་ན་ རེད།
བོད་ཕྱི་ནང་གི་ཟིན་བྲིས་ཟེར་བ་དེ་ཚོའི་ནང་ལ་གཅིག་ལྟོས་དང། ཁྱེད་ཚོ་ཨ་མདོ་བ་ཚོས་ནང་ཁུལ་ཁ་རྡུང་གཏོང་རེས་བྱེད་ཚུལ་དེ་ངོ་མི་ཚ་འམ།
བོན་རྒྱ་ལགས། འདི་ནི་ཁ་བརྡ་ཚང་གི་ལ་ལ་་མིང་ཅན་ཞིག་གི་རེ་འདོད་ལྟར་དུ་འདི་རུ་དྲངས་པ་ཡིན།
མ་ཟད་གྲྭ་ལོག་ཁྱེད་ཚོས་མི་མང་གི་རྩ་ནས་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་པའི་ས་ཡིག་སྡུར་གྱིན་ཡིན་གསུངས་མཁན་ཡང་འདུག་ཁྱེད་ཚོས་ས་ཡིག་སྡུས་དང་ང་ཚོས་ཡང་ཆོས་རྒྱུད་ཀྱི་སྤྱི་འཐུས་དགོས་ཀྱིན་འདུག་ཞེས་ས་ཡིག་སྡུར་ཆོག
སུ་མང་ལྟ་ཆོག
རྡོ་སྲ་མོ་ལགས་ལམ་སྟོན་གནང་བ་ཐུགས་རྗེ་ཆེ་ཞུ།
བློ་གྲོས་རྒྱལ་པོ་ལགས་ང་ཅོ་རིས་མ་ཤེས་ཤེས་མདོག་དང་མ་རིག་རིག་མདོག་བྱས་པ་རྩ་བ་ནས་མིན་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོར་དགག་པ་རྒྱུག་ཁུལ་བྱས་པའི་གྲྭ་ལོག་ཐད་ཆགས་འདི་ཚོས་རང་ཉིད་ཡོང་སའི་གྲྭ་ས་ལ་དྲང་བདེན་མི་འདུག་ཞེས་གཏན་ཚིག་རྟགས་སྣང་རེ་སྒྲུབ་བྱེད་བཀོད་ཁུལ་བྱས་ཀྱིན་འདུག་པས་ང་ཅོ་རིས་ཁ་འདི་ཐལ་སོང།
ཅོ་རི་ཉི་མ་ལགས།
རྣམ་ལྕགས་མ་རེད་གནམ་ལྕགས་རེད། ཡིག་ནོར་དེ་དག་ལ་བདག་པོ་ཅུང་ཙམ་རྒྱག་རོགས། ཡིག་ནོར་མང་དྲག་ནས་ཁྱོད་ཀྱིས་ཅི་ཞིག་བཤད་འདོད་པ་དེ་ཤོད་མི་འདུག་ལགས།
རྣམ་ལྕགས་ཞེས་པ་ཆོལ་ཁའི་ཕྱོགས་ཞེན་ཁོག་ལ་བཟུང་ནས་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་པའི་སྒྲུབ་བྱེད་བཀོད་ཁུལ་བྱས་ན་ཅི་ཕན།
ཁྱེད་ཀྱིས་། དེ་བས་ཀྱང་རང་རེའི་སྟོན་པ་ཐུགས་རྗེ་ཅན་གྱི་བཅོས་པར་བསམ་ན། ཆོས་ནི་ཆོས་དང་སྲིད་ནི་སྲིད་ཀྱི་སྟེང་ལ་བབ་ན་ལེགས་པ་ལས། ཆོས་ཀྱི་འདུ་ཤེས་ཁོག་ལ་བཅངས་ནས་སྲིད་ཀྱི་སྟེགས་བུར་འཛེགས་པ་ནི་གཟིག་སྤགས་གྱོན་པའི་བོང་བུའི་དཔེ་ལས་མ་འདས་སོ།།་ཞེས་པ་འདི་རྣམ་ལྕགས་ཁྱེད་ཀྱིས་སུ་ལ་ལབ་ཀྱིན་ཡོད་དམ། ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོར་ལབ་ཀྱིན་ཡིན་ནམ་༧གོང་ས་མཆོག་ལ་ཡིན་ནམ།
ཁྱེད་ཀྱི་ཚིག་ཨ་དེ་བཟང་ཡང་ཨུ་དེ་ངན་ཟེར་བ་ལྟར་ཁ་ནས་ཆོས་རྒྱུད་ཚོའི་སྤྱི་འཐུས་བཀག་ཁུལ་བྱེད་ཀྱང་དོན་དུ་ཆོས་སྲིད་ཟུངས་འབྲེལ་གྱི་དབུ་ཁྲིད་ཅིག་མི་དགོས་ཞེས་པའི་དོན་མ་ཡིན་ནམ།
ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་འདི་གཟིག་སྤགས་གྱོན་པའི་བོང་བུའི་དཔེར་ལ་མ་འཇོག་རོགས།
བོད་ཀྱི་སྤྱི་ཚོགས་འདི་ཆོས་རྒྱུད་དང་ཁ་བྲལ་ཐབས་མེད་པའི་སྤྱི་ཚོགས་ཤིག་ཡིན་པར་ཤེས་པ་གྱིས།
འདྲེ་ཡར་ལངས་ལགས། དེ་ནི་ཁྱོད་ལ་རང་ཚུགས་མེད་པའི་རྟགས་རེད།
མི་ཤེས་ཡ། བོད་རྒྱས་བཤད་པ་དེ་སངས་རྒྱས་ཀྱི་གསུང་འདྲ་ཞིག་རེད་བསམ་སོང་ཡང་། སྤོབས་པ་མཐའ་ཡས་ཀྱིས་བཤད་ན་ཡང་དེ་བདེན་ནི་འདྲ་ཟིག་རེད། མཁས་པ་འདི་ཚོའི་ཟུར་ནས་ང་འདྲ་བོ་ཚོ་ལ་འཛིན་ས་སྐར་མ་གང་མི་འདུག
ཆོས་རྒྱུད་ཀྱི་སྤྱི་འཐུས་འདི་ཚོས་གནའ་སྔ་མོ་ནས་ད་ལ་ཐུག་གི་བར་དུ་བོད་བསྟན་སྲིད་ལ་ཕན་པ་ཅི་ཡང་བྱས་མེད། བོན་རྒྱ་ཟེར་བ་འདིས་བཤད་པ་ཤིན་ཏུ་མད། ང་ཚོའི་འོས་ཤོག་ལམ་སྲོལ་གྱི་རྣམ་པ་ཅན་གྱི་འཐུས་མི་ཡོངས་སྟངས་འདི་ལ་འདྲ་མཉམ་ཟེར་བ་སྐད་ཆ་ཆོས་རྒྱུད་འཐུས་མི་ནས་ཆོལ་ཁའི་འཐུས་མི་གང་གི་ཕྱོགས་ནས་ཀྱང་གླེང་ས་མི་འགྲོ་གི། དབུས་གཙང་གི་འཐུས་མི་གཅིག་ལ་འོས་ཤོག་མ་མཐའ་ཡང་སྟོང་གཅིག་དགོས་པ་དང་། མདོ་སྟོད་ཀྱི་འཐུས་མི་ལ་འོས་ཤོག་མ་མཐའ་ཡང་ལྔ་བརྒྱ་བརྒལ་བ་དགོས་པ། མདོ་སྨད་ཀྱི་འཐུས་མི་ལ་འོས་ཤོག་བརྒྱ་ལྷག་གིས་འགྲིག་ཡོད་པ་སོགས། ཆོས་བརྒྱུད་ཟེར་བ་འདི་ཚོ་ཡང་དེ་ལྟར་ཡོང་གི་ཡོད་འདུག
ད་ལོའི་གྲོས་ཚོགས་ཀྱི་རྣམ་པ་གཅིག་པོས་ངོས་ནས་བཤད་ན་གྲོས་ཚོགས་ཀྱི་སུམ་ཆ་གཉིས་མ་ཚང་བའི་བྱས་ཉེས་ཀྱི་འགན་འཁར་ཡོངས་རྫོགས་འོས་ཤོག་འདྲ་མཉམ་མེད་པའི་སྤྱི་འཐུས་ཡོངས་སྟངས་ཀྱིས་བྱས་ཡོད་པ་དང་། དེ་ལས་ཀྱང་ཆོས་རྒྱུད་སྤྱི་འཐུས་ཀྱི་མིང་འཛིན་རེ་ཟུང་གི་ལངས་ཕྱོགས་སྐྱེས་ཁོངས་སུ་ཤོར་ཏེ་སྐུབ་སྟེགས་རང་བཞིན་གྱི་སྐད་ཆ་མ་བཤད་པ་ལས་བྱུང་ཡོད་དོ།། །།
ཁྱི་ལབ་བརྒྱབ་ན་ཞེས་པ་དང་
མཛུབ་མོའི་བར་ནས་སོགས་བཅོས་རོགས།
ཅོ་རུ་ཉི་མ་ཞེས་པ་འདི་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཁ་ལ་འཁྱེར་ནས་ཆོལ་ཁའི་ཕྱོགས་ཞེན་བྱེད་ཀྱིན་པའི་རིགས་སམ་རྩ་བ་དང་རྩེ་མོ་གང་རུང་ཞིག་ཡིན་པ་འདྲ། ད་དུང་ཁྱི་ལབ་བརྒྱབ་རྒྱལ་ཁབ་དང་མི་རིགས་མང་བོར་འདྲིས་གཤིབ་བྱས་མྱོང་རབས་ཀྱང་བཤད་འདུག ཁྱོད་ཀྱིས་མཛུབ་མོར་ནས་བཞུར་འོང་བའི་ཁོག་གི་སྐད་ཆ་དེར་བལྟས་ན། ཁྱོད་ནི་དེ་འདྲའི་ཉམས་མྱོང་ཅན་ཞིག་ཡིན་མིན་གསལ་བོར་བསྟན་ཡོད་དོ།། ད་དུང་བོད་ཀྱི་བསྟན་སྲིད་ལ་འབྲལ་དུ་མེད་པའི་ཆོས་སྲིད་ཟུང་འབྲེལ་ཡིན་སོགས་བཤད་ཁུལ་བྱས་འདུག སྙིང་རྗེ། ཁྱོད་ཀྱི་ཆུ་ཚད་དེ་ལྟ་བུ་ཞིག་གིས་བོན་རྒྱའི་བླ་རྒན་དང་ཆོས་སྲིད་ཟུང་འབྲེལ་དུས་ནམ་ཡང་བཤད་ཐུབ་ས་མ་རེད།
ཕྱོགས་ཞེན་ལ་དགའ་བའི་རིགས་ཁྱོད་ཅག་གནས་ལུགས་ཀྱི་མདུན་ནས་དུས་ནམ་ཡང་ཕམ་པར་ངེས་སོ།།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལ་རྒྱབ་སྐྱོར་ཡོད། ཁོང་གིས་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡོང་སྟངས་དང་དེ་བས་ཀྱང་ཆོས་བརྒྱུད་སྤྱི་འཐུས་ལ་མི་སྐྱ་སླེབས་པ་འདིའི་སྐོར་ཁ་གསལ་གྱིས་གསུང་བར་ཤིན་ཏུ་རྒྱབ་སྐྱོར་ཡོད། ད་དུང་རྒྱབ་སྐྱོར་ཞུ་འོས་པ་ཞིག་ལ། ཆོས་ཉམས་ལེན་བྱེད་མཁན་དག་ལ་སྲིད་ཀྱི་འོས་ཤོག་གཉིས་བརྩེགས་འཕེན་པའི་གོ་སྐབས་ལ་སྤྱི་ཚོགས་ཐོག་བསམ་ཚུལ་ཡོད་པར་གསུང་བ་དེ་ཤིན་ཏུ་བདེན་ནོ་ཞུ་རྒྱུ་ཡིན། མ་གཞི་ད་རེའི་རྣམ་དཔྱོད་ལྡན་པའི་བོན་རྒྱའི་སྐད་ཆ་འདི་འདས་པའི་གྲོས་ཚོགས་ཀྱི་ཟིང་ཆ་གཅིག་བུར་དམིགས་པ་ཞིག་གཏན་ནས་མ་རེད། འདས་དང་མ་འོངས་ཚང་མར་བསམ་ན། ལྷག་པར་དུ་རྒྱལ་ཁབ་ཅིག་གི་ཆབ་སྲིད་ཀྱི་འཁོར་ཕྱོགས་ལ་བསམ། དེ་བས་ཀྱང་རང་རེའི་སྟོན་པ་ཐུགས་རྗེ་ཅན་གྱི་བཅོས་པར་བསམ་ན། ཆོས་ནི་ཆོས་དང་སྲིད་ནི་སྲིད་ཀྱི་སྟེང་ལ་བབ་ན་ལེགས་པ་ལས། ཆོས་ཀྱི་འདུ་ཤེས་ཁོག་ལ་བཅངས་ནས་སྲིད་ཀྱི་སྟེགས་བུར་འཛེགས་པ་ནི་གཟིག་སྤགས་གྱོན་པའི་བོང་བུའི་དཔེ་ལས་མ་འདས་སོ།།
བོན་རྒྱའི་རྩོམ་ཡིག་འདི་ཉིས་སྟོང་བཅུའི་དུས་བབ་དྲ་བའི་སྟེང་གི་རྩོམ་ཡིག་ཆེས་ལེགས་ཤོས་སུ་བདམས་པ་ཡིན་ལ། འདིས་ནི་རང་རེའི་སྤྱི་ཚོགས་ཁྲོད་ཀྱི་ལོང་བ་དག་ལ་མིག་དབང་ཞིག་བསྩལ་འདུག་ཅེས་བརྗོད་འདོད་བྱུང་སོང་།
བཀྲ་མི་ཤིས་པའི་མཚན་ཅན་ཁ་བ་ནག་པོ་དང་ཅོ་རི་ཉི་མ་སོགས་ཀྱིས་དཀར་ནག་གོ་ལྡོག་གི་བཀའ་མོལ་རྐྱང་བཤད་ནས་བསྡད་ཀྱི་འདུག འཇིག་རྟེན་འདིར་ཁ་བ་ནག་པོ་མེད་པ་བཞིན་ཆོས་ལུགས་སྤྱི་འཐུས་རྣམ་པས་ད་དབར་གྱི་བྱས་པ་ལ་འགྲིག་བཞག་གསུངས་མཁན་ཡོང་མི་སྲིད།
ཅོ་རི་ཞེས་པ་ལེགས་སྦྱར་སྐད་ཀྱི་རང་གི་འབད་པ་མ་བྱས་པར་གཞན་གྱི་འབྲས་བུ་མ་བྱིན་པར་ལེན་མཁན་ལ་གོ་དགོས་ཤིང་། དེ་ཡང་ཉི་མ་ཁ་དཀར་ངོ་དཀར་ལ་ཅོ་རི་བྱས་ན་ཁྲིམས་ལ་མ་གཏོགས་འགྲོ་ས་ཅང་མེད་ཡ། བྱས་ཙང་རྣམ་པ་གཉིས་ནས་མ་མཁྱེན་བཞིན་དུ་མཁྱེན་མདོག་གནང་ནས་རང་མཚང་ཕྱི་ལ་སྟོན་པ་དེ་དགོད་དྲོ་བའི་གནས་ཞིག་དུ་མཐོང་།
ཀུ་རེ་དང་བཅས་བསམ་ཚུལ་བརྗེ་རེས་ལས་རྣམ་པ་གཉིས་ལ་གུས་བརྩི་མེད་པ་མིན།
ཅུང་ཧང་སངས་པ་ཞིག་ལ་དམར་ཕྱོགས་རྒྱལ་ཁབ་རྒྱ་ནག་ཏུ་ཆོས་བརྒྱུད་ཀྱི་སྐུ་ཚབ་ལྟ་བུའི་བླ་མ་མཐོན་པོའི་རིགས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བ་དེར་ཞུགས་དགོས་ཀྱི་འདུག དམངས་གཙོའི་རྒྱལ་ཁབ་ཏུ་མེད་པའི་ལུགས་སྲོལ་ཞིག་དམར་ཕྱོགས་རྒྱལ་ཁབ་ནས་རྙེད་པ་འདི་ནི་དགོད་བྲོ་བ་ཞིག་མ་རེད་དམ། སྔོན་མར་བོད་པའི་སྤྱི་ཚོགས་སུ་གྲྭ་བཙུན་གྱི་སྤྱི་ཚོགས་ལ་དགེ་འདུན་དཀོན་མཆོག་གི་འདུ་ཤེས་བཞག་ནས་བརྩི་བཀུར་བྱེད་པའི་དུས་དེར་གྲྭ་བཙུན་གྱི་སྤྱི་ཚོགས་སུ་སྤྱི་འཐུས་ཟེར་བའི་དཔོན་མིང་ཅན་ཞིག་གིས་གྲྭ་པའི་སྤྱི་ཚོགས་སུ་རྒྱལ་ཁབ་དེའི་ཆབ་སྲིད་ཀྱི་འགྲོ་ལུགས་ངོ་སྤྲོད་བྱེད་པ་དང་གྲྭ་བཙུན་གྱི་སྤྱི་ཚོགས་དེའི་སྐྱིད་སྡུག་རྒྱལ་ཁབ་དེའི་གྲོས་ཚོགས་སུ་གླེང་སློང་བྱས་ན་ལེགས་ཆ་མང་པོ་ཡོད་སྲིད། ཡིན་ན་ཡང་ད་ལྟ་གྲྭ་བཙུན་གྱི་སྤྱི་ཚོགས་ལ་བརྩི་མཐོང་ཅི་ཡང་མེད་པའི་བཙན་བྱོལ་བའི་སྤྱི་ཚོགས་འདིར་ཆོས་བརྒྱུད་ཀྱི་སྤྱི་འཐུས་ལ་གྲྭ་པ་ཞིག་ངེས་པར་དུ་ཡོང་དགོས་པའི་ངེས་པ་ཅང་མེད་པར་མི་སྐྱ་ཞིག་བདམས་ན་ཆོག་ཅིང་། མི་སྐྱ་དེ་གྲྭ་མང་གི་ཚོགས་མགོར་བསྡད་ནས་གཏམ་བཤད་བྱས་ན་ཡང་མི་མཛེས་པ་ཅང་མ་མཐོང་།
ད་ཐེངས་བོན་རྒྱའི་སྐད་ཆ་འདི་ལ་དང་ལེན་བྱ་མི་ཐུབ་ས་ལུང་པ་གང་འདུག འདིར་ཞུ་རྒྱུ་ཡིན་པས་དགོངས་འགལ་མེད་པ་ཞུ། ལོ་སྔོན་མའི་སྤྱི་འཐུས་ནང་འཁྲུགས་དེ་སྐབས་འདིའི་སྤྱི་འཐུས་ཁ་ཤས་ཤིག་གི་ནོར་འཁྲུལ་རེད། དེ་དུས་གསུམ་གྱི་ཆོས་ལུགས་སྤྱི་འཐུས་ཡོངས་རྫོགས་ཀྱི་སྟེང་དུ་འགེལ་མི་ཐུབ། རྩོད་རྙོགས་འདི་མགོ་སློང་མཁན་ཚོ་ཡང་ཆོལ་ཁའི་སྤྱི་འཐུས་རེད་མ་གཏོགས་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོ་མ་རེད། ཁོང་ཚོའི་སྟེང་དུ་ནག་ཉེས་ལྷག་མ་ཞིག་འགེལ་དགོས་དོན་མེད།
དང་པོ་ཆོས་རྒྱུད་ཀྱི་སྤྱི་འཐུས་དྲང་པོ་མ་བྱུང་སྐོར་ལ་དགེ་ལུགས་སྤྱི་འཐུས་སེར་བྱེས་བློ་གླིང་ཁོ་ན་དང་རྙིང་མ་རྣམ་གྲོལ་གླིང་ཁོ་ན་ནས་བྱུང་བའི་སྐྱོན་དེ་ཡང་དམངས་གཙོ་ཟེར་བའི་ལམ་ཁ་སྡུག་ཆག་དེ་རང་གི་སྐྱོན་རེད་མ་གཏོགས་ང་ཚོའི་ཆོས་རྒྱུད་ཀྱི་སྤྱི་འཐུས་འདེམས་སྟངས་མ་འགྲིགས་པ་འདྲ་ཅང་མ་རེད། སེར་བྱེས་དང་བློ་གླིང་དང་རྣམ་གྲོལ་གླིང་དེ་ཚོ་གྲྭ་ཚང་ཆེ་གྲས་ཡིན་སྟབས་དེ་ཡོང་གིན་ཡོད་པ་རེད།
གཉིས་པ་ཆོས་རྒྱུད་སྤྱི་འཐུས་ཟེར་བ་དེ་རིགས་ལམ་རྩོད་དུ་འགྲོ་དགོས་པ་མ་རེད། གྲུབ་མཐའ་འཇོག་ཏུ་འགྲོ་དགོས་པ་མ་རེད། དམ་བཅའ་འཛིན་དུ་འགྲོ་དགོས་པ་མ་རེད། འདི་ཆོས་རྒྱུད་དེའི་མི་མང་གི་ཚབ་བྱས་ནས་འགྲོ་དགོས་དུས་ཆོས་རྒྱུད་དེའི་རྗེས་འཇུག་པ་ཚོའི་སྐྱིད་སྡུག་དང་བསམ་ཚུལ་དེ་བཤད་ཤེས་དགོས་པ་རེད། གཞུང་གི་ཆབ་སྲིད་ལངས་ཕྱོགས་ཆོས་རྒྱུད་དེའི་མི་མང་ལ་བཤད་ཐུབ་དགོས་པ་རེད་མ་གཏོགས་འདི་གཞུང་དཔེ་ཆ་ལ་མཁས་མི་མཁས་དེ་གལ་ཆེན་པོ་ཅང་མ་རེད། གསུམ་པ་བོད་ཀྱི་ཆོས་སྲིད་ལ་ཕན་ཐོགས་ཡོད་དང་མེད་ཟེར་དེ་ང་ཚོའི་རྩོད་གཞི་རེད། དེ་ཆོས་རྒྱུད་རང་རང་གི་མི་མང་ཚོས་ཤེས་ཀྱིན་ཡོད་རེད། བོད་གཞུང་རང་གིས་ཤེས་ཀྱིན་ཡོད་རེད། ངས་བསམ་ན་འདི་ན་སྤྱི་འཐུས་དགོས་ཟེར་ནས་འཚངས་ཁ་རྒྱག་གི་ཡོད་དུས་སུ་ཕྱིར་འཐེན་བྱེད་མཁན་ཁག་པོ་ཡིན་འགྲོ་བསམ།
བཞི་པ་ཆོས་ལུགས་སྤྱི་འཐུས་ལ་བརྟེན་ནས་མ་འོངས་པར་རྙོགས་དྲ་ལངས་སྲིད་ཅེས་པ་དེར་ཡང་རྒྱུ་མཚན་དམིགས་བསལ་བ་ཞིག་ཅང་མི་འདུག ཆོས་ལུགས་དང་ས་ཁུལ་དང་སྲིད་དོན་ཚོགས་པ་སུ་ཡིན་ཡང་རྩོད་རྙོགས་ཡོང་གི་རེད། སྤྱི་ཚོགས་རྩོད་རྙོགས་མེད་མཁན་ཞིག་གང་དུ་ཡང་མེད་དུས་ཆོས་རྒྱུད་བར་གྱི་རྩོད་རྙོགས་དེ་ཡང་སྔོན་མ་སྤྱི་འཐུས་མེད་དུས་སུ་བྱུང་བ་རེད། མ་འོངས་པར་ཡང་འདི་ཡོང་བ་ལ་ཆོས་རྒྱུད་ཀྱི་སྤྱི་འཐུས་ཡོད་མེད་ལ་འབྲེལ་བ་ཅང་ཡོད་པ་མ་རེད། ཁྱེད་རང་གིས་བཤད་པ་ལྟར་རྒྱ་གར་སོགས་སུ་ཆོས་ལུགས་སྤྱི་འཐུས་མེད་ཀྱང་ཆོས་ལུགས་བར་གྱི་རྩོད་རྙོགས་ཆེན་པོ་ཡོང་གིན་ཡོད་པ་རེད། དེ་ང་ཚོ་ཚང་མས་གཟབ་དགོས་པ་ཞིག་ལས་སྤྱི་འཐུས་གྲོས་ཚོགས་ལས་བྱོལ་བ་ཙམ་གྱིས་རྩོད་རྙོགས་ལས་གཡོལ་མི་ཐུབ།
ལྔ་པ་རྒྱ་གར་སོགས་ལ་མེད་པས་ང་ཚོ་ལ་དགོས་མི་དགོས་ཟེར་བ་དེར་ཁྱེད་རང་གིས་རང་ལ་ལན་བཏབ་ཟིན་འདུག་ལ་དགོས་པ་ལྷག་པོ་ཡོད་མེད་དེ་ཡང་ཆོས་རྒྱུད་རང་རང་གི་མང་ཚོགས་གིས་ཤེས་ཀྱིན་རེད། ཆོས་རྒྱུད་སྤྱི་འཐུས་དགོས་ཟེར་མཁན་ལ་སྤྲོད་མི་སྤྲོད་ཟེར་བ་དེ་ཡང་ང་ཚོ་མང་གཙོ་ཡིན་སྟབས་སྤྱི་འཐུས་གྲོས་ཚོགས་ཀྱིས་ཐེངས་མར་པོར་བཀའ་བསྡུར་གནང་ཡང་ཆོས་འབྱུང་རང་གི་སྟེང་གི་རྩོད་རྙོགས་ཤིག་ཆགས་ཡོད་དུས་རྒྱལ་པོ་བཀས་བཅད་བྱེད་ཆོག་ཆོག་ཅིག་མེད་པ་རེད།
དྲུག་པ་དེ་ནི་ཆོས་རྒྱུད་སྤྱི་འཐུས་འདེམས་མཁན་ཚོས་ཁེ་བཟང་རག་གིན་མི་འདུག་དང་ཆོས་རྒྱུད་སྤྱི་འཐུས་ཀྱིས་ཆོས་རྒྱུད་ལ་ཕན་ཐོགས་མི་འདུག་ཟེར་མཁན་ཁྱོད་རང་རེད། འདི་ལ་ཁེ་བཟང་ཟ་བཞིན་འདུག་ཟེར་མཁན་ཡོད་ན་ཁོ་རང་ཚོའི་ལོག་རྟོག་རེད་མ་གཏོགས་གྲྭ་བཙུན་ཚོར་ཁེ་བཟང་རག་པ་ཅང་མེད་ཚུལ་ཁྱོད་རང་ཉིད་ཀྱིས་བཤད་བཞིན་པ་དེ་རེད། གྲྭ་བཙུན་ཚོས་འོས་ཤོག་གཉིས་འཕེན་ཆོག་དང་མི་ཆོག་འདི་དམངས་གཙོའི་ལྟ་གྲུབ་ལ་ཁུངས་གཏུག་ནས་གླེང་ཤེས་ན་གསལ་པོ་ཆགས་ཀྱི་རེད། བེ་རི་འཇིགས་མེད་དབང་རྒྱལ་དཔེ་མཚོན་དུ་དྲངས་པ་དེ་ལ་རྒྱུ་མཚན་མི་འདུག བེ་རི་འཇིགས་མེད་དབང་རྒྱལ་མཁས་ཚུལ་བཟང་ཚུལ་ཡང་ཁྱོད་ཀྱིས་ཤེས་འདུག དེ་སྤྱི་འཐུས་སུ་སླེབས་ནས་གྱོང་མ་གཏོགས་མེད་ན་གོང་དང་འོག་ཏུ་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོས་རིགས་ལམ་གྲུབ་མཐའ་མི་ཤེས་པའི་སྐྱོན་བརྗོད་དེ་མི་དགོས་པ་ཞིག་རེད།
ཁྱེད་ཀྱིས་བསླབ་ཁྲིམས་ཟེར་བ་དེ་སོ་སོར་ཐར་པ་ལ་ཟེར་བཞིན་ཡོད་ན་ཆོས་རྒྱུད་སྤྱི་འཐུས་ཡིན་ན་སོར་སྡོམ་རྒྱུད་ལྡན་ཡིན་དགོས་པ་ཞིག་རང་རེའི་བཅའ་ཁྲིམས་ལ་མེད་པ་རེད། ཆོས་རྒྱུད་ཀྱི་སྤྱི་འཐུས་ཡིན་ན་མི་སྐྱ་ཡོང་མི་ཆོག་དོན་ཡང་མེད་པ་རེད། མི་སྐྱ་ཁོ་རང་ཆོས་རྒྱུད་དེའི་རྗེས་འཇུག་པ་ཡིན་ན་དེས་ཆོག་པ་རེད། དེ་ཡང་གྲྭ་བཙུན་ཚོ་རང་གིས་བདམས་པ་ཞིག་ལས་འོས་ཤོག་བརྐུས་པའི་ལོ་རྒྱུས་འདྲ་ཅང་ཡོད་པ་མ་རེད།
མཇུག་ཏུ་ཁྱེད་ཀྱིས་ཆོས་རྒྱུད་ཀྱི་སྤྱི་འཐུས་ཕྱོགས་ཞེན་གྱིས་བཟོ་བཞིན་འདུག་ཅེས་དེ་ནི་ཆོལ་ཁ་ལ་ཡང་དེར་ཐལ་དེའི་ཕྱིར་ཞེས་ལན་རྒྱག་ཆོག་ཆོག་འདུག
ང་རང་ཉིད་ཀྱིས་ཆོས་རྒྱུད་སྤྱི་འཐུས་དགོས་མི་དགོས་ཀྱི་སྐོར་ལ་བསམ་བློ་ཆེར་གཏོང་མྱོང་མེད་མོད་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་བཀོད་པའི་རྒྱུ་མཚན་འདི་ཙམ་ལ་བརྟེན་ནས་མེད་པ་བཟོ་ཐུབ་ས་མ་རེད་སྙམ།
ཨ་ཨ་ཨ། དཀོན་མཆོག་གསུམ། ད་བྲིས་ཡོད་ཀི་ཡ། ངས་མང་པོ་ཞིག་ཤེས་ནི་མ་རེད། འོན་ཀྱང་ (ཆོས་བརྒྱུད་དེའི་གྲུབ་མཐའ་ལ་མཁས་ཚད་རྒྱས་པ་དང་ལྷག་བསམ་གྱི་ཆ་ནས་འོས་འདེམས་བྱེད་ཀྱིན་མེད། ཁ་བདེ་བོ་དང་། སྣོག་བརྒྱབ་ནས་གྱོང་མི་རེག་པ་ཞིག མགོ་བདེ་བོ་དང་དྲན་རིག་རྒོད་པོ་ཅན་གྱི་མི་སྣ་ཞིག་བཙལ་གྱིན་ཡོད་) ཟེར་བ་དང་།
(ང་ཚོའི་ཆོས་བརྒྱུད་སྤྱི་འཐུས་ནང་ན་ཆོས་བརྒྱུད་རང་གི་ལྟ་གྲུབ་ལ་བྱང་ཆ་ཆེ་བ་ཕར་ཞོག ཆོས་བརྒྱུད་རང་གི་བསླབ་ཁྲིམས་ཡང་གཙང་ཉར་གནང་མེད་པའི་མི་སྐྱ་རྒད་པོ་ཁ་ཤས་ཐོན་ཡོད། འདི་ནི་ཡ་མཚན་ལ་བསམ་བཞིན་སྲིད་དོན་གྱི་དགོས་དབང་ཞིག་གིས་རྩེད་མོ་རྩེས་ཀྱིན་པ་གསལ་བོར་ཤེས་ཐུབ།) ཟེར་བ་འདི་གཉིས་ངོ་མ་སངས་རྒྱས་ཀྱི་གསུངས་རེད།
ད་དུང་མདའ་ཚན་པས་(སྙན་ཞུ་འདི་ད་དུང་ཅུང་རྒྱས་རུ་བཏང་རྗེས་འདིའི་སྒང་ལ་དོ་སྣང་ཅན་ཚོའི་ས་ཡིག་བསྡུ་རུབ་དང་བཅས་གྲྭ་ས་ཁག་དང་། བོད་མི་དམངས་སྤྱི་འཐུས། བཀའ་ཤག་བཅས་ཁག་སོ་སོར་གཏོང་དགོས་ཀྱི་འདུག)ཟེར་བ་འདི་ཡང་སངས་རྒྱས་ཀྱི་གསུང་གི་འོག་ཏུ་འདུག འོ་རེད། མདའ་ཚན་པ་འདི་སྟག་སྨྱོན་ཟེར་བ་དེ་ཡིན་པས་སྤྱི་འཐུས་ཚང་ལ་ཅིག་འབྲི་དགོས་དུས་སྔོན་ཐོན་ཡིན་ནི་རེད། སྤྱི་འཐུས་ལ་རྙོག་དྲ་བྱུང་ནས་ལོ་གཅིག་རེད། སྟག་སྨྱོན་གྱིས་ད་དུང་སྤྱི་འཐུས་འབྲི་གི་འདུག
བསམ་ཚུལ་འདི་ལེགས་པོ་ཞེ་དྲག་འདུག ངའི་ཉེ་འཁོར་ན་སྤྱི་འཐུས་སུ་དགེ་འདུན་པ་དགོས་པ་མི་འདུག་ཟེར་གང་མང་འདུག དོན་དངོས་ཐོག་ནས་བཤད་ན། ཆོས་ལུགས་མི་མང་གི་ཡིན་མོད། སྐྱ་བོ་མི་མང་ལ་ཆོས་ལུགས་ཀྱི་སྤྱི་འཐུས་འདེམ་པའི་ཐོབ་ཐང་མེད་པ་བཟོས་ཡོད།
ཐབས་ལམ། ༡ རྒྱུད་ལམ་སྣ་ཚོགས་ནས་གླེང་སྟེ་འགྱུར་བར་འབད་དགོས། ༢ སྑྱ་སེར་དབྱེར་མེད་ཀྱིས་ཆོས་རྒྱུད་ཁག་གི་སྤྱི་འཐུས་འདེམས་དགོས། དགེ་འདུན་པ་ཚོས་འོས་ཤོག་སྟོང་བ་གཡུག་སྟེ་རྒྱ་ཆ་མ་ལོན་པ་བྱརད་དགོས་སོ།།
ཆོས་བརྒྱུད་སྤྱི་འཐུས་མི་དགོས་ལ་ཆོས་བརྒྱུད་ཀྱི་འོས་ཤོག་ཀྱང་མི་དགོས། མི་སྐྱའི་འཇིག་རྟེན་ལ་གྲ་བས་ཇུས་གཏོགས་བྱེད་མི་དགོས།
དབྱངས་བུ་ལགས།།།།།་གཞན་ལ་ལྟ་བའི་མིག་ཡོད་ཀྱང་། རང་ཉིད་ལྟ་ན་མེ་ལོང་དགོས། རང་བློ་ནང་དུ་མ་སྡུས་ན། རང་སྐྱོན་རང་གིས་མཐོང་བ་དཀའ་ཞེས་ས་སྐྱ་པས་ངག་རྒྱུན་ལ་ཡོད་པ་དེར་ཐུགས་རྗེ་གཟིགས།།།།།།།།།།།།།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ལ་རྒྱབ་སྐྱོར་ཡོད། མ་ཟད་སྙན་ཞུ་འདི་ད་དུང་ཅུང་རྒྱས་རུ་བཏང་རྗེས་འདིའི་སྒང་ལ་དོ་སྣང་ཅན་ཚོའི་ས་ཡིག་བསྡུ་རུབ་དང་བཅས་གྲྭ་ས་ཁག་དང་། བོད་མི་དམངས་སྤྱི་འཐུས། བཀའ་ཤག་བཅས་ཁག་སོ་སོར་གཏོང་དགོས་ཀྱི་འདུག
དྲ་གྲོགས་བོན་རྒྱ་ལགས་སུ།
ཁྱེད་ཀྱི་རྩོམ་ཡིག་ཆ་ཚང་བཀླགས་པ་ཡིན་མོད།་ལེགས་ཉེས་ཤོད་པའི་སྤོབས་པ་བདག་ལ་མེད།དགོངས་ཚུལ་གསལ་སྟོན་གནང་བར་ཐུགས་རྗེ་ཆེ།
ཅོ་རི་ཉི་མ་ལགས།
ཆོས་བརྒྱུད་ཁག་ནས་ཕེབས་པའི་སྤྱི་འཐུས་ཁ་ཤས་ཀྱིས་རང་གནས་སུ་བཞུགས་མི་ཤེས་པའི་གནས་སྟངས་ནི་ཁ་སྔོན་གྱི་སྤྱི་འཐུས་གྲོས་ཚོགས་ནས་གསལ་སྟོན་གནང་ཡོད།་དེ་ཡང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཀྱིས་ཆོལ་ཁའི་འཐེན་འཁྱེར་གནང་ནས་དཔུང་འགྲིལ་བའི་རྣམ་པ་ཁྱེད་ཀྱིས་གསལ་པོ་གཟིགས་མ་སོང་ངམ
ཐུགས་རྗེ་ཆེ།
བཅས་ན་མི་ཚང་གི་སྤྱི་འཐུས་དགོས་པས།
དགོན་པའི་སྤྱི་མཐུས་མི་དགོས
ཨ་རོགས་གྲྭ་ཚོ། བོད་གཞུང་དགེ་ལྟན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་མིང་འདི་ར་འགྱུར་བ་མ་སོང་ན་རི་བོ་དགེ་ལྟན་པའི་སྤྱི་འཐུས་མེད་པར་ཡོང་མི་སྲིད།
༧གོང་ས་མཆོག་གི་སྐུ་ཚེ་སྐལ་བརྒྱ་བརྟན་ན་བོད་ཀྱི་ཆོས་སྲིད་གཉིས་ག་དུས་ཡིན་ཡང་འཛམ་གླིང་འདིའི་སྟེང་དུ་ཟུངས་འབྲེལ་ཡིན་པར་ལས་ཁ་བྲལ་ནམ་ཡང་འགྲོ་མི་སྲིད།
གུས་པས་ཀྱང་འདིའི་སྐོར་ལ་བསམ་བློ་མང་པོ་བཏང་བ་མ་ཟད་རང་གི་གྲོགས་པོ་ཚོ་དང་མཉམ་དུ་འདིའི་སྐོར་ལ་བསམ་ཚུལ་བརྗེ་རེས་ཀྱང་གང་མང་བྱས་པ་ཡིན། དེ་རིང་བོན་རྒྱས་འདིའི་སྐོར་ཡག་ཐག་ཆོད་ཅིག་གསུང་འདུས་པས་རྗེས་ཡི་རང་དང་མོས་མཐུན་ཡོད། ད་དུང་ང་ཚོས་མུ་མཐུན་སྤྱི་འཐུས་འདེབས་སྟངས་སྐོར་ལ་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས་ཏེ་ཆོས་རྒྱུད་སྤྱི་འཐུས་འདིས་སྤྱི་སྒོར་གང་ཕན་པ་མེད་པའི་ངེས་ཤེས་གཏིང་ཆོད་པ་ཞིག་ལོན་རྗེས་མི་མང་གིས་མཚན་རྟགས་བསྡུ་རུབ་བྱས་ནས་མཚམས་གཙང་མ་ཞིག་འཇོག་ཐབས་བྱེད་དགོས་པ་རེད།
ད་དུང་དྲ་གྲོགས་ཚོས་འདིའི་སྐོར་ལ་བསམ་ཚུལ་དང་ལམ་སྟོན་གང་ལེགས་གནང་རྒྱུའི་རེ་བ་ཡོད།
༄༅། །བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་སྐུ་ཉིད་དང་བསམ་ཚུལ་མཐུན་མ་སོང་། དགོངས་འགལ་མེད་པ་ཞུ། འདས་ལོར་སྤྱི་འཐུས་གྲོས་ཚོགས་ནང་དུ་རྙོག་དྲ་བྱུང་བའི་རྐྱེན་གྱིས་སྤྱི་འཐུས་གྲོས་ཚོགས་གྱི་གློག་
བརྙན་ཞིབ་ལྟ་བྱས་ཀྱིས་བྱུང་བ་མ་ཟད་ཚིག་དོན་ལ་ལེགས་པ་དཔྱད་ཀྱིས་བྱུང་། སྤྱི་འཐུས་གྲོས་ཚོགས་ར་བ་ནང་དུ་བཞུགས་པའི་བོད་མི་མང་གི་སྤྱི་འཐུས་རྣམ་པའི་ཤེས་ཡོན་དང་
འཇོན་སྟངས་རྒྱུ་འབྲས་ལ་རྩི་སྲུང་ཐོག་ནས་བོད་མི་ཉམ་ཐག་ཚོའི་བདེ་སྡུག་ལ་རྒྱབ་སྐྱོབ་དང་སྤྱི་དོན་ལ་ལྷག་བསམ་ཡོད་པའི་སྤྱི་འཐུས་ཚོ་ནི་ཆོས་རྒྱུད་ཁག་གི་སྤྱི་འཐུས་ཚོ་ཡག་པོ་འདུག་དྲན་གྱིན་
འདུག ང་རང་ཚོའི་ནམ་རྒྱུན་ཁ་ནས་བཤད་བསྡད་པའི་ཡག་རབ་སྤྱོད་བཟང་དང་༧གོང་ས་མཆོག་གིས་མ་ཎི་ལས་མང་བ་གསུངས་མྱོང་ཡོད་པའི་མཚན་ཉིད་རིག་པ་འདི་ཚོ་ཤེས་པ་དང་ལག་ལེན་ཡོད་པའི་མི་བུ་ཚོ་ནི་ཆོས་རྒྱུད་ཁག་གི་སྤྱི་འཐུས་ཚོ་རེད།
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གཞུང་དང་སྒེར་ཚོགས་པ་དང་སྐྱིད་སྡུག་འདྲ་མིན་སྣ་ཚོགས་
ཤིས་འདུག་ཀྱང་དེ་དག་རྣམས་ཀྱི་ནང་ནས་ཚོགས་པ་ཡག་ཤོས་ནི་ཆོས་ལུགས་ཁག་གི་ཚོགས་པ་
ཡིན་པ་མ་ཟད་ཆོས་ལུགས་ཁག་གི་ཚོགས་པར་སྒྲིག་གཞི་ཡག་པོ་ཡོད་པ་དང་དཔལ་འབྱོར་འཛུགས་
སྐྲུན་སྐབས་སུ་གཞུང་དངུལ་ལྐོག་ཟ་མེད་པས་རྐྱེན་གྱིས་ཆོས་ལུགས་ཁག་གི་ཚོགས་པ་སྤྱི་ཕྱུག་པོ་ཆགས་ཡོད།
1.ཁྱེད་ཀྱིས་གསུངས་པར་ལྟར་ན་ཆོས་རྒྱུད་ཁག་གིས་དྲང་བདེན་གྱི་ཐོག་ནས་འོས་འདེབས་བྱས་ཀྱིན་མེད་ན་ཆོས་ལུགས་ཁག་གི་སྤྱི་ཚོགས་ནང་དུ་དྲང་བདེན་མེད་པ་རེད། ཧཧཧཧཧབོན་རྒྱ་བླ་རྒན་ལགས་འཛམ་གླིང་འདིའི་ཐོག་ཏུ་ཚེ་འདི་ཕྱི་ལས་རྒྱུ་འབྲས་བསླབ་པ་དང་
སློབ་གཉེར་བྱས་སའི་སྤྱི་ཚོགས་ནང་དུ་དྲང་བདེན་མེད་ན། ་འོ་ན་བཙན་བྱོལ་ནང་དུ་སྤྱི་ཚོགས་གང་ཞིག་ལ་དྲང་བདེན་དང་རྒྱུ་འབྲས་འདུག་གམ།
ང་ཅོ་རི་གྲྭ་ལོག་ཞིག་གིས་ངོས་ནས་བཤད་ན་སྤྱི་ཚོགས་འདྲ་མིན་སྣ་ཚོགས་ཤིག་དང་མི་རིགས་འདྲ་མིན་སྣ་ཚོགས་མཉམ་དུ་འགྲོ་མྱོང་ཡོད་ལ་སློབ་སྦྱོང་བྱས་མྱོང་ཡོད། གྲྭ་ས་སེར་འབྲས་དགེ་གསུམ་ལྟ་བུར་ཆ་མཚོན་ན་འདི་ནི་བོད་ཁ་བ་ཅན་གྱི་རིག་གཞུང་བདག་པོ་རྒྱག་མཁན་ཞིག་དང་བོད་ཀྱི་སྐད་ཡིག་ཤི་མ་ཆུགས་གསོན་པོ་ཉར་མཁན་གྱི་ཚོགས་པ་ཆེ་ཤོས་ཡིན་པ་ནི་མིག་མཐོང་ལག་གསལ་ཡིན་པ་མ་ཟད་བོད་ཀྱི་མཁས་དབང་མང་པོ་འབྱུང་ཁུངས་ཀྱི་གཏེར་ཁ་ལྟ་བུ་ངོས་ལེན་བྱེད་བཞིན་ཡོད། འབྲས་སྤུངས་བློ་གསལ་གླིང་དང་སེར་ར་བྱེས་པ་གྲྭ་ཚང་གཉིས་ནས་སྤྱི་འཐུས་ཡོང་གིན་ཡོད་པ་འདི་ནི་ཆོས་རྒྱུད་ཁག་གིས་དྲང་བདེན་གྱིས་ཐོག་ནས་སྤྱི་འཐུས་འོས་འདེབས་བྱས་པའི་རྟགས་རེད།
གང་ཡིན་ཟེར་ན་བློ་གླིང་དང་བྱེས་པ་གྲྭ་ཚང་གཉིས་ནི་མི་འབོར་མང་ཕྱོགས་ཡིན་པའི་རྒྱུ་མཚན་གྱིས་མི་འབོར་མང་ས་ནས་སྤྱི་འཐུས་ཡོང་གིན་ཡོད་པ་འདི་ནི་མང་གཙོ་དྲང་བདེན་ཡོད་པའི་རྟགས་རེད།
2.བོན་རྒྱ་ལགས་ཀྱིས་དོན་ཚན་གསུམ་པའི་ནང་དུ་ཆོས་རྒྱུད་སྤྱི་འཐུས་ཚོས་བོད་ཀྱི་བསྟན་པ་ཆབ་སྲིད་གང་ལའང་མིན་ཕན་ཞེས་གསུངས་འདུག་བཞི་པའི་པའི་ནང་དུ་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོས་མུ་མཐུད་དུ་གནས་ན་བོད་ནང་འཁྲུག་ལངས་པར་ཉེན་ཁ་ཡོད་གསུངས་ཡོད་པ་བཞིན་དུ་ཆོས་རྒྱུད་ཚོའི་སྤྱི་འཐུས་འདི་རྣམས་མེད་པ་བཟོ་དགོས་པ་ཡིན་ཡང། ཡང་ཁྱེད་ཀྱིས་ལྔ་པའི་ནང་དུ་གལ་སྲིད་ཆོས་རྒྱུད་སྤྱི་འཐུས་འདེབས་ཆོག་ན་ཡོད་ཚད་ལ་ཆ་སྙོམས་ཀྱིས་གོ་སྐབས་སྤྲད་དགོས་ཞེས་གསུངས་འདུག་པས་ཁྱེད་ཀྱིས་ཆོས་རྒྱུད་ཀྱི་སྤྱི་འཐུས་མེད་པ་མི་བཟོ་བ་མང་རེ་གཏོང་དགོས་པའི་དགོས་འདུན་གནང་འདུག
ངས་བསམ་ཚུལ་བྱས་ན་དེང་སང་ཡོད་བཞིན་པའི་ཆོས་རྒྱུད་ཚོའི་སྤྱི་འཐུས་རྣམས་ཀྱིས་བོད་བསྟན་པ་ཆབ་སྲིད་ལ་མི་ཕན་པ་ཞིག་ཁྱེད་ཀྱིས་མཐོང་བ་ལས་ཆོས་རྒྱུད་འདི་ཆབ་སྲིད་དང་ཁ་མ་བྲལ་ན་མི་
འགྲིག་པའི་བསམ་ཚུལ་དེ་ཁྱེད་ལ་མེད་པ་འདྲ།
ཁྱེད་ཀྱིས་གསུངས་ལས།་དཔེར་ན། རྒན་བེ་རི་འཇིགས་མེད་ནི་ཀུན་གྱིས་ངོས་ལེན་ཚད་མཐོ་བྱེད་པའི་རྒན་རབས་ཤེས་ཡོན་པ་ཞིག་རེད། འདས་པའི་ལོ་རྒྱུས་ནང་བཙན་བྱོལ་རྩོམ་རིག་གི་གཞི་རྐང་འཛིན་མཁན་གྱི་མི་སྣ་ཞིག་ཡིན། ཡིན་ནའང་དེའི་རྐྱེན་བྱས་ནས་དྲ་ཐོག་ནས་ཁ་རྡུང་ཚད་མེད་པ་ཞིག་རེག་ཡོད། ཁོང་ལ་གནོད་ཀྱིན་ཡོད་མེད་མི་ཤེས་མོད། ངས་བལྟས་ན་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ནི་བདག་ཕུང་གཞན་ཕུང་ཞིག་རེད་ཞེས་པ་བཞིན་དུ་བོད་མི་རིགས་ལ་ཤ་ཚ་ཆེ་བའི་མཁས་དབང་དགེ་ཆོས་ཀྱི་ཀྱང་བོད་པའི་སྤྱི་ཚོགས་ནང་དུ་ཁ་རྡུང་ཉམ་མྱོང་ཡོད་པ་མ་ཟད་བོད་སྡེ་པ་གཞུང་གིས་བཙན་ཁང་ནང་དུ་བཅུག་མྱོང་ཡོད་པའི་གནས་དོན་རྣམས་གཅིག་པ་
རེད། རྒན་བེ་རི་ལགས་མ་དྲང་ནས་ཁ་རྡུང་ཚད་མེད་གཏོང་བ་མ་རེད་དགེ་ཆོས་ཀྱིས་ཁྲིམས་འགལ་བྱས་ནས་བཙན་དུ་ཚུར་པ་མ་རེད་སྙམ།
ལྷག་པ་ཏུ་བོན་རྒྱ་ཁྱེད་ཀྱིས་ཆོས་ལུགས་དང་བོད་པའི་སྤྱི་ཚོགས་དུས་ནམ་ཡང་ཁ་བྲལ་མི་ཐུབ་ལ་ཆོས་སྲིད་ཟུངས་འབྲེལ་ནི་དེ་ལས་ཁ་བྲལ་ཐུབ་བསམ་ན་ཁྱེད་སྨྱོ་ལེ་རེད་སྙམ།
ཨ་རོགས་བླ་རྒན། ཡང་ཁ་འདུག་མི་ཐུབ་ཀ།
ཁྱོད་ཀྱིས་གོང་ནས་ཆོས་རྒྱུད་སྤྱི་འཐུས་ཚོར་བཤད་པ་དེ་ཆོལ་ཁའི་སྤྱི་འཐུས་ཚོར་ཡང་ཁ་ཤས་ཤིག་མ་གཏོགས་ཕལ་ཆེར་འདྲ་བོ་འདུག དེ་བས་ཆོས་རྒྱུད་སྤྱི་འཐུས་ཚོ་དང་ཆོལ་ཁའི་སྤྱི་འཐུས་ཚོ་ཚང་མ་ཚིག་འཇམ་པོ་ཞིག་གིས་སྒོར་ཕུད་དེ་དེའི་ཚབ་ལ་མིའི་གྲངས་འབོར་ལ་བལྟས་ནས་ས་གནས་སྤྱི་འཐུས་འདེམས་སྟངས་ཤིག་བཟོས་བ་ཡིན་ན་རིམ་པས་འཐུས་མི་དག་འཐུས་ཚང་ཆགས་པའི་རེ་བ་འདུག་མོད། ཟ་ལེ་རྒྱལ་དང་བོན་རྒྱའི་བླ་རྒན་གཉིས་ཀའི་སྐད་ཆར་མིས་རིན་ཐང་འཇོག་གི་མ་རེད། དེ་བས་ད་ངས་ཅང་མི་བཤད། རང་གིས་ཀྱང་ཁ་བདག་བྱོས་ན་བཟང་གི་པྭ།
ངོ་མ་ཡག་པོ་འདུག།ངས་ཀྱང་སྔར་ནས་དེ་ལྟར་བསམ་བཞིན་ཡོད།ཆོས་ཕྱོགས་ལ་ལྟ་སྐྱོང་བྱེད་མཁན་ཆོས་རིག་ལས་ཁུངས་ཡོད་པ་རེད།དེ་ལ་སྤྱི་འཐུས་ཤིག་དགོས་པ་མི་འདུག།།གསལ་སྲིད་དགོས་ན་དྲ་རོགས་ར་ྭལོ་ལགས་ཀྱིས་གསུང་པ་ལྟར་བཙུན་མ་ཚོ་ལའང་སྤྱི་འཐུས་ཤིག་དགོས་པ་དྲན།བོན་རྒྱལ་ལ་རྒྱབ་སྐྱོར་ཡོད།
ཨ་རོ་གནད་འགག་ཅན་གྱི་སྐད་ཆ་ཞིག་བཤད་ཡོད་ཁུ། མཐའ་གཅིག་ཏུ་རྒྱ་བ་སྐྱོར་ཡོད་དཱ།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལ་རྒྱབ་སྐྱོར་ཡོད། གནད་དོན་འདི་ཧ་ལམ་གླེང་ནས་མི་ལོ་ཉི་ཤུ་ལྷག་འགྲོ་བཞིན་པ་རེད། ཆོས་ལུགས་སྤྱི་འཐུས་ཀྱིས་ཆོས་དད་རང་མོས་མཚོན་མི་ཐུབ་ལ། ཆོས་སྲིད་ཟུང་འབྲེལ་དེ་བས་ཀྱང་མཚོན་མི་ནུས། དེ་ལས་ད་བར་གྱི་ཉམས་མྱོང་ལ་བལྟས་ན་ཆོས་ལུགས་དང་གྲུབ་མཐའི་མཚན་སྙན་ལ་གནོད་ཤ་སྟག་སྐྱེལ་ཡོད། ད་ནི་ཆོས་ལུགས་ཀྱི་བླ་ཆེན་དང་ཆོས་ལུགས་ཀྱི་སྤྱི་འཐུས་ཚོས་རང་ངོས་ནས་ཕྱིར་འཐེན་གྱི་བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་རན་པའི་དུས་ལ་བབ་ཡོད། ད་མ་ཡིན་པར་མི་དམངས་ཁྲི་སྟོང་མང་པོས་མཚན་རྟགས་བསྡུས་ཏེ་ཕྱིར་འདོན་བྱེད་དགོས་བྱུང་ན་ང་ཚ་བའི་གནས་ལས་མ་འདས།
བཤད་ནས་སྒྲུབ་པ་དང་། སྒྲུབ་ནས་འགྲུབ་པ་ཞིག་བྱ་དགོས་པ་རེད།
ད་བར་དུ་བོད་པ་ཚོས་ནང་ཁུལ་བཅོས་སྒྱུར་གྱི་ཐད་ལ་ལས་འགུལ་སྤེལ་བ་ཉུང་ཉུང་རེད། ཧ་ཅང་ཉུང་ཉུང་རེད།
ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་སྐོར་གྱི་སྙན་ཞུ་རིང་པོ་ཞིག་འབྲི་ཐུབ་བམ། གལ་སྲིད་འབྲི་ཐུབ་ཚེ་དེར་བསམ་ཚུལ་མཐུན་མཁན་སྟོང་ཕྲག་མང་པོས་མིང་རྟགས་བཀོད་དེ། སྐུ་སྒེར་ཡིག་ཚང་དང་གྲྭ་ཚང་ཁག སྤྱི་འཐུས་གྲོས་ཚོགས་བཅས་ལ་འབུལ་དགོས་པ་རེད།
བོན་རྒྱའི་བསམ་ཚུལ་འདི་གཞི་རྩར་བཟུང་སྟེ་མུ་མཐུད་ནས་གནས་ལུགས་བགྲང་ཐུབ་ན་ལེགས།
བོན་རྒྱས་གླེང་མེད་པ་གཅིག་ནི། བོད་ཀྱི་དགེ་འདུན་པ་ཚོར་འོས་ཤོག་གཉིས་རེའི་ཐོབ་ཐང་ཡིན་པ་འདི་རེད།
གཞན་ཞིག་བཤད་འདོད་པ་ནི། བོད་ཀྱི་མི་སེར་ཚང་མར་ཐོབ་ཐང་འདྲ་མཉམ་དགོས་པ་རེད། ད་ལྟའི་གནས་སྟངས་ལ་བལྟས་ན་འོས་ཤོག་གི་ཐོབ་ཐང་འདྲ་མཉམ་མ་རེད།
དགོན་སྡེ་དང་གྲྭ་ཚང་ཁག་ནི་སྤྱིར་བཏང་ཆོས་རིག་གི་བསྟི་གནས་རེད། ཆོས་རིག་གི་བསྟི་གནས་ཁག་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་དགོས་ན། མཐོ་སློབ་ཁག་ལའང་དེ་མཚུངས་དགོས་པར་འདོད། དགོན་པ་དང་སློབ་གླིང་གཉིས་ལ་མི་འདྲ་བའི་རྒྱུ་མཚན་ཅི་ཡང་མི་འདུག
སྐུ་ཉིད་ནས་ཁ་གྲགས་པ་དེ་ལྟར་དུ། ཆོས་བརྒྱུད་ཁག་ནས་ཁ་གྲགས་དེ་འོང་བ་ཡིན་ན་ད་གཟོད་འུ་ཅག་ལ་སྟབས་བདེ་བོ་ཡོང་ང་། ཡིན་ཡང་། འུ་ཅག་གིས་ཕར་ལ་སྒུལ་སྒྱོམས་བྱས་པ་ཡིན་ན། ཉེས་མིང་སེམས་ཡུལ་དུ་མི་དྲན་པ་མང་བོ་ཞིག་འདོག་པ་ལས་འབྲས་པུ་ཐོན་རྒྱུ་དེ་ནི་ད་ལྟའི་འཆར་ཁག་པོ་རེད།
སྐད་ཆ་འདི་སྣང་བར་འགྲོ་སོང་། དེ་མ་གཏོགས། ངས་ནི་བཙུན་མ་ཚོར་སྤྱི་འཐུས་ཤིག་དགོས་དོན་གླེང་རྩིས་ཡོད།
བཙུན་མ་འདི་ཚོ་སྙིང་རྗེ། ཆོས་ཕྱོགས་ནས་དེད་ན་དགེ་སློང་མའི་སྡོམ་རྒྱུན་མེད། སྲིད་ཕྱོགས་ནས་བཤད་ན། སྤྱི་འཐུས་ཀྱི་རྐུབ་སྟེགས་མེད། ཡ་ང་བ་ཞིག་འདུག