མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་གསར་མ་གཏོང་རོཊ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

 

བོད་ནང་གི་གནས་སྟངས་སྔར་བཞིན་ཛ་དྲག་གི་རྣམ་པ་ནས་ཡར་རྒྱས་གང་ཡང་སོང་མེད་སྟབས། འདི་ལོར་ཡང་གཞུང་ཞབས་པ་རྣམས་ཀྱིས་ལོ་གསར་གཏོང་མི་ཆོག་ཟེར།

དེ་རིང་སྟེ་ཕྱི་ཚེས་ ༣ ཉིན་བོད་གཞུང་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དེ་སྔོན་ས་བྱི་ལོའི་ནང་བོད་དུ་དྲག་གནོན་གྱི་གནས་ཚུལ་ཚབས་ཆེན་འོག་བོད་མི་བརྒྱ་ཕྲག་མང་བོ་རྐྱེན་འདས་དང་། སྟོང་ཕྲག་མང་བོ་བཙོན་འཇུག་བྱས་པ། ད་ལྟའང་མཚམས་མ་ཆད་པར་བཙན་གནོན་དང་དམ་བསྒྲགས་ཀྱི་གནས་ཚུལ་ས་གླང་ལོའི་ནང་དུའང་རྒྱུན་མཐུད་བཞིན་པ་དང་། བོད་ཀྱི་ས་གནས་མང་བོའི་ནང་ད་དུང་ལོ་གསར་གཏོང་རྒྱུ་མིན་པའི་ཐག་གཅོད་བྱེད་མཁན་བྱུང་འདུག་པར་བརྟེན། འཆར་ལོ་ལྕགས་སྟག་ལོའི་ལོ་གསར་སྐབས་གཞུང་འབྲེལ་གྱི་མཛད་སྒོ་རིམ་པའི་ནང་ཚེས་གཏོར་དང་། བསང་གསོལ་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་རྣམས་སྲོལ་རྒྱུན་ལྟར་གནང་བ་མ་གཏོགས། གསོལ་སྟོན་དང་། ཞབས་གཞས། ཤོག་པག་སྤར་བ་སོགས་བག་ཡངས་སྤྲོ་སྐྱིད་ཀྱི་ལས་རིམ་གཏན་ནས་མེད་པ་གནང་དགོས་རྒྱུ་མ་ཟད། གཞུང་ཞབས་ལས་བྱེད་རྣམས་ཀྱང་སྤྲོ་སྐྱིད་གསོལ་སྟོན་སོགས་སུ་ཕེབས་གནང་མེད་པ་དགོས་རྒྱུ་ཞེས་གསལ་འདུག

 

འདི་གའི་གསར་འགོད་པས་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། བཀའ་ཤག་ནས་ད་ལོ་བོད་ནང་གི་ས་གནས་ཁག་ཅིག་ཏུ་ལོ་སར་མི་གཏོང་རྒྱུ་བྱས་འདུག་པ་གསན་ཐོས་བྱུང་ཡོད་པ་རེད་ལ། དེ་ལྟ་བུའི་སྙན་གསན་ཞུ་མཁན་ཡང་འགའ་རེ་བྱུང་སོང་། དེ་ལྟར་བྱུང་མིན་ལ་མ་ལྟོས་པར་ལོ་སྔོན་མ་དང་ད་ལོའི་གནས་སྟངས་བར་ཡར་རྒྱས་ཀྱི་རྣམ་པ་གང་ཡང་བྱུང་མེད་པར། ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་སྐབས་ནས་མགོ་བཙུགས་པའི་བོད་མི་ཞི་བའི་སྒེར་ལངས་ནང་ཞུགས་མཁན་མང་བོ་ཞིག་མུ་མཐུད་བཙོན་འཇུག་དང་། ཁྲིམས་ཆད་ནན་མོ་ཕོག་པ། ཁྲིམས་ཐག་བཅད་པ། རྨས་སྐྱོན་ཕོག་པ་སོགས་མུ་མཐུད་སྡུག་སྦྱོར་མནར་གཅོད་མྱོང་བཞིན་པར་བརྟེན། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བྱེས་གྱར་བོད་མི་རྣམས་ཀྱིས་ཁོང་རྣམ་པར་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ་འདི་ལོའི་ལོ་གསར་རྒྱས་སྤྲོས་ཀྱིས་མི་གཏོང་རྒྱུའི་ཐག་གཅོད་བྱས་པ་རེད། ལྷག་པར་དུ་གཞུང་ཞབས་པ་རྣམས་ལ་མཚོན་ན་འགན་ཅུང་ཙམ་ཆེ་བ་ཡོད་པའི་ཆ་ནས་ལོ་སར་སྐབས་ཆོས་ཕྱོགས་ཀྱི་མཛད་སྒོ་ལས་རྒྱས་སྤྲོས་མི་གཏོང་རྒྱུ་དེ་གལ་ཆེན་པོ་རེད་ལ། འདི་གའི་བཀའ་དྲུང་ཡིག་ཚང་ནས་ནན་ཏན་སྒོས་གསལ་བསྒྲགས་ཀྱང་བཏང་ཡོད། འོན་ཀྱང་། གསལ་བསྒྲགས་དེ་ནི་ང་ཚོས་གཞུང་ཞབས་ལས་བྱེད་རྣམས་ལ་ལོ་གསར་མི་གཏོང་རྒྱུའི་གསལ་བསྒྲགས་སྤེལ་བ་ཙམ་རེད་མ་གཏོགས་དམར་བོའི་གཞུང་ལྟར། མི་མང་ལ་ལོ་གསར་གཏོང་མི་ཆོག་པའི་བཀའ་རྒྱ་བཏང་བ་དེ་འདྲ་མ་རེད་ལ། དེ་ལྟར་བཀའ་གཏོང་ཆོག་གི་ཡང་མ་རེད། མི་མང་གིས་ལོ་གསར་གྱི་དགའ་སྟོན་ལ་རོལ་མིན་དེ་ཁོང་ཚོས་བསམ་བློ་གཏོང་ཕྱོགས་ལ་ཐུག་ཡོད་པ་རེད། གཞུང་གི་ངོས་ནས་ཆེད་དུ་དགག་བྱ་དེ་འདྲ་གང་ཡང་ཡོད་པ་མ་རེད་ཅེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 56

  1. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    བོད་ཀྱི་དུས་བབ་སྟེང་ལ་ཕེབས་པའི་དྲ་གྲོགས་མང་ཆེ་བར་བསམ་བློའི་ཁ་ཕྱོགས་ཅི་ཡང་མེད་པ་དང་སྐབས་རེ་མི་དེ་ཚོ་ཕྲུ་གུ་ཆུང་ཆུང་བཞིན་གྱིས་སྐད་ཆ་ལ་རིན་ཐང་མེད་པར་སྐད་ཆ་རློན་པས་དོན་མེད་ཀུ་ཅོ་རྒྱག་མཁན་ཇེ་མང་རེད། དུག་སྦྲུལ་དང་རུས་སྦལ། སྦལ་པ་ལྟ་བུའི་ཁྱད་ཆོས་རེ་ཁོང་ཚོར་ལྡན་ཡོད། དཔེར་ན་དྲ་གྲོགས་བློ་གྲོས་རྒྱལ་པོ་དང་གཅན་བཟོད་རྒྱམ་ལྟ་བུ་རེད། དྲང་པོ་ཞུ་ན་མི་དེ་ཚོར་སོ་སོའི་འཇོན་ཐང་དང་གྲུབ་འབྲས་ཐིགས་པ་ཞིག་ཀྱང་སྟོན་རྒྱུ་མེད་པར་མི་ལ་ཁ་རྡུང་དང་དཀྲུག་ཤིང་གཏོང་དགོས་ན་ཨང་དང་པོ་རེད། བསམ་བློ་ཞིབ་ཏུ་ཐོངས་དང་། བཤད་འདོད་པའི་སྐད་ཆ་རེ་ཤོད་རྒྱུ་ཡོད་ན་རྒྱ་གཞུང་གིས་བོད་རིགས་ཚོར་གཉའ་གནོན་དང་མཐོང་ཆུང་ཁོ་ནའི་སྐད་ཆ་དེ་དག་ལ་ལན་ཚ་པོ་རེ་རྒྱག་བ་དང་བཙན་བྱོལ་ནང་གི་ཤེས་ཡོན་ཅན་ལོ་ན་གཞོན་གཞོན་ཚོ་དང་༧གོང་ས་མཆོག་གིས་དབུ་འཁྲིད་བའི་བོད་གཞུང་ལ་གཞོགས་འདེགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུའི་ཐབས་ལམ་རེ་འཚོལ་སྒྲུག་གྱིས་དང། བོད་མིའི་སྐྱིད་སྡུག་མཉམ་མྱོང་ཡིན་པ་དེ་དྲན་པར་གནང་རོགས

    Reply
  2. ཨ་སྤེན། says:
    ལོ་ 15 སྔོན།

    ལོ་གསར་མ་གཏང་ན་དགའ

    Reply
  3. གཡག་ཕྲུག། says:
    ལོ་ 15 སྔོན།

    གཞིས་ལུས་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་མི་རིགས་ཀྱི་བདེན་དོན་མཐའ་རྩོད་བྱས་པའི་ཁྲག་རྒྱུན་མ་ཆད་པའི་སྐབས་འདིར། བཙན་བྱོལ་བས་སྤྲོ་སྐྱིད་ངང་ལོ་གསར་གཏོང་ན་ག་ལ་རུང་། དེ་བས་གདུང་སེམས་མཉམས་སྐྱེད་ཆེད་ལོ་གསར་གཏང་མི་རུང།

    Reply
  4. lobsang says:
    ལོ་ 15 སྔོན།

    བཙན་བྱོལ་དུ་གནས་པའི་བོད་མི་རྩམ་ཟན་ཡོངས་ལ་ཞུ་རྒྱུར། གཞིས་ལུས་བོད་མི་རྣམས་ལ་རྒྱ་གཞུང་གིས་ལོ་སར་གཏོང་དགོས་ཞེས་བཙན་བཀའ་བཏང་གི་ཡོད་ནའང་ས་གནས་ཁ་ཤས་ཤིག་ནས་བོད་བསྟན་པ་ཆབ་སྲིད་ཆེད་སྲོག་ཤོར་བ་དང། ཁྲིམས་འོག་ཏུ་གནས་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་བྱེད་ས་སྟག་ལོའི་ལོ་སར་གཏོང་གི་མེད་པས། ང་ཚོས་ལྷག་པར་དུ་དེ་ལ་གདུང་སེམས་མཉམ་སྐྱེད་ཀྱིས་ལོ་སར་གཏོང་མི་ཉན།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས། ཁྱེད་ལ་ནམ་ཡང་སྤྱང་ལུག་གཉིས་ལས་གཞན་ཞིག་དཔེ་འཇོག་བྱེད་ས་རེག་གི་མི་འདུག་གམ། ངས་དུས་ཚོད་རིང་བོ་ཞིག་ལ་ཁྱེད་གཉིས་ཀྱིས་གང་གླེང་བར་ཉན་ནས་བསྡད་པ་ཡིན། ད་ནི་དྲ་ཐོག་གི་སྤུན་ཟླ་གཞན་དག་གི་ཟིན་བྲིས་དག་ཀློག་དུ་འགྲོ་བཞིན་ཡོད། མུ་མཐུད་དུ་གླེང་མོལ་བྱས་ཨ་་་

    Reply
  6. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཡང་བསྐཡར་མཇལ་ཡོང

    Reply
  7. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ང་ལ་ཅང་མེད་།་་་་་་་་་་་་་་་བཞུགས་གདན་འཇག་་་་་་་་་་་་་་་་་རྗེས་མ་ཐུག་ཡོང།།།།

    Reply
  8. བྱམས་རྒྱལ། says:
    ལོ་ 15 སྔོན།

    དམིགས་བསལ་ཅི་ཡོད་ས་མ་རེད་བ་ ཁྱེད་གཅིག་གསུངས་དང

    Reply
  9. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཡོང་ཡོད་པ་འདྲ་ཞེས་ཟེར་ན་ང་ལྷས་སས་སྐད་མ་རེད་པས།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཡ་ཡ་ཡིན་ནའང་ད་རིང་ཉི་མ་ཚེ་རིང་དང་རྒྱ་རིའི་བར་སྐད་ཆ་བཤད་ཡ་གོ་སྐབས་ཡག་པོ་ཡོང་བ་ཡིན་པ་འདྲ།

    Reply
  11. བྱམས་རྒྱལ། says:
    ལོ་ 15 སྔོན།

    སྲིང་པོ་ལས་ཀྱང་་་་་་་་

    Reply
  12. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧམ་སེམས་དེ་ལས་ཀྱང་སྡུག་བ་འདུག་གོ

    Reply
  13. བྱམས་རྒྱལ། says:
    ལོ་ 15 སྔོན།

    སྨྲ་ཤེས་དོན་གོ་ཡིན་པས་དུད་འགྲོ་ལས་ཏོག་ཙམ་དྲག་མི་ཡོང་ངམཏོག་

    Reply
  14. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ངས་ལྟས་ན་དེང་སང་གི་སྤྱང་ཀུ་འདི་ཚོས་ཧམ་སེམས་བྱས་ནས་གཉིས་ཕན་ཡོང་ས་ལ་མ་རེད།

    Reply
  15. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལུག་དང་སྤྱང་ཀུ་གཉིས་ཀ་ཕན་པའི་སྐད་ཆ་དེ་སྤྱང་ཀུ་ཡིས་ཉན་གྱིན་རེད་པས།

    Reply
  16. བྱམས་རྒྱལ། says:
    ལོ་ 15 སྔོན།

    གཉིས་ཕན་གྱི་ལམ

    Reply
  17. བྱམས་རྒྱལ། says:
    ལོ་ 15 སྔོན།

    དབུ་མ་དེ་ནང་དོན་རིག་པའི་ཚིག་ཡིན་པས་ཧ་གོ་དཀའ་དེ་ལས་གཉིས་ཕན་གྱི་ཐབས་ལམ་ཟེརན་ཅི་འདྲ་འདུག་

    Reply
  18. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལམ་དབུ་མ་འདི་ཇི་འདྲ་འདུག་གམ།

    Reply
  19. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཡུན་རིང་དྲ་ཐོག་ཕེབས་མ་སོང་ཁྱེད་ག་པ་ཕྱིན་པ་ཡིན་ནམ

    Reply
  20. བྱམས་རྒྱལ། says:
    ལོ་ 15 སྔོན།

    ལགས་རེད་

    Reply
  21. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧཧཧཧཧཧཧཧཧཧདངོས་གནས་རེད་དདདད

    Reply
  22. བྱམས་རྒྱལ། says:
    ལོ་ 15 སྔོན།

    གཞན་བསམ་ཚུལ་མེད

    Reply
  23. བྱམས་རྒྱལ། says:
    ལོ་ 15 སྔོན།

    མི་ཆོག་པ་བཞི་དེ་བཤད་དུས་རིག་གནས་གསར་རྗེ་ད་དུང་ཡང་ཡོད་ས་རེད་

    Reply
  24. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བྱམས་རྒྱལ་ལགས།
    བསམ་ཚུལ་རེ་ཡོད་ན་གསུངས་དང།་་་་་་་་་་་་་་བྱེད་མི་ཆོག་པ་བཞིའི་སྐོར་རུ

    Reply
  25. བྱམས་རྒྱལ། says:
    ལོ་ 15 སྔོན།

    མིག་ལྟ་དགོས་རང་འཁེལ་གྱི་འདུག་
    འགན་གཅིག་ཡོད་པས་དབང་གིས་་་་་་་་་་་་་་་་་་་

    Reply
  26. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཡོད་ད་་་་་་ག་དུས་ཡིན་ཡང་ང་རང་ཚོའི་དོན་དག་འདིར་མིག་ལྟ་བསྡད་ཡོད་ད།

    Reply
  27. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཉི་མ་ལགས་དྲ་ལམ་ནང་ཡོད་དམ་
    བཀྲ་ཤིས་བདེ་ལེགས

    Reply
  28. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མ་ཎི་འདོན་པ་ལས་ཏང་ཡ་ནང་དུ་འཛུལ་ནས་ཏང་ལ་སློབ་སྦྱོང་བྱེད་ན་་་་་་་ཧཧཧཧཧཧཧཧཧཧཧཧཧཧཧཧདུས་ཚོད་ནི་དུས་ཚོད་ཨ།།།།།

    Reply
  29. བྱམས་རྒྱལ། says:
    ལོ་ 15 སྔོན།

    ད་ཡིན་ན་མ་ནི་ཡང་མ་འདོན་རོགས་
    ང་ཚོ་ཆོས་ཕྱོགས་ཐོག་ནས་རྗེས་ལུས་ཐེབས་པ་ཡང་མ་རེད་།

    Reply
  30. ཚེར་མ། says:
    ལོ་ 15 སྔོན།

    ད་ཡིན་ན་རང་བཙན་ཡང་མ་རྩོད་རོགས། རང་སྐྱོང་ཡང་མ་གླེང་རོགས། བདེན་མཐའ་ཡང་མ་བརྗོད་རོགས། ཚང་མས་མ་ཎི་ཐོན།

    Reply
  31. བྱམས་རྒྱལ། says:
    ལོ་ 15 སྔོན།

    དཔེ་བསགས་སོང་ མཚུངས་ཞེས་བཅོས་རོགས་

    Reply
  32. བྱམས་རྒྱལ། says:
    ལོ་ 15 སྔོན།

    བོད་རང་བཙན་ལགས་ཀྱི་མིང་དང་དོན་བཚུངས་མ་བྱུང་དང་།

    Reply
  33. བོད་རང་བཙན says:
    ལོ་ 15 སྔོན།

    རང་སྡུག་རང་གི་མྱོང་བའི་ལས་ལ་ལུང་པ་སུའི་སྤེལ་ན་འདོད་པ་རེད་དེ། ལོ་རེའི་ལོ་གསར་མ་བཏང་བ་ག་ཚོད་སྡོད་དགོས་མིན་མི་ཤེས་པས། དྲ་གྲོགས་ཚོ་ང་ཚོས་ད་ལོ་ལོ་གསར་སྐྱེད་པོ་བཏང་དགོས།

    Reply
  34. karma dorje says:
    ལོ་ 15 སྔོན།

    མྱ་ངན་གུས་དུད་ཀྱི་ལོ་གསར། །

    གཏམ་གསར་མེད་པའི་ལོ་གསར་དེ། །།
    ཡོད་དང་མེད་ལ་ཁྱད་པར་མེད། །
    སྲོག་ཁྲིམས་བཙོན་འཇུག་ཐུགས་གསོའི་ཕྱིར། །
    མ་བཏང་བ་ནི་གཏོང་ལས་ལྷག །

    བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །

    Reply
  35. འོས་ལངས། says:
    ལོ་ 15 སྔོན།

    ད་ལྟའི་བོད་ཀྱི་གནས་སྟངས་ནི་སྔོན་ཆད་ལྟར་དུས་ངན་དང་། ཉི་ངན། ལོ་ངན་སོགས་དང་མུ་མཐུད་འབྲེལ་ནས་ཡོད། འདས་ལོར་ཡང་རྒྱ་གཞུང་གིས་ཉེས་མེད་བོད་རིགས་སྤུན་ཟླ་མང་པོ་བཙོན་འཇུག་བྱས་པས་མ་ཚད། ལོ་གཞོན་ཁ་ཤས་ལ་གང་འདོད་སྲོག་ཁྲིམས་ཀྱང་བཏང་སོང་ང་། ང་ཚོས་རྒྱ་སྤྱང་དམར་པོའི་ཚོགས་ལ་འཁོན་ལན་སློག་མི་ཐུབ་ན་ཡང་། རང་རེའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཅིས་ཀྱང་གནང་དགོས་པར་མཐོང་། བོད་ཀྱི་གནད་དོན་མ་སེལ་བར་དེ་སྲིད་དུ་ང་ཚོ་ལ་ལོ་གསར་གཏོང་འོས་པའི་དུས་བཟང་ཞིག་གཏན་ནས་མེད་ཅིང་། དོན་གྱིས་བོད་མི་ཚོ་ལ་ལོ་གསར་མེད་པར་འདོད།

    Reply
  36. འོས་ལངས། says:
    ལོ་ 15 སྔོན།

    ད་ལྟའི་བོད་ཀྱི་གནས་སྟངས་ནི་སྔོན་ཆད་ལྟར་དུས་ངན་དང་། ཉི་ངན། ལོ་ངན་སོགས་དང་མུ་མཐུད་འབྲེལ་ནས་ཡོད། འདས་ལོར་ཡང་རྒྱ་གཞུང་གིས་ཉེས་མེད་བོད་རིགས་སྤུན་ཟླ་མང་པོ་བཙོན་འཇུག་བྱས་པས་མ་ཚད། ལོ་གཞོན་ཁ་ཤས་ལ་གང་འདོད་སྲོག་ཁྲིམས་ཀྱང་བཏང་སོང་ང་། ང་ཚོས་རྒྱ་སྤྱང་དམར་པོའི་ཚོགས་ལ་འཁོན་ལན་སློག་མི་ཐུབ་ན་ཡང་། རང་རེའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཅིས་ཀྱང་གནང་དགོས་པར་མཐོང་། བོད་ཀྱི་གནད་དོན་མ་སེལ་བར་དེ་སྲིད་དུ་ང་ཚོ་ལ་ལོ་གསར་གཏོང་འོས་པའི་དུས་བཟང་ཞིག་གཏན་ནས་མེད་ཅིང་། དོན་གྱིས་བོད་མི་ཚོ་ལ་ལོ་གསར་མེད་པར་འདོད།

    Reply
  37. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལྷོ་ཕྲུག་ལགས།
    བོད་ཀྱི་གཏེར་ཁ་འདི་ཚོ་ལུག་ཤ་ཚོན་པོ་ལྟ་བུར་མཚོན་ན་རྒྱ་དཔོན་ཚོས་ལུག་མ་གསོད་ན་ལུག་ཤ་ཚོན་པོ་ཟ་ཡ་མི་རག་བཞིན་དུ་ཀྲུང་གོ་རྒྱལ་ཁབ་ཀྱིས་བོད་རིགས་ལ་བཙན་གནོན་དང་བཙན་འཕྲོག་མ་བྱས་ན་བོད་རིགས་རྣམས་ཀྱིས་རང་མོས་ཐོག་རང་ཁྱིམ་དམར་པོའི་གཞུང་གི་མ་རྩ་སྤྲད་འདོད་སུ་ལ་ཡང་མེད།
    ལུག་མ་གསོད་ནས་ལུག་ཤ་ཟ་ཡ་ཡོད་པ་དང་བོད་མིའི་གཏེར་ཁ་དང་སྨན་རྩྭའི་རིགས་ཤ་མར་ཟས་ཆས་ཀྱི་རིགས་རྣམས་བཙན་འཕྲོག་མ་བྱས་པས་ཀྲུང་གོ་རྒྱལ་ཁབ་ཀྱི་དམར་པོའི་དཔོན་རིགས་ཚོ་ལ་ཁེ་ཕན་ཡོད་ན་་་་་་་་ལམ་དབུ་མའི་གཉིས་སྨན་ཟེར་བ་ཞིག་ཡོད་རེད་སྙམ།
    གལ་སྲིད་བོད་མི་རྣམས་ཀྱིས་སེམས་ཅན་དུད་འགྲོའི་བདེ་སྡུག་ལ་བསམ་བློ་གཏོང་ནས་ཤ་མི་ཟ་བའི་མི་ཚེ་ཞིག་བསྐྱལ་ཐུབ་ཀྱིན་ཡོད་ན་་་་་་་་་གཞི་ནས་བོད་མི་རིགས་དང་དུད་འགྲོའི་བར་ལམ་དབུས་མའི་གཉིས་སྨན་ཞིག་དང་འཚེ་མེད་ཀྱི་ལག་ལེན་གྲུབ་པ་རེད་སྙམ།
    ཀྲུང་གོ་དམར་པོའི་དཔོན་རིགས་རྣམས་ཀྱིས་བོད་རིགས་ཀྱི་རྒྱུ་དངོས་བཙན་འཕྲོག་མི་བྱེད་པར་ཀྲུང་གོ་སྤྱི་མཐུན་རྒྱལ་ཁབ་སྐྱོང་ཐུབ་ཀྱིན་ཡོད་ན་་་་་་་་་་བོད་མི་རིགས་འདི་དང་ཀྲུང་གོ་དམར་པོའི་དཔོན་རིགས་བར་ལམ་དབུས་མའི་གཉིས་སྨན་ཞིག་དང་འཚེ་མེད་ཀྱི་ལག་ལེན་གྲུབ་པ་རེད་སྙམ།

    Reply
  38. ཤིང་རྟ། says:
    ལོ་ 15 སྔོན།

    ད་ནི་ལོ་སར་མེད་པར་མི་ཚེ་གང་པོར་མྱ་ངན་གྱིས་མི་ཡུལ་དུ་མི་ཚེ་རྫོགས་རྒྱུ་ལས་ཅི།

    Reply
  39. pactsak says:
    ལོ་ 15 སྔོན།

    ལོ་སར་གྲ་སྒྲིས་སུས་བྱས་འདུག་པ་དེ་ལ་བསྡིག་ན་རྒྱུ་མཚན་ལོས་ཡོད། ཡིན་ནའང་རྒྱག་པས་ལེབ་རྡུང་བྱས་ན་དགའ་བོ་མེད་ལ་མཐུན་སྒྲིལ་གྱི་གཞི་རྩ་
    ལའང་ངེས་པར་གནོད་པ་འབྱུང་། ཟིན་བྲི་བ་ཞིག་གི་ར་ལུག་གི་སྲོག་གི་འཚོ་གནས་ལ་བསམ་བློ་བཏང་བར་དངོས་
    རྒྱབ་སྐྱོར་ཡོད་ལ་ཉིན་ཤ་མི་་ཟ་ཁོ་ཐག་ཡིན། ཡང་ལོ་སར་མི་བྱེད་པའི་ལས་འགུལ་
    འདི་ཆབ་སྲིད་ཀྱི་ངོ་བོ་ཞིག་ཡིན་པས་རྣམ་པ་བསྟན་དེ་རང་གི་འགྲིག་ཤག་བྱས་
    ཀྱང་འགལ་བ་མ་མཐོང་། སྤྱི་༌༸གོང་ས་མཆོག་གིས་བཀའ་སློབ་དེ་ལ་བསམ་གཞིགས་ཞིག་བཏང་ན་ང་ཚོས་
    གཟབ་གཟབ་བྱེད་དགོས་པ་འདི་གལ་ཆེ། །རྒྱ་ལ་སྐྲག་ཤེས་དགོས།

    Reply
  40. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    བཀའ་དྲུང་སྐུ་ངོས་ལོ་གསར་གཏོང་མི་ཆོག་ཞུ་རྒྱུ་མེད་ཅེས་གསུངས།      གསར་འགོད་པས་ལོ་གསར་གཏོང་མི་ཆོག་ཟེར་ཞེས་བྲིས།    

     གསར་འགོད་པ་ལགས།
    ཡང་སྙིང་ལོ་གསར་གཏོང་མི་ཆོག་ཟེར་མཁན་དེ་སུ་རེད།

    ལོ་གསར་གཏོང་གི་ཡོད་མེད་ཀྱི་ཁ་གཡང་སྒྲོག་མིན་ལ་མི་ལྟོས་པར་བོད་པའི་ལོ་གསར་ཆེད་གྲྭ་སྒྲིག་བྱས་པའི་ར་ལུག་ཁྱུ་གཅིག་གི་ཚེ་སྲོག་ལ་ཐར་ས་མེད་ལ་ལོ་གསར་མེད་ཟེར་བའི་རྣམ་འགྱུར་འདིའི་འོག་ནས་ལུག་ཤ་ཚོན་པོ་རྒྱ་མ་གང་ཙམ་ཡང་ཉོ་མཁན་མ་བྱུང་ནས་ལྷག་རྒྱུ་ཞིག་མེད་ཁོ་ཐག་ཡིན།

    མིའི་རང་དབང་འདི་ལྟར་གལ་ཆེ་བ་ནང་བཞིན་དུད་འགྲོའི་རང་དབང་ལ་ཡང་བསམ་ཤེས་བྱེད་མཁན་ཞིག་ཡོད་ན།    ང་ཚོས་སྟོབས་ཆེན་རྒྱལ་ཁབ་དེ་ཚོས་སྣང་མེད་གཏོང་གི་འདུག་ཟེར་བ་དང་རྒྱ་ནག་གིས་སྡུག་ལ་གཏོད་ཀྱི་འདུག་ཟེར་བ་ནང་བཞིན་དུད་འགྲོ་དེ་ཚོས་ཀྱང་ང་ཚོར་དེ་ལྟར་ཤོད་ཀྱི་ཡོད་སྲིད།    
     རེད་དོན་དངོས་སུ་ང་ཚའི་བྱ་སྤྱོད་ཁྲོད་དོན་གནད་འདི་ཚོ་སྣང་བ་གཏོད་རིན་ཡོད་པ་ཞིག་ཏུ་མཐོང་གི་མེད་པ་རེད།

    Reply
  41. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    སྐུ་ངོ་རྣམ་པ་གསོལ་སྟོན་ལ་མ་ཕེབས་རོགས་ཞུ་རྒྱུ་མ་ཟད། ད་དུང་གསལ་བསྒྲགས་ཁོངས་སུ་གལ་ཆེན་ཞིག་ཆད་འདུག་པ་ནི་མཱ་ཅང་ཡང་མ་རྩེད་རོགས་ཞུ་རྒྱུ་ཡིན། འདི་སྐུ་ངོ་བཀའ་དྲུང་ལས་ཞུས་ནས་གསལ་བསྒྲགས་ལ་ཡང་བསྐྱར་བཟོ་བཅོས་ཤིག་བསྐྱོན་རོགས་གནང་།

    Reply
  42. ལུང་རྟོགས། says:
    ལོ་ 15 སྔོན།

    བོད་ནང་གི་གནས་ཏང་ལ་ལྟས་ན་ང་ཚོས་ལོ་གསར་བཏང་ནས་སྤྲོ་བསྣང་ཞིག་གང་ནས་ཡོང་ཐུབ། བཀའ་ཤག་གི་གསུང་པ་ལ་བརྗེས་སུ་ཡི་རང་ཡོད།

    Reply
  43. གནམ་ལྕགས། says:
    ལོ་ 15 སྔོན།

    རང་རེའི་གཞུང་གིས་ནམ་ཡིན་ཡང་འདི་འདྲ་བ་ཞིག་མ་གཏོགས་བཤད་མི་ཐུབ་པ་གང་ཡིན་ནམ། དྲང་མོར་བཤད་ན། འདི་འདྲའི་གཉའ་དམའ་བོ་ཞིག་བྱས་ནས་གྲོས་མོལ་བྱེད་པ་ལས། རྦད་དེ་མཚམས་བཞག་ན་ཡག ང་ཚོའི་བཙན་བྱོལ་ནས་དགྱ་ནག་ཁོ་ཚོ་ལ་ཧང་སངས་དགོས་པའི་གྲོས་གཞི་འདོན་དགོས་པ་རེད། དེ་མ་བཏོན་ན་སྐྱག་ལངས་ལ་བུད་འགྲོ་བ་རེད། དེ་མ་རེད་དམ། དྲ་གྲོགས་ཚོ།

    Reply
  44. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    སྟོབས་ལགས་ལ་ཡིག་ནོར་མང་སྟངས་ལ་བལྟས་ན་སྟོབས་ཤིག་གི་མིང་དེ་ཐོགས་ས་མ་རེད་གོ། ཆུའི་ཐིགས་པའང་འབྲི་ཤེས་མི་འདུག

    Reply
  45. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ཡིན་དང་ཡིན།་་་་་་ལོ་སར་ཞིག་གང་ནས་གཏོང་། བཀའ་དྲུང་གིས་བཀའ་གནང་བ་ལ་མངོན་པར་བསྟོད་དོ།་།ད་ང་ཚོར་ལྟ་ས་ཡོད་ནི་རེད་་་་་་གཞུང་ཞབས་རེ་ཟུང་གིས་སྔ་ས་ནས་གྲ་སྒྲིག་བྱས་ཟིན་པས་ད་ཕྱིར་འཐེན་མི་བྱེད་ཁོ་ཐག་རེེད། འདི་ལྟར་བྱས་ན་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞིག་ཆགས་ཐུབ་རྒྱུ་ཁག་གི་ཡ། སྐབས་དེར་ང་ཚོས་ལོ་སར་གཏོང་མཁན་ཚོར་ངོ་རྒོལ་ཅི་ཐུབ་ཅིག་བྱེད་དགོས་པ་རེད་་་་་་་གང་ཡིན་ཟེར་ན་་་ང་ཚོས་སྐྱིད་སྡུག་མཉམ་མྱོང་ཡོང་ཐབས་ལ་ནམ་ཡིན་ཡང་འབད་དགོས་པ་རེད། འང་ཧི་་་་་་འབྱོར་ལྡན་འགའ་ཤས་ལ་ལོ་སར་ཡོང་རྒྱུར་བྲེལ་བ་ཞེ་དྲགས་འདུག་་་་་་་་ནམ་ཡིན་ཡང་ཁོང་ཚོས་རང་ཉིད་སྐྱིད་ས་ཞིག་བརྒྱུད་ནས་འགྲོ་བཞིན་ཡོད་པས་འགོག་མ་ཐུབ་ཀྱང་་་་བོད་མི་རིགས་ལ་ཤ་ཞེན་ཅན་གྱི་བོད་པ་ཚོས་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་གཞིས་བཞུགས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ལོས་བྱེད།

    Reply
  46. འཇམ་བཟང་། says:
    ལོ་ 15 སྔོན།

    ཁོང་ལ་རྒྱབ་སྐྱོར་ཡོད།
    ད་ལོའི་ལོ་གསར་མི་གཏང་རྒྱུ་དེ་ངའི་བསམ་དོན་ཡིན།
    གཞིས་བྱེས་བོད་མི་ཡོངས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱེད་དགོས།

    Reply
  47. སྟོབས་ says:
    ལོ་ 15 སྔོན།

    འདས་སོང་སྟོང་ལོ་བརྒྱད་ཀྱིས་མིག་ཆུའི་ཐུག་པ ། དྲྭ་ཕྲུག་དང་ཡུགས་ས་མའི་གསེར་སྐྱེམས ། ལྷག་འཕྲོ་བྲང་ཁ་རུ་བཞུར་སོང་། ཡང་བསྐྱར་ཧུབ་གང་གིས་བསུ་དུས ། རྨ་ཁ་གསར་བ་ལས་ཟགས་པའི་ཁྲག་ཐུག ། སུ་ཞིང་གི་ཆང་ཕོར་ཁ་ན་འཁྱིལ།

    Reply
  48. དབྱངས་བུ། says:
    ལོ་ 15 སྔོན།

    གསར་འགོད་པ་དང་།་རྩོམ་སྒྲིག་པ་ཐུན་མོང་ལ།

    གནས་ཚུལ་མཁོ་འདོན་གནང་བར་སྙིང་ནས་ཐུགས་རྗེ་ཆེ།

    གཞུང་ཞབས་པ་ཚོ་ནི་མི་མང་གི་དཔོན་པོ་མ་ཡིན་པར་མི་མང་དང་གཞུང་ལ་ཞབས་ཕྱི་ཞུ་མཁན་ཞིག་རེད།་་དེས་ན་གཞུང་ཞབས་པ་ཚོས་མི་མང་གི་བདེ་སྡུག་ལ་བལྟ་རྟོགས་ཐུབ་པ་དགོས་རྒྱུ་ནི་གཞུང་ཞབས་པའི་ལས་འགན་མ་ཡིན་ནམ།

    ད་ལན་གོང་རིམ་ནས་བཀའ་ཕེབས་ལ་རྗེས་སུ་ཡི་རང་ཞུ་རྒྱུ་དང།
    གཞུང་ཞབས་པ་ཚོོས་གོང་རིམ་གྱི་བཀའ་ལ་ཇི་ལྟར་སྲུང་བརྩི་བྱེད་མིན་མི་མང་ཚོས་བལྟ་རྒྱུ་རེད།
    གཞུང་ཞབས་པ་ཚོའི་ནང་བོད་མི་མང་གི་བདེ་སྔུག་དང།་བོད་མིའི་གནས་བབ་ལ་དོ་སྣང་མེད་མཁན་མི་ཉུང་བ་ཞིག་མངོན་བཞིན་པ་དེས་བོད་ཕྱི་ནང་གི་མི་མང་མང་པོ་ཞིག་ལ་སེམས་ཤུགས་མེད་པ་བཟོ་བཞིན་ཡོད།

    ཐུགས་རྗེ་ཆེ།།

    Reply
  49. སྤྲང་ཕྲུག says:
    ལོ་ 15 སྔོན།

    འུ་ཚང་གི་གཞུང་དི་མོ་ཟིག་་ཡིན་ནི་རེད་་ མཚམས་མཚམས་ནམ་ལངས་ཡོད་ནི་རེད་

    Reply
  50. རྨེ་རུ། says:
    ལོ་ 15 སྔོན།

    བཀའ་སྲུང་ཅི་སྒྲུབ་ཞུ་རྒྱུ་ཡིན།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese