མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨང་རྩིས། དགེ་འདུན་རབ་གསལ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

༡༩༧༩ ལོར་ཏིན་གྱིས་རང་བཙན་མ་ཡིན་པའི་སྐད་ཆ་གང་ཡིན་ཡང་བཤད་ཆོག་ཅེས་པ་ནས་བརྩིས་ན། ད་བར་དུ་ མི་ལོ་ ༣༢ སོང་ཟིན། ༡༩༨༧ ལོའི་ཨ་རིའི་གྲོས་ཚོགས་ཀྱི་༧གོང་ས་མཆོག་གི་གསུང་བཤད་དང༌། ༡༩༨༨ ལོའི་སི་ཊ་སི་སྦག་གི་གསུང་བཤད་གཉིས་ནས་བརྩིས་ན་ མི་ལོ་ ༢༣ ཙམ་སོང་ཟིན། ༢༠༠༢ ལོ་ནས་ད་ལྟའི་འབྲེལ་མོལ་ཟེར་བ་འདི་མགོ་བཙུགས་ནས་ད་བར་དུ་མི་ལོ་ ༨ ཙམ་འགྲོ་བཞིན་ཡོད། དུས་ཚོད་འདི་ནི་བྱིས་པ་ཞིག་སྐྱེས་ནས་སློབ་གྲྭ་ཆེན་མོ་ཐོན་པ་དང་། དེ་ནས་གཉེན་སྒྲིག་ཅིང་། བྱིས་པ་ཡང་གཉིས་གསུམ་གྱི་ཡབ་ཡུམ་ཆགས་པའི་དུས་ཡུན་ཞིག་རེད། དུས་ཚོད་འདིའི་ནང་རྒྱ་ནག་གི་སྲིད་འཛིན་གསུམ་བརྗེས་ཟིན་པ་རེད། ཞི་མོལ་གྱི་ལས་རིམ་མགོ་བཙུགས་རྗེས་སུ་སྐྱེས་པའི་བོད་པའི་བྱིས་པ་ནར་སོན་ཏེ་བོད་རང་བཙན་རྩོད་བཞིན་འདུག་ལ། ཁ་ཤས་བཙོན་དུ་ཚུད་ཅིང་ཁ་ཤས་ཀྱི་སྐུ་སྲོག་ཤོར་ཡོད་པ་རེད། ང་ཚོ་ནི་ འགྱུར་བ་མེད། ང་ཚོ་ནི་རྟག་པ་ཡིན། གཞུང་གཅིག གཞུང་གི་དཔོན་པོ་གཅིག སྐུ་ཚབ་གཅིག ལས་ཀ་གཅིག གྲུབ་འབྲས་གཅིག ད་གལ་ཆེ་ཤོས་དེ་སང་ཉིན་རེད། སང་ལོ་རེད། མ་འོངས་པའི་ལོ་ བཞིའི་ནང་ལ་འགྱུར་བ་ཡོད་དམ། ལོ་བཅུའི་ནང་ལ་འགྱུར་བ་ཡོད་དམ། ལོ་ཉི་ཤུའི་ནང་འགྱུར་བ་ཡོད་དམ།

རྒྱ་རི་རིན་པོ་ཆེས་ ༡༩༨༨ ཙམ་ནས་བཀའ་བློན་གྱི་ལས་འཁུར་ཞུས། དེ་ནས་ ༡༩༩༠ ནང་ནས་ད་བར་དམིགས་བསལ་སྐུ་ཚབ་ཀྱི་འགན་བཞེས། ཧ་ལམ་མི་ལོ་ཉི་ཤུ་རྩ་གཅིག་ཙམ་གྱི་རིང་ལས་འགན་ཆེན་པོ་འདིའི་ཐུགས་འཁུར་བཞེས་པ་རེད། དུས་ཚོད་འདིའི་རིང་། ཟམ་གདོང་རིན་པོ་ཆེས་གྲོས་ཚོགས་ཚོགས་གཙོ་ཐེངས་གཉིས་དང་བཀའ་བློན་ཁྲི་པ་ཐེངས་གཉིས་བཅས་གནང་བ་རེད། ཟམ་གདོང་རིན་པོ་ཆེ་སྐུ་གཞོན་ཤ་ཅན་ནས་བགྲེས་པོའི་ཉམས་བཞེས་འདུག་ཅིང་། ཁ་སང་ཕྱག་ལ་ཕྱག་འཁར་ཞིག་བཞེས་ནས་ཕེབས་པ་མཐོང་བྱུང་བས་སེམས་སྐྱོ་བ་ཞིག་འདུག ད་དུང་དུས་ཡུན་དེའི་རིང་ཨ་རི་ལ་མཚོན་ན་སྲིད་འཛིན་གསུམ་བརྗེས་ཟིན་པ་རེད། རྒྱ་རི་རིན་པོ་ཆེ་དབུ་སྐྲ་ནག་པོ་ནས་དབུ་སྐྲ་དཀར་པོའི་བར་སླེབས་པ་རེད། ཞབས་སྟེགས་གཅིག་རང་གི་ཐོག་བཞུགས་པ་རེད། ད་ལོ་རྒྱ་རི་རིན་པོ་ཆེ་ དགུང་ལོ་ ༦༢ ཙམ་ལ་ཕེབས་ཡོད་པ་རེད། མ་འོངས་པའི་ལོ་ལྔ་བསྣན་ན་ དགུང་ལོ་ ༦༧ ལ་སླེབས་གི་རེད།

རྒྱ་རི་རིན་པོ་ཆེའི་མཛད་རྗེས་གཙོ་བོ་ཞིག་ནི་ ཨ་རིའི་གྲོས་ཚོགས་དང་གཞུང་ལ་སྐུལ་སློང་གིས་བོད་དོན་རྒྱབ་སྐྱོར་ཞུ་སྐུལ་བྱས་པ་དེ་རེད། ཁོང་གི་འཇོན་ཐང་ནི་ཧ་ལམ་མགར་སྟོང་བཙན་གྱི་ཚད་ལ་སླེབས་ཡོད་སྐད་འདུག འོན་ཀྱང་ང་ཚོ་ལ་ བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ཞིག་ནིའུ་ཡོག་ལ་ཡོད་ཡོད་རེད། གལ་སྲིད་༧དམིགས་བསལ་སྐུ་ཚབ་ལས་ཁུངས་དང་བོད་གཞུང་སྐུ་ཚབ་དོན་གཅོད་གཉིས་གཅིག་ལྕོགས་གནང་ཐུབ་ཚེ། བོད་གཞུང་ལ་ཨ་སྒོར་འབུམ་ཁ་ཤས་བསྲི་ཚགས་བྱེད་ཐུབ་པ་ཡོད་པ་རེད། རྒྱ་རི་རིན་པོ་ཆེའི་མཛད་རྗེས་གཞན་ཞིག་ནི། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཙུགས་པ་དེ་རེད། ལས་འགུལ་ཁང་འདིའི་ ༢༠༠༨ ལོའི་ཡོང་འབབ་སྒོར་མོ་ནི་ $5,345,726 རེད། དེ་ནི་བཙན་བྱོལ་བོད་གཞུང་གི་ད་ལྟའི་ལོ་འཁོར་སྔོན་རྩིས་ཧིན་སྒོར་ ས་ཡ་དགུ་བརྒྱ་སོ་བཞི་ལྷག་ཡིན་པའི་(934,000,000)དབང་དུ་བཏང་ན། དེའི་བརྒྱ་ཆ་ ༢༠ ཙམ་ཟིན་ཡོད་པ་རེད།

ད་བོད་མི་རིགས་ཞེས་པའི་སྐད་ཆ་ཆེན་པོའི་ཐོག་ནས་བརྩིས་ན། ༡༩༧༩ ལོའི་རྗེས་ནས་བོད་ནང་དུ་སྲིད་བྱུས་གུ་ཡངས་བཏང་ཡོད་པ་དང་། དེ་ནས་རིམ་གྱིས་བོད་ནས་གསར་འབྱོར་བ་མང་ཙམ་འབྱོར་ཡོད་པ་རེད། ལོ་རེར་ཆ་སྙོམ་གྱིས་ ༡༠༠༠ རེ་འབྱོར་ཡོད་པའི་དབང་དུ་བཏང་ན། ད་ལྟའི་ཆར་སྲིད་བྱུས་གུ་ཡངས་ཀྱི་རྗེས་ནས་འབྱོར་བའི་གསར་འབྱོར་གྱི་མི་འབོར་དེ་ཁྲི་གསུམ་བརྒལ་གི་ཡོད་པ་རེད། བྱང་ཨ་མི་རི་ཀ་ལ་མཚོན་ ༡༩༩༠ སྔོན་ལ་བོད་མི་ ༥༠༠ ཙམ་ཡོད་པ་ནས་ད་ལྟའི་ཆར་བོད་མི་ ཁྲི་གཉིས་ཙམ་གྱི་ཚོད་རྩིས་བྱེད་དགོས་པ་ཞིག་ཏུ་འཕེལ་ཡོད་པ་རེད། བོད་རིགས་ཚོགས་པ་ཡང་མང་དུ་ཕྱིན་ཡོད་པ་རེད། ད་མ་འོངས་པ་ལ་བསམ་བློ་བཏང་ན། མ་འོངས་པ་ལ་བསམ་བློ་གཏོང་ཐུབ་གི་མི་འདུག བོད་མི་ཁྲི་སྐོར་རེ་༧རྒྱལ་བའི་ཞལ་ལ་གཅེར་ནས་ཧི་མ་ལ་ཡ་འཕྲེད་ཀྱིས་གཅོད་ཀྱི་རེད། བོད་མི་ཚོ་ནི་རང་བཙན་ཡིན་ནམ་དབུ་མའི་ལམ་ཡིན་ཞེས་པའི་གསལ་ཁ་མེད་པ་འདིའི་ནང་ནས་ཤི་མཁན་ཚོ་ཤི་གི་རེད། སྐྱེ་མཁན་ཚོ་སྐྱེ་གི་རེད། ཧ་ལམ་ང་ཡང་ཤི་མཁན་གྱི་གྲས་ན་ཡོད་པ་འདྲ། རྩིས་ཤིག་རྒྱོབས། ད་དུང་ཨང་གྲངས་ཡོད་ན་གསུངས་རོགས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 22

  1. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    lenpa ཁྱེད་ཀྱི་བསམ་ཚུལ་གྱི་རྩོམ་ཐུང་དེ་མཐོང་སྐབས་གད་མོ་ཞིག་རང་དབང་མེད་པར་ཤོར་སོང་། ཚིག་དོན་གཉིས་ཆར་ལ་གོ་རྒྱུ་ཉན་རྒྱུ་མངས་པོ་འདུག བདེན་པ་རེད། ཐུགས་རྗེ་ཆེ། མ་ཟད་ཁྱེད་ཀྱི་རྩོམ་རྩལ་དང་རྣམ་དཔྱོད་ལ་བཀྲ་ཤེས་བདེ་ལེགས་ཞུ།

    Reply
  2. lenpa says:
    ལོ་ 15 སྔོན།

    སྐུ་ཚབ་ཚོ་
    ཚུགས་ཀ་མེད་ཀྱང་སྡོག་པ་བྱས་ནས་ས་ཡ་དྲུག་གི་སྐུ་ཚབ་དག།

    བོད་ལྭ་གོན་ནས་བོད་ཚུགས་བཏོད་དེ་བོད་ཀྱི་རྒྱལ་ས་གཉིས་བ་ནས།།

    ༧ཡིད་བཞིན་ནོར་བུར་མགོས་ཕྱག་འཚལ་སྟེ་དམ་བཅའ་ཁས་ལེན་བྱས་བ་དང་།།

    ཟ་དང་འཐུང་དང་ཡིན་དང་མིན་སོགས་རྒྱ་སྐད་ཁ་ཤས་སློབ་ཞོར་ལ།།

    བོད་ལྭ་ཕུད་ནས་རྒྱ་ལྭ་གོན་ཏེ་མཁའ་ལམ་བརྒྱུད་ནས་ཕེབས་སོང་ཟེར།།

    གཞིས་བྱིས་གཉིས་ཀྱི་རེ་བ་ཤི་ཡང་རྣ་བས་ཡང་ཡང་ཉན་པ་ན།།

    ཤ་རྩ་དཀར་ལ་ཤ་ཚུགས་ལེགས་པའི་རྒྱ་མོ་འགའ་ཡི་བསུ་བ་བཅས།།

    རྒྱ་མཁར་སྨུག་པོའི་ནང་ལ་འཛུལ་རྗེས་ཟ་འཐུང་སྡེར་མའི་ཁྲོག་སྒྲ་ལས།།

    བོད་མིའི་བདེ་སྡུག་བཤད་པའི་སྐད་ཆ་སུ་དང་གང་གིས་མ་གོ་ཟེར།།

    ༧ཡིན་བཞིན་ནོར་བུའི་གསལ་བཤད་བདུན་པོ་ཕར་ལ་འཕྲོད་པའི་བརྡ་ཙམ་དང་།།

    མི་རུང་ཁ་ཤོར་བཞི་ཡི་ཐོག་ལ་ཐུགས་རྗེ་ཆེ་ཞུ་ཕུལ་བ་དང་།།

    ལག་པ་གཉིས་ཀས་ཕོ་བ་སྐྱོར་ནས་ཟ་འཐུང་བླུགས་པའི་སྒྱེ་མོ་བཞིན།།

    པེ་ཅིང་མཁར་ན་ཡོད་པ་འདྲ་པས་བདེ་མོ་སྐྱིད་པོ་ཡིན་པར་སྨོན།།

    ཆབ་སྲིད་འཐབ་ཕྱོསག་གཅིག་གྱུར་པུའུ་ཡིས་ཁྱོད་ཚོར་སྐད་ལོག་ཨེ་བྱས་ཐལ།།

    པུའུ་ཀྲང་གཞོན་པས་དཔའ་སྐད་འཐེན་སྐབས་ཆོས་སྐྱོང་སྲུང་མ་ཨེ་དྲན་ཐལ།།

    སྐུ་ཚབ་རྣམས་ལ་སྐྲག་སྣང་སྐྱེས་ནས་རྒྱུད་པ་གཉིས་ཀ་ཨེ་འདར་ཐལ།།

    བདག་དབང་བཤད་སྐབས་མགོ་བོ་རྨོངས་ནས་༧ཡིད་བཞིན་ནོར་བུ་ཨེ་དྲན་ཐལ།།

    སྲིད་ཇུས་བཤད་སྐབས་མགོ་ཡོམ་འཁོར་ནས་རྔུལ་ཆུ་མང་བོ་ཨེ་བཞུར་ཐལ།།

    རྒྱལ་ཁབ་ཞིག་གི་སྐུ་ཚབ་ཡིན་པས་རྒྱ་ཆེན་རྒྱས་བ་ཨེ་ཐུབ་ཐལ།།

    ཡ་ཡ་ལེགས་སོ་ཐུགས་རྗེ་ཆེ་ལས་གཞན་པའི་ཚིག་འགའ་ཨེ་ཤོད་ཐལ།།

    ༧གོང་ས་མཆོག་ལ་མཚན་སྨོད་བྱེད་སྐབས་སྐྱུ་མོ་གཉེར་ནས་ཨེ་དཀའ་ཐལ།།

    རྒྱ་མོ་ཚོ་ལ་རྒྱ་རྒྱོ་བརྒྱབས་ནས་གུང་གསེང་སྐྱིད་པོ་ཨེ་བྱུང་ཐལ།།

    མོ་ཐེ་འཐུང་སྐབས་མི་རིགས་ཤིག་གི་བཀའ་དྲིན་ཡིན་པ་ཨེ་ཚོར་ཐལ།།

    ཁྱོད་ཚོར་རྟག་ཏུ་རྙོག་དྲ་མི་འདུག་རྒྱུན་དུ་ཕེབས་ཞེས་ཨེ་བཤད་ཐལ།།

    མྱི་བཟང་རེད་ཅེས་མྱི་ཆེན་དག་གིས་བསྟོད་པའི་མཐེ་བོང་ཨེ་བསྒྲངས་ཐལ།།

    སྒེར་བདག་ཁ་པར་ཨང་གྲངས་སྤྲོད་དང་སྒེར་དོན་བསྒྲུབ་ཞེས་ཨེ་བཤད་ཐལ།།

    ང་ཚོ་ཚང་མ་བཟང་ས་ཡིན་པས་ནང་གཏམ་བཤད་ཅེས་ཨེ་བསྐོར་ཐལ།།

    ཅི་གསུངས་བཀའ་ལ་ལེགས་སོ་ཙམ་ལས་རང་གི་འདོད་འདུན་ཨེ་ཤོད་ཐལ།།

    བོད་པའི་སྐུ་ཚབ་ཡིན་པའི་རྟགས་ལ་བོད་དོན་ཚིག་འགའ་ཨེ་ཁྲོལ་ཐལ།།

    ས་མཚམས་ལོ་རྒྱུས་གྲོས་མོལ་བྱེད་སྐབས་ས་རྒྱུས་མེད་པས་ཨེ་མྱངས་ཐལ།།

    དྲང་མོར་བཤད་ན་འཕྲིན་སྐྱེལ་ཙམ་ལས་བོད་པའི་སྐུ་ཚབ་ཨེ་ཉན་ཐལ།།

    རྡ་རམ་ས་ལའི་ཉེ་སར་འབྱོར་དུས་ཅི་བཤད་བསམ་ནས་ཨེ་སྐྲག་ཐལ།།

    བཀའ་བློན་ཁྲི་བའི་བཀའ་བཀྱོན་དྲན་ནས་སྐྱག་རྫུན་བཤད་པྭ་ཨེ་འདོད་ཐལ།།

    ༧ཡིད་བཞིན་ནོར་བུ་ཡིད་ལ་ཤར་ནས་དགོངས་དག་ཞུ་པྭ་ཨེ་དྲན་ཐལ།།

    སྐྱབས་བཅོལ་བ་ཚོ་སེམས་ལ་ཡོང་ནས་རྒྱ་ཆེན་བཤད་པྭ་ཨེ་འདོད་ཐལ།།

    གསར་འབྱོར་བ་ཚོས་དྲི་བ་འདྲི་ན་དབྱིན་སྐད་རྒྱག་པྭ་ཨེ་དྲན་ཐལ།།

    ཁ་ཤས་གསང་ནས་ཁ་ཤས་བཤད་སྐབས་རང་གིས་འཇོན་སོང་ཨེ་འདོད་ཐལ།།

    པེ་ཅིང་ཁོ་ཡ་ཁོག་ནས་ཞུས་ཏེ་མོ་ཐེའི་བཟི་ཁ་དྭངས་བ་ན།།

    དྲི་བ་འདི་ཚོར་ལན་ཞིག་གནོངས་ཞེས་གུས་མི་ཤེས་བའི་གུས་ལྡན་པ།།

    ས་ཡ་དྲུག་གི་དམའ་ཤོས་དེ་ཡིས་ས་ཁུང་ཞིག་གི་ཡ་ཕུགས་ནས།།

    ལག་པའི་ཐལ་མོ་ཐོད་ལ་སྦྱར་ཏེ་པུས་མོ་ས་ལ་བཙུགས་ནས་ཞུས།

    Reply
  3. དགེ་འདུན་རབ་གསལ། says:
    ལོ་ 15 སྔོན།

    འཇིགས་བྲལ་བསྟན་འཛིན་ལགས་སུ།

    ཁུངས་ཞེས་པ་འདི་གསར་འགོད་རིག་པའི་ནང་འགྲོ་སྲོལ་ཞིག་ཡོད་པ་རེད། ཁུངས་ཞེས་པ་དེ་དགོས་གལ་བྱུང་ཚེ་མིང་ཙམ་གྱི་གསང་བ་ཡང་ཕྱི་ལ་མི་འདོན་པའི་ལམ་སྲོལ་ཞིག་ཡོད་པ་རེད། དེ་ངེད་ཀྱིས་ལག་ལེན་ལ་བསྟར་བཞིན་ཡོད། ད་དྭོགས་པ་ཡོད་ན་ལ་རྒྱ་རི་ལ་འབྲི་རོགས་གནང་། ཁོང་གིས་སྐད་ཆ་དེ་འདྲ་གསུངས་ས་དང་གསུངས་དུས་བཅས་ཚང་མ་བཀོད་ཡོད། དེ་ནས་སྐད་ཆ་འདི་མཚམས་འཇོག་གནང་རོགས།

    Reply
  4. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དགེ་འདུན་རབ་གསལ་ལགས། བརྩད་གཅོད་འདིས་ཁྱོད་རང་ལ་མི་བདེ་བ་བྱུང་ཡོད་ན་སྒེར་ལ་དམིགས་པ་ཞིག་མིན་པས་དགོངས་པ་འགལ་མདོག་མེད་ལ་རེ་བ་ཡང་ཞུ་གི་ཡོད། གནད་དོན་འདི་བོད་ཀྱི་མདུན་ལམ་ལ་ཐུག་པའི་སྐད་ཆ་ཡིན་པས་བརྩད་གཅོད་བྱས་པ་ཡིན། དེ་དོན་དགོངས་འཇགས་ཞུ།

    Reply
  5. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    གཡང་སྐྱབས་རྒྱལ་གྱི་གཏམ་དེའི་ཁུངས་སྐྱེལ་ཐབས་ཤིག་དགེ་འདུན་རབ་གསལ་ལགས་ཀྱིས་གནང་འདུག དེ་ཡང་དགེ་འདུན་རབ་གསལ་ལགས་ཀྱིས་༼སྐད་ཆའི་ཡོང་ཁུངས་ནི་མིང་སྨྲ་འདོད་མེད་པའི་ཁུངས་ཡིད་བརྟན་འཕེར་བ་ཞིག་རེད། ༽ཅེས་གསུངས་འདུག དྲང་མོ་བཤད་ན་ཁྱོད་རང་མི་དེར་ཡིད་བརྟན་འཕེར་གྱི་ཡོད་ཀྱང་བོད་མི་མང་ཡིད་བརྟན་འཕེར་གྱི་རེད་དམ། བོད་མི་མང་ལ་དགོས་པའི་ཁུངས་སྐྱེལ་དེ་༼སྐད་ཆའི་ཁུངས་ལུང་ལ་ཆ་འཇོག་བྱེད་ཀྱི་རེད་མ་གཏོགས་ཟེར་སྐད་དང་། ཐོས་སྐད་སོགས་ལ་ཆ་འཇོག་བྱེད་ཐབས་ཡོད་མ་རེད།༽ ཅེས་སྔོན་ནས་བཤད་ཡོད། དཱ་མཐའ་མའི་ཁུངས་ལུངས་དེ་མིང་ཙམ་ཡང་འདོན་མི་ཕོད་པའི་མི་ཞིག་གིས་ལབ་སོང་ཟེར་བ་དེ་རེད། བོད་མི་མང་མགོ་སྐོར་མི་ཐེབས་པའི་དོན་དུ་མི་འདུན་ལ་དོན་ནས་རྒྱ་རིའི་སྐད་ཆའི་སྒྲ་འཇུག་དང་བཅས་བོད་མི་མང་ལ་གསལ་བསྒྲགས་བྱོས་དང་། རྒྱལ་གཅེས་དཔའ་བོ་རེད། རྒྱ་རི་ལ་ཞེད་དགོས་དོན་ག་རེ་འདུག སྔོན་ཡང་འདི་ལྟར་ཞུས་ཡོད། ༼གཡང་སྐྱབས་རྒྱལ་གྱིས་བཤད་པར་ཁུངས་ལུང་ཡོད་ན་དངོས་འབྲེལ་བཟོད་སྒོམ་བྱེད་ཐབས་བྲལ་བ་ཞིག་རེད། ང་ཚོས་ངེས་པར་ཐེར་འདོན་བྱེད་དགོས་པ་རེད། ང་ཚོ་དྲ་གྲོགས་ཚོ་ཡིན་ནའང་གནས་ཚུལ་འདི་དེ་མུར་འཇོག་མི་རུང་བའི་བསམ་ཚུལ་འདོན་དགོས་པ་རེད།༽ ཅེས་བཤད་པ་བཞིན་བོད་མི་ཞིག་ཡིན་པའི་ངོས་ནས་བཤད་ན་འཇོག་མི་རུང་ཐག་ཆོད་རེད། ལྷག་པར་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་མིང་ཁུར་ནས་སྐད་ཆ་འདི་འདྲ་བཤད་ཀྱི་ཡོད་ན་གནད་དོན་ཆུང་ཆུང་གཏན་ནས་མ་རེད། དེར་བརྟེན་ངས་བརྩད་གཅོད་བྱེད་དོན་དེ་ཡིན། བདེན་པ་ཡིན་ན་རྒྱ་རི་བོད་མི་མང་གི་མདུན་དུ་མགོ་གྱེན་དུ་འདེགས་མི་ཕོད་པ་ཞིག་བཟོ་དགོས་པ་རེད་བསམས་ནས་ཡོད་ལ། དེ་བཞིན་ཡིག་ཐོག་ཏུ་བྲིས་ཡོད། ཡིན་ནའང་མཐའ་མ་དགེ་འདུན་རབ་གསལ་ལགས་ཀྱིས་ཁུངས་སྐྱེལ་ཐབས་འདི་འདྲ་ཞིག་གིས་འཐུས་ཐབས་གནང་ཡོང་བ་བློ་ཡུལ་ལས་འདས་པ་རེད།

    Reply
  6. དགེ་འདུན་རབ་གསལ། says:
    ལོ་ 15 སྔོན།

    འཇིགས་བྲལ་བསྟན་འཛིན་ལགས་སུ། ཁྱེད་ཀྱིས་ཉིན་ཤས་རིང་ཁ་བརྡའི་ཐོག་འཁོད་པའི་རྩོམ་འདིའི་ཁུངས་ལུང་འཁྱེར་ཤོག་ཅེས་གང་སར་བཀྲམས་ནས་གསུངས་པ་རེད། གློ་བུར་དུ་ ༢༠༠༨ ལོའི་ཕྱི་ཟླ་ ༡༢ ནང་བྱུང་བའི་གནས་ཚུལ་དེ་དྲན་མ་བྱུང་། དེ་བས་ཉིན་ཤས་རིང་དེའི་སྐོར་ལ་བསམ་བློ་བཏང་བ་ཡིན་ལ། སྐད་ཆ་འདི་ཡང་བསྐྱར་གླེང་རིན་ཡོད་མེད་ལའང་བསམ་གཞིགས་བྱས་པ་ཡིན། གང་ལྟར་ལན་འདི་འདྲ་ཞིག་བྲིས་ན་འོས་ཆེ་བར་མཐོང་ནས་བྲིས་པ་ཡིན། གཟིགས་རོགས་གནང་།
    སྐད་ཆ་ངོ་མ་དེ་གཤམ་གསལ་ལྟར་རེད། “༼༢༠༠༨ ལོའི་ཟླ་བ་ ༡༢ ཚེས་ ༡༢ ཙམ་ལ་༽ ཁ་སང་ཁེ་ཉིན་ཞིག་ལ་ཨ་ རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ་ཞིག་འཚོགས་ཡོད་ སྐད་དང་། ཚོགས་ཐོག་དེར་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་གསུང་བཤད་གནང་སྟེ། “༡༩༤༩ ཡར་སྔོན་དུ་ཨ་མདོ་ཡོངས་དང་ཁམས་ཀྱི་ཕྱེད་དེ་རྒྱ་ཁོངས་རེད་”ཅེས་བཤད་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདིས་ངོ་མ་བཤད་ན་”ཁྲིམས་མཐུན་དུ་མེད་པའི་བོད་ཀྱི་ས་ཁུལ་དགོས་པའི་”དགོས་འདུན་བཏོན་ཡོད་པ་དང་། “དབུ་མའི་ལམ་”ལ་ཆག་ཡངས་གང་ཡང་གཏོང་ཐབས་མེད་པ་ལ་བརྟེན་ནས་བོད་རྒྱའི་འབྲེལ་མོལ་དང་ཞི་མོལ་ལ་ལམ་ལྷོང་མ་བྱུང་ལུགས་བཤད་སོང་ཟེར།”
    ད་ནི་ སྐད་ཆ་འདི་གསུངས་དུས་དེ་ ༢༠༠༨ ལོའི་ཟླ་བ་བཅུ་གཉིས་པ་རེད། གསུངས་ས་དེ་ བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ་ཞིག་ཝ་ཤིན་ཊོན་དུ་འཚོགས་པའི་ཚོགས་ཐོག་རེད། སྐད་ཆའི་ཡོང་ཁུངས་ནི་ མིང་སྨྲ་འདོད་མེད་པའི་ཁུངས་ཡིད་བརྟན་འཕེར་བ་ཞིག་རེད། ད་དུང་དྭོགས་པ་ཡོད་ན། དམིགས་བསལ་སྐུ་ཚབ་དང་སྐུ་ཚབ་ཀྱི་ལས་ཁུངས་ལ་བཅར་འདྲི་ཞུ་རོགས།

    Reply
  7. དབྱངས་བུ། says:
    ལོ་ 15 སྔོན།

    དྲ་གྲོགས་དགེ་འདུན་རབ་གསལ་ལགས།

    ངས་དེ་སྔོན་ཁྱེད་ཀྱི་རྩོམ་ཡིག་འགའ་ཤས་བཀླགས་མྱོང་ཡོད་མོད།་་གོང་གི་རྩོམ་ཡིག་་་ཨང་རྩིས་་་ཞེས་འབོད་པ་དེས་ང་རང་ལ་ཚོར་ཤུགས་ཆེ་ཤོས་སྦྱིན་སོང།་་དཔེར་ན།་་ཁྱེད་ཀྱིས་གཟིགས་ནས་ཚོར་སྣང་བྱུང་བ་ལྟར།་་་གུས་པས་ཀྱང་ཟམ་གདོང་རིན་པོ་ཆེའི་ཕྱག་ལ་ཕྱག་འཁར་བཞེས་པ་ཐེངས་གཅིག་གཉིས་མཐོང་བྱུང་བར་སེམས་ལ་སྐྱོ་བ་ཆེན་པོ་སྐྱེས་བྱུང།་་་འོན་ཀྱང་སློབ་དཔོན་ཆེན་པོ་ཁོང་གིས་༸གོང་ས་ཆེན་པོ་བཀའ་དགོངས་དང།་བོད་མི་མང་གི་བདེ་སྔུག་ལ་གཟིགས་རྟོགས་གང་ལེགས་གནང་བ་དེས་སེམས་གསོ་བའི་གཞི་རྟེན་དུ་སྒོམ་ནས་བསྡད་ཡོད།

    མདོར་ན།་་་རྩོམ་པ་པོ་དགེ་འདུན་རབ་གསལ་ལགས།་་་མུ་མཐུད་རྩོམ་ཡིག་དེ་འདྲ་བ་སྤེལ་རོགས་གནང་ཞུ་རྒྱུ་ཡིན།་་་ཐུགས་རྗེ་ཆེ།།

    Reply
  8. རྭ་ལོ། says:
    ལོ་ 15 སྔོན།

    བདུན་ཕྲག་འདིའི་ནང་དོ་སྣང་བྱུང་བ་ལྟར་ན། ཕ་ཡུལ་དྲ་རྒྱའི་སྟེང་ན་རྒྱ་ནག་གི་ཅ་དངོས་རིགས་ཁྱབ་བསྒྲགས་འདྲ་བྱས་ནས་བསྡད་འདུག ག་རེ་ཡིན་མིན་མ་ཤེས།

    ཟླ་གཅིག་གི་སྔོན་ལ་རྒྱ་ནག་ལྷོ་ཕྱོགས་ནས་ཡིན་པའི་བུད་མེད་ཅིག་གིས་རྒྱ་གར་ནས་ཅ་ལག་འདིའི་རིགས་ཁྱབ་བསྒྲགས་བྱེད་ན་བརྒྱུད་ལམ་ཡག་ཤོས་གང་རེད་ཟེར་ནས་སྐད་ཆ་དྲིས་སོང་། སྐབས་དེར་ངས་ The Times of India ཡིན་ངེས། ཚགས་པར་དེ་ཚོང་ལས་ཁྱབ་བསྒྲགས་ཤུགས་ཆེ་ཤོས་ཀྱི་ཚགས་པར་ཡིན། འཛམ་གླིང་སྟེང་དཔར་གྲངས་མང་ཤོས་ཀྱི་ཚགས་པར་ཨང་དང་པོ་ཡང་གོང་གི་ཚགས་པར་དེ་ཡིན་ཅེས་བཤད་པ་ཡིན།

    Reply
  9. ནད་པ says:
    ལོ་ 15 སྔོན།

    ཕྱི་ཟླ་གཉིས་པའི་ཚེས་ ༢༧ དང་༢༨ ཉིན་གཉིས་རིང་ལ་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ཁེ་གཙང་གིས་མ་འོངས་མི་ལོ་ ༥༠ སྐོར་ལ་ལས་དོན་གང་འདྲ་ཞིག་བྱེད་དགོས་མིན་གྱི་སྐོར་ལ་བགྲོ་གླེང་ཞིག་གནང་གཏན་འཁེལ་འདུག

    ངས་བསམས་ན་དེ་ནི་གནད་དོན་ཧ་ཅང་གིགལ་ཆེ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད། གང་ཡིན་ཟེར་ན་ང་ཚོས་ངེས་པར་དུ་བཙན་བྱོལ་བོད་གཞུང་གི་མ་འོངས་ལས་དོན་ཐད་ལ་འཆར་གཞི་ལྡན་པ་ཞིག་བཟོ་དགོས་ཀྱི་འདུག་ལ་ད་དུང་འཆར་གཞི་དེ་ཡིག་ཐོག་ཏུ་ལུས་པ་ཞིག་མ་སོང་བར་བྱ་དངོས་མངོན་འགྱུར་ཡོང་བ་ཞིག་བྱེད་དགོས་ཀྱི་འདུག

    དཔེར་ན་རྒྱ་ནག་ལྟ་བུར་མཚོན་ན་ ༡༩༨༠ ལོར་ཏིང་ཞའོ་ཕིན་གྱིས་རིགས་པའི་གཞུང་ལུགས་ཟེར་བའི་ཐད་ལ་དེང་རབས་ཅན་བཞི་ཞེས་ཞིང་ལས་དང་། བཟོ་ལས། རྒྱལ་བསྲུང་། ཚན་རྩལ་བཅས་ལྟེ་བ་གཅིག་དང་གཞི་རྩའི་གནས་གཉིས་ལ་གཏན་འབེབས་བྱས་༡༩༨༠ ནས་ ༡༩༩༠ བར་རྒཡལ་ཁབ་ཀྱི་འཆར་གཞི་བཟོས་པ་ཡོད་པ་དང་འཆར་གཞི་དེ་ལག་བསྟར་དོན་འཁྱོལ་ནང་༡༩༩༠ ནས་ ༢༠༠༠ བར་ཁྱོན་མི་ལོ་ ༢༠ ལས་འཆར་བཀོད་ནས་ད་ལྟའི་རྒཡལ་ཁབ་འདི་འཕེལ་རྒྱས་ཚད་ལ་སའདས་པ་ཞིག་འགྲོ་བཞིན་ཡོད།

    དེར་བརྟེན་ང་ཚོས་ཀྱང་ད་ལྟ་མ་འོངས་བོད་དོན་གྱི་ལས་འཆར་ཐད་འཆར་གཞི་ངེས་ཅན་ཞིག་བཟོ་དགོས་ཀྱི་འདུག དེ་ཡང་ཨང་དང་པོ་ཆབ་སྲིད། གཉིས་པ་དཔལ་འབྱོར། གསུམ་པ་བསླབ་གསོ། བཞི་པ་རིག་གཞུང་བཅས་ལ་ངེས་པར་དུ་འཆར་གཞི་དང་ལག་ལེན་གཉིས་བཟུང་འབྲེལ་བྱེད་རྒྱུར་འབད་ཐབས་བྱེད་དགོས་འདུག

    Reply
  10. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    དགེ་འདུག་རབ་གསལ་ལགས་ཀྱི་ཨང་རྩིས་ལ་ཁ་སྣོན་མེད་དེ་་་་་ནོར་སོ་ཅུང་ཙམ་འདུག ༢༠༠༢ ནས་ ༢༠༡༠ བར་བརྩིས་ན་ལོ་དགུ་དག་དག་འགོར་ཡོད་པ་ལས་ལོ་བརྒྱད་མ་རེད། ༢༠༠༢ གི་ལོ་འདི་དང་ ༢༠༡༠ འདི་གཉིས་ནང་ལ་བརྩི་དགོས། རྒྱུ་མཚན་ནི་ལོ་འདི་གཉིས་ལ་བོད་རྒྱའི་བར་འབྲེལ་མོལ་བྱས་ཡོད། ད་དུང་རྩིས་ནོར་རེ་ཟུང་འདུག ཁྱོད་ཚོས་ལྟོས་དང་མ་ཤེས་ན་ངས་གསུང་འབྱོན་ཆོག

    Reply
  11. འོས་ལངས། says:
    ལོ་ 15 སྔོན།

    ༼རང་བཙན་མ་ཡིན་པའི་སྐད་ཆ་གཞན་གང་ཡིན་ཡང་གླེང་ཆོག་༽ཅེས་པའི་ཚིག་དུམ་དེར་ཤི་འཐམ་རོ་འཐམ་བྱས་ནས་མི་ལོ་ཉི་ཤུས་ག་ལ་ཚད། དུས་ནོར་དེ་ནས་ད་བར་དུ་མི་ལོ་ཧྲིལ་བོ་སུམ་ཅུ་འདས་ཡོད་པ་རེད། རྒྱ་རི་རིན་པོ་ཆེ་ནི་སྤྱིར་བཏང་ནུས་འཇོན་ཆེ་ཙམ་ཡོད་མཁན་ཞིག་ཏུ་སྣང་ན་ཡང་། རྒྱ་དཔོན་ཚོའི་སར་འགྲོ་དགོས་པའི་བོད་ཀྱི་སྐུ་ཚབ་ཀྱི་ལས་དོན་ནི་ཁོང་གིས་གཏན་ནས་སྒྲུབ་མི་ནུས་པ་མངོན་གསལ་དོད་པོ་རེད། བོད་ཀྱི་སྐུ་ཚབ་ཚོས་རྒྱ་དཔོན་ཚོར་ཅི་བཤད་རྣམས་གསལ་རྟོགས་མི་འབྱུང་ཡང་། རྒྱ་ཕྱོགས་ཀྱི་བསྒྲགས་གཏམ་དང་ཚོགས་གཏམ་འདྲ་བོ་དེ་ཚོ་མཐོང་དུས་རང་བཞིན་གྱིས་དོགས་སློང་ཞིག་ཡང་ཡང་འབྱུང་གི་འདུག

    Reply
  12. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    མདོ་འདུམ་ཚང་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།
    ཁྱེད་ཀྱིས་དུས་བབ་སྒང་ན་དེའི་༼གཡང་སྐྱབས་རྒྱལ་༽སྐོར་ལ་ཁྱེད་ཀྱིས་མཆན་བུ་ཐང་མ་བརྡལ་བརྡལ་བྱས་འདུག རྒྱུ་མཚན་ཅི་ཞིག་གི་སླད་དུ་ཡིན་མིན་ངེད་ཀྱིས་མི་ཤེས། ཅེས་བཤད་འདུག དེའི་རྒྱུ་མཚན་ནི་གསལ་པོ་བྲིས་ཡོད། དེ་ཡང་གཡང་སྐྱབས་རྒྱལ་གྱིས་བཤད་པར་ཁུངས་ལུང་ཡོད་ན་དངོས་འབྲེལ་བཟོད་སྒོམ་བྱེད་ཐབས་བྲལ་བ་ཞིག་རེད། ང་ཚོས་ངེས་པར་ཐེར་འདོན་བྱེད་དགོས་པ་རེད། ང་ཚོ་དྲ་གྲོགས་ཚོ་ཡིན་ནའང་གནས་ཚུལ་འདི་དེ་མུར་འཇོག་མི་རུང་བའི་བསམ་ཚུལ་འདོན་དགོས་པ་རེད། ཅེས་དང་། མ་ཟད་མུ་མཐུད་འདི་ལྟར་བྲིས་ཡོད། དེ་མིན་སྐད་ཆ་འདི་འདྲ་བཤད་སོང་ཟེར་བ་དང་། ལབ་ཀྱི་འདུག་ཟེར་བ། ཡིན་ས་རེད་ཟེར་བ་སོགས་ནི་ཕུ་ནུ་ནང་དཀྲུགས་ཀྱི་བཀའ་མོལ་རེད། ཁུངས་ལུང་ཡོད་རྒྱུ་རེད་བསམ་གྱི་འདུག ཁུངས་ལུང་འགོད་རྒྱུ་མེད་ན་བཀའ་མོལ་འདི་རྒྱ་མིའི་སོ་པའི་བྱེད་ལས་ཤིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། ང་ཚོས་སྐད་ཆའི་ཁུངས་ལུང་ལ་ཆ་འཇོག་བྱེད་ཀྱི་རེད་མ་གཏོགས་ཟེར་སྐད་དང་། ཐོས་སྐད་སོགས་ལ་ཆ་འཇོག་བྱེད་ཐབས་ཡོད་མ་རེད། ཅེས་པ་འདི་གཉིས་ནི་རྒྱུ་མཚན་ཡིན།

    དེ་བཞིན་མདོ་འདུམ་ཚང་རིག་འབྱུང་དོན་འགྲུབ་བཀྲ་ཤིས་ལགས། ཁྱེད་ཀྱིས་ཟུར་བཀོད་བྱས་པའི་ཁ་བརྡའི་དྲ་བྱང་བརྒྱུད་གཡང་སྐྱབས་རྒྱལ་ཟེར་བས་རྒྱ་རིའི་སྐོར་ལ་བྲིས་པ་དེ་བཀླགས་པ་ཡིན། ཁོ་རང་ལ་ཁུངས་ལུང་མེད་ཚུལ་བྲིས་འདུག དཱ་ཁུངས་ལུང་མེད་པའི་ཁྲོམ་གཏམ་འདི་སྤེལ་མཁན་དེ་བོད་མི་ཚད་ལྡན་ཞིག་ལ་ངོས་འཛིན་དགོས་པ་རེད་དམ། ཡག་ན་འདྲ། སྡུག་ན་འདྲ། འདོད་ན་འདྲ། མ་འདོད་ན་འདྲ། རྒྱ་རི་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རེད། ཁོང་གི་སྐུ་ཚབ་ལ་ཁུངས་ལུང་མེད་པའི་དཀྲུགས་གཏམ་སྤེལ་དགོས་དོན་ག་རེ་ཡིན་རྒྱུ་རེད།

    དེ་མིན་ཁྱེད་ཀྱིས་གནས་ཚུལ་གཏོང་དགོས་ས་འདྲ་ཡོད་ན་ཞེས་གསུངས་འདུག དྲ་ངོས་འདིར་ཁ་ནས་གང་ཐོན་ཐོན་བཤད་མཁན་དང་། རྒྱག་གཏམ་སྤེལ་མཁན་དེ་ཚོའི་མིང་གབ་ནས་བཤད་ཀྱི་འདུག ངས་ཀྱང་དོན་དངོས་སུ་མི་དེ་དག་གི་བྱེད་ལས་གང་ཡིན་ནམ་བསམ་གྱི་ཡོད་ལ། སོ་སོས་ཤེས་རྟོགས་བྱུང་བ་ཡིན་ན་གབ་མིང་བེད་སྤྱོད་གཏོང་མཁན་དེ་སུ་ཡིན་དྲ་ངོས་སུ་གསལ་པོ་བཟོ་འདོད་བྱེད་ཀྱི་ཡོད།
    མདོ་འདུམ་ཚང་། ཁྱེད་ལ་ལན་སྤྲོད་རྒྱུ་མེད་པའི་དཀའ་ངལ་བྱུང་ཡོད་ན་ངས་མི་དེད། ་སེམས་བདེ་མོ་བྱོས།

    Reply
  13. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    འཇིགས་བྲལ་བསྟན་འཛིན་ཞུ་མཁན་དེར་སྐད་ཆ་ཚིག་འགའ་བསྐྱར་དུ་ཞུ་གི་ཡིན།
    འདི་ཁྱེད་ལ་བཏབས་པའི་མཆན་བུ་མཐའ་མ་དེ་ཡིན། སྐུ་ཉིད་ནས་གོ་བ་མ་ལོན་ན་བསྐྱར་དུ་འགྲེལ་བཤད་བྱེད་རྒྱུའི་དུས་ཚོད་ངེད་ལ་མེད།

    དང་པོ།
    སྐུ་ཉིད་ནས། རིག་འབྱུང་དོན་གྲུབ་བཀྲ་ཤིས་སུ་ཡིན་མིན་དང་། མདོ་འདུམ་ཚང་སུ་ཡིན་མིན། ད་དུང་། གཡང་སྐྱབས་རྒྱལ་སུ་ཡིན་མིན་སོགས་བརྩད་གཅོད་གནང་བཞིན་པ་དེར་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། འོན་ཀྱང་། དེ་ཁྱེད་ལ་བབ་པའི་ལས་ཀ་ཞིག་མ་རེད་ཀྱང་ཞོར་ལ་ཞུ་གི་ཡིན། གལ་སྲིད། རྩོམ་འབྲི་མཁན་སུ་ཡིན་མིན་དེ་ཁྱེད་ཀྱི་གསར་འགྱུར་གྱི་ཆེད་དུ་ཡིན་ན། མུ་མཐུད་དུ་བརྩད་གཅོད་གནང་རོགས་ཞུ་གི་ཡིན། གནས་ཚུལ་གཏོང་དགོས་ས་འདྲ་ཡོད་ན་གཏོང་རོགས་ཞུ་གི་ཡིན། དེ་གཅིག་ཡིན།

    གཉིས་པ།
    གཡང་སྐྱབས་རྒྱལ་གྱིས་བྲིས་བའི་རྩོམ་དེ་ངེད་ཀྱིས་བྐླགས་པ་ཡིན། མཆན་བུ་དང་བཅས་བ་བྐླགས་པ་ཡིན། ཁྱེད་ཀྱིས་བཀོད་པའི་གནས་ཚུལ་དེར་ཁུངས་སྐྱེལ་ཡོད་མེད་ཀྱི་སྐོར་ནས་། སྐབས་དེའི་མཆན་བུའི་ནང་ན་ཁོང་གིས་ཁ་གསལ་གསུངས་འདུག ཁྱེད་རང་བསྐྱར་དུ་སོང་ནས་ྐློགས། འབྲེལ་ཐག་འདི་རུ་འདུག (http://www.khabdha.org/?p=1091)
    དུས་བབ་སྒང་ན་དེའི་སྐོར་ལ་ཁྱེད་ཀྱིས་མཆན་བུ་ཐང་མ་བརྡལ་བརྡལ་བྱས་འདུག རྒྱུ་མཚན་ཅི་ཞིག་གི་སླད་དུ་ཡིན་མིན་ངེད་ཀྱིས་མི་ཤེས། གང་ལྟར། བྱེད་སྟངས་དེའི་རིགས། གསར་འགོད་པའི་མིང་ཡོད་མཁན་ཞིག་གི་བྱེད་སྟངས་མ་རེད་ཀྱང་ཞོར་ལ་ཞུ་འདོད་བྱུང་། ད་དུང་། ཁྱེད་ནས་ཁུངས་སྐྱེལ་མེད་ན་རྒྱ་མིའི་སོ་བ་ཡིན་པའི་སྐོར་ཞིག་ཀྱང་བཤད་འདུག་
    སྐད་ཆ་དེ་ཚོའི་རིགས་ལ་ཁྱེད་ལ་ཁུངས་སྐྱེལ་ཡོད་དམ། འོན་ཀྱང་། ཁྱེད་ཀྱིས་མཆན་བུ་ག་རེ་བཏབས་ན་ཡང་ངེད་རང་སྒེར་ངོས་ནས་དེ་ལ་དགག་བྱ་མེད། བསམ་ཚུལ་འདི་ཁྱེད་ལ་ཞོར་ནས་བཤད་པ་ཡིན་མ་གཏོགས་ངེད་རང་རྩོམ་དེ་འབྲི་མཁན་གཡང་སྐྱབས་རྒྱལ་ལ་དགའ་བ་དང་ཁྱེད་ལ་མ་དགའ་བ་དེ་འདྲ་མིན། དེ་ཡང་སེམས་ལ་འཛིན་རོགས།

    གསུམ།
    དེ་ནས་། ཁྱེད་ཀྱིས་འདི་འདྲ་གསུངས་འདུག ཁྱེད་གཉིས་ཀྱིས་ཨང་རྩིས་ལ་བརྟེན་ནས་ཉིན་གཅིག་སུ་དགོངས་བ་ཞུས་ཟེར་གྱི་ཡིན་ན་ལབ་འདུག འདི་རུ། མི་སྒེར་ལ་དགའ་མི་དགའི་སྐད་ཆ་ཡོད་མ་རེད་འདོད། མི་སྒེར་ལ་དགའ་མ་དགའ་གྱི་སྐད་ཆ་བཤད་ཀྱི་ཡོད་མ་རེད། གལ་སྲིད་བཤད་པ་ཡིན་ན་ཡང་། བཤད་མཁན་དེ་དང་འབྲི་མཁན་དེ་བྱབ་ཆུང་རེད། འདི་རུ་བོད་མིའི་སྤྱི་ཡོངས་གནས་སྟངས་མང་པོ་ཞིག་ལ་བལྟས།་ དེ་མིག་གིས་མཐོང་། ཞིབ་འཇུག་འདྲ་བྱས། དེ་ནས་བསམ་ཚུལ་གླེང་གི་ཡོད་རེད་དྲན། ངེད་རང་སྒེར་ངོས་ནས་་དགེ་འདུན་རབ་གསལ་གྱི་རྩོམ་དེར་མཆན་བུ་བཏབས་པ་དེ་ཚོའི་ཁོངས་ན་མ་འགྲིག་པ་འདྲ་ཡོད་ན། ཁུངས་ལུང་མེད་པ་བཤད་ཡོད་ན། ཁྱེད་ཀྱིས་ནོར་བཅོས་གནང་རོགས། ངེད་ཀྱི་མཆན་བུ་་དང་རྩོམ་གང་ཡིན་རུང་། ངེད་རང་ནས་འགན་ཁུར་གྱི་ཡོད། འདི་ཡང་ཁྱེད་རང་ལྟ་བུའི་ྐློག་མཁན་ཚོས་ངེས་པར་དུ་མཁྱེན་དགོས་བའི་གནད་དོན་ཞིག་རེད་འདོད།

    བཞི་པ།
    ངེད་རང་སྒེར་ངོས་ནས་ཁྱེད་ལ་ལམ་སྟོན་ཞུ་རྒྱུ་ཅང་ལྷག་མེད། བོད་རྒྱའི་འབྲེལ་མོལ་ཐད་ཀྱི་འགྱུར་བ་གཏོང་དགོས་བའི་བསམ་ཚུལ་དེ་དང་དེའི་འགྲེལ་བཤད་ཐུང་ངུ་ཞིག་ངེད་ཀྱིས་མཆན་བུ་སྔ་མ་འགར་བཏབས་ཡོད། དེ་ནས་ཁྱེད་ཀྱི་བློ་སྒོ་ཅུང་ཙམ་ཕྱེས་ཡོད་པའི་རེ་བ་ཡོད། འགྱུར་བ་གཏོང་སའི་ལམ་ཁ་ཡོད་མེད་ཀྱི་ཐད་ལ་བསམ་ཚུལ་ཞིག་འབྲི་བཞིན་ཡོད།
    ཁྱེད་ཀྱིས་གོ་བ་ལོན་མི་ལོན་མི་ཤེས། ངེད་ཀྱིས་ཁ་སང་ནས་གསལ་བོར་བཤད་ཡོད། ད་ཕན་ངེད་ཀྱིས་བྲིས་བ་དང་བརྩམས་པ་དེ་ཚོ། མཚམས་རེར་ྐློག་མཁན་ཚོས་གོ་བ་ལོན་གྱི་འདུག མཚམས་རེར་ྐློག་མཁན་ཚོས་གོ་བ་ལོན་གྱི་མི་འདུག འདི་ཁྱེད་ལ་མཐོང་ཆུང་གི་སྐད་ཆ་མིན། ངེད་རང་སྒེར་གྱི་བསམ་ཚུལ་ཡིན། ག་ལེར་ག་ལེར་ཁྱེད་རང་ལྟ་བུའི་ྐློག་པ་པོ་ཚོས་གོ་བ་ལོན་པའི་རེ་བ་ཡོད། གང་ལྟར། ད་ཕན་ངེད་ཀྱིས་བརྩམས་པ་དང་མཆན་བུ་བཏབས་པ་དེ་ཚོའི་ཐོག་ལ། བསམ་ཚུལ་མི་མཐུན་པ་ཡོད་ན། དགག་ལན་ཆར་བ་འབབ་འབབ་གནང་རོགས། དེ་ལ་དགའ་བསུ་ཞུ་གི་ཡིན། གཞན།
    ངེད་ཀྱིས་བྲིས་བ་དེ་ཚོར་ཁྱེད་ནས་དོ་སྣང་སྤྲོད་བཞིན་པ་དེར་ཡང་དགའ་ནས་ཡོད། དེ་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། ་ གོང་དུ་ངེད་ཀྱིསབཤད་པའི་ཁོངས་སུ་། ཚིག་རྩུབ་འདྲ་ཤོར་ཡོད་ན་དེ་ལ་སྙིང་ནས་དགོངས་དག་ཞུ་གི་ཡིན།

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་གུས་ཞབས་དང་བཅས།

    Reply
  14. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཉིན་འགའི་སྔོན་དུ་གཤམ་གྱི་སྐད་ཆ་འདི་ཤོད་མཁན་གྱི་གཡང་སྐྱབས་རྒྱལ་ཟེར་བར་ངས་ཁུངས་སྐྱེལ་རོགས་ལབ་པ་ཡིན། ཁོ་ད་དུང་སླེབས་མ་སོང་། ཡིན་ནའང་ལོ་མང་སྔོན་ནས་སྐུ་ཚབ་ལ་གཏམ་སྤེལ་མཁན་དང་། ཁ་སང་གཡང་སྐྱབས་རྒྱལ་འཚོལ་སྐབས་རྒྱ་རིའི་སྐོར་འདི་ན་འདུག་གསུང་མཁན་གྱི་དགེ་འདུན་རབ་གསལ་ལགས་ཀྱིས་ཨང་རྩིས་གཅིག་བཀྲམས་སོང་ལ། ༼སྐུ་ཚབ་རྣམ་པ། ཁྱེད་ཚོའི་སྤྲོ་འཆམ་དེ་གྲུབ་ཚར་སོང་ངམ་༽ཟེར་བའི་རྒྱག་གཏམ་རྩོམ་མཁན་མདོ་འདུམ་ཚང་རིག་འབྱུང་དོན་འགྲུབ་བཀྲ་ཤིས་ཀྱིས་ཨང་རྩིས་ལ་ཁ་སྣོན་བྱས་སོང་། ཡིན་ནའང་ད་དུང་ང་ལ་མཚོན་ན་མདོ་འདུམ་ཚང་རིག་འབྱུང་དོན་འགྲུབ་བཀྲ་ཤིས་ཀྱི་ལན་འགའ་དགོས་ཀྱང་གྲག་འགུལ་མི་འདུག གྲོགས་པོ་རྣམ་གཉིས། གཡང་སྐྱབས་རྒྱལ་ཁྱེད་གཉིས་ཀྱི་འཐབ་གྲོགས་ཡིན་ངེས་པས་གཤམ་གྱི་སྐད་ཆ་དེ་ཁོ་ལ་ཤོད་རོགས། ཁྱེད་གཉིས་ཀྱི་ཨང་རྩིས་ལ་བརྟེན་ནས་ཉིན་གཅིག་སུ་དགོངས་པ་ཞུས་ཟེར་རྒྱུ་ཡིན་ན། ཤ་ཚ།

    དྲ་གྲོགས་གནས་ཚང་ལགས་ཀྱིས་འདྲེན་བཀོད་བྱས་པ་དང་། གཡང་སྐྱབས་རྒྱལ་གྱིས་ཁ་བརྡ་དྲ་ཚིགས་སུ་གཤམ་གྱི་བཀའ་མོལ་དེ་བཤད་པ་ལས་འཕྲོས་པའི་བསམ་ཚུལ་འགའ།
    དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་གསུང་བཤད་གནང་སྟེ། “༡༩༤༩ ཡར་སྔོན་དུ་ཨ་མདོ་ཡོངས་དང་ཁམས་ཀྱི་ཕྱེད་དེ་རྒྱ་ཁོངས་རེད་”ཅེས་བཤད་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདིས་ངོ་མ་བཤད་ན་”ཁྲིམས་མཐུན་དུ་མེད་པའི་བོད་ཀྱི་ས་ཁུལ་དགོས་པའི་”དགོས་འདུན་བཏོན་ཡོད་པ་དང་། “དབུ་མའི་ལམ་”ལ་ཆག་ཡངས་གང་ཡང་གཏོང་ཐབས་མེད་པ་ལ་བརྟེན་ནས་བོད་རྒྱའི་འབྲེལ་མོལ་དང་ཞི་མོལ་ལ་ལམ་ལྷོང་མ་བྱུང་ལུགས་བཤད་སོང་ཟེར། གུང་ཁྲན་གྱིས་འབྲེལ་མོལ་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་བོད་གཞུང་ལ་བཀལ་བའི་ཐོག་ ང་ཚོའི་སྐུ་ཚབ་ཀྱིས་ཀྱང་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་ང་ཚོར་བཀལ་བ་འདི་འདྲ་ནི་ཡིན་མི་སྲིད་པ་ཞིག་རེད་བསམས་ནས་སྙིང་རླུང་སྟོད་ལ་འཚངས། ཅེས་དྲངས་འདུག

    གཡང་སྐྱབས་རྒྱལ་གྱིས་བཤད་པར་ཁུངས་ལུང་ཡོད་ན་དངོས་འབྲེལ་བཟོད་སྒོམ་བྱེད་ཐབས་བྲལ་བ་ཞིག་རེད། ང་ཚོས་ངེས་པར་ཐེར་འདོན་བྱེད་དགོས་པ་རེད། ང་ཚོ་དྲ་གྲོགས་ཚོ་ཡིན་ནའང་གནས་ཚུལ་འདི་དེ་མུར་འཇོག་མི་རུང་བའི་བསམ་ཚུལ་འདོན་དགོས་པ་རེད། ཡིན་ནའང་དང་པོ་གཡང་སྐྱབས་རྒྱལ་ལགས་ཀྱིས་གནས་ཚུལ་འདི་ཁུངས་སྐྱེལ་བྱེད་དགོས་པ་རེད། དེ་མིན་སྐད་ཆ་འདི་འདྲ་བཤད་སོང་ཟེར་བ་དང་། ལབ་ཀྱི་འདུག་ཟེར་བ། ཡིན་ས་རེད་ཟེར་བ་སོགས་ནི་ཕུ་ནུ་ནང་དཀྲུགས་ཀྱི་བཀའ་མོལ་རེད། ཁུངས་ལུང་ཡོད་རྒྱུ་རེད་བསམ་གྱི་འདུག ཁུངས་ལུང་འགོད་རྒྱུ་མེད་ན་བཀའ་མོལ་འདི་རྒྱ་མིའི་སོ་པའི་བྱེད་ལས་ཤིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། ང་ཚོས་སྐད་ཆའི་ཁུངས་ལུང་ལ་ཆ་འཇོག་བྱེད་ཀྱི་རེད་མ་གཏོགས་ཟེར་སྐད་དང་། ཐོས་སྐད་སོགས་ལ་ཆ་འཇོག་བྱེད་ཐབས་ཡོད་མ་རེད།

    གཡང་སྐྱབས་རྒྱལ་ལགས། བཀའ་མོལ་འདི་ལ་ཁུངས་སྐྱེལ་བྱེད་རོགས།

    Reply
  15. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ལོ་མང་པོའི་སྔོན་ནས་དགེ་འདུན་རབ་གསལ་ལགས་ཀྱིས་སྐུ་ཚབ་ཚོའི་སྐོར་ལ་གཏམ་སྤེལ་བ་རེད། ད་དུང་ཡང་སྤེལ་གྱི་འདུག ཁྱོད་ཀྱི་བརྩོན་འགྲུས་ལ་བསྔགས་བརྗོད་ཡོད།
    དགེ་འདུན་རབ་གསལ། གཡང་སྐྱབས་རྒྱལ་གྱིས་དོན་ཚན་གཅིག་སྟེ། སྐུ་ཚབ་ལོ་མང་ཕྱིན་འདུག་ཟེར་བ་དེ་ཁྱོད་རང་གིས་བསྐྱར་བཤད་གནང་བཤད་འདུག་པཱ།

    ཧཧཧཧ། ད་ཡིན་ན་ལྟད་མོ་འདུག

    བོས་ན་མི་ཡོང་སྒུག་ན་ཡོང་།

    Reply
  16. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དཱ་འདི་ན་གཡང་སྐྱབས་རྒྱལ་དང་། མདོ་འདུམ་ཚང་གཉིས་ཀྱི་ཡང་སྲིད་འཁྲུངས་འདུག ཡིན་ནའང་སྐད་ཆ་ཤོད་ཕྱོགས་ལ་འགྱུར་བ་ཐེབས་འདུག

    མདོ་འདུམ་ཚང་རིག་འབྱུང་དོན་འགྲུབ་བཀྲ་ཤིས། ལན་མེད་པར་ཉིན་འགའ་ཕྱིན་སོང་བ།

    Reply
  17. དགེ་འདུན་རབ་གསལ། says:
    ལོ་ 15 སྔོན།

    ད་ཡང་བསམ་བློ་གཏོང་བཞིན་ཡོད། ཨང་རྩིས་འདིའི་སྐོར་ལ་བསམ་བློ་གཏོང་བཞིན་ཡོད། “བོད་མི་རིགས་”ཀྱི་འཐབ་རྩོད་འདི་ལ་ངར་ཤུགས་ཀྱིས་ཕོངས་མི་འདུག རྒྱལ་ཞེན་གྱིས་ཕོངས་མི་འདུག འོན་ཀྱང་། ངར་ཤུགས་དང་རྒྱལ་ཞེན་དེ་དག་བེད་སྤྱོད་གཏོང་མ་ཐུབ་ནས་ཕོངས་འདུག དེ་དག་བེད་སྤྱོད་གཏོང་སྟངས་མ་ཤེས་ནས་ཕོངས་འདུག མི་ཞིག་ལ་དཔེ་བྱས་ན། གཟུགས་པོ་བདེ་ཐང་རེད། ཡིན་ན་ཡང་། གཟུགས་པོ་ལ་མྱུར་རྩལ་ཡོད་མ་རེད། ལྡེམས་ཆ་ཡོད་མ་རེད།
    ད་ འགྱུར་བ་གཏོང་དགོས་པ་རེད། ཏན་ཏན་འགྱུར་བ་གཏོང་དགོས་པ་རེད། སྐུ་ཚབ་ཀྱང་བརྗེས་དགོས་པ་རེད། གཞུང་ཡང་བརྗེས་དགོས་པ་རེད། གལ་ཆེ་ཤོས་དེ་ཆབ་སྲིད་ཀྱང་བརྗེས་དགོས་པ་རེད། མ་བརྗེས་ན། འཐོམས་འཐོམས་ཀྱི་བསམ་བློ་འདིས་ང་ཚོའི་འཐབ་རྩོད་འཕྲོ་བརླག་ལ་གཏོང་གི་རེད། ཡིན་ལ་མིན་ལ་ཅན་གྱི་སྲིད་བྱུས་འདིས་ང་ཚོའི་འཐབ་རྩོད་འཕྲོ་བརླག་ལ་གཏོང་གི་རེད།
    ལོ་རྗེས་མའི་ནང་། ད་ལྟའི་རྒྱ་ནག་གི་སྲིད་བྱུས་ལ་འགྱུར་བ་རྩ་ནས་མེད་པའི་ཐོག་ནས་ “༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་”ཐུབ་གི་ཡོད་ན་ཡང་། རྒྱལ་ཁ་ཞིག་རེད། བོད་མི་ས་ཡ་དྲུག་གིས་༧རྒྱལ་བ་སྐུ་གསོན་པོ་དེ་མཇལ་དུས་ཤི་ན་ཡང་རྣམ་ཤེས་བདེ་ནས་འགྲོ་གི་རེད། དེ་ལྟར་མེད་ཚེ། ང་ཚོའི་མི་ཐོག་གི་མི་འཇོན་པ་འདི་ལ་བརྟེན་ནས་མ་འོངས་པའི་མི་རབས་ཚོའི་མདུན་ལམ་གཅོད་མི་རུང་བ་རེད། མི་འོས་པ་རེད། ང་ཚོས་ད་བར་དུ་ “བོད་ཀྱི་འཐབ་རྩོད་”འདིའི་གནམ་འཕང་དགུང་ལ་བསྟད་པ་རེད། མུ་མཐུད་ནས་མ་འོངས་པའི་མི་ཐོག་ལ་འཐབ་རྩོད་འདིའི་རྒྱུན་འཇོག་དགོས་པ་རེད། “རྒྱ་ནག་ལ་སྐད་ཆ་བཤད་པ་ཡིན། བྱུང་མ་སོང་། ད་མཚམས་འཇོག་གི་ཡིན། མ་འོངས་པའི་བྱེད་ཕྱོགས་འདི་ཡིན།”ཞེས་ཁ་བསངས་དགོས་པ་རེད། ཨང་རྩིས། ཨང་རྩིས་འདི་འདྲ་རེད།

    Reply
  18. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    སྐུ་ཚབ་ཚོས་ཕར་རྒྱ་གོས་གོན་ནས་རྒྱ་ངོ་བྱས། ཚུར་བོད་གོས་གོན་ནས་བོད་ངོ་བྱས་ཡོང་གི་འདུག རྒྱ་མིའི་མདུན་ལ་བོད་གོས་ཀྱང་གོན་མི་ཕོད་པར་ལྟོས་ན་སྐུ་ཚབ་ཚོས་ཆེན་པོ་ཞིག་གླེང་ཕོད་རྒྱུ་ཁག་པོ་མིན་འགྲོ།

    Reply
  19. བོད་རང་བཙན says:
    ལོ་ 15 སྔོན།

    ལྷ་སྲས་རྒྱ་ལོ་འདོད་བློ་མཚིམ་ཏེ་རྒྱ་ནག་དམར་པོའི་མདུན་ཏུ་སོང་།།
    སྡ་སར་མཇེ་ཙོང་ཨ་མདོ་ཕེལ་ཆེར་ནུབ་ཕྱོགས་རྒན་མོའི་ཏུ་ལ་ཐམ།།
    མཆིང་ཡིག་བཞག་པའི་སྐུ་ངོས་ང་ཕོད་མྱལ་བའི་ཞིང་ན་བོད་དོན་གླེང་།།
    འདི་དག་ཨང་རྩིས་ཡག་པོ་རྒྱབ་དུས་དད་པའི་ས་བོན་རིམ་གྱི་འབར།།

    Reply
  20. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    རྒྱ་བོད་ཀྱི་འབྲེལ་མོལ་འདི་བོད་པའི་ཕྱོགས་ནས་འཐེན་རྩིས་བརྩི་གི་ཡོད་པ་རེད། རང་བཙན་ནས་ཕྱེད་ཀ་མར་འཐེན་དེ་ལྷག་གྲངས་དབུ་མ་རེད། དབུ་མ་ནས་མར་འཐེན་ཏེ་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་གཅིག་ཀྱང་གཏོང་མ་དགོས་པའི་རང་སྐྱོང་ལྷག་པ་རེད། གང་ལྟར་གྲོས་མོལ་བྱེད་ཐེངས་རེ་རེར་ང་ཚོས་སྔ་མའི་རྩོད་གཞི་ནས་ཆ་མང་པོ་མར་འཐེན་དགོས་པ་དང་། རྒྱ་ནག་གིས་འབྲེལ་མོལ་རེ་རེའི་སྐབས་ལ་བསྣོན་རྩིས་བརྒྱག་གི་ཡོད་པ་རེད། རྒྱ་ནག་གྲངས་ཀ་གཅིག་བསྣན་པ་དང་བོད་པས་གྲངས་གཅིག་མར་འཕྲི་དགོས་ཐུག་གི་ཡོད་པ་རེད། གང་ལྟར་ལྷག་གྲངས་གོར་ཐིག་ལ་མ་སླེབས་པར་དུ་གྲངས་ཀ་འདི་བརྩི་དགོས་པ་རེད།

    Reply
  21. དགེ་འདུན་རབ་གསལ། says:
    ལོ་ 15 སྔོན།

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་འདིར་སྣོན་པ་འགའ་བཏབ་ཡོད་པ་དག་གཤམ་གསལ་ལྟར་ལགས།
    “ཨང་རྩིས་འདི་ལ་བསམ་ཚུལ་འགའ་ཁ་སྣོན་བྱེད་ཀྱི་ཡིན།
    ད་ལོའི་བཙན་བྱོལ་བོད་གཞུང་གི་ལོ་འཁོར་སྔོན་རྩིས་དེ། རྒྱ་སྒོར་༡,༠༠༣,༦༤༢,༠༠༠ཙམ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལོ་རེའི་ཡོང་འབབ་ཨ་སྒོར་༥༣༤༥༧༢༦དེ་རྒྱ་སྒོར་ལ་ཕབ་ན། རྒྱ་སྒོར་༢༤༧,༡༥༩,༦༤༡ ཙམ་རེད། དེས་བཙན་བྱོལ་བོད་གཞུང་གི་ལོ་གཅིག་གི་འགྲོ་སོང་གི་བརྒྱ་ཆ་༢༠ཟིན་འདུག བཙན་བྱོལ་བོད་གཞུང་ལ་དཔལ་འབྱོར་གྱི་ཡོང་ཁུངས་ཆེ་ཁག་གསུམ་ཡོད་པ་ནས། གཅིག་༧གོང་ས་མཆོག་སྐུ་སྒེར་ནས་རེད། གཅིག་དེ་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་རེད། གཞན་དེ། བཙན་བྱོལ་བོད་མིའི་དྭང་བླང་དཔྱ་ཁྲལ་ཡོང་འབབ་རེད། ཕྱི་ལོ་༢༠༠༩ལོའི་བཙན་བྱོལ་བོད་མིའི་དྭང་བླང་དཔྱ་ཁྲལ་ཡོང་འབབ་ནི་རྒྱ་སྒོར་༨༧,༠༡༧,༢༢༦ ཙམ་རེད། གཞན་༧གོང་ས་མཆོག་སྐུ་སྒེར་ནས་བརྒྱ་ཆ་ཉི་ཤུ་ཙམ་ཡོང་གི་ཡོད་པ་རེད། གལ་སྲིད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོང་འབབ་དེ་འདྲ་ཞིག་བོད་གཞུང་ལ་གཏོང་ ཐུབ་ན། དེས་དཔལ་འབྱོར་ལས་ཁུངས་ཀྱི་ཕྱི་རྒྱལ་རོགས་དངུལ་ཚན་པའི་ལས་འགན་གཙོ་བོ་སྟེ།
    ༧གོང་ས་མཆོག་ནས་ཕྱི་རྒྱལ་རྒྱལ་ཁབ་ཁག་ནས་རོགས་དངུལ་ཐབས་འཚོལ་གནང་བར་མཇུག་སྐྱོང་གནང་རྒྱུ་ཟེར་བའི་ཁུར་བོ་ལྗིད་པོ་དེ་ས་ལ་ཕབ་པ་རེད།
    ངེད་ཀྱི་རྩ་བའི་བླ་མ་ལ་ཡང་སྐུ་ངལ་གསོ་བའི་གོ་སྐབས་ཅུང་ཙམ་ཡོང་གི་རེད། དེ་འདྲ་ཞིག་རེད།

    ད་དུང་སྐད་ཆ་འགའ་ཁ་སྣོན་བྱེད་ཀྱི་ཡིན།
    རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཕྱི་ལོ་༢༠༠༨ལོའི་ལོ་འཁོར་རྩིས་ཕྲའི་སྤྱི་བསྡོམས་དེར་རོབ་ཙམ་བལྟས་བ་ཡིན།
    རྩིས་ཕྲ་དེ་ཞིབ་ཚགས་ཤིག་མི་འདུག ཞིབ་ཚགས་མེད་པའི་རྒྱུ་མཚན་གཅིག་དེ། (Expenses) འགྲོ་སོང་གི་ཁོངས་སུ།( Salaries expense)ལས་མིའི་གླ་ཆའི་འགྲོ་སོང་དེ་བཅུག་མི་འདུག
    ད་དུང་། མ་འཇོག་གི་ཁོངས་སུ(Dividends) ཡང་འདུག( Dividents) ཟེར་བ་འདི་བཟོ་གྲ་ཞིག་ཡིན་ན། དེའི་མ་བཤེར་བདག་པོ་ཚོར་བགོ་བའི་དངུལ་འབབ་དེ་རེད།
    ད་དུང་། ( Investments)མ་བཙུགས་ཀྱང་ཨ་སྒོར་༣༤༨,༠༠༩ཙམ་བྱས་འདུག་པ་དང་དེ་ནས་མ་དངུལ་( Investment loss)ཨ་སྒོར་༡༢,༦༦༠ཙམ་ལ་གྱོང་རག་འདུག
    རྩིས་ཕྲ་དེར་ཞིབ་ཚགས་ཤིག་ བལྟས་རྗེས། ངེད་རང་སྒེར་ལ་ཚོར་སྣང་ཞིག་བྱུང་། དེ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་འདི་ཚོང་ལས་ཀྱི་སྡེ་ཚན་ཞིག་ཆགས་འདུག་ པ་དེ་རེད།
    ཚོང་ལས་ཀྱི་་སྡེ་ཚན་ཞིག་ཡིན་པའི་རྣམ་པ་དེ་རྩིས་ཕྲའི་སྒང་ལ་གསལ་ལྷང་ངེར་འདུག དེ་ཙམ་ཡིན།

    གཅིག་བརྗེད་འདུག
    ངེད་ཀྱིས་ཁོང་ཚོའི་རྩིས་ཕྲའི་ཐོག་ན་ཚོང་ལས་ཀྱི་སྡེ་ཚན་ཞིག་ཡིན་པའི་རྣམ་པ་དེ་གསལ་བོ་འདུག་ལབ་ཀྱི་ཡོད་མ་གཏོགས།
    གཞན། བོད་དོན་དང་འབྲེལ་བའི་ཕྱག་ལས་གནང་མི་འདུག་ལབ་ཀྱི་མེད་ལ་བོད་དོན་དང་འབྲེལ་བའི་ལས་འགུལ་རྩོམ་གྱི་མི་འདུག་ཡང་ཟེར་གྱི་མེད།
    དེ་ཙམ་ཡིན།

    Reply
  22. བསེ་རུ། says:
    ལོ་ 15 སྔོན།

    མོ་ལུང་རྩིས་གསུམ་གྱི་ནང་གི་རྩིས་སྐོར་སྐབས། བསེ་རུར་རྙེད་དོན་གཅིག་ནི༌”༡༩༧༩ ལོར་ཏིན་གྱིས་རང་བཙན་མ་ཡིན་པའི་སྐད་ཆ་གང་ཡིན་ཡང་བཤད་ཆོག་”ཅེས་པའི་ཚིག་དུམ་དེ་ཁུར་ནས་མི་ལོ་ཉི་ཤུ་འདས་ཟིན་པ་དེ་རེད། དེར་ཕྱིར་བལྟས་ཤིག་བྱེད་སྐབས། ང་ཚོས་ད་བར་མ་ཎི་བཞིན་བགྲངས་ཟིན་པའི་ཚིག་དུམ་དེ་ངག་ནས་ངག་བརྒྱུད་པའི་ཚིག་དུམ་ཞིག་ཡིན་པ་ལས། ཁྲིམས་མཐུན་ཚད་འཕེར་གྱི་ཡིག་ཐོག་གི་སྐད་ཆ་ཞིག་མིན་སྟབས། དེ་ནི་ལོ་རྒྱུས་ཀྱི་དཔང་པོར་འགྱུར་སྲིད་དམ། དེ་ནི་རྒྱ་གཞུང་གི་ཡིག་ཆ་གང་ཞིག་གི་ནང་དུ་འཁོད་ཡོད་དམ། གོང་གི་ཚིག་དུམ་དེར་ཤི་འཐམ་རོ་འཐམ་བྱས་ཏེ་མི་ལོ་ཉི་ཤུ་འདས་ཟིན་འདུག ད་དུང་ཡང་ནམ་རིང་སྒྲུང་གིས་འཁྱོལ་སྲིད་དམ། འདི་ནི་ངའི་བསམ་པའི་འཆར་སྒོ་ཙམ་ཡིན་པས་དཔྱད་པར་འཚལ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese